Chos dbyings mdzod (Longchenpa): Chapter 5 commentary (1)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 5 commentary (1)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 5 commentary (1)
Jump to navigation Jump to search
← Chapter 5 root versesChos dbyings mdzod: contentsChapter 5 commentary (2) →

Chapter 5, commentary · རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ
Pages 216–225 of the corrected base text (W22920 vol. 3), part 1 of 5.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 293] དེ་ལྟ་བུའི་རང་བཞིན་ཉིད་བྱ་བ་ཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བསྒོམ་ མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་ དང༑ དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་ མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་ པ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །

[p. 294] དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟའ་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོ་བ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་བ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམས་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་

[p. 295] དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རིག་པའི་སྐུ་དང་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་

[p. 296] སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་

[p. 297] ༄༅། །སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྤྱོད་པར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམས་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང་། ། སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་ མེད་འདི། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་ གསུམ། རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོག་གོ །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་

[p. 298] དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྷ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་ནི་རྣལ་མ་བྱར་མེད་ལ། ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

དེ་ལྟ་བུའི་རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། །ལྟ་སྒོམ་སྤྱོད་འབྲས་དང༌། དཀྱིལ་འཁོར་བསྐྱེད་རྫོགས་དང༌། །དམ་ཚིག་སྡོམ་པ་ལ་སོག་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང༌། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོ་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང༌། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང༌། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང༌། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང༌། རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབས་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབས་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང༌། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་བག་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྦྱོང༌། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང༌། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱིས་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། །སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང༌། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང༌། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་ཡིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

དེ་ལྟ་བུའི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། » «ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང༌། དཀྱིལ་འཁོར་བསྐྱེད་རྫོགས་དང༌། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་» «མེད། །འཕྲིན་ལས་བརྩལ་«༼༡༽«མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་«༼༢༽«སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །» «སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང༌། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །» «དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོགས་དང་མི་རྟོགས་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །» «བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་» «ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང༌། །བདག་དང་གཞན་དུ་ལྟ་བ་མེད། །» «ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང༌། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང༌། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་» «མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང༌། རིག་པའི་སྐུ་དང་«༼༡༽«དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་»«དམ་ཚིག་«༼༢༽«མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་» «མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་པ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་» «པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་མ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ་ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང༌། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་» «དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་» «ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །«༼༡༽«གོམས་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་» «ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །«༼༢༽«དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང༌། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་» «དང༌། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང༌། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག» «།དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག» «།དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང༌། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག» «།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 61] དེ་ལྟ་བུའི་ རང་བཞིན་ཉིད་བྱེ་བ་ཙམ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། ། དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་

[p. 62] འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། ། ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་ལས་ ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་ དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། ། རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་ སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་ངང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་ དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་།

[p. 63] རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབས་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་སྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །

[p. 64] ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ང་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལས་བྱང་ཆུབ་ཉིད་མི་སྦྱོང་། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཅུབ་ཉིད་མི་བསྲུང་། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་མིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་

[p. 65] མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། ། དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་ འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་ པོ་རྣལ་མ་མཐོང་བ་མེད། མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣམ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། ། སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 124] དེ་ལྟ་བུའི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། ། འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་ བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། ། འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་ གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་ དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་ རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་

[p. 125] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་ མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་༈ སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་ བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་ལས་ངེས་ལུང་གཏན་ལ་ འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་ སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་ དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་ པའི་མཐའ་ལས་འདས། །རྟོགས་དང་མི་རྟོགས་ཆོས་ལས་འདས། །རྟག་དང་ཆད་ པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་ གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་ འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་ པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་ པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་ དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། ། འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་ གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་། རིན་པོ་ཆེ་ སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །

[p. 126] ༈ ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ། འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་ རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་ དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་ པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རིག་པའི་སྐུ་ དང་༧དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་༧དམ་ ཚིག་༧མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། ། ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ ལ་གཅིག་པུ་སྤྱོད། །ཕྱལ་པ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་ སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། ། གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་ རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་ རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་མ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་ འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་ སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་ བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ་ཡོན་ཏན་ བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང་། སེམས་

[p. 127] ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་ དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་ བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། ། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། ། ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་ དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་ བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་ གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་ གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་ སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །༧གོམས་པ་དྲག་དལ་ ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་ སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། ། བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །༧དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཡིད་མི་བསྲུང་། །སྒོམ་པའི་རང་བཞིན་བྱང་

[p. 128] ༈ ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ། ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་ བྱང་ཆུབ་ཉིད་ཡིན་པས། །བྱང་ཅུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་ རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། ། ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། ། ཞེས་སོ། ། རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། རྣལ་འབྱོར་ ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག ཤིན་ཏུ་རྣལ་ འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་ འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། ། བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་ རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་ འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ མཐོང་བ་མེད། །མ་བཅོས་ད་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རང་རྣལ་མ་ བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། དབྱིངས་ཀྱི་སྙིང་པོ་ རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་

[p. 129] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་ བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 134] དེ་ལྟ་བུའི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གྲུབ་པ་བསྒོམ་མེད་སྤྱོད་པ་སྤྱད་དུ མང། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་རིག་པའི་ཆོས་ཉིད་ལ་འཛག་བུར རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ།

[p. 135] ༄༅། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་ མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་(ལས)ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་ མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །ངག་དང་མ་དག་མཐའ་ ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་ མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོག་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་ངང་ལམ་ལ་སྦྱར་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་

[p. 136] བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས།། ཁོ་བོ་ག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས།། འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་ གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒྲོལ་གཉིས་སུ་མེད། །ཅེས་པ་དང་།རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་བར་མི་སྣང་དམ་ཚིག་མེད། ། རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡིས། །ལྷུན་གྲུབ་ ཉིད་ལ་ལྷུན་གྲུབ་སྟོར། ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤར་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་

[p. 137] ༄༅། །ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་ བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་མ་ཡིན་གྱིས། རང་གི་མིག་ སྔར་སྤྲིན་གྱིས་བསྒྲིབས་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་ རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་སྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་བཟང་མ་ཞེས་བྱའོ། །ཡམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་ སེམས་ཀྱི་རང་བཞིན་ན་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་ པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱིས་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབས་པ་མེད་པ་ཉིད། །འཛིན་དང་ཆགས་

[p. 138] པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་བས་གོལ་སྒྲིབ་ཏུ་ ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་ རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་ བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་ སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ ལ་བྱང་ཆུབ་ཉིད་མི་སྦྱོང་། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ ཆུབ་ཉིད་མི་བསྲུང་། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །

[p. 139] ༄༅། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། ། ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མཧཱ་ཡོ་ ག། །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་ སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་ འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལ་གཉིས་ལ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བྱ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལོ། །རྒྱུ་ལས་འབྲས་བུ་ལྟ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་

[p. 140] འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག།དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི།། དབྱིངས་གྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན ཡོངས་སུ་རྣལ་འབྱོར་ཞོག།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 85] དེ་ལྟ་བུའི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མིད། །འཕྲིན་ལས་བརྩལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །

[p. 86] དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟའ་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཚད་པ་གཉིས་དང་བྲལ། །གོ་འཕང་གླིང་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་བའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་འདོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་ང་ཤ་མཱ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་

[p. 87] ༄༅། །དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་ དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རིག་པའི་སྐུ་དང་དམ་ཚིག་མེད། །སྡུད་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། ། དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། ། དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། ཉི་མའི་ངོ་བོ་ནི་ ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་ སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་

[p. 88] སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་

[p. 89] ༄༅། །སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་པར་བྱེད། །དམ་ཚིག་བསུང་ཚུལ་ལྟ་བ་སྒོམས་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང་། ། སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་ མེད་པ་དེ། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་ གསུམ། རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོག་འོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་

[p. 90] དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་ནི་རྣལ་མ་བྱར་མེད་ལ། ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (27 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 216] དེ་ལྟ་བུའི་རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་

བཞིན་ཉིད་བྱ་རྩོལ་རྒྱུ་འབྲས ] བཙལ P S R C · བོ་ལ་ལྟ་བ་བསྒོམ་མེད ] om. A C

[p. 217] བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། །ལྟ་སྒོམ་སྤྱོད་འབྲས་དང༌། དཀྱིལ་འཁོར་བསྐྱེད་རྫོགས་དང༌། །དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །

སྡོམ་པ་ལ་སོགས་པ་གྲུབ ] སོག W · མེད་འཕྲིན་ལས་བཙལ་མེད་ཡེ ] བརྩལ A P S C

[p. 218] སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང༌། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་

འཛིན་པ་མེད་བཟང་དང་ངན ] བཟའ A C · མཐའ་ལས་འདས་རྟོག་དང་མི ] རྟོགས P S · རྟོག་དང་མི་རྟོག་ཆོས་ལས ] རྟོགས P S

[p. 219] པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང༌། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང༌། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང༌། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་

བྱེད་འདས་དངོས་པོར་འཛིན་པའི ] པོ W · དང་བྲལ་ས་དང་ལམ་ལ ] ངང G R

[p. 220] འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང༌། རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་

རིག་པའི་སྐུ་ལ་དམ་ཚིག ] དང A P S C · པུ་སྤྱོད་ཕྱལ་བ་ཉིད་ལ ] པ P S · ཉིད་ལ་ཕྱལ་བ་ཡིས་ལྷུན ] པ A P S

[p. 221] འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབས་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་

མ་བསྒྲིབས་པ་ལ་ཡིན་གྱིས ] མ P S R · སྔར་སྤྲིན་གྱིས་བསྒྲིབས་པར་སྣང ] བསྒྲིབ A P S C · ལ་རིག་པ་བསྒྲིབ་པ་དང ] བསྒྲིབས W · ལ་རིག་པ་བསྒྲིབ་པ་དང ] སྒྲིབ G R

[p. 222] མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང༌། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད། །རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན། །ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན། །ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་

ཉིད་འཛིན་དང་⁁་ཆགས་པའི ] བག W

[p. 223] འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྦྱོང༌། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང༌། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་

ཚུལ་ལྟ་བ་སྒོམ་བྱེད་པ ] སྒོམས A C · སྒོམ་བྱེད་པ་གོམ་པ་དྲག ] གོམས P S · ཆུབ་ཉིད་མི་སྦྱོང་དམ་ཚིག ] སྤྱོད A P S C

[p. 224] ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །རྣལ་འབྱོར་བཞི་ནི། །སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང༌། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་

བྱུང་ཡེ་ཤེས་གོམ་པ་དྲག ] གོམས A P S C · ཐེག་པ་ཅན་གྱི་སྤྱོད་ཡུལ ] གྱིས W · པ་མ་ཧཱ་ཡོ་ག་ཡོངས་སུ ] ཡོག A C · ལུང་ཨ་ནུ་ཡོ་ག་ཤིན་ཏུ ] ཡོག A C

[p. 225] དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང༌། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་

གྱི་སྙིང་པོ་⁁་རྣལ་མ ] ནི A C · འབྱོར་མཐོང་བ་མིན་མ་བཅོས ] ཡིན W · དོན་གྱི་སྙིང་པོ་རྣལ་མ ] པོའི A C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 Showing that the nature is beyond action and effort, cause and effect རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ [p. 216] topical
The root verse states that in awakened mind there is no view to meditate on, no conduct, fruition, path, maṇḍala, empowerment or samaya, since space-like awareness is established as nothing. Supported by quotations from the All-Creating King, Natural Arising, the Heap of Jewels and Perfect Dynamic Energy.
2 The analogy for the absence of action, effort, abandoning and adopting བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ [p. 220] topical
The sun, luminous by nature, is neither obscured by clouds nor made luminous by causes; seeing it as obscured is delusion. Likewise awareness has no obscuration, and thinking it must be purified and qualities generated is sheer delusion. Quotations from the Great Mother, the Ornament of Clear Realization and Natural Arising.
3 The ten phenomena taught for those of lesser capacity are to be known as deviation and obscuration དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་གོལ་སྒྲིབ་ཏུ་ཤེས་པར་བྱ་བ [p. 222] topical
The ten phenomena of effort were taught as gradual means for those of lesser capacity, not as the meaning of atiyoga. The All-Creating King is quoted on atiyoga's effortless view and conduct, and the four yogas (sattva, great, complete, utmost) are identified and their differing ways of seeing the heart-essence explained.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 216]

1 Showing that the nature is beyond action and effort, cause and effect རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ1 Showing that the nature is beyond action and effort, cause and effect (topical division)
The root verse states that in awakened mind there is no view to meditate on, no conduct, fruition, path, maṇḍala, empowerment or samaya, since space-like awareness is established as nothing. Supported by quotations from the All-Creating King, Natural Arising, the Heap of Jewels and Perfect Dynamic Energy.

Showing that this very nature (rang bzhin) is beyond action and effort (bya rtsol), cause and effect[1]Note 1 · p. 216 · bya rtsol rgyu 'bras: rendered by the glossary as two pairs, "action and effort, cause and effect". Dharmamitra drops bya ("effort"), and Gemini 4 Neon's "action, effort, cause, and effect" flattens the pairs. (rgyu 'bras):

In the essence (ngo bo) of mind itself (sems nyid), awakened mind (byang chub sems),
there is no view (lta ba) to meditate on, no conduct (spyod pa) to engage in,
no fruition ('bras bu) to accomplish, no levels and paths (sa lam) to traverse,

[p. 217] no maṇḍala (dkyil 'khor) to generate, no recitation (bzlas brjod), no completion stage (rdzogs rim),
no empowerment (dbang) to confer, no samaya (dam tshig) to keep.
In the pure nature of phenomena (chos nyid), primordially (ye nas) spontaneously present (lhun grub),[2]Note 2 · p. 217 · ye nas lhun grub dag pa'i chos nyid: Claude Fable 5.2 and Dharmamitra turn this into "primordially pure and spontaneously present", as if ka dag and lhun grub were paired. In the Tibetan, ye nas qualifies lhun grub and dag pa qualifies chos nyid, as in GPT-6.2 Astra, which I follow.
the adventitious phenomena of gradual effort, of cause and effect, are transcended.

Here, when this is considered from the standpoint of ultimate truth (don dam pa'i bden pa), awareness (rig pa) that is like space, nothing is established as anything at all. Therefore view, meditation, conduct and fruition (lta sgom spyod 'bras), maṇḍala, generation and completion (bskyed rdzogs), samaya, vows and so forth are not established, because awareness, empty and without self, is the very essence (ngo bo nyid) that is beyond all illustration and expression.

From The All-Creating King (Kun byed):[3]Note 3 · p. 217 · Kun byed, Rang shar and rTsal rdzogs are abbreviated titles (Kun byed rgyal po, Rig pa rang shar, Seng ge rtsal rdzogs). The titles are rendered with the glossary's terms; the Wylie given is the short form in the text.

Awakened mind is like space.
In mind itself, the nature of phenomena, which is like space,
there is no view to meditate on, no samaya to keep,
no enlightened activity ('phrin las) to seek, no obscuration (sgrib pa) of primordial wisdom (ye shes),
no training on the levels, nor any path to traverse,
no subtle phenomenon, no joining in nonduality (gnyis med).[4]Note 4 · p. 217 · gnyis med 'brel pa med: Claude Fable 5.2 and Dharmamitra read three separate negations ("no duality/nonduality, no connection"). GPT-6.2 Astra and Gemini 4 Neon read one item, a connecting or joining in nonduality that is denied. I follow GPT-6.2 Astra and Gemini 4 Neon, because the passage then lists ten things negated (view, samaya, activity, obscuration of primordial wisdom, levels, paths, subtle phenomena, nondual joining, definitive scripture, pith instruction), and "no nonduality" would be out of place among them.

[p. 218] Apart from mind there is no definitive scripture[5]Note 5 · p. 218 · sems las nges lung: the text is kept and read as "apart from mind" (Claude Fable 5.2, Gemini 4 Neon). GPT-6.2 Astra has "by the mind". Dharmamitra's "concerning the mind" presupposes sems la, a reading I recall from the tantra itself but which is not attested here. (lung) to be settled.
Since it is beyond superimposition and denial (sgro skur), there is nothing to resolve decisively (la bzla) through pith instruction (man ngag).
This is the view of the Great Perfection (rdzogs chen), awakened mind.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 72 % of the words.

And from Natural Arising (Rang shar):

The meaning is unborn (skye med) awakened mind.
It is not to be destroyed by antidotes (gnyen po).
In it there are no sides and no factions.
There is no grasping at "I" or at a self.
There is no discursive thought (rnam rtog) of good and bad.[6]Note 6 · p. 218 · bzang dang ngan pa'i: Adzom reads bza' ("food"), which gives no sense and is an evident slip. I follow bzang ("good").
It is beyond the extremes of "is" and "is not."
It is beyond the phenomena of conceptual thought (rtog pa) and nonconceptuality.
It is free of both eternalism and nihilism.
It is beyond the phenomena of deviation and obscuration.
In it realization (rtogs pa) and nonrealization are not two.
It is beyond the extremes of pure and impure.
It is beyond mind (sems), mental faculty (yid) and phenomena (chos).
In it knowing and not knowing are not two.
It is beyond the mind of unawareness (ma rig) and delusion ('khrul pa).[8]Note 8 · p. 218 · ma rig 'khrul pa'i sems: "the mind of unawareness and delusion". Claude Fable 5.2, Gemini 4 Neon and Dharmamitra use "ignorance", against the glossary. GPT-6.2 Astra's "deluded mind of unawareness" and Dharmamitra's "deluded ignorance" are also grammatically possible.
It is free of sounds, conventional designations (tha snyad) and words.
It has no perceived and perceiver (gzung 'dzin), the stains of mind.
Conceptual thought, the stain of the path, is cleared away.[7]Note 7 · p. 218 · gzung 'dzin sems kyi dri ma / rtog pa lam gyi dri ma: the two lines are parallel appositions, "perceived and perceiver, the stains of mind" and "conceptual thought, the stain of the path". GPT-6.2 Astra has this for the second line. Claude Fable 5.2, Gemini 4 Neon and Dharmamitra have "the stain of the path of concepts", which suggests a path made of concepts. bsal is taken as "is cleared away" (Claude Fable 5.2, GPT-6.2 Astra), not as a transitive "it clears away" (Gemini 4 Neon, Dharmamitra).

[p. 219] It is beyond the manifold thoughts, beyond action and agent (bya byed).
It is free of the phenomena of grasping at substantial entities (dngos po).
There is no training on levels and paths.
There is no need to present offerings to deities.
It is not to be protected by the ten virtues.
Misdeeds do not stain it.
Where could saṃsāra ('khor ba) and the lower realms be?
There are no phenomena of nirvāṇa (mya ngan 'das pa),
and no view of self and other.
Where could there be error and non-error?
It is beyond the extremes of existence and nonexistence.
It is without color and without shape.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 69 % of the words.

And from The Heap of Jewels (Rin po che spungs pa):

In this there are no mantras (sngags) or mudrās (phyag rgya).
Maṇḍala, deities and offerings too—
in this they serve no purpose whatsoever.
There is no need to set out substances and rituals.
There is no entering and no bringing down of primordial wisdom.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 74 % of the words.
[9]Note 9 · p. 219 · 'jug dang ye shes dbab tu med: 'jug is the entering of the maṇḍala in empowerment, and ye shes dbab is the descent of primordial wisdom. GPT-6.2 Astra adds "the maṇḍala" without marking it; the translation leaves the line unexpanded.

And from Perfect Dynamic Energy (rTsal rdzogs):

The Great Perfection, awareness's own voice,
is beyond the objects (yul) of appearance (snang ba) and emptiness (stong pa),
beyond mind, mental faculty and phenomena,[10]Note 10 · p. 219 · The last line is completed with 'das ("beyond"), the first word of the next page. The next part should begin after it, with yin dang min pa gnyis las 'das.

[p. 220] beyond both "it is" and "it is not."[11]Note 11 · p. 220 · The opening འདས་ belongs to the line already rendered at the end of the previous part ("beyond mind, mental faculty and phenomena"), so it is not repeated. Claude Fable 5.2 and Gemini 4 Neon repeat it.
It has no view of good and bad.
There is no duality of meditating (sgom pa) and not meditating.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 82 % of the words.

And:

In the kāya (sku) of awareness there is no samaya.[12]Note 12 · p. 220 · རིག་པའི་སྐུ་ལ་དམ་ཚིག་མེད: Adzom reads དང་ for ལ་ ("there is no kāya of awareness and no samaya"). I follow the e-text's ལ་, which fits the parallel རང་རིག་རྫོགས་ཆེན་ངོ་བོ་ལ below.
There is no guarding and nothing to be guarded.
There is no samaya of appearing or not appearing.
In the essence of self-knowing awareness (rang rig), the Great Perfection,
no samaya can be declared.[13]Note 13 · p. 220 · དམ་ཚིག་ལུང་དུ་བསྟན་དུ་མེད: I take ལུང་དུ་བསྟན་པ as the verbal idiom "to declare, pronounce" (with GPT-6.2 Astra and Gemini 4 Neon, "prescribed"). Claude Fable 5.2's "indicated in scripture" presses ལུང་ too far.
As for the domain of great wisdom (shes rab):
in nonexistence itself it engages in nonexistence;[14]Note 14 · p. 220 · མེད་པ་ཉིད་ལ་མེད་པ་སྤྱོད etc.: GPT-6.2 Astra has "absence moves", Dharmamitra "practices … as nonexistence", Gemini 4 Neon makes nonexistence the agent. I follow Claude Fable 5.2's construction: the domain of great wisdom engages in X within X itself. This parallels the closing couplet, where the agent is marked by ཡིས.
in oneness itself it engages in oneness;
in wide openness (phyal ba) itself, by wide openness,
spontaneous presence is bestowed on spontaneous presence itself.Seng ge rtsal rdzogsQuotation (not named in the text)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 57 % of the words.

So it says.

2 The analogy for the absence of action, effort, abandoning and adopting བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ2 The analogy for the absence of action, effort, abandoning and adopting (topical division)
The sun, luminous by nature, is neither obscured by clouds nor made luminous by causes; seeing it as obscured is delusion. Likewise awareness has no obscuration, and thinking it must be purified and qualities generated is sheer delusion. Quotations from the Great Mother, the Ornament of Clear Realization and Natural Arising.

The definite analogy (dpe) for there being, in this way, no action and effort and no abandoning and adopting (spang blang) anywhere at all is this:

These are the essence of awakened mind.
The sun is not obscured by clouds and darkness;
not adventitiously made, it is lucid of itself in basic space[15]Note 15 · p. 220 · དབྱིངས in the root verse is "basic space" per the glossary, and ནམ་མཁའི་དབྱིངས in the commentary is "the realm of space". GPT-6.2 Astra and Gemini 4 Neon have "expanse", which is reserved for ཀློང. གསལ in the root verse is "lucid"; the commentary's འོད་གསལ་བ is "luminous". (dbyings).

The essence of the sun is luminous ('od gsal ba) by nature in the realm of space (nam mkha'i dbyings). Just as that essence cannot be obscured by clouds, and cannot be made luminous adventitiously by cause

[p. 221] and effect, so it is impossible for cause and effect or obscuration to exist in awareness's own face (rang ngo). When the people of the four continents look at it, its appearing at times to be obscured and so forth is not the sun being obscured.[16]Note 16 · p. 221 · ཉི་མ་བསྒྲིབས་པ་ལ་ཡིན་གྱིས: read མ་ཡིན་གྱི ("is not the sun being obscured"), as the argument requires and as all the drafts take it. Rather, what appears is that clouds have obscured what is before one's own eyes, and to grasp this with the thought "The sun is obscured" is what is called delusion. Likewise, awareness undergoes no deviation and no obscuring by adventitious afflictions (nyon mongs pa) and the like. Rather, it appears to be obscured in the face of deluded thought ('khrul rtog), and to think "Awareness has obscurations; it must be purified; qualities (yon tan) must be generated" is what is called sheer delusion.

*The Great Mother* (Yum chen mo) also says:

In mind there is no mind, for the nature of mind is luminous.Yum chen moQuotation (named in the text: ཡུམ་ཆེན་མོ་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8
Identification: medium confidence ("Great Mother" normally designates this sūtra; the passages may also occur in the shorter versions.)
The quoted words are in Klong chen rab byams gsung 'bum/volume 012 392 (a parallel), 100 % of the words.

And The Ornament of Clear Realization (mNgon rtogs rgyan) also says:

In this there is nothing whatsoever to be removed,

[p. 222] and not the slightest thing to be added.Mngon rtogs rgyanQuotation (named in the text: མངོན་རྟོགས་རྒྱན་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན, shes rab kyi pha rol tu phyin pa'i man ngag gi bstan bcos mngon par rtogs pa'i rgyan, The Ornament of Clear Realization (Abhisamayālaṃkāra), by Maitreya (Asaṅga) · shastra; Tengyur; Toh 3786
Identification: high confidence
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.
[17]Note 17 · p. 222 · The page break falls before the final མེད of the first Abhisamayālaṃkāra line. The marker is placed at the line end.

And Natural Arising (Rang shar) says:

The appearance of awareness itself
is beyond the two extremes of eternalism and nihilism (rtag chad).
An inexpressible, utterly pure phenomenon,
it is beyond the extremes of "it is" and "it is not."
It is the very absence of negation and affirmation (dgag sgrub),
beyond the extremes of grasping ('dzin pa) and attachment:
stainless luminosity, spontaneous presence itself.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 62 % of the words.

It is as these passages say.

3 The ten phenomena taught for those of lesser capacity are to be known as deviation and obscuration དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་གོལ་སྒྲིབ་ཏུ་ཤེས་པར་བྱ་བ3 The ten phenomena taught for those of lesser capacity are to be known as deviation and obscuration (topical division)
The ten phenomena of effort were taught as gradual means for those of lesser capacity, not as the meaning of atiyoga. The All-Creating King is quoted on atiyoga's effortless view and conduct, and the four yogas (sattva, great, complete, utmost) are identified and their differing ways of seeing the heart-essence explained.

Although the essence of awareness is like that, the phenomena of the ten natures (rang bzhin bcu)[18]Note 18 · p. 222 · རང་བཞིན་བཅུའི་ཆོས: "the phenomena of the ten natures", per the glossary (the ten topics of tantra). GPT-6.2 Astra's "ten aspects of practice" and Dharmamitra's "ten phenomena of nature" miss the term. were taught in view of those of lesser capacity (dbang po), and that very teaching is to be known by the yogin (rnal 'byor pa) of ati as deviation and obscuration (gol sgrib):

Whatever is taught of the ten phenomena of effort and striving
was spoken only in view of the adventitious delusion that comes from dynamic energy (rtsal).
It is a skillful means (thabs) of entry, by gradations of capacity, for those who strive in stages.[19]Note 19 · p. 222 · རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས: I take རིམ་རྩོལ as the persons who strive in stages, with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon take it adverbially ("through gradual effort"), which is also possible.
The meaning of atiyoga, the vajra heart essence (rdo rje snying po)—
to those united with the genuine, just as it is,[20]Note 20 · p. 222 · ཇི་བཞིན་རྣལ་དུ་འབྱོར་ལ: this plays on རྣལ་འབྱོར, "united with the genuine". Gemini 4 Neon's "rest in the natural state" is avoided, since "natural state" is reserved for གནས་ལུགས. this is not taught.

As The All-Creating King, Awakened Mind (Byang chub kyi sems kun byed rgyal po) says:

Complete yoga (yongs su rnal 'byor)

[p. 223] and the others, these three,
lack the greatness of self-arisen primordial wisdom[21]Note 21 · p. 223 · རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས: ཆེ is taken as "greatness", with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "great self-arisen primordial wisdom", which is equally possible grammatically. (rang byung ye shes),
and so they traverse paths (lam) and train on levels (sa).
With their ways of guarding samaya and their meditating on a view,
they do not have the view and conduct (lta spyod) whose stride is both swift and unhurried.[22]Note 22 · p. 223 · གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན: the continuation on the next page calls atiyoga's view and conduct རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན, "the stride of the All-Creating King". The "swift and unhurried stride" is therefore a quality of atiyoga that the three lower yogas lack. Gemini 4 Neon drops the negation ("they have … views and conduct of swift and slow paces"). GPT-6.2 Astra ("do not depend on whether familiarization is swift or slow") and Claude Fable 5.2 ("in their steps, hurried or slow, view and conduct are not to be found") misconstrue the line. Dharmamitra is ambiguous.
Therefore, as for the view and conduct of atiyoga (shin tu rnal 'byor):
because they have primordially been done by the all-creating one (kun byed) itself,
there is no traversing of a path and no training on levels and paths,
no guarding of samaya and no meditating on a view.
Because everything arises from the path of great awakening (byang chub),
awakening itself does not traverse awakening itself.[24]Note 24 · p. 223 · བྱང་ཆུབ་ཉིད་ལ་…མི་བགྲོད / མི་སྦྱོང: rendered "traverse" and "train on" (with Gemini 4 Neon), mirroring ལམ་ལ་བགྲོད and ས་ལ་སྦྱོང. GPT-6.2 Astra, Dharmamitra and Claude Fable 5.2 have "travel/journey to" and "train in".
Because there is no traversing apart from awakening itself,
awakening itself does not train on awakening itself.[23]Note 23 · p. 223 · བྱང་ཆུབ་ཉིད་མི་སྦྱོང: Adzom reads མི་སྤྱོད ("does not enact"). I follow the e-text's སྦྱོང ("train on"), which answers ས་ལ་སྦྱོང above.
Because the nature of samaya is awakening itself,
awakening itself does not guard awakening itself.
Because the nature of meditation is awakening itself,
awakening itself cannot meditate on itself.
Because the nature of the view is awakening itself,
awakening

[p. 224] itself cannot view itself.
Therefore this view and conduct of atiyoga, in which there is nothing to be done (byar med),
has the stride of self-arisen primordial wisdom,[25]Note 25 · p. 224 · In line 3, Adzom reads goms pa ("familiarization") for gom pa ("stride"). I follow the e-text's gom pa, which matches gom pa drag dal in the preceding part. Dharmamitra and GPT-6.2 Astra follow the goms reading; Gemini 4 Neon and Claude Fable 5.2 read "stride". both swift and unhurried.
It is the stride of me,[26]Note 26 · p. 224 · In line 4 (nga yi goms pa yin) the text itself reads goms pa. I read it as gom pa, "stride" (so Claude Fable 5.2), since the passage has just denied any meditation or training. Dharmamitra "familiarization", Gemini 4 Neon "practice" and GPT-6.2 Astra "growing familiar" follow the letter. the All-Creating King (kun byed rgyal po);
it is not the domain of those whose vehicles (theg pa) are of cause and effect.Kun byedQuotation (named in the text: བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 69 % of the words.

Thus it is said.

As for the four yogas: the yoga of the sattva (sems dpa'i rnal 'byor) is the three outer classes of mantra; great yoga (rnal 'byor chen po) is the mahāyoga of generation; complete yoga is the anuyoga of transmission; and utmost yoga is the atiyoga of pith instruction.[27]Note 27 · p. 224 · In the gloss of the four yogas only, shin tu rnal 'byor is rendered "utmost yoga" rather than the glossary's "atiyoga", because the sentence equates it with the Sanskrit name. Elsewhere it is "atiyoga". lung in "lung anuyoga" is rendered "transmission", the established name of the class. The distinctions among them are also set out in that same tantra:

Atiyoga, complete yoga,
great yoga and the yoga of the sattva, these four:
when they look at the yoga of the heart-essence[29]Note 29 · p. 224 · snying po don gyi rnal 'byor byar med la is taken as the object of bltas pas (Dharmamitra, Gemini 4 Neon, Claude Fable 5.2). GPT-6.2 Astra makes byar med a main predicate here and in the three refrains, which the particle la does not favour. (snying po) meaning, in which there is nothing to be done,
the objects they see are of four kinds.
The yoga of the sattva sees it as objects and sense faculties.
Having blessed (byin gyis brlabs) them through the five awakenings and the four kinds of magical display (cho 'phrul),
it views the two sattva deities.[28]Note 28 · p. 224 · sems dpa'i lha gnyis lta is taken as "views the two sattva deities", i.e. the samayasattva and jñānasattva (Dharmamitra, Gemini 4 Neon). GPT-6.2 Astra "regards the two sattvas as deities" and Claude Fable 5.2 "views the deities as the two sattvas" are also possible; the line is terse.

[p. 225] It does not see the genuine state (rnal ma) of the heart-essence meaning.
Leave the sattva in uncontrived (ma bcos) suchness (de bzhin nyid).

In the genuine state, the heart essence of the meaning, in which there is nothing to be done,
what those of great yoga see is this:
in the maṇḍala of their own mindstream (rang rgyud), primordially pure,
that maṇḍala of deities, an effect arisen from a cause—
having completed the four branches of approach and accomplishment (bsnyen sgrub),
they view it as spontaneously present (lhun gyis grub pa), the very embodiment of emanation and reabsorption.[31]Note 31 · p. 225 · 'phro 'dus bdag nyid is taken as "the very embodiment of emanation and reabsorption", in apposition to the maṇḍala (so Claude Fable 5.2). Dharmamitra, Gemini 4 Neon, GPT-6.2 Astra read "through emanation and reabsorption they view themselves", which needs an instrumental the text lacks.
They do not see the genuine state, the heart essence of the meaning.
Leave it, as what is great, in uncontrived suchness.[30]Note 30 · p. 225 · The three closing imperatives (sems dpa' zhog, chen por zhog, yongs su rnal 'byor zhog) play on the names of the yogas. I keep the terminative of chen por ("as what is great"); Gemini 4 Neon and Claude Fable 5.2 supply "great yoga" as object, and Dharmamitra has "rest greatly". sems dpa' could also be vocative. de bzhin in the third is taken as de bzhin nyid shortened for metre (Dharmamitra, Gemini 4 Neon, GPT-6.2 Astra; Claude Fable 5.2 "just as it is").

In the genuine state, the heart essence of the meaning, in which there is nothing to be done,
what those of complete yoga see is this:
they see the heart essence of basic space as the genuine cause,[32]Note 32 · p. 225 · rnal ma'i rgyu / 'bras bu is rendered "the genuine cause / effect" (Dharmamitra, Gemini 4 Neon, GPT-6.2 Astra). Claude Fable 5.2's "cause / effect of the genuine state" is grammatically possible, but the next line says the two are seen within the one heart essence.
and they see great primordial wisdom as the genuine effect.
Because in the one heart essence they see two, cause and effect,
they do not see the yoga that is beyond cause and effect.
Leave complete yoga in uncontrived suchness.

In the genuine state, the heart essence of the meaning,

Translation notes
  • 1. [p. 216] bya rtsol rgyu 'bras: rendered by the glossary as two pairs, "action and effort, cause and effect". Dharmamitra drops bya ("effort"), and Gemini 4 Neon's "action, effort, cause, and effect" flattens the pairs.
  • 2. [p. 217] ye nas lhun grub dag pa'i chos nyid: Claude Fable 5.2 and Dharmamitra turn this into "primordially pure and spontaneously present", as if ka dag and lhun grub were paired. In the Tibetan, ye nas qualifies lhun grub and dag pa qualifies chos nyid, as in GPT-6.2 Astra, which I follow.
  • 3. [p. 217] Kun byed, Rang shar and rTsal rdzogs are abbreviated titles (Kun byed rgyal po, Rig pa rang shar, Seng ge rtsal rdzogs). The titles are rendered with the glossary's terms; the Wylie given is the short form in the text.
  • 4. [p. 217] gnyis med 'brel pa med: Claude Fable 5.2 and Dharmamitra read three separate negations ("no duality/nonduality, no connection"). GPT-6.2 Astra and Gemini 4 Neon read one item, a connecting or joining in nonduality that is denied. I follow GPT-6.2 Astra and Gemini 4 Neon, because the passage then lists ten things negated (view, samaya, activity, obscuration of primordial wisdom, levels, paths, subtle phenomena, nondual joining, definitive scripture, pith instruction), and "no nonduality" would be out of place among them.
  • 5. [p. 218] sems las nges lung: the text is kept and read as "apart from mind" (Claude Fable 5.2, Gemini 4 Neon). GPT-6.2 Astra has "by the mind". Dharmamitra's "concerning the mind" presupposes sems la, a reading I recall from the tantra itself but which is not attested here.
  • 6. [p. 218] bzang dang ngan pa'i: Adzom reads bza' ("food"), which gives no sense and is an evident slip. I follow bzang ("good").
  • 7. [p. 218] gzung 'dzin sems kyi dri ma / rtog pa lam gyi dri ma: the two lines are parallel appositions, "perceived and perceiver, the stains of mind" and "conceptual thought, the stain of the path". GPT-6.2 Astra has this for the second line. Claude Fable 5.2, Gemini 4 Neon and Dharmamitra have "the stain of the path of concepts", which suggests a path made of concepts. bsal is taken as "is cleared away" (Claude Fable 5.2, GPT-6.2 Astra), not as a transitive "it clears away" (Gemini 4 Neon, Dharmamitra).
  • 8. [p. 218] ma rig 'khrul pa'i sems: "the mind of unawareness and delusion". Claude Fable 5.2, Gemini 4 Neon and Dharmamitra use "ignorance", against the glossary. GPT-6.2 Astra's "deluded mind of unawareness" and Dharmamitra's "deluded ignorance" are also grammatically possible.
  • 9. [p. 219] 'jug dang ye shes dbab tu med: 'jug is the entering of the maṇḍala in empowerment, and ye shes dbab is the descent of primordial wisdom. GPT-6.2 Astra adds "the maṇḍala" without marking it; the translation leaves the line unexpanded.
  • 10. [p. 219] The last line is completed with 'das ("beyond"), the first word of the next page. The next part should begin after it, with yin dang min pa gnyis las 'das.
  • 11. [p. 220] The opening འདས་ belongs to the line already rendered at the end of the previous part ("beyond mind, mental faculty and phenomena"), so it is not repeated. Claude Fable 5.2 and Gemini 4 Neon repeat it.
  • 12. [p. 220] རིག་པའི་སྐུ་ལ་དམ་ཚིག་མེད: Adzom reads དང་ for ལ་ ("there is no kāya of awareness and no samaya"). I follow the e-text's ལ་, which fits the parallel རང་རིག་རྫོགས་ཆེན་ངོ་བོ་ལ below.
  • 13. [p. 220] དམ་ཚིག་ལུང་དུ་བསྟན་དུ་མེད: I take ལུང་དུ་བསྟན་པ as the verbal idiom "to declare, pronounce" (with GPT-6.2 Astra and Gemini 4 Neon, "prescribed"). Claude Fable 5.2's "indicated in scripture" presses ལུང་ too far.
  • 14. [p. 220] མེད་པ་ཉིད་ལ་མེད་པ་སྤྱོད etc.: GPT-6.2 Astra has "absence moves", Dharmamitra "practices … as nonexistence", Gemini 4 Neon makes nonexistence the agent. I follow Claude Fable 5.2's construction: the domain of great wisdom engages in X within X itself. This parallels the closing couplet, where the agent is marked by ཡིས.
  • 15. [p. 220] དབྱིངས in the root verse is "basic space" per the glossary, and ནམ་མཁའི་དབྱིངས in the commentary is "the realm of space". GPT-6.2 Astra and Gemini 4 Neon have "expanse", which is reserved for ཀློང. གསལ in the root verse is "lucid"; the commentary's འོད་གསལ་བ is "luminous".
  • 16. [p. 221] ཉི་མ་བསྒྲིབས་པ་ལ་ཡིན་གྱིས: read མ་ཡིན་གྱི ("is not the sun being obscured"), as the argument requires and as all the drafts take it.
  • 17. [p. 222] The page break falls before the final མེད of the first Abhisamayālaṃkāra line. The marker is placed at the line end.
  • 18. [p. 222] རང་བཞིན་བཅུའི་ཆོས: "the phenomena of the ten natures", per the glossary (the ten topics of tantra). GPT-6.2 Astra's "ten aspects of practice" and Dharmamitra's "ten phenomena of nature" miss the term.
  • 19. [p. 222] རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས: I take རིམ་རྩོལ as the persons who strive in stages, with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon take it adverbially ("through gradual effort"), which is also possible.
  • 20. [p. 222] ཇི་བཞིན་རྣལ་དུ་འབྱོར་ལ: this plays on རྣལ་འབྱོར, "united with the genuine". Gemini 4 Neon's "rest in the natural state" is avoided, since "natural state" is reserved for གནས་ལུགས.
  • 21. [p. 223] རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས: ཆེ is taken as "greatness", with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "great self-arisen primordial wisdom", which is equally possible grammatically.
  • 22. [p. 223] གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན: the continuation on the next page calls atiyoga's view and conduct རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན, "the stride of the All-Creating King". The "swift and unhurried stride" is therefore a quality of atiyoga that the three lower yogas lack. Gemini 4 Neon drops the negation ("they have … views and conduct of swift and slow paces"). GPT-6.2 Astra ("do not depend on whether familiarization is swift or slow") and Claude Fable 5.2 ("in their steps, hurried or slow, view and conduct are not to be found") misconstrue the line. Dharmamitra is ambiguous.
  • 23. [p. 223] བྱང་ཆུབ་ཉིད་མི་སྦྱོང: Adzom reads མི་སྤྱོད ("does not enact"). I follow the e-text's སྦྱོང ("train on"), which answers ས་ལ་སྦྱོང above.
  • 24. [p. 223] བྱང་ཆུབ་ཉིད་ལ་…མི་བགྲོད / མི་སྦྱོང: rendered "traverse" and "train on" (with Gemini 4 Neon), mirroring ལམ་ལ་བགྲོད and ས་ལ་སྦྱོང. GPT-6.2 Astra, Dharmamitra and Claude Fable 5.2 have "travel/journey to" and "train in".
  • 25. [p. 224] In line 3, Adzom reads goms pa ("familiarization") for gom pa ("stride"). I follow the e-text's gom pa, which matches gom pa drag dal in the preceding part. Dharmamitra and GPT-6.2 Astra follow the goms reading; Gemini 4 Neon and Claude Fable 5.2 read "stride".
  • 26. [p. 224] In line 4 (nga yi goms pa yin) the text itself reads goms pa. I read it as gom pa, "stride" (so Claude Fable 5.2), since the passage has just denied any meditation or training. Dharmamitra "familiarization", Gemini 4 Neon "practice" and GPT-6.2 Astra "growing familiar" follow the letter.
  • 27. [p. 224] In the gloss of the four yogas only, shin tu rnal 'byor is rendered "utmost yoga" rather than the glossary's "atiyoga", because the sentence equates it with the Sanskrit name. Elsewhere it is "atiyoga". lung in "lung anuyoga" is rendered "transmission", the established name of the class.
  • 28. [p. 224] sems dpa'i lha gnyis lta is taken as "views the two sattva deities", i.e. the samayasattva and jñānasattva (Dharmamitra, Gemini 4 Neon). GPT-6.2 Astra "regards the two sattvas as deities" and Claude Fable 5.2 "views the deities as the two sattvas" are also possible; the line is terse.
  • 29. [p. 224] snying po don gyi rnal 'byor byar med la is taken as the object of bltas pas (Dharmamitra, Gemini 4 Neon, Claude Fable 5.2). GPT-6.2 Astra makes byar med a main predicate here and in the three refrains, which the particle la does not favour.
  • 30. [p. 225] The three closing imperatives (sems dpa' zhog, chen por zhog, yongs su rnal 'byor zhog) play on the names of the yogas. I keep the terminative of chen por ("as what is great"); Gemini 4 Neon and Claude Fable 5.2 supply "great yoga" as object, and Dharmamitra has "rest greatly". sems dpa' could also be vocative. de bzhin in the third is taken as de bzhin nyid shortened for metre (Dharmamitra, Gemini 4 Neon, GPT-6.2 Astra; Claude Fable 5.2 "just as it is").
  • 31. [p. 225] 'phro 'dus bdag nyid is taken as "the very embodiment of emanation and reabsorption", in apposition to the maṇḍala (so Claude Fable 5.2). Dharmamitra, Gemini 4 Neon, GPT-6.2 Astra read "through emanation and reabsorption they view themselves", which needs an instrumental the text lacks.
  • 32. [p. 225] rnal ma'i rgyu / 'bras bu is rendered "the genuine cause / effect" (Dharmamitra, Gemini 4 Neon, GPT-6.2 Astra). Claude Fable 5.2's "cause / effect of the genuine state" is grammatically possible, but the next line says the two are seen within the one heart essence.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 216]
དེ་ལྟ་བུའི་རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་
1 Showing that the nature is beyond action and effort, cause and effect རང་བཞིན་ཉིད་བྱ་རྩོལ་རྒྱུ་འབྲས་ལས་འདས་པར་བསྟན་པ1 Showing that the nature is beyond action and effort, cause and effect (topical division)
The root verse states that in awakened mind there is no view to meditate on, no conduct, fruition, path, maṇḍala, empowerment or samaya, since space-like awareness is established as nothing. Supported by quotations from the All-Creating King, Natural Arising, the Heap of Jewels and Perfect Dynamic Energy.

Showing that this very nature (rang bzhin) is beyond action and effort (bya rtsol), cause and effect[1]Note 1 · p. 216 · bya rtsol rgyu 'bras: rendered by the glossary as two pairs, "action and effort, cause and effect". Dharmamitra drops bya ("effort"), and Gemini 4 Neon's "action, effort, cause, and effect" flattens the pairs. (rgyu 'bras):

In the essence (ngo bo) of mind itself (sems nyid), awakened mind (byang chub sems),
there is no view (lta ba) to meditate on, no conduct (spyod pa) to engage in,
no fruition ('bras bu) to accomplish, no levels and paths (sa lam) to traverse,

[p. 217]
བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། །ལྟ་སྒོམ་སྤྱོད་འབྲས་དང༌། དཀྱིལ་འཁོར་བསྐྱེད་རྫོགས་དང༌། །དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ།
།ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ།
།ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད།
།འཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད།
།ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད།
།ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད།
།

no maṇḍala (dkyil 'khor) to generate, no recitation (bzlas brjod), no completion stage (rdzogs rim),
no empowerment (dbang) to confer, no samaya (dam tshig) to keep.
In the pure nature of phenomena (chos nyid), primordially (ye nas) spontaneously present (lhun grub),[2]Note 2 · p. 217 · ye nas lhun grub dag pa'i chos nyid: Claude Fable 5.2 and Dharmamitra turn this into "primordially pure and spontaneously present", as if ka dag and lhun grub were paired. In the Tibetan, ye nas qualifies lhun grub and dag pa qualifies chos nyid, as in GPT-6.2 Astra, which I follow.
the adventitious phenomena of gradual effort, of cause and effect, are transcended.

Here, when this is considered from the standpoint of ultimate truth (don dam pa'i bden pa), awareness (rig pa) that is like space, nothing is established as anything at all. Therefore view, meditation, conduct and fruition (lta sgom spyod 'bras), maṇḍala, generation and completion (bskyed rdzogs), samaya, vows and so forth are not established, because awareness, empty and without self, is the very essence (ngo bo nyid) that is beyond all illustration and expression.

From The All-Creating King (Kun byed):[3]Note 3 · p. 217 · Kun byed, Rang shar and rTsal rdzogs are abbreviated titles (Kun byed rgyal po, Rig pa rang shar, Seng ge rtsal rdzogs). The titles are rendered with the glossary's terms; the Wylie given is the short form in the text.

Awakened mind is like space.
In mind itself, the nature of phenomena, which is like space,
there is no view to meditate on, no samaya to keep,
no enlightened activity ('phrin las) to seek, no obscuration (sgrib pa) of primordial wisdom (ye shes),
no training on the levels, nor any path to traverse,
no subtle phenomenon, no joining in nonduality (gnyis med).[4]Note 4 · p. 217 · gnyis med 'brel pa med: Claude Fable 5.2 and Dharmamitra read three separate negations ("no duality/nonduality, no connection"). GPT-6.2 Astra and Gemini 4 Neon read one item, a connecting or joining in nonduality that is denied. I follow GPT-6.2 Astra and Gemini 4 Neon, because the passage then lists ten things negated (view, samaya, activity, obscuration of primordial wisdom, levels, paths, subtle phenomena, nondual joining, definitive scripture, pith instruction), and "no nonduality" would be out of place among them.

[p. 218]
སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད།
།སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད།
།རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ།
།ཞེས་པ་དང༌། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས།
།དེ་ལ་གཉེན་པོས་གཞིག་ཏུ་མེད།
།དེ་ལ་ཕྱོགས་དང་རིས་སུ་མེད།
།ང་དང་བདག་ཏུ་འཛིན་པ་མེད།
།བཟང་དང་ངན་པའི་རྣམ་རྟོག་མེད།
།ཡིན་དང་མིན་པའི་མཐའ་ལས་འདས།
།རྟོག་དང་མི་རྟོག་ཆོས་ལས་འདས།
།རྟག་དང་ཆད་པ་གཉིས་དང་བྲལ།
།གོལ་དང་སྒྲིབ་པའི་ཆོས་ལས་འདས།
།རྟོགས་དང་མ་རྟོགས་གཉིས་སུ་མེད།
།དག་དང་མ་དག་མཐའ་ལས་འདས།
།སེམས་དང་ཡིད་དང་ཆོས་ལས་འདས།
།ཤེས་དང་མ་ཤེས་གཉིས་སུ་མེད།
།མ་རིག་འཁྲུལ་པའི་སེམས་ལས་འདས།
།སྒྲ་དང་ཐ་སྙད་ཚིག་དང་བྲལ།
།གཟུང་འཛིན་སེམས་ཀྱི་དྲི་མ་མེད།
།རྟོག་པ་ལམ་གྱི་དྲི་མ་བསལ།
།བསམ་

Apart from mind there is no definitive scripture[5]Note 5 · p. 218 · sems las nges lung: the text is kept and read as "apart from mind" (Claude Fable 5.2, Gemini 4 Neon). GPT-6.2 Astra has "by the mind". Dharmamitra's "concerning the mind" presupposes sems la, a reading I recall from the tantra itself but which is not attested here. (lung) to be settled.
Since it is beyond superimposition and denial (sgro skur), there is nothing to resolve decisively (la bzla) through pith instruction (man ngag).
This is the view of the Great Perfection (rdzogs chen), awakened mind.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 72 % of the words.

And from Natural Arising (Rang shar):

The meaning is unborn (skye med) awakened mind.
It is not to be destroyed by antidotes (gnyen po).
In it there are no sides and no factions.
There is no grasping at "I" or at a self.
There is no discursive thought (rnam rtog) of good and bad.[6]Note 6 · p. 218 · bzang dang ngan pa'i: Adzom reads bza' ("food"), which gives no sense and is an evident slip. I follow bzang ("good").
It is beyond the extremes of "is" and "is not."
It is beyond the phenomena of conceptual thought (rtog pa) and nonconceptuality.
It is free of both eternalism and nihilism.
It is beyond the phenomena of deviation and obscuration.
In it realization (rtogs pa) and nonrealization are not two.
It is beyond the extremes of pure and impure.
It is beyond mind (sems), mental faculty (yid) and phenomena (chos).
In it knowing and not knowing are not two.
It is beyond the mind of unawareness (ma rig) and delusion ('khrul pa).[8]Note 8 · p. 218 · ma rig 'khrul pa'i sems: "the mind of unawareness and delusion". Claude Fable 5.2, Gemini 4 Neon and Dharmamitra use "ignorance", against the glossary. GPT-6.2 Astra's "deluded mind of unawareness" and Dharmamitra's "deluded ignorance" are also grammatically possible.
It is free of sounds, conventional designations (tha snyad) and words.
It has no perceived and perceiver (gzung 'dzin), the stains of mind.
Conceptual thought, the stain of the path, is cleared away.[7]Note 7 · p. 218 · gzung 'dzin sems kyi dri ma / rtog pa lam gyi dri ma: the two lines are parallel appositions, "perceived and perceiver, the stains of mind" and "conceptual thought, the stain of the path". GPT-6.2 Astra has this for the second line. Claude Fable 5.2, Gemini 4 Neon and Dharmamitra have "the stain of the path of concepts", which suggests a path made of concepts. bsal is taken as "is cleared away" (Claude Fable 5.2, GPT-6.2 Astra), not as a transitive "it clears away" (Gemini 4 Neon, Dharmamitra).

[p. 219]
པ་སྣ་ཚོགས་བྱ་བྱེད་འདས།
།དངོས་པོར་འཛིན་པའི་ཆོས་དང་བྲལ།
།ས་དང་ལམ་ལ་སྦྱང་དུ་མེད།
།ལྷ་ལ་མཆོད་པ་འབུལ་མི་དགོས།
།དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད།
།སྡིག་པས་དེ་ལ་གོས་མི་འགྱུར།
།འཁོར་བ་ངན་སོང་ག་ལ་ཡོད།
།མྱ་ངན་འདས་པའི་ཆོས་མེད་ཅིང༌།
།བདག་དང་གཞན་དུ་ལྟ་བ་མེད།
།ལོག་དང་མ་ལོག་ག་ལ་ཡོད།
།ཡོད་དང་མེད་པའི་མཐའ་ལས་འདས།
།ཁ་དོག་མེད་ཅིང་དབྱིབས་མེད་པའོ།
།ཞེས་པ་དང༌། རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད།
།དཀྱིལ་འཁོར་ལྷ་དང་མཆོད་པ་ཡང༌།
།འདི་ལ་དགོས་དོན་གང་ཡང་མེད།
།རྫས་དང་ཆོ་ག་བཤམ་མི་དགོས།
།འཇུག་དང་ཡེ་ཤེས་དབབ་ཏུ་མེད།
།ཅེས་པ་དང༌། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི།
།སྣང་དང་སྟོང་པའི་ཡུལ་ལས་འདས།
།སེམས་དང་ཡིད་དང་ཆོས་ལས་

It is beyond the manifold thoughts, beyond action and agent (bya byed).
It is free of the phenomena of grasping at substantial entities (dngos po).
There is no training on levels and paths.
There is no need to present offerings to deities.
It is not to be protected by the ten virtues.
Misdeeds do not stain it.
Where could saṃsāra ('khor ba) and the lower realms be?
There are no phenomena of nirvāṇa (mya ngan 'das pa),
and no view of self and other.
Where could there be error and non-error?
It is beyond the extremes of existence and nonexistence.
It is without color and without shape.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 69 % of the words.

And from The Heap of Jewels (Rin po che spungs pa):

In this there are no mantras (sngags) or mudrās (phyag rgya).
Maṇḍala, deities and offerings too—
in this they serve no purpose whatsoever.
There is no need to set out substances and rituals.
There is no entering and no bringing down of primordial wisdom.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 74 % of the words.
[9]Note 9 · p. 219 · 'jug dang ye shes dbab tu med: 'jug is the entering of the maṇḍala in empowerment, and ye shes dbab is the descent of primordial wisdom. GPT-6.2 Astra adds "the maṇḍala" without marking it; the translation leaves the line unexpanded.

And from Perfect Dynamic Energy (rTsal rdzogs):

The Great Perfection, awareness's own voice,
is beyond the objects (yul) of appearance (snang ba) and emptiness (stong pa),
beyond mind, mental faculty and phenomena,[10]Note 10 · p. 219 · The last line is completed with 'das ("beyond"), the first word of the next page. The next part should begin after it, with yin dang min pa gnyis las 'das.

[p. 220]
འདས།
།ཡིན་དང་མིན་པ་གཉིས་ལས་འདས།
།བཟང་དང་ངན་པའི་ལྟ་བ་མེད།
།སྒོམ་དང་མི་སྒོམ་གཉིས་སུ་མེད།
།ཅེས་པ་དང༌། རིག་པའི་སྐུ་ལ་དམ་ཚིག་མེད།
།སྲུང་དང་བསྲུང་བར་བྱ་བ་མེད།
།སྣང་དང་མི་སྣང་དམ་ཚིག་མེད།
།རང་རིག་རྫོགས་ཆེན་ངོ་བོ་ལ།
།དམ་ཚིག་ལུང་དུ་བསྟན་དུ་མེད།
།ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི།
།མེད་པ་ཉིད་ལ་མེད་པ་སྤྱོད།
།གཅིག་པུ་ཉིད་ལ་གཅིག་པུ་སྤྱོད།
།ཕྱལ་བ་ཉིད་ལ་ཕྱལ་བ་ཡིས།
།ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར།
།ཞེས་སོ། །དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི། འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ། །གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ། །ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་

beyond both "it is" and "it is not."[11]Note 11 · p. 220 · The opening འདས་ belongs to the line already rendered at the end of the previous part ("beyond mind, mental faculty and phenomena"), so it is not repeated. Claude Fable 5.2 and Gemini 4 Neon repeat it.
It has no view of good and bad.
There is no duality of meditating (sgom pa) and not meditating.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 82 % of the words.

And:

In the kāya (sku) of awareness there is no samaya.[12]Note 12 · p. 220 · རིག་པའི་སྐུ་ལ་དམ་ཚིག་མེད: Adzom reads དང་ for ལ་ ("there is no kāya of awareness and no samaya"). I follow the e-text's ལ་, which fits the parallel རང་རིག་རྫོགས་ཆེན་ངོ་བོ་ལ below.
There is no guarding and nothing to be guarded.
There is no samaya of appearing or not appearing.
In the essence of self-knowing awareness (rang rig), the Great Perfection,
no samaya can be declared.[13]Note 13 · p. 220 · དམ་ཚིག་ལུང་དུ་བསྟན་དུ་མེད: I take ལུང་དུ་བསྟན་པ as the verbal idiom "to declare, pronounce" (with GPT-6.2 Astra and Gemini 4 Neon, "prescribed"). Claude Fable 5.2's "indicated in scripture" presses ལུང་ too far.
As for the domain of great wisdom (shes rab):
in nonexistence itself it engages in nonexistence;[14]Note 14 · p. 220 · མེད་པ་ཉིད་ལ་མེད་པ་སྤྱོད etc.: GPT-6.2 Astra has "absence moves", Dharmamitra "practices … as nonexistence", Gemini 4 Neon makes nonexistence the agent. I follow Claude Fable 5.2's construction: the domain of great wisdom engages in X within X itself. This parallels the closing couplet, where the agent is marked by ཡིས.
in oneness itself it engages in oneness;
in wide openness (phyal ba) itself, by wide openness,
spontaneous presence is bestowed on spontaneous presence itself.Seng ge rtsal rdzogsQuotation (not named in the text)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 57 % of the words.

So it says.

2 The analogy for the absence of action, effort, abandoning and adopting བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ2 The analogy for the absence of action, effort, abandoning and adopting (topical division)
The sun, luminous by nature, is neither obscured by clouds nor made luminous by causes; seeing it as obscured is delusion. Likewise awareness has no obscuration, and thinking it must be purified and qualities generated is sheer delusion. Quotations from the Great Mother, the Ornament of Clear Realization and Natural Arising.

The definite analogy (dpe) for there being, in this way, no action and effort and no abandoning and adopting (spang blang) anywhere at all is this:

These are the essence of awakened mind.
The sun is not obscured by clouds and darkness;
not adventitiously made, it is lucid of itself in basic space[15]Note 15 · p. 220 · དབྱིངས in the root verse is "basic space" per the glossary, and ནམ་མཁའི་དབྱིངས in the commentary is "the realm of space". GPT-6.2 Astra and Gemini 4 Neon have "expanse", which is reserved for ཀློང. གསལ in the root verse is "lucid"; the commentary's འོད་གསལ་བ is "luminous". (dbyings).

The essence of the sun is luminous ('od gsal ba) by nature in the realm of space (nam mkha'i dbyings). Just as that essence cannot be obscured by clouds, and cannot be made luminous adventitiously by cause

[p. 221]
འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་ལ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབས་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ། །ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་པ་ཟང་མ་ཞེས་བྱའོ། །ཡུམ་ཆེན་མོ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་

and effect, so it is impossible for cause and effect or obscuration to exist in awareness's own face (rang ngo). When the people of the four continents look at it, its appearing at times to be obscured and so forth is not the sun being obscured.[16]Note 16 · p. 221 · ཉི་མ་བསྒྲིབས་པ་ལ་ཡིན་གྱིས: read མ་ཡིན་གྱི ("is not the sun being obscured"), as the argument requires and as all the drafts take it. Rather, what appears is that clouds have obscured what is before one's own eyes, and to grasp this with the thought "The sun is obscured" is what is called delusion. Likewise, awareness undergoes no deviation and no obscuring by adventitious afflictions (nyon mongs pa) and the like. Rather, it appears to be obscured in the face of deluded thought ('khrul rtog), and to think "Awareness has obscurations; it must be purified; qualities (yon tan) must be generated" is what is called sheer delusion.

*The Great Mother* (Yum chen mo) also says:

In mind there is no mind, for the nature of mind is luminous.Yum chen moQuotation (named in the text: ཡུམ་ཆེན་མོ་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8
Identification: medium confidence ("Great Mother" normally designates this sūtra; the passages may also occur in the shorter versions.)
The quoted words are in Klong chen rab byams gsung 'bum/volume 012 392 (a parallel), 100 % of the words.

And The Ornament of Clear Realization (mNgon rtogs rgyan) also says:

In this there is nothing whatsoever to be removed,

[p. 222]
མེད།
།གཞག་པར་བྱ་བ་ཅུང་ཟད་མེད།
།ཅེས་པ་དང༌། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི།
།རྟག་ཆད་གཉིས་ཀྱི་མཐའ་ལས་འདས།
།བརྗོད་མེད་རྣམ་པར་དག་པའི་ཆོས།
།ཡིན་དང་མིན་པའི་མཐའ་ལས་འདས།
།དགག་དང་སྒྲུབ་པ་མེད་པ་ཉིད།
།འཛིན་དང་ཆགས་པའི་མཐའ་ལས་འདས།
།དྲི་མེད་འོད་གསལ་ལྷུན་གྲུབ་ཉིད།
།ཅེས་པ་ལྟ་བུའོ། །རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི། རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ། །རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད།
།རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས།
།ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན།
།ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན།
།ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་

and not the slightest thing to be added.Mngon rtogs rgyanQuotation (named in the text: མངོན་རྟོགས་རྒྱན་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན, shes rab kyi pha rol tu phyin pa'i man ngag gi bstan bcos mngon par rtogs pa'i rgyan, The Ornament of Clear Realization (Abhisamayālaṃkāra), by Maitreya (Asaṅga) · shastra; Tengyur; Toh 3786
Identification: high confidence
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.
[17]Note 17 · p. 222 · The page break falls before the final མེད of the first Abhisamayālaṃkāra line. The marker is placed at the line end.

And Natural Arising (Rang shar) says:

The appearance of awareness itself
is beyond the two extremes of eternalism and nihilism (rtag chad).
An inexpressible, utterly pure phenomenon,
it is beyond the extremes of "it is" and "it is not."
It is the very absence of negation and affirmation (dgag sgrub),
beyond the extremes of grasping ('dzin pa) and attachment:
stainless luminosity, spontaneous presence itself.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 62 % of the words.

It is as these passages say.

3 The ten phenomena taught for those of lesser capacity are to be known as deviation and obscuration དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་གོལ་སྒྲིབ་ཏུ་ཤེས་པར་བྱ་བ3 The ten phenomena taught for those of lesser capacity are to be known as deviation and obscuration (topical division)
The ten phenomena of effort were taught as gradual means for those of lesser capacity, not as the meaning of atiyoga. The All-Creating King is quoted on atiyoga's effortless view and conduct, and the four yogas (sattva, great, complete, utmost) are identified and their differing ways of seeing the heart-essence explained.

Although the essence of awareness is like that, the phenomena of the ten natures (rang bzhin bcu)[18]Note 18 · p. 222 · རང་བཞིན་བཅུའི་ཆོས: "the phenomena of the ten natures", per the glossary (the ten topics of tantra). GPT-6.2 Astra's "ten aspects of practice" and Dharmamitra's "ten phenomena of nature" miss the term. were taught in view of those of lesser capacity (dbang po), and that very teaching is to be known by the yogin (rnal 'byor pa) of ati as deviation and obscuration (gol sgrib):

Whatever is taught of the ten phenomena of effort and striving
was spoken only in view of the adventitious delusion that comes from dynamic energy (rtsal).
It is a skillful means (thabs) of entry, by gradations of capacity, for those who strive in stages.[19]Note 19 · p. 222 · རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས: I take རིམ་རྩོལ as the persons who strive in stages, with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon take it adverbially ("through gradual effort"), which is also possible.
The meaning of atiyoga, the vajra heart essence (rdo rje snying po)—
to those united with the genuine, just as it is,[20]Note 20 · p. 222 · ཇི་བཞིན་རྣལ་དུ་འབྱོར་ལ: this plays on རྣལ་འབྱོར, "united with the genuine". Gemini 4 Neon's "rest in the natural state" is avoided, since "natural state" is reserved for གནས་ལུགས. this is not taught.

As The All-Creating King, Awakened Mind (Byang chub kyi sems kun byed rgyal po) says:

Complete yoga (yongs su rnal 'byor)

[p. 223]
འབྱོར་ལ་སོགས་གསུམ་པོ་ལ།
།རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས།
།ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད།
།དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ།
།གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན།
།དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི།
།ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར།
།ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད།
།དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད།
།བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར།
།བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད།
།བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར།
།བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྦྱོང༌།
།དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས།
།བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང༌།
།སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས།
།བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད།
།ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས།
།བྱང་ཆུབ་

and the others, these three,
lack the greatness of self-arisen primordial wisdom[21]Note 21 · p. 223 · རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས: ཆེ is taken as "greatness", with Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "great self-arisen primordial wisdom", which is equally possible grammatically. (rang byung ye shes),
and so they traverse paths (lam) and train on levels (sa).
With their ways of guarding samaya and their meditating on a view,
they do not have the view and conduct (lta spyod) whose stride is both swift and unhurried.[22]Note 22 · p. 223 · གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན: the continuation on the next page calls atiyoga's view and conduct རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན, "the stride of the All-Creating King". The "swift and unhurried stride" is therefore a quality of atiyoga that the three lower yogas lack. Gemini 4 Neon drops the negation ("they have … views and conduct of swift and slow paces"). GPT-6.2 Astra ("do not depend on whether familiarization is swift or slow") and Claude Fable 5.2 ("in their steps, hurried or slow, view and conduct are not to be found") misconstrue the line. Dharmamitra is ambiguous.
Therefore, as for the view and conduct of atiyoga (shin tu rnal 'byor):
because they have primordially been done by the all-creating one (kun byed) itself,
there is no traversing of a path and no training on levels and paths,
no guarding of samaya and no meditating on a view.
Because everything arises from the path of great awakening (byang chub),
awakening itself does not traverse awakening itself.[24]Note 24 · p. 223 · བྱང་ཆུབ་ཉིད་ལ་…མི་བགྲོད / མི་སྦྱོང: rendered "traverse" and "train on" (with Gemini 4 Neon), mirroring ལམ་ལ་བགྲོད and ས་ལ་སྦྱོང. GPT-6.2 Astra, Dharmamitra and Claude Fable 5.2 have "travel/journey to" and "train in".
Because there is no traversing apart from awakening itself,
awakening itself does not train on awakening itself.[23]Note 23 · p. 223 · བྱང་ཆུབ་ཉིད་མི་སྦྱོང: Adzom reads མི་སྤྱོད ("does not enact"). I follow the e-text's སྦྱོང ("train on"), which answers ས་ལ་སྦྱོང above.
Because the nature of samaya is awakening itself,
awakening itself does not guard awakening itself.
Because the nature of meditation is awakening itself,
awakening itself cannot meditate on itself.
Because the nature of the view is awakening itself,
awakening

[p. 224]
ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར།
།ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི།
།རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན།
།ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན།
།རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན།
།ཞེས་སོ། །རྣལ་འབྱོར་བཞི་ནི། །སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག །ཡོངས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་ག །ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེ་དག་གི་ཁྱད་པར་ཀྱང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི།
།སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ།
།བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི།
།སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང༌།
།བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས།
།བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ།
།སྙིང་པོ་

itself cannot view itself.
Therefore this view and conduct of atiyoga, in which there is nothing to be done (byar med),
has the stride of self-arisen primordial wisdom,[25]Note 25 · p. 224 · In line 3, Adzom reads goms pa ("familiarization") for gom pa ("stride"). I follow the e-text's gom pa, which matches gom pa drag dal in the preceding part. Dharmamitra and GPT-6.2 Astra follow the goms reading; Gemini 4 Neon and Claude Fable 5.2 read "stride". both swift and unhurried.
It is the stride of me,[26]Note 26 · p. 224 · In line 4 (nga yi goms pa yin) the text itself reads goms pa. I read it as gom pa, "stride" (so Claude Fable 5.2), since the passage has just denied any meditation or training. Dharmamitra "familiarization", Gemini 4 Neon "practice" and GPT-6.2 Astra "growing familiar" follow the letter. the All-Creating King (kun byed rgyal po);
it is not the domain of those whose vehicles (theg pa) are of cause and effect.Kun byedQuotation (named in the text: བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 69 % of the words.

Thus it is said.

As for the four yogas: the yoga of the sattva (sems dpa'i rnal 'byor) is the three outer classes of mantra; great yoga (rnal 'byor chen po) is the mahāyoga of generation; complete yoga is the anuyoga of transmission; and utmost yoga is the atiyoga of pith instruction.[27]Note 27 · p. 224 · In the gloss of the four yogas only, shin tu rnal 'byor is rendered "utmost yoga" rather than the glossary's "atiyoga", because the sentence equates it with the Sanskrit name. Elsewhere it is "atiyoga". lung in "lung anuyoga" is rendered "transmission", the established name of the class. The distinctions among them are also set out in that same tantra:

Atiyoga, complete yoga,
great yoga and the yoga of the sattva, these four:
when they look at the yoga of the heart-essence[29]Note 29 · p. 224 · snying po don gyi rnal 'byor byar med la is taken as the object of bltas pas (Dharmamitra, Gemini 4 Neon, Claude Fable 5.2). GPT-6.2 Astra makes byar med a main predicate here and in the three refrains, which the particle la does not favour. (snying po) meaning, in which there is nothing to be done,
the objects they see are of four kinds.
The yoga of the sattva sees it as objects and sense faculties.
Having blessed (byin gyis brlabs) them through the five awakenings and the four kinds of magical display (cho 'phrul),
it views the two sattva deities.[28]Note 28 · p. 224 · sems dpa'i lha gnyis lta is taken as "views the two sattva deities", i.e. the samayasattva and jñānasattva (Dharmamitra, Gemini 4 Neon). GPT-6.2 Astra "regards the two sattvas as deities" and Claude Fable 5.2 "views the deities as the two sattvas" are also possible; the line is terse.

[p. 225]
དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི།
།ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ།
།རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ།
།བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས།
།འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ།
།དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད།
།མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི།
།དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ།
།ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང༌།
།སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས།
།རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན།
།མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་

It does not see the genuine state (rnal ma) of the heart-essence meaning.
Leave the sattva in uncontrived (ma bcos) suchness (de bzhin nyid).

In the genuine state, the heart essence of the meaning, in which there is nothing to be done,
what those of great yoga see is this:
in the maṇḍala of their own mindstream (rang rgyud), primordially pure,
that maṇḍala of deities, an effect arisen from a cause—
having completed the four branches of approach and accomplishment (bsnyen sgrub),
they view it as spontaneously present (lhun gyis grub pa), the very embodiment of emanation and reabsorption.[31]Note 31 · p. 225 · 'phro 'dus bdag nyid is taken as "the very embodiment of emanation and reabsorption", in apposition to the maṇḍala (so Claude Fable 5.2). Dharmamitra, Gemini 4 Neon, GPT-6.2 Astra read "through emanation and reabsorption they view themselves", which needs an instrumental the text lacks.
They do not see the genuine state, the heart essence of the meaning.
Leave it, as what is great, in uncontrived suchness.[30]Note 30 · p. 225 · The three closing imperatives (sems dpa' zhog, chen por zhog, yongs su rnal 'byor zhog) play on the names of the yogas. I keep the terminative of chen por ("as what is great"); Gemini 4 Neon and Claude Fable 5.2 supply "great yoga" as object, and Dharmamitra has "rest greatly". sems dpa' could also be vocative. de bzhin in the third is taken as de bzhin nyid shortened for metre (Dharmamitra, Gemini 4 Neon, GPT-6.2 Astra; Claude Fable 5.2 "just as it is").

In the genuine state, the heart essence of the meaning, in which there is nothing to be done,
what those of complete yoga see is this:
they see the heart essence of basic space as the genuine cause,[32]Note 32 · p. 225 · rnal ma'i rgyu / 'bras bu is rendered "the genuine cause / effect" (Dharmamitra, Gemini 4 Neon, GPT-6.2 Astra). Claude Fable 5.2's "cause / effect of the genuine state" is grammatically possible, but the next line says the two are seen within the one heart essence.
and they see great primordial wisdom as the genuine effect.
Because in the one heart essence they see two, cause and effect,
they do not see the yoga that is beyond cause and effect.
Leave complete yoga in uncontrived suchness.

In the genuine state, the heart essence of the meaning,

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 10 quotations, 10 found on this wiki.
# p. Tibetan English Source On this wiki
1 217 བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། ། … མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། Awakened mind is like space. In mind itself, the … view of the Great Perfection (rdzogs chen), awakened mind. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 72 %
2 218 དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་ … ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། The meaning is unborn (skye med) awakened mind. It … and nonexistence. It is without color and without shape. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 69 %
3 219 འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ … མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། In this there are no mantras (sngags) or mudrās … no entering and no bringing down of primordial wisdom. named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 74 %
4 219 རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་ … བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། The Great Perfection, awareness's own voice, is beyond the … no duality of meditating (sgom pa) and not meditating. named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 82 %
5 220 རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་ … བ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། In the kāya (sku) of awareness there is no … openness, spontaneous presence is bestowed on spontaneous presence itself. not named:
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 57 %
6 221 སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ In mind there is no mind, for the nature of mind is luminous. named: ཡུམ་ཆེན་མོ་ལས
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8 medium
parallel: Klong chen rab byams gsung 'bum/volume 012 392, 100 %
7 221 འདི་ལ་བསལ་བྱ་ཅི་ཡང་ མེད། །གཞག་པར་བྱ་བ་ཅུང་ཟད་མེད། In this there is nothing whatsoever to be removed, and not the slightest thing to be added. named: མངོན་རྟོགས་རྒྱན་ལས
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན, shes rab kyi pha rol tu phyin pa'i man ngag gi bstan bcos mngon par rtogs pa'i rgyan, The Ornament of Clear Realization (Abhisamayālaṃkāra), by Maitreya (Asaṅga) · shastra; Tengyur; Toh 3786 high
parallel: ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ།, 100 %
8 222 རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་ … ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། The appearance of awareness itself is beyond the two … ('dzin pa) and attachment: stainless luminosity, spontaneous presence itself. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 62 %
9 222 ཡོངས་སུ་རྣལ་ འབྱོར་ལ་སོགས་གསུམ་པོ་ལ། ། … རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། Complete yoga (yongs su rnal 'byor) and the others, … whose vehicles (theg pa) are of cause and effect. named: བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 69 %
10 224 ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང༌། ། … བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར། Atiyoga, complete yoga, great yoga and the yoga of … one is joined to the genuine state in suchness. “the same”: རྒྱུད་དེ་ཉིད་ལས