Chos dbyings mdzod (Longchenpa): Chapter 12 commentary (2)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 12 commentary (2)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 12 commentary (2)
Jump to navigation Jump to search
← Chapter 12 commentary (1)Chos dbyings mdzod: contentsChapter 12 commentary (3) →

Chapter 12, commentary · ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ
Pages 577–587 of the corrected base text (W22920 vol. 3), part 2 of 10.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 514] ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །

[p. 515] ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མ་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་བ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་པོ། །བལྟས་པས་ཁམས་གསུམ་འཁོར་བ་ལས། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་བའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕག་ཡ་ཀྱི་ཁང་པ་སྒོ་མདེ་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ནས། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱག་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་

[p. 516] མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྤོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོར་ང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར།

[p. 517] རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་

[p. 518] ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་

[p. 519] ༄༅། །ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་ གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་ གྲོལ་བདེ་ཡང་ཀུན་ཡོད་མ་མྱང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྒྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་ སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བ་དལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་ པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་ སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་

[p. 520] འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། །གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ལོ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ཡས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལ་མ་མེད་པ་ཉིད་དང་། སྤང་བྱ་ངང་གཉེན་པོ་གཉིས་ཀ་

[p. 521] སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་མིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང༌། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང༌། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང༌། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱི་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །བལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམ་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུད་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང༌། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ན། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང༌། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོང་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང༌། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ། །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱི་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པས་གཅེས་སོ། །གཉིས་པ་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང༌། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོགས་པ་དང༌། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང༌། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང༌། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པོའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣ་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང༌། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། །སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་བསྐོང༌། །བརྟག་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་ཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང༌། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང༌། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང༌། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང༌། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་མ་གྲུབ་པ་ཉིད་དང༌། ལས་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང༌། གནས་པ་དང༌། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང༌། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང༌། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང༌། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང༌། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང༌། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང༌།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་ སྟེ།» «།ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་ སྟོང༌། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང༌། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་ རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་«༼༡༽«ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང༌། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་ བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །»«བལྟས་པས་«༼༢༽«ཁམས་གསུམ་འཁོར་བ་ལས་«༼༣༽«། །བསྒོམས་པས་ཉོན་མོངས་ལས་ཀུན་སོག» «།སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་བའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང༌། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ནས། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །» «གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང༌། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང༌། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ» «།དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་བ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བླང་བྱ་རྩོལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང༌། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང༌། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང༌། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག» «རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང༌། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་པར་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག» «།ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །«༼༡༽«མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་«༼༢༽«ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་«༼༣༽«པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང༌། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང༌། ། བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྡོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་ གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་» «གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པས་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་» «བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང༌། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང༌། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང༌། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་«༼༡༽«གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང༌། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་དང༌། ལས་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང༌། གནས་པ་དང༌། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང༌།བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང༌། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །» «གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང༌། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང༌། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང༌། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང༌།

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 899] ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དྲུག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིལ་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་

[p. 900] འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། ། ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་པོ། །བལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམས་པས་ཉོན་མོངས་ལས་ཀུན་ཡོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་ འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། ། དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། ། མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་ གསུམ་འབྲས་བུ་དྲུངས་ནས་བྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་བྱེད་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆད་ཀྱི་ལ་སྟོངས་གཅིག་མ་ཤོང་། །སྣ་

[p. 901] ༄༅། །ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་ པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ ནས་ཐར་བ་ཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པ་རང་སར་གྲོལ་བ་གཅེས་སོ། །རྩལ་ ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་

[p. 902] འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་ མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་པ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་པར་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་ པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་། མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་

[p. 903] ༄༅། །བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བ་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་ མ་ཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་ རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་ བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིང་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་ པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་

[p. 904] མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་ པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་ འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་ གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས་གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་ གཡང་སར་བསྒྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་

[p. 905] ༄༅། །ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་ པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་འགྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མ་རྙེད་དེ། །ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་

[p. 906] རྟེན་མི་སྲིད། ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ན། གཉན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་ པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་ བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 228] བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱུན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིལ་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །བལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱེ་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ན། །ཉི་མ་ཟླ་བ་འོད་གསལ་ལང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་

[p. 229] བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སླད་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་

[p. 230] རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་ རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནོ། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་ སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་ མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བ་དུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་

[p. 231] འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རི་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་ བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་ བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་ པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྒྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་ པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྡངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བ་དལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་

[p. 232] པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་ གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་ དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་ མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། །ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་ པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་ པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གྲོད་རྒྱུ་མེད་པར་གྲོལ། །ཅོག་ གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་

[p. 233] གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 305] བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་ སྟེ༑ ༑ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་ སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་ མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། ། རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས ༧ཉིད་ལ་དཔེ་གཞན་མེད། ། དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་ མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་ པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་ འདས་ཚིག་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། ཐལ་ འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། ། སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་ འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །྾བལྟས་པས ༧ཁམས་གསུམ་འཁོར་ བ་ལས ༡། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ ལ༑ ༑འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། ། བསྐལ་བའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་ སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་

[p. 306] ༈ ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ནས། ། ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་ བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱགས་མས་ བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། ། མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་ བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་ འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་ རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་ དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་ བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་ དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ ནས་ཐར་བ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་ བླང་བྱ་རྩོལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་ གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་ པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་ གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། ། གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་

[p. 307] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་ འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་ བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག རང་རྩལ་འཁོར་བའི་མེ་ནང་ ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་ དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་ སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་པར་ཤར་ཡང་ངོ་ མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་ པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། ། འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ ནོ༑ ༑སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་ སྟེ༑ སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་ བཏབ་པའོ། །༡མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་ བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་ སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་ མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་

[p. 308] ༈ ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། ཡེ་ཤེས་ཀྱི་ཆོས་ཉིད་གཏིབས ༡པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་ བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་ གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་ འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་དོན་མི་ རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་ བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་ བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་ པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་ འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། ། འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་ གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་ བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། ། ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་ པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་

[p. 309] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་ སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་ དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པས་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། ། དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་ བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་ སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་འཁོར་ལམ་ མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་ པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་ སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་ བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ ལ༑ ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་

[p. 310] ། ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་ བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། ཅོག་ གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་ དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་ མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་ བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 377] ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་་་་ གཉིས་ཀྱི་ཆོས་དང་བྲལ། །གསལ་བ་་་་་་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་་་ ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་ པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་་་་ ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚི་ག་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་

[p. 378] འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ནས་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། ། ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྦྱང་པས་ནི་དགེ་ཐོབ་བོ། །དེ་ལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམས་པས་ཉོན་མོངས་ལས་ཀུན་སོག། སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་ འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། ། དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣར་མེད་མུན་པའི་དཀྱིལ་འཁོར་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། ། མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མྱ་ངན་འདས་པ་ཕྱོགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་ གསུམ་འབྲས་བུ་དྲུངས་ནས་བྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་བྱེད་མུན་པས་གཏིངས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་

[p. 379] ༄༅། །ཚོགས་འདུས་པར་གཅིག་མ་རྙེད། །ཡང་མེད་མཐའ་ཡི་རྟོག་བསྔལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐུར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་ པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ ནས་ཐར་བ་ཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྣང་བ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དགེ་བ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་

[p. 380] འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་་་ མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་་ ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་་་་ ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་(པར)ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་་་ ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་ པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་། མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་

[p. 381] ༄༅། །བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བ་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མཆོད་པར་རྟོག་པ་ཕྱིར མ་ཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང། ཕྱི་ཡུལ་སྣང་གི་མནས་ རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་ བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིང་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་

[p. 382] མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། ཞེས་པ་བཞིན་ནོ། །འགག་བསྡམ་ པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་་་ འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་ གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་པའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་ གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། ་་་་་་་་་་་་་ མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་

[p. 383] ༄༅། །ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་་་་ པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་ གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་ལ་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་་ ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མ་རྙེད་དེ། །ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས།

[p. 384] རྟེན་མི་སྲིད། ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ན། གཉེན་པ་ཡེ་གྲོལ་སྤང་བ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཐའ་མཐོག་ལ་དུས་པར་གྲོལ། །གལ་ཏེ་ཡེ་གྲོལ་བཅིངས་ པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལ་མ་མེད་པ་ཉིད་དང་། གློད་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་ བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་པ་ན་ཆད་དང་གཞན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 306] ཞེས་ཤན་འབྱེད་དོན་གྱི་ལ་བཟླ་དང་མི་འགྱུར་བ་ངོ་བོའི་ལ་བཟླ་ནི་རང་ཤར་ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །

[p. 307] ༄༅། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་ལས་འདས། །ཞེས་པ་དང་། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མ་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་བ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་ གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་པོ། །བལྟས་པས་ཁམས་གསུམ་འཁོར་བ་ལས། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། ། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་བའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང་། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། ། ལྷག་ཡ་གྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་བའི་དཀྱིལ་འཁོར་ནས། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོང་པས། །མྱ་ངན་འདས་པ་ཕྱག་མས་བཏབ། །མ་རིག་འཁོར་བརྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་

[p. 308] མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང་། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོར་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང་། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང་། བླང་དོར་གྱི་སྤྱོད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང་། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར།

[p. 309] རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང་། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་

[p. 310] ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་མཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང་། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་པར་འདོད་ན། སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་

[p. 311] ༄༅། །ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་ གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་ གྲོལ་བདེ་ཡང་ཀུན་ཡོད་མ་མྱང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྒྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་ སར་འཆོར་བ་སྔོན་ཡངས་པ་ཅན་དུ་རྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བ་དལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་ པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང་། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང་། ཆད་པ་མེད་པའི་རང་བཞིན་ སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང་། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང་། ཡང་དག་པ་མ་ཡིན་པ་

[p. 312] འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་མ་གྲུབ་པ་ཉིད་དང་། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང་། གནས་པ་དང་། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང་། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང་། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། །གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ལོ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ཡས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལ་མ་མེད་པ་ཉིད་དང་། སྤང་བྱ་དང་གཉེན་པོ་གཉིས་ཀ་

[p. 313] ༄༅། །སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང་། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང་། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང་།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (49 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 577] ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་བ་རང་བྱུང་ཡེ་ཤེས་དོན། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་སྟོང་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱི་རྣམ་པར་སྟོང༌། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང༌། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་མཇལ། །མཐོང་བས་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་གྱིས་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །འདས་དང་མ་འདས་ཚིག་

དང་མ་འདས་ཚིག་ལས་འདས ] ཚིལ D G

[p. 578] ལས་འདས། །ཞེས་པ་དང༌། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་བོ། །བལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུས་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པ་ཡང༌། །ཁ་ནས་སྡེ་སྣོད་ཆོས་འཆད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་དཀྱིལ་འཁོར་ན། །

བཅད་ན་སངས་མི་རྒྱ་སྐར ] མ A C · ཉིད་ནི་སངས་པ་མིན་སངས ] བ A C · པོ་ལ་ཆོས་ཀྱིས་ངན་སོང ] ཀྱི W · ནི་དགེ་ཐོབ་བོ་བལྟས་པས ] པོ A D C · གསུམ་འཁོར་བ་ལ་བསྒོམས་པས ] ལས A P S C · འཁོར་བ་ལ་བསྒོམས་པས་ཉོན ] བསྒོམ W · བུས་འཁོར་བའི་རྒྱུ་ཉིད་དོ ] རྒྱུད W · འབྲེལ་བཤད་བསྐལ་པའི་མེ་དཔུང ] བའི A P S C · པའི་དཀྱིལ་འཁོར་ན་ཉི་མ ] ནས A P S C

[p. 579] ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་ལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བ་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང༌། །མུན་པས་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོངས་ཕྱེ་མུན་པས་གཏིབས། །རྣོ་བའི་ངར་བཏབ་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང༌། །སྣ་ཚོགས་འདུས་པར་གཅིག་མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། །ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་

འཁོར་བའི་གཞི་སྟོངས་པས་མྱ ] སྟོང A P S C · ངན་འདས་པ་ཕྱགས་མས་བཏབ ] ཕྱག A C · བུ་དྲུངས་ནས་ཕྱུང་མུན་པས ] བྱུང D R · བསྣུབས་གསལ་བའི་མཐོངས་ཕྱེ་མུན ] མཐོང W · གསལ་བའི་མཐོངས་ཕྱེ་མུན་པས ] བྱེད D R · ངར་བཏབ་གཅིག་མ་ཆོད་རྒྱ་ཆེ ] མཆོད A G C

[p. 580] ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ། །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང༌། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང༌། བླང་དོར་གྱི་སྤྱོད་པས་

སྐྱོ་ནས་ཐར་པ་འཚོལ་བ ] བ P S · སྐྱོ་ནས་ཐར་པ་འཚོལ་བ་སྟེ ] བ་ཚོལ D R · གཅེས་པའོ་སྤང་⁁་བྱ་རྩལ ] བླང P S · པའོ་སྤང་བྱ་རྩལ་གྱི་ཆོས ] རྩོལ P S · རྩལ་གྱི་ཆོས་ཀྱིས་འཁོར་བ ] ཀྱི W · འབྲས་ལ་ཟློས་པ་གཅེས་སོ ] པས W · གཅེས་སོ་གཉིས་⁁་བཅས་ཀྱི ] པ W · གོང་མའི་ལས་སོག་པ་དང ] སོགས W

[p. 581] གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང༌། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང༌། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་

གྱི་དགོངས་པར་ལ་བཟླ་སྟེ ] om. W · བྱུང་ཡེ་ཤེས་ཀྱི་ཉམས་མྱོང ] om. D R · ནས་འོད་གསལ་བ་དེ་འཁོར ] om. W · ཡང་དུ་རྗེན་⁁་ཤར་ཡང ] པར P D S R

[p. 582] སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་

གྲོལ་དུ་སོང་བས་དྲུངས་ཐོན ] བ D R · ཆོས་ཉིད་གཏིབས་པའོ་ཀུན་རྟོག ] པོའོ W

[p. 583] ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང༌། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། །སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང༌། །བརྟགས་ན་མེད་ལ་བཞག་ན་ལེགས་པ་

ཀྱི་རྩ་བ་མ་ཆོད་པར་རྟོག ] མཆོད A G R C · རྟོག་པ་ཕྱིར་མཆེད་ལ་ཚོགས ] མ་ཆེད D R · ལྟར་འགྱུར་ཏེ་སྣང་བ་སྣ ] སྣ W · གི་ཡེ་ཤེས་རྙེད་པ་གཅིག་གི ] ཉག P S · ཀུན་བྱེད་ལས་ཤིན་ཏུ་མྱུར ] ཤིང D R · བ་ཐམས་ཅད་སྐོང་བརྟགས་ན་མེད ] བསྐོང་བརྟག W

[p. 584] འབྱུང་བས་ཆེ། །ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ། །ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ། །ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ། །ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ། །བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ། །རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། །རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་

ཤིང་ཡུལ་ལ་བསྔོ་བའི་དམིགས ] བསྡོ P · པས་ཀུན་གྲོལ་བ་དེ་ཡང་ཀུན ] བདེ A C · ཀུན་ཡོད་མ་མྱོང་བའི་ཆོས ] མྱང A C

[p. 585] གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང༌། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང༌། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང༌། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང༌། ཡང་དག་པ་མ་

གིས་གཡང་སར་བསྐྱུར་བ་མི ] བསྒྱུར A D G C · སྒྱུ་མའི་དམག་གཡང་ཁར་སྤྲུལ ] ཡང W · ལ་མ་ཤེས་པ་སྔངས་ཏེ ] པས P S · པ་དག་བདེ་བདལ་དུ་ཕྱིན ] བ་དལ A G C · སྐད་ཅིག་མ་མ་གྲུབ་པའི ] om. P G S R

[p. 586] ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་མ་གྲུབ་པ་ཉིད་དང༌། ལས་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང༌། གནས་པ་དང༌། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང༌། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང༌། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་དང་སེམས་ཀྱི་གནས་མེད་བག་ཆགས་

མེད་པས་དོན་⁁་མ་གྲུབ ] ལ P D G S R · པ་རྣམ་སྨིན་མི་རྙེད་དེ ] མ D R

[p. 587] རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ། །གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ། །གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ། །ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང༌། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང༌། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང༌། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང༌།

གྲོལ་གློད་པ་ཡེ་གྲོལ་གློད ] ལོ A C · ལྟོས་པའི་ཆོས་ལས་འདིར་སྤང ] ཡས A C · ཀྱི་གཉེན་པོ་ལམ་མེད་པ ] ལ་མ A R C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
3 Extensive explanation of the way of being free གྲོལ་ལུགས་རྒྱས་པར་བཤད་པ [p. 566]
3.4 The binding of decisive resolution and the crucial key point of securing the crux ལ་བཟླ་བའི་ཆིངས་དང་འགག་བསྡམ་པའི་གནད་འགག་གཉིས [p. 573]
3.4.1 The binding of decisive resolution ལ་བཟླ་བའི་ཆིངས [p. 573]
3.4.1.3 Decisive resolution of basic space by the great symbols བརྡ་ཆེན་དབྱིངས་ཀྱི་ལ་བཟླ [p. 578]
Quotes the paradoxical vajra words of the Reverberation of Sound and unravels them in three resolutions: awareness realized as exhaustion of phenomena beyond dualistic practice, the unrecognized sun and moon of awareness present in all beings, and the sweeping away of nirvāṇa and the three kāyas as antidote and designation.
3.4.1.3.1 Decisive resolution through the view of basic space བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ [p. 579]
Explains the verses: cutting the life of subject-object, blocking the windows by resting, renunciation as the 'master', antidotes freed in place, afflictions pure as reality; dualistic view, referential meditation, accepting-rejecting conduct and hopeful fruition do not liberate, so awareness must be realized as exhaustion of phenomena.
3.4.1.3.2 Decisive resolution in the enlightened intent of the self-arisen meaning རང་བྱུང་དོན་གྱི་དགོངས་པར་ལ་བཟླ [p. 581]
The realized person, unharmed in saṃsāra's fire, teaches freely as conceptual life is cut; the sun and moon of awareness, present in all beings within saṃsāra's iron house, go unrecognized though arising nakedly in sense cognition. Quotes the Heap of Jewels.
3.4.1.3.3 Decisive resolution that the abandoned and its antidote are primordially free སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ [p. 582]
When saṃsāra is emptied, nirvāṇa as antidote is swept away; the three kāyas are uprooted as designations; outward analysis never finds self-arisen wisdom, so one should look within at the uncontrived. Quotes the All-Creating King.
3.4.2 The crucial key point of securing the crux འགག་བསྡམ་པའི་གནད་འགག [p. 584]
Root verses: existence and nonexistence, eternalism and nihilism, authentic and inauthentic, karma, afflictions, habitual tendencies and ripening are primordially free. Realizing the one awareness frees all, illustrated by the illusory army at Vaiśālī; analysis of mind and body finds no support for karma; quotes the Great Garuḍa.
3.5 Beyond the bondage and clinging of path and antidote ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ [p. 587]
Root verses: antidotes, abandoning and adopting, freedom, the unfree, relaxing and resting are primordially free, since antidote depends on what is abandoned, freedom on bondage, and none exists; suchness is nondual. Quotes Perfect Dynamic Energy and the Natural Arising.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 577] > Emaho! In the utterly pure maṇḍala (dkyil 'khor),[45]Note 45 · p. 577 · Dharmamitra omits the first line of the quotation ("Emaho! In the utterly pure maṇḍala"); it is restored here.
> free of the phenomena of both causes and conditions,
> is the meaning of lucid (gsal ba), self-arisen primordial wisdom.
> The sixfold mental faculty (yid), its objects and all conditions:
> whatever grasping ('dzin pa) there is of these becomes empty.[46]Note 46 · p. 577 · gang dag 'dzin pa stong par 'gyur: Claude Fable 5.2 has "whatever grasps at them", GPT-6.2 Astra, Gemini 4 Neon, Dharmamitra "whatever is grasped". The Tibetan allows both, so the line is rendered neutrally as "whatever grasping there is of these".
> When there is no grasping at sides, there is bliss:
> utterly liberated from the objects of grasping at "I",
> utterly empty of the phenomena of grasping at a self (bdag 'dzin),
> free from the objects of grasping at permanence.
> The very adornment (rgyan) of primordial wisdom without marks is seen;
> one is free from the phenomena of a path of dependence.
> That, too, is to realize the very meaning of awareness.
> Through realization, one meets the meaning of primordial wisdom.
> Once it is seen, for that itself there is no other analogy (dpe).
> Self-arisen primordial wisdom itself, without analogy,
> is stained by nothing and free of sides.
> "Passed beyond" and "not passed beyond" are a path of words;[47]Note 47 · p. 577 · 'das dang ma 'das: rendered literally as "passed beyond / not passed beyond" (the drafts have "transcended") rather than by the glossary's "nirvāṇa". This keeps the verse's chain of repeated words (lam, chags, 'das), though nirvāṇa and its opposite may well be implied.
> no path can attach to it or contrive it.[48]Note 48 · p. 577 · lam gyis chags shing bcos su med: GPT-6.2 Astra takes chags as "to form" ("no path can form it or alter it"). I follow Claude Fable 5.2, Gemini 4 Neon and Dharmamitra in reading "attach", since the next two lines turn on chags pa med pa, "without attachment".
> Primordial wisdom itself, without attachment,
> has passed beyond the extremes of attachment and nonattachment,
> and the words "passed beyond" and "not passed beyond"

[p. 578] > it has passed beyond.Rang sharQuotation (named in the text: རང་ཤར)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 57 % of the words.

And,

3.4.1.3 Decisive resolution of basic space by the great symbols བརྡ་ཆེན་དབྱིངས་ཀྱི་ལ་བཟླ3.4.1.3 Decisive resolution of basic space by the great symbols
Quotes the paradoxical vajra words of the Reverberation of Sound and unravels them in three resolutions: awareness realized as exhaustion of phenomena beyond dualistic practice, the unrecognized sun and moon of awareness present in all beings, and the sweeping away of nirvāṇa and the three kāyas as antidote and designation.

as for the decisive resolution of basic space by way of the great symbols (brda),[49]Note 49 · p. 578 · brda chen dbyings kyi la bzla: Claude Fable 5.2 and Dharmamitra take the great symbol as an apposition to basic space, Gemini 4 Neon as "the basic space of the great symbol". I follow GPT-6.2 Astra (resolution of basic space by means of the great symbols), since the passage that follows consists of symbolic riddles and the commentary restates the heading as "decisive resolution through the view of basic space". in The Reverberation of Sound:

> Furthermore, the view of what is to be expressed is explained:
> If life is not cut off, one will not awaken to buddhahood.
> If the windows are not blocked,
> the darkness itself will not clear.
> The master (slob dpon) of the buddhas
> is the Dharma King of hell.[50]Note 50 · p. 578 · dmyal ba chos kyi rgyal po la: the final la is the conjunctive particle found at other line-ends in this passage ('khor ba la, gol sgrib la), not a dative. Dharmamitra's "To the Dharma King of Hell one is led" is rejected; the commentary on p. 580 confirms that the Dharma King is himself the master.
> By Dharma one is led to the three lower realms.[51]Note 51 · p. 578 · chos kyis ngan song gsum du 'khrid: kept as "Dharma" in the verse, where the paradox requires it. The commentary (p. 580) glosses chos as spang bya rtsal gyi chos, "the phenomena of dynamic energy that are to be abandoned", and it is so translated there. GPT-6.2 Astra's "a Dharma that makes a task of abandoning" seems to read rtsol for rtsal; the next sentence (rtsal las rol par shar ba) supports rtsal.
> By practising evil, virtue is attained.
> Through viewing, there is the saṃsāra of the three realms (khams gsum);
> through meditating, all afflictions (nyon mongs) and karma are amassed;
> through engaging in conduct, there are deviations and obscurations (gol sgrib);
> and through the fruition, there is the very cause of saṃsāra.
> Furthermore, the connection of symbol, meaning and words is explained:
> In the centre of the expanse (klong) of the aeon's mass of fire
> a single man is not burned, and yet
> with his mouth he expounds the Dharma of the piṭakas
> while in his deeds he takes the lives of others;
> that his virtuous practice increases—how astonishing!
> In an iron house without doors,
> in a maṇḍala of lightless darkness,

[p. 579] > though the sun and moon are luminous,
> no one at all sees them;
> that the lucid objects of the individual sense faculties (dbang po)
> are not seen—how astonishing!
> Furthermore, the view of grasping at objects is explained:
> Since the ground of the saṃsāra of the three realms has been emptied,[52]Note 52 · p. 579 · gzhi stongs pas: Adzom reads stong pas ("since the ground is empty"; so Dharmamitra). I keep the e-text's stongs ("has been emptied"), which matches the parallel verbs of the riddle (rtsad bcad, dkyil stongs).
> nirvāṇa (mya ngan 'das pa) has been swept away with a broom.
> Since saṃsāra, unawareness, has been cut off at the root,
> the fruition, the three kāyas (sku gsum), has been torn out by the roots.
> Darkness has donned its armour and sunk the sun.
> The skylight of lucidity has been opened, and darkness has closed in.
> Tempered to a keen edge, it has not cut a single thing.
> Vast, its centre emptied, it has not held a single thing.
> In the gathering of the manifold, not a single thing has been found.
> This is the dispelling of conceptual thoughts of the extremes of existence and nonexistence.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 57 % of the words.

To unravel a little the key points of these vajra words:

3.4.1.3.1 Decisive resolution through the view of basic space བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ3.4.1.3.1 Decisive resolution through the view of basic space
Explains the verses: cutting the life of subject-object, blocking the windows by resting, renunciation as the 'master', antidotes freed in place, afflictions pure as reality; dualistic view, referential meditation, accepting-rejecting conduct and hopeful fruition do not liberate, so awareness must be realized as exhaustion of phenomena.

There is decisive resolution through the view of basic space, that which is to be expressed. Since one will not awaken to buddhahood unless the life of saṃsāra, the two—perceived object and perceiving subject (gzung 'dzin)—is cut off, it is cut off in the great rootlessness that is primordially empty. Since the darkness of saṃsāra will not clear unless the windows through which cognition (shes pa) looks out upon appearances

[p. 580] are blocked by resting just as it is[53]Note 53 · p. 580 · cog gzhag rang babs dag pas ma bkag na: Dharmamitra has "if … not left unblocked", which reverses the sense. The windows must be blocked (bkag) by resting just as it is, as in the root verse. (cog gzhag), naturally settled (rang babs) and pure, one rests, undistracted and naked, in the self-arisen (rang byung) state free of conceptual elaboration (spros pa dang bral ba). The master of the buddhas of the three times is this: disheartened at the sight of the fierce suffering of saṃsāra, the Dharma King of hell, one seeks liberation (thar pa); so at first what is vital is that the intellect turn away from saṃsāra. Since through the phenomena of dynamic energy (rtsal), which are what is to be abandoned, one does not rise above saṃsāra and the lower realms, in the middle what is vital is the antidote (gnyen po), freedom in its own place (rang sar grol).[54]Note 54 · p. 580 · gnyen po rang sar grol ba: GPT-6.2 Astra, Gemini 4 Neon and Dharmamitra read "the antidote(s) being freed in their own place". I follow Claude Fable 5.2 in taking freedom in its own place as itself the antidote to the afflictions just named as what is to be abandoned; the Tibetan permits both. Although the afflictions that arise from dynamic energy as display are evil, their being pure as the nature of phenomena, through being realized as naturally free and naked, is the virtue of the true meaning, the natural state; so in the end what is vital is the decisive resolution (la zlos pa) of cause and effect[55]Note 55 · p. 580 · rgyu 'bras la zlos pa: Claude Fable 5.2 has "pass decisively beyond cause and effect"; rendered with the glossary term as "decisive resolution of cause and effect", which carries the same sense. (rgyu 'bras). With a view that involves duality one is not liberated from the three realms; with meditation (sgom pa) that has a reference point (dmigs pa) one amasses the karma of the higher realms; with the conduct of accepting and rejecting (blang dor)[56]Note 56 · p. 580 · The last sentence is left unfinished at the page break and continues in the next part.

[p. 581] one is not liberated from the perilous pass ('phrang) of deviations and obscurations; and with hope and fear the fruition only passes on by way of saṃsāra.[57]Note 57 · p. 581 · 'bras bu 'khor ba'i kha brgyud pa: read as the fruition "passing on by way of" saṃsāra (Claude Fable 5.2, GPT-6.2 Astra), not "wandering the pathways" of saṃsāra (Dharmamitra). Therefore what is vital is to realize awareness as the exhaustion of phenomena (chos zad).

3.4.1.3.2 Decisive resolution in the enlightened intent of the self-arisen meaning རང་བྱུང་དོན་གྱི་དགོངས་པར་ལ་བཟླ3.4.1.3.2 Decisive resolution in the enlightened intent of the self-arisen meaning
The realized person, unharmed in saṃsāra's fire, teaches freely as conceptual life is cut; the sun and moon of awareness, present in all beings within saṃsāra's iron house, go unrecognized though arising nakedly in sense cognition. Quotes the Heap of Jewels.

This is decisively resolved in the enlightened intent of the self-arisen true meaning. A person who has realized awareness in its unobstructed transparency is not harmed even while dwelling within the fire of saṃsāra, its own dynamic energy (rang rtsal). Such a person teaches the Dharma of awareness arising unbridled amid appearances unconfined to any direction. And since the life-artery of conceptualization (kun rtog) has been severed, the experience (nyams myong) of self-arisen primordial wisdom increases. This is "astounding" (ya cha),[60]Note 60 · p. 581 · ya cha, phyags mas btab pa, drungs thon pa and gtibs pa appear to be catchwords from a source being glossed, so they are kept in quotation marks. that is to say, a marvel.

The sun and moon of awareness, primordially luminous (ye nas 'od gsal ba), are present in all sentient beings within the iron house of saṃsāra with its darkness of karma and afflictions, yet beings do not see them by their own strength. At the time of sense consciousness (dbang shes), when recollection and cognition (dran rig)[59]Note 59 · p. 581 · dran rig is rendered "recollection and cognition" (ordinary knowing), against Dharmamitra and GPT-6.2 Astra, which make it "awareness". rig char is "as the aspect of awareness". arise toward an object and so forth, they arise nakedly again and again as the aspect of awareness (rig cha); yet, going unrecognized, they are not seen. Here what is vital is the dust in the eye of self-knowing awareness.[58]Note 58 · p. 581 · rang rig gi mig rdul gces pa: the phrase is obscure and the drafts diverge. Dharmamitra has "the crucial issue of dust in the eye", Gemini 4 Neon "the eye is exceedingly dim", Claude Fable 5.2 "to hold dear the dust in the eye", GPT-6.2 Astra "like a mote of dust in the eye". I take gces in the sense it has throughout the preceding list ("what is vital"), so the point is the speck in the eye of self-knowing awareness on which seeing or not seeing turns. Claude Fable 5.2's "holding dear" is possible; Gemini 4 Neon's "dim" has no basis in the Tibetan. As the

[p. 582] *Heap of Jewels* (Rin po che spungs pa) says:

"As for the objects clung to by self and grasping:
from the very first, within the nature of phenomena,
all of these appear of themselves as self-appearance;
that they appear so primordially, one was not aware before."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.
[61]Note 61 · p. 582 · sngar ma rig: rendered "one was not aware before", to keep the echo of unawareness (ma rig pa), which the citation illustrates.

3.4.1.3.3 Decisive resolution that the abandoned and its antidote are primordially free སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ3.4.1.3.3 Decisive resolution that the abandoned and its antidote are primordially free
When saṃsāra is emptied, nirvāṇa as antidote is swept away; the three kāyas are uprooted as designations; outward analysis never finds self-arisen wisdom, so one should look within at the uncontrived. Quotes the All-Creating King.

Since what is to be abandoned falls away of itself, its antidote falls away. This is the decisive resolution that what is to be abandoned and its antidote (spang gnyen) are primordially free. When saṃsāra, the conceptualization that is to be abandoned, its own dynamic energy together with its display, has been emptied, its antidote, nirvāṇa (myang 'das), the aspect that identifies awareness,[62]Note 62 · p. 582 · de'i gnyen po rig pa ngos 'dzin pa'i cha myang 'das kyang med pas: read with Gemini 4 Neon and Claude Fable 5.2 as apposition ("its antidote, nirvāṇa, the aspect that identifies awareness, is no more either"). Dharmamitra's "does not exist as nirvāṇa" is not followed. is no more either. Thus it is "swept away with a broom." When the root of unawareness (ma rig pa) is cut through as awareness,[63]Note 63 · p. 582 · ma rig pa'i rtsa ba rig par chod: "cut through as awareness", meaning traced to its root and found to be awareness. Claude Fable 5.2 and GPT-6.2 Astra have "severed/cut through in awareness". even the designation of awareness as the three kāyas has passed into primordial freedom without grasping. Thus it is "pulled out by the root." The darkness of ordinary mind and mental factors (sems byung) does not allow the sun of primordial wisdom to be seen. But when the skylight of awareness,[64]Note 64 · p. 582 · mthongs is "skylight" (Dharmamitra, Claude Fable 5.2, GPT-6.2 Astra); Gemini 4 Neon's "expanse" is a misreading. primordial wisdom, has been opened and one emerges into nakedness, the darkness of ordinary mind and mental factors clears, and the nature of phenomena, primordially pure primordial wisdom, "gathers densely on every side."[65]Note 65 · p. 582 · gtibs pa normally describes clouds or darkness massing. Here it is applied to the nature of phenomena, so I render it "gathers densely on every side" (compare Dharmamitra "settles like dense clouds", Claude Fable 5.2 "envelops everything").

Though that sharp and keen conceptualization analyzes and examines, it does not get to the root of self-arisen primordial

[p. 583] wisdom, and conceptual thought spreads outward. The appearances of the six collections of consciousness (tshogs drug), the appearing of objects, are vast, yet they are without any heart essence of meaning: not being truly established, they are hollow at the center and turn out to be like a plantain tree. Though thought gathers outward upon the variety of appearances,[66]Note 66 · p. 583 · snang ba sna tshogs su phyir 'dus kyang: no subject is expressed. I supply "thought" from the preceding clause (close to Claude Fable 5.2 "one is drawn outward"). Dharmamitra, Gemini 4 Neon and GPT-6.2 Astra make the appearances themselves "gather/converge outwardly", which fits the particle su less well. from the side of the appearing of outer objects not a single finding of self-arisen primordial wisdom[67]Note 67 · p. 583 · rnyed pa gcig gi don mi rnyed: "not a single finding … is to be found" (as Claude Fable 5.2). GPT-6.2 Astra's "the one thing that matters" over-interprets. is to be found, because it has not stirred from the state of luminosity, the inner basic space.[68]Note 68 · p. 583 · nang dbyings is "inner basic space"; GPT-6.2 Astra's "inner expanse" breaks the dbyings/klong distinction. "If you wish to see self-arisen primordial wisdom, leave off the mind's outward projection and withdrawal toward the appearing of objects, and look within, into the true meaning, uncontrived (ma bcos) and naturally lucid; you are certain to find it." That is what is being said. As the All-Creating King says:

"Primordial wisdom, utterly swift, is free of all thinking.
Like the precious jewel that comes from all spiritual friends,
without a reference point and not depending on any state of change,
by the excellence of its own nature it fulfills every hope.
If examined, it is not there; if left as it is, excellence

[p. 584] arises, and so it is great.
Unstirred from within, there is no object to be sought within;
there is no reference point of attachment outward to objects or of directing toward objects.
Through that selfless compassion, which neither comes forth nor enters,
it is not another's wealth and does not come;[69]Note 69 · p. 584 · mi 'ong: "does not come". The "from elsewhere" in Dharmamitra, Gemini 4 Neon and Claude Fable 5.2 is an addition. it abides primordially."Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 77 % of the words.

3.4.2 The crucial key point of securing the crux འགག་བསྡམ་པའི་གནད་འགག3.4.2 The crucial key point of securing the crux
Root verses: existence and nonexistence, eternalism and nihilism, authentic and inauthentic, karma, afflictions, habitual tendencies and ripening are primordially free. Realizing the one awareness frees all, illustrated by the illusory army at Vaiśālī; analysis of mind and body finds no support for karma; quotes the Great Garuḍa.

The crucial key point of securing the crux is this:

Existence and nonexistence are primordially free:[71]Note 71 · p. 584 · The eight lines from yod med ye grol are taken as the root verses and set as verse. free in being beyond extremes.
Eternalism and nihilism are primordially free: free in being without ground or root.
The authentic is primordially free: free in being beyond reference point and thought.
The inauthentic is free:[70]Note 70 · p. 584 · yang dag min grol: the line lacks ye, for the metre; "primordially" is not supplied (against Dharmamitra). free in being beyond sides and thought.
All karma is primordially free: free in being without stain.
Afflictions are primordially free: free in there being neither bondage nor freedom.
Habitual tendencies (bag chags) are primordially free: free in having no supporting ground.
Karmic ripening (rnam smin) is primordially free: free in having no ground of experience.

That all are free through realizing the essence of the one awareness is, moreover, the nature of phenomena in which none of them has ever existed; therefore, through realizing the one alone,

[p. 585] it stands to reason that there is freedom[72]Note 72 · p. 585 · Dharmamitra retranslates the sentence already rendered at the end of the previous part; this part begins at grol ba'i 'thad pa yin te. (grol ba): just as, so long as one does not oneself lose one's footing,[73]Note 73 · p. 585 · rdab ma 'chor na: Gemini 4 Neon has "if one does not panic"; with Dharmamitra, GPT-6.2 Astra and Claude Fable 5.2 I take rdab 'chor as losing one's footing, which fits the image of the precipice. it is impossible to be cast into an abyss[74]Note 74 · p. 585 · Variant: Adzom reads bsgyur ("turned") where the text has bskyur ("cast"). I follow bskyur, the only reading that suits g.yang sar and the parallel g.yang du 'chor. by an illusory army. That without realization one does fall into the abyss is like what happened long ago in Vaiśālī, when an illusory army was emanated at the brink of a precipice: those who did not know took fright and fled, and so fell into the abyss, whereas those who knew its defining characteristic (mtshan nyid) went on at their ease and came to no harm.

This being so, what are called "existence"—appearance, the phenomena of substantial entities—and "nonexistence"—emptiness, the phenomena that are nonentities—are, like appearance and emptiness in a dream, simply beyond the extremes of existence and nonexistence. Nor is there eternalism, grasping at the continuity of an existent substantial entity as a self, or nihilism (chad pa), grasping at the moment, whose nature is nonexistence, as partless;[75]Note 75 · p. 585 · chad pa med pa'i rang bzhin skad cig la cha med du 'dzin pa: read in parallel with the gloss of eternalism, so that the moment "whose nature is nonexistence" is grasped as partless. Dharmamitra's "grasping at momentary nonexistence" blurs the parallel. for since time is not established, continuity and moment are not established, and since essence is not established, the continuous and the momentary are not established. The authentic—virtue, the path of liberation—and the

[p. 586] inauthentic—nonvirtue, the path of saṃsāra—are both without intrinsic nature, being of the very essence of a dream, and so are simply not established in fact. What are called karma, afflictions, karmic ripening and habitual tendencies are also pure as the eight analogies of illusion, and so cannot possibly exist in fact. If they existed in the mind, then, when the nature of the three—arising, abiding and going[76]Note 76 · p. 586 · byung gnas 'gro gsum: Dharmamitra's "ceasing" for 'gro ba is loose; the usual examination of where mind arises, abides and goes is meant.—is examined, neither mind, the support, nor the afflictions, the supported, is found, and so it is certain that they do not exist. If they existed in the body, then, when it is broken down and analyzed into partless particles, neither the body, the support, nor karmic ripening, the supported, is found. Just as a flower in the sky has no place to grow and no essence of its own, they are simply not established. As the Great Garuḍa says:

"In this mind, which from its very ground cannot possibly be asserted,[77]Note 77 · p. 586 · Khyung chen, gzhi nas 'dod pa mi srid: Dharmamitra and GPT-6.2 Astra take 'dod pa as "desire", Gemini 4 Neon and Claude Fable 5.2 as "assert/posit". I follow the latter, since Longchenpa cites the verse to show that mind, the supposed support, is not found.
karmic ripening and habitual tendencies are groundless—on what could they depend?
Like a flower in the sky, with no place to grow and devoid of support,
there is no abode of body and mind, and so for habitual tendencies[78]Note 78 · p. 586 · The page break falls inside the last line of the Khyung chen quotation; the marker is placed mid-line accordingly.

[p. 587] no support is possible."Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 57 % of the words.

3.5 Beyond the bondage and clinging of path and antidote ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ3.5 Beyond the bondage and clinging of path and antidote
Root verses: antidotes, abandoning and adopting, freedom, the unfree, relaxing and resting are primordially free, since antidote depends on what is abandoned, freedom on bondage, and none exists; suchness is nondual. Quotes Perfect Dynamic Energy and the Natural Arising.

Being beyond the bondage and clinging (zhen pa) of path and antidote:

Antidotes are primordially free: free in there being nothing to abandon.
Abandoning and adopting are nondual:[79]Note 79 · p. 587 · spang blang gnyis med: rendered "nondual" per the glossary (GPT-6.2 Astra "not two", Claude Fable 5.2 "no duality"). The autocommentary, however, glosses it as de gnyis med pa, "those two do not exist", and the prose is translated so. free in the vastness equal to space.
Freedom is primordially free: free in there being no bondage.
The unfree is primordially free: free in there being neither bondage nor freedom.
Relaxing (glod pa) is primordially free: free in there being nothing to relax.
Resting just as it is is primordially free: free in there being nothing to leave as it is.

An antidote is a phenomenon that depends on something to be abandoned; yet here, since there is no saṃsāra to be abandoned, there is simply no path, the antidote that would abandon it.

Both what is to be abandoned and its antidote are imputed upon mind; yet since mind has no essence, those two simply do not exist. Freedom depends on bondage; yet for what is not bound[80]Note 80 · p. 587 · ma bcings pa la grol rgyu med: Dharmamitra and Gemini 4 Neon have "since there is no bondage / nothing bound"; with GPT-6.2 Astra and Claude Fable 5.2 I keep the dative, "for what is not bound there is nothing to be freed". there is simply nothing to be freed. If there were something called "the unfree," then, since whatever is a phenomenon is pervaded by being without intrinsic nature, there is simply neither bondage nor freedom.[81]Note 81 · p. 587 · The other two recorded variants (yas for las, ngang for dang) are evident misreadings of the print and are ignored.

Translation notes
  • 45. [p. 577] Dharmamitra omits the first line of the quotation ("Emaho! In the utterly pure maṇḍala"); it is restored here.
  • 46. [p. 577] gang dag 'dzin pa stong par 'gyur: Claude Fable 5.2 has "whatever grasps at them", GPT-6.2 Astra, Gemini 4 Neon, Dharmamitra "whatever is grasped". The Tibetan allows both, so the line is rendered neutrally as "whatever grasping there is of these".
  • 47. [p. 577] 'das dang ma 'das: rendered literally as "passed beyond / not passed beyond" (the drafts have "transcended") rather than by the glossary's "nirvāṇa". This keeps the verse's chain of repeated words (lam, chags, 'das), though nirvāṇa and its opposite may well be implied.
  • 48. [p. 577] lam gyis chags shing bcos su med: GPT-6.2 Astra takes chags as "to form" ("no path can form it or alter it"). I follow Claude Fable 5.2, Gemini 4 Neon and Dharmamitra in reading "attach", since the next two lines turn on chags pa med pa, "without attachment".
  • 49. [p. 578] brda chen dbyings kyi la bzla: Claude Fable 5.2 and Dharmamitra take the great symbol as an apposition to basic space, Gemini 4 Neon as "the basic space of the great symbol". I follow GPT-6.2 Astra (resolution of basic space by means of the great symbols), since the passage that follows consists of symbolic riddles and the commentary restates the heading as "decisive resolution through the view of basic space".
  • 50. [p. 578] dmyal ba chos kyi rgyal po la: the final la is the conjunctive particle found at other line-ends in this passage ('khor ba la, gol sgrib la), not a dative. Dharmamitra's "To the Dharma King of Hell one is led" is rejected; the commentary on p. 580 confirms that the Dharma King is himself the master.
  • 51. [p. 578] chos kyis ngan song gsum du 'khrid: kept as "Dharma" in the verse, where the paradox requires it. The commentary (p. 580) glosses chos as spang bya rtsal gyi chos, "the phenomena of dynamic energy that are to be abandoned", and it is so translated there. GPT-6.2 Astra's "a Dharma that makes a task of abandoning" seems to read rtsol for rtsal; the next sentence (rtsal las rol par shar ba) supports rtsal.
  • 52. [p. 579] gzhi stongs pas: Adzom reads stong pas ("since the ground is empty"; so Dharmamitra). I keep the e-text's stongs ("has been emptied"), which matches the parallel verbs of the riddle (rtsad bcad, dkyil stongs).
  • 53. [p. 580] cog gzhag rang babs dag pas ma bkag na: Dharmamitra has "if … not left unblocked", which reverses the sense. The windows must be blocked (bkag) by resting just as it is, as in the root verse.
  • 54. [p. 580] gnyen po rang sar grol ba: GPT-6.2 Astra, Gemini 4 Neon and Dharmamitra read "the antidote(s) being freed in their own place". I follow Claude Fable 5.2 in taking freedom in its own place as itself the antidote to the afflictions just named as what is to be abandoned; the Tibetan permits both.
  • 55. [p. 580] rgyu 'bras la zlos pa: Claude Fable 5.2 has "pass decisively beyond cause and effect"; rendered with the glossary term as "decisive resolution of cause and effect", which carries the same sense.
  • 56. [p. 580] The last sentence is left unfinished at the page break and continues in the next part.
  • 57. [p. 581] 'bras bu 'khor ba'i kha brgyud pa: read as the fruition "passing on by way of" saṃsāra (Claude Fable 5.2, GPT-6.2 Astra), not "wandering the pathways" of saṃsāra (Dharmamitra).
  • 58. [p. 581] rang rig gi mig rdul gces pa: the phrase is obscure and the drafts diverge. Dharmamitra has "the crucial issue of dust in the eye", Gemini 4 Neon "the eye is exceedingly dim", Claude Fable 5.2 "to hold dear the dust in the eye", GPT-6.2 Astra "like a mote of dust in the eye". I take gces in the sense it has throughout the preceding list ("what is vital"), so the point is the speck in the eye of self-knowing awareness on which seeing or not seeing turns. Claude Fable 5.2's "holding dear" is possible; Gemini 4 Neon's "dim" has no basis in the Tibetan.
  • 59. [p. 581] dran rig is rendered "recollection and cognition" (ordinary knowing), against Dharmamitra and GPT-6.2 Astra, which make it "awareness". rig char is "as the aspect of awareness".
  • 60. [p. 581] ya cha, phyags mas btab pa, drungs thon pa and gtibs pa appear to be catchwords from a source being glossed, so they are kept in quotation marks.
  • 61. [p. 582] sngar ma rig: rendered "one was not aware before", to keep the echo of unawareness (ma rig pa), which the citation illustrates.
  • 62. [p. 582] de'i gnyen po rig pa ngos 'dzin pa'i cha myang 'das kyang med pas: read with Gemini 4 Neon and Claude Fable 5.2 as apposition ("its antidote, nirvāṇa, the aspect that identifies awareness, is no more either"). Dharmamitra's "does not exist as nirvāṇa" is not followed.
  • 63. [p. 582] ma rig pa'i rtsa ba rig par chod: "cut through as awareness", meaning traced to its root and found to be awareness. Claude Fable 5.2 and GPT-6.2 Astra have "severed/cut through in awareness".
  • 64. [p. 582] mthongs is "skylight" (Dharmamitra, Claude Fable 5.2, GPT-6.2 Astra); Gemini 4 Neon's "expanse" is a misreading.
  • 65. [p. 582] gtibs pa normally describes clouds or darkness massing. Here it is applied to the nature of phenomena, so I render it "gathers densely on every side" (compare Dharmamitra "settles like dense clouds", Claude Fable 5.2 "envelops everything").
  • 66. [p. 583] snang ba sna tshogs su phyir 'dus kyang: no subject is expressed. I supply "thought" from the preceding clause (close to Claude Fable 5.2 "one is drawn outward"). Dharmamitra, Gemini 4 Neon and GPT-6.2 Astra make the appearances themselves "gather/converge outwardly", which fits the particle su less well.
  • 67. [p. 583] rnyed pa gcig gi don mi rnyed: "not a single finding … is to be found" (as Claude Fable 5.2). GPT-6.2 Astra's "the one thing that matters" over-interprets.
  • 68. [p. 583] nang dbyings is "inner basic space"; GPT-6.2 Astra's "inner expanse" breaks the dbyings/klong distinction.
  • 69. [p. 584] mi 'ong: "does not come". The "from elsewhere" in Dharmamitra, Gemini 4 Neon and Claude Fable 5.2 is an addition.
  • 70. [p. 584] yang dag min grol: the line lacks ye, for the metre; "primordially" is not supplied (against Dharmamitra).
  • 71. [p. 584] The eight lines from yod med ye grol are taken as the root verses and set as verse.
  • 72. [p. 585] Dharmamitra retranslates the sentence already rendered at the end of the previous part; this part begins at grol ba'i 'thad pa yin te.
  • 73. [p. 585] rdab ma 'chor na: Gemini 4 Neon has "if one does not panic"; with Dharmamitra, GPT-6.2 Astra and Claude Fable 5.2 I take rdab 'chor as losing one's footing, which fits the image of the precipice.
  • 74. [p. 585] Variant: Adzom reads bsgyur ("turned") where the text has bskyur ("cast"). I follow bskyur, the only reading that suits g.yang sar and the parallel g.yang du 'chor.
  • 75. [p. 585] chad pa med pa'i rang bzhin skad cig la cha med du 'dzin pa: read in parallel with the gloss of eternalism, so that the moment "whose nature is nonexistence" is grasped as partless. Dharmamitra's "grasping at momentary nonexistence" blurs the parallel.
  • 76. [p. 586] byung gnas 'gro gsum: Dharmamitra's "ceasing" for 'gro ba is loose; the usual examination of where mind arises, abides and goes is meant.
  • 77. [p. 586] Khyung chen, gzhi nas 'dod pa mi srid: Dharmamitra and GPT-6.2 Astra take 'dod pa as "desire", Gemini 4 Neon and Claude Fable 5.2 as "assert/posit". I follow the latter, since Longchenpa cites the verse to show that mind, the supposed support, is not found.
  • 78. [p. 586] The page break falls inside the last line of the Khyung chen quotation; the marker is placed mid-line accordingly.
  • 79. [p. 587] spang blang gnyis med: rendered "nondual" per the glossary (GPT-6.2 Astra "not two", Claude Fable 5.2 "no duality"). The autocommentary, however, glosses it as de gnyis med pa, "those two do not exist", and the prose is translated so.
  • 80. [p. 587] ma bcings pa la grol rgyu med: Dharmamitra and Gemini 4 Neon have "since there is no bondage / nothing bound"; with GPT-6.2 Astra and Claude Fable 5.2 I keep the dative, "for what is not bound there is nothing to be freed".
  • 81. [p. 587] The other two recorded variants (yas for las, ngang for dang) are evident misreadings of the print and are ignored.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 577]
ལས། ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ།
།རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ།
།གསལ་བ་རང་བྱུང་ཡེ་ཤེས་དོན།
།ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན།
།གང་དག་འཛིན་པ་སྟོང་པར་འགྱུར།
།ཕྱོགས་འཛིན་མེད་ན་བདེ་བ་སྟེ།
།ངར་འཛིན་ཡུལ་ལས་རྣམ་པར་ཐར།
།བདག་འཛིན་ཆོས་ཀྱི་རྣམ་པར་སྟོང༌།
།རྟག་པར་འཛིན་པའི་ཡུལ་ལས་གྲོལ།
།མཚན་མེད་ཡེ་ཤེས་རྒྱན་ཉིད་མཐོང༌།
།ལྟོས་པ་ལམ་གྱི་ཆོས་ལས་གྲོལ།
།དེ་ཡང་རིག་པའི་དོན་ཉིད་རྟོགས།
།རྟོགས་པས་ཡེ་ཤེས་དོན་དང་མཇལ།
།མཐོང་བས་ཉིད་ལ་དཔེ་གཞན་མེད།
།དཔེ་མེད་རང་བྱུང་ཡེ་ཤེས་ཉིད།
།གང་གིས་མ་གོས་ཕྱོགས་དང་བྲལ།
།འདས་དང་མ་འདས་ཚིག་གི་ལམ།
།ལམ་གྱིས་ཆགས་ཤིང་བཅོས་སུ་མེད།
།ཆགས་པ་མེད་པའི་ཡེ་ཤེས་ཉིད།
།ཆགས་དང་མ་ཆགས་མཐའ་ལས་འདས།
།འདས་དང་མ་འདས་ཚིག་

> Emaho! In the utterly pure maṇḍala (dkyil 'khor),[45]Note 45 · p. 577 · Dharmamitra omits the first line of the quotation ("Emaho! In the utterly pure maṇḍala"); it is restored here.
> free of the phenomena of both causes and conditions,
> is the meaning of lucid (gsal ba), self-arisen primordial wisdom.
> The sixfold mental faculty (yid), its objects and all conditions:
> whatever grasping ('dzin pa) there is of these becomes empty.[46]Note 46 · p. 577 · gang dag 'dzin pa stong par 'gyur: Claude Fable 5.2 has "whatever grasps at them", GPT-6.2 Astra, Gemini 4 Neon, Dharmamitra "whatever is grasped". The Tibetan allows both, so the line is rendered neutrally as "whatever grasping there is of these".
> When there is no grasping at sides, there is bliss:
> utterly liberated from the objects of grasping at "I",
> utterly empty of the phenomena of grasping at a self (bdag 'dzin),
> free from the objects of grasping at permanence.
> The very adornment (rgyan) of primordial wisdom without marks is seen;
> one is free from the phenomena of a path of dependence.
> That, too, is to realize the very meaning of awareness.
> Through realization, one meets the meaning of primordial wisdom.
> Once it is seen, for that itself there is no other analogy (dpe).
> Self-arisen primordial wisdom itself, without analogy,
> is stained by nothing and free of sides.
> "Passed beyond" and "not passed beyond" are a path of words;[47]Note 47 · p. 577 · 'das dang ma 'das: rendered literally as "passed beyond / not passed beyond" (the drafts have "transcended") rather than by the glossary's "nirvāṇa". This keeps the verse's chain of repeated words (lam, chags, 'das), though nirvāṇa and its opposite may well be implied.
> no path can attach to it or contrive it.[48]Note 48 · p. 577 · lam gyis chags shing bcos su med: GPT-6.2 Astra takes chags as "to form" ("no path can form it or alter it"). I follow Claude Fable 5.2, Gemini 4 Neon and Dharmamitra in reading "attach", since the next two lines turn on chags pa med pa, "without attachment".
> Primordial wisdom itself, without attachment,
> has passed beyond the extremes of attachment and nonattachment,
> and the words "passed beyond" and "not passed beyond"

[p. 578]
ལས་འདས། །ཞེས་པ་དང༌། བརྡ་ཆེན་དབྱིངས་ཀྱི་ལ་བཟླ་སྟེ། །ཐལ་འགྱུར་ལས། གཞན་ཡང་བརྗོད་བྱའི་ལྟ་བ་བཤད།
།སྲོག་མ་བཅད་ན་སངས་མི་རྒྱ།
།སྐར་ཁུང་དག་ནི་མ་བཀག་ན།
།མུན་པ་ཉིད་ནི་སངས་པ་མིན།
།སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི།
།དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ།
།ཆོས་ཀྱིས་ངན་སོང་གསུམ་དུ་འཁྲིད།
།སྡིག་སྤྱད་པས་ནི་དགེ་ཐོབ་བོ།
།བལྟས་པས་ཁམས་གསུམ་འཁོར་བ་ལ།
།བསྒོམས་པས་ཉོན་མོངས་ལས་ཀུན་སོག །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ།
།འབྲས་བུས་འཁོར་བའི་རྒྱུ་ཉིད་དོ།
།གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད།
།བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན།
།མི་གཅིག་ཚིག་པ་མེད་པ་ཡང༌།
།ཁ་ནས་སྡེ་སྣོད་ཆོས་འཆད་ཅིང༌།
།ལས་སུ་གཞན་གྱི་སྲོག་གཅོད་པ།
།དགེ་སྦྱོར་འཕེལ་བ་ཡ་རེ་ཆ།
།ལྕགས་ཀྱི་ཁང་པ་སྒོ་མེད་ན།
།སྣང་མེད་མུན་པའི་དཀྱིལ་འཁོར་ན།
།

> it has passed beyond.Rang sharQuotation (named in the text: རང་ཤར)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 57 % of the words.

And,

3.4.1.3 Decisive resolution of basic space by the great symbols བརྡ་ཆེན་དབྱིངས་ཀྱི་ལ་བཟླ3.4.1.3 Decisive resolution of basic space by the great symbols
Quotes the paradoxical vajra words of the Reverberation of Sound and unravels them in three resolutions: awareness realized as exhaustion of phenomena beyond dualistic practice, the unrecognized sun and moon of awareness present in all beings, and the sweeping away of nirvāṇa and the three kāyas as antidote and designation.

as for the decisive resolution of basic space by way of the great symbols (brda),[49]Note 49 · p. 578 · brda chen dbyings kyi la bzla: Claude Fable 5.2 and Dharmamitra take the great symbol as an apposition to basic space, Gemini 4 Neon as "the basic space of the great symbol". I follow GPT-6.2 Astra (resolution of basic space by means of the great symbols), since the passage that follows consists of symbolic riddles and the commentary restates the heading as "decisive resolution through the view of basic space". in The Reverberation of Sound:

> Furthermore, the view of what is to be expressed is explained:
> If life is not cut off, one will not awaken to buddhahood.
> If the windows are not blocked,
> the darkness itself will not clear.
> The master (slob dpon) of the buddhas
> is the Dharma King of hell.[50]Note 50 · p. 578 · dmyal ba chos kyi rgyal po la: the final la is the conjunctive particle found at other line-ends in this passage ('khor ba la, gol sgrib la), not a dative. Dharmamitra's "To the Dharma King of Hell one is led" is rejected; the commentary on p. 580 confirms that the Dharma King is himself the master.
> By Dharma one is led to the three lower realms.[51]Note 51 · p. 578 · chos kyis ngan song gsum du 'khrid: kept as "Dharma" in the verse, where the paradox requires it. The commentary (p. 580) glosses chos as spang bya rtsal gyi chos, "the phenomena of dynamic energy that are to be abandoned", and it is so translated there. GPT-6.2 Astra's "a Dharma that makes a task of abandoning" seems to read rtsol for rtsal; the next sentence (rtsal las rol par shar ba) supports rtsal.
> By practising evil, virtue is attained.
> Through viewing, there is the saṃsāra of the three realms (khams gsum);
> through meditating, all afflictions (nyon mongs) and karma are amassed;
> through engaging in conduct, there are deviations and obscurations (gol sgrib);
> and through the fruition, there is the very cause of saṃsāra.
> Furthermore, the connection of symbol, meaning and words is explained:
> In the centre of the expanse (klong) of the aeon's mass of fire
> a single man is not burned, and yet
> with his mouth he expounds the Dharma of the piṭakas
> while in his deeds he takes the lives of others;
> that his virtuous practice increases—how astonishing!
> In an iron house without doors,
> in a maṇḍala of lightless darkness,

[p. 579]
ཉི་མ་ཟླ་བ་འོད་གསལ་ཡང༌།
།སུས་ཀྱང་མཐོང་བ་མེད་པ་ནི།
།སོ་སོའི་དབང་པོའི་ཡུལ་གསལ་བ།
།མཐོང་བ་མེད་པ་ཡ་རེ་ཆ།
།གཞན་ཡང་ཡུལ་འཛིན་ལྟ་བ་བཤད།
།ཁམས་གསུམ་འཁོར་བའི་གཞི་སྟོངས་པས།
།མྱ་ངན་འདས་པ་ཕྱགས་མས་བཏབ།
།མ་རིག་འཁོར་བ་རྩད་བཅད་པས།
།སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང༌།
།མུན་པས་གོ་གྱོན་ཉི་མ་བསྣུབས།
།གསལ་བའི་མཐོངས་ཕྱེ་མུན་པས་གཏིབས།
།རྣོ་བའི་ངར་བཏབ་གཅིག་མ་ཆོད།
།རྒྱ་ཆེ་དཀྱིལ་སྟོངས་གཅིག་མ་ཤོང༌།
།སྣ་ཚོགས་འདུས་པར་གཅིག་མ་རྙེད།
།ཡོད་མེད་མཐའ་ཡི་རྟོག་བསལ་བའོ།
།ཞེས་སོ། །རྡོ་རྗེའི་ཚིག་གི་གནད་ཅུང་ཟད་བཀྲོལ་ན། བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ་སྟེ། འཁོར་བའི་སྲོག་གཟུང་འཛིན་གཉིས་མ་བཅད་ན་སངས་མི་རྒྱ་བས་ཡེ་སྟོང་རྩ་བྲལ་ཆེན་པོར་བཅད་དོ། །ཤེས་པ་སྣང་བ་ལ་

> though the sun and moon are luminous,
> no one at all sees them;
> that the lucid objects of the individual sense faculties (dbang po)
> are not seen—how astonishing!
> Furthermore, the view of grasping at objects is explained:
> Since the ground of the saṃsāra of the three realms has been emptied,[52]Note 52 · p. 579 · gzhi stongs pas: Adzom reads stong pas ("since the ground is empty"; so Dharmamitra). I keep the e-text's stongs ("has been emptied"), which matches the parallel verbs of the riddle (rtsad bcad, dkyil stongs).
> nirvāṇa (mya ngan 'das pa) has been swept away with a broom.
> Since saṃsāra, unawareness, has been cut off at the root,
> the fruition, the three kāyas (sku gsum), has been torn out by the roots.
> Darkness has donned its armour and sunk the sun.
> The skylight of lucidity has been opened, and darkness has closed in.
> Tempered to a keen edge, it has not cut a single thing.
> Vast, its centre emptied, it has not held a single thing.
> In the gathering of the manifold, not a single thing has been found.
> This is the dispelling of conceptual thoughts of the extremes of existence and nonexistence.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 57 % of the words.

To unravel a little the key points of these vajra words:

3.4.1.3.1 Decisive resolution through the view of basic space བརྗོད་བྱ་དབྱིངས་ཀྱི་ལྟ་བས་ལ་བཟླ3.4.1.3.1 Decisive resolution through the view of basic space
Explains the verses: cutting the life of subject-object, blocking the windows by resting, renunciation as the 'master', antidotes freed in place, afflictions pure as reality; dualistic view, referential meditation, accepting-rejecting conduct and hopeful fruition do not liberate, so awareness must be realized as exhaustion of phenomena.

There is decisive resolution through the view of basic space, that which is to be expressed. Since one will not awaken to buddhahood unless the life of saṃsāra, the two—perceived object and perceiving subject (gzung 'dzin)—is cut off, it is cut off in the great rootlessness that is primordially empty. Since the darkness of saṃsāra will not clear unless the windows through which cognition (shes pa) looks out upon appearances

[p. 580]
ལྟ་བའི་སྐར་ཁུང་ཅོག་གཞག་རང་བབས་དག་པས་མ་བཀག་ན་འཁོར་བའི་མུན་པ་མི་སངས་པས། རང་བྱུང་སྤྲོས་པ་དང་བྲལ་བའི་ངང་དུ་མ་ཡེངས་རྗེན་པར་གཞག་གོ། །དུས་གསུམ་སངས་རྒྱས་ཀྱི་སློབ་དཔོན་ནི་འཁོར་བའི་སྡུག་བསྔལ་དྲག་པོ་དམྱལ་བ་ཆོས་ཀྱི་རྒྱལ་པོ་མཐོང་བ་ལ་སྐྱོ་ནས་ཐར་པ་འཚོལ་བ་སྟེ། དང་པོར་འཁོར་བ་ལས་བློ་ལོག་པ་གཅེས་པའོ། །སྤང་བྱ་རྩལ་གྱི་ཆོས་ཀྱིས་འཁོར་བ་དང་ངན་སོང་ལས་མི་འཕགས་པས་བར་དུ་གཉེན་པོ་རང་སར་གྲོལ་བ་གཅེས་སོ། །རྩལ་ལས་རོལ་པར་ཤར་བའི་ཉོན་མོངས་པ་ནི་སྡིག་པ་ཡིན་ཡང་རང་གྲོལ་རྗེན་པར་རྟོགས་པས་ཆོས་ཉིད་དུ་དག་པ་ནི་གནས་ལུགས་དོན་གྱི་དགེ་བ་སྟེ། མཐར་ཐུག་རྒྱུ་འབྲས་ལ་ཟློས་པ་གཅེས་སོ། །གཉིས་བཅས་ཀྱི་ལྟ་བས་ཁམས་གསུམ་ལས་མི་ཐར་བ་དང༌། དམིགས་བཅས་ཀྱི་སྒོམ་པས་ཁམས་གོང་མའི་ལས་སོག་པ་དང༌། བླང་དོར་གྱི་སྤྱོད་པས་

are blocked by resting just as it is[53]Note 53 · p. 580 · cog gzhag rang babs dag pas ma bkag na: Dharmamitra has "if … not left unblocked", which reverses the sense. The windows must be blocked (bkag) by resting just as it is, as in the root verse. (cog gzhag), naturally settled (rang babs) and pure, one rests, undistracted and naked, in the self-arisen (rang byung) state free of conceptual elaboration (spros pa dang bral ba). The master of the buddhas of the three times is this: disheartened at the sight of the fierce suffering of saṃsāra, the Dharma King of hell, one seeks liberation (thar pa); so at first what is vital is that the intellect turn away from saṃsāra. Since through the phenomena of dynamic energy (rtsal), which are what is to be abandoned, one does not rise above saṃsāra and the lower realms, in the middle what is vital is the antidote (gnyen po), freedom in its own place (rang sar grol).[54]Note 54 · p. 580 · gnyen po rang sar grol ba: GPT-6.2 Astra, Gemini 4 Neon and Dharmamitra read "the antidote(s) being freed in their own place". I follow Claude Fable 5.2 in taking freedom in its own place as itself the antidote to the afflictions just named as what is to be abandoned; the Tibetan permits both. Although the afflictions that arise from dynamic energy as display are evil, their being pure as the nature of phenomena, through being realized as naturally free and naked, is the virtue of the true meaning, the natural state; so in the end what is vital is the decisive resolution (la zlos pa) of cause and effect[55]Note 55 · p. 580 · rgyu 'bras la zlos pa: Claude Fable 5.2 has "pass decisively beyond cause and effect"; rendered with the glossary term as "decisive resolution of cause and effect", which carries the same sense. (rgyu 'bras). With a view that involves duality one is not liberated from the three realms; with meditation (sgom pa) that has a reference point (dmigs pa) one amasses the karma of the higher realms; with the conduct of accepting and rejecting (blang dor)[56]Note 56 · p. 580 · The last sentence is left unfinished at the page break and continues in the next part.

[p. 581]
གོལ་སྒྲིབ་ཀྱི་འཕྲང་ལས་མི་ཐར་བ་དང༌། རེ་དོགས་ཀྱིས་འབྲས་བུ་འཁོར་བའི་ཁ་བརྒྱུད་པའི་ཕྱིར། རིག་པ་ཆོས་ཟད་དུ་རྟོགས་པ་གཅེས་སོ། །རང་བྱུང་དོན་གྱི་དགོངས་པར་ལ་བཟླ་སྟེ། རིག་པ་ཟང་ཐལ་དུ་རྟོགས་པའི་མི་གཅིག །རང་རྩལ་འཁོར་བའི་མེ་ནང་ན་འདུག་ཀྱང་མི་གནོད་ལ། སྣང་བ་ཕྱོགས་ཡན་ལ་རིག་པ་ཁ་ཡན་དུ་ཤར་བའི་ཆོས་བཤད་ཅིང༌། ཀུན་རྟོག་གི་སྲོག་རྩ་བྲལ་དུ་བཅད་པས་རང་བྱུང་ཡེ་ཤེས་ཀྱི་ཉམས་མྱོང་འཕེལ་བ་ཡ་ཆ་སྟེ་ངོ་མཚར་རོ། །རིག་པའི་ཉི་ཟླ་ཡེ་ནས་འོད་གསལ་བ་དེ་འཁོར་བའི་ལྕགས་ཁང་ལས་དང་ཉོན་མོངས་པའི་མུན་པ་ཅན་ན་སེམས་ཅན་ཀུན་ལ་ཡོད་ཀྱང་རང་སྟོབས་ཀྱིས་མི་མཐོང་བ་སྟེ། དྲན་རིག་ཡུལ་ལ་འཆར་བ་ལ་སོགས་པའི་དབང་ཤེས་ཀྱི་དུས་ན་རིག་ཆར་ཡང་ནས་ཡང་དུ་རྗེན་ཤར་ཡང་ངོ་མ་ཤེས་པས་མ་མཐོང་བ་ནི་རང་རིག་གི་མིག་རྡུལ་གཅེས་པ་སྟེ། རིན་པོ་ཆེ་

one is not liberated from the perilous pass ('phrang) of deviations and obscurations; and with hope and fear the fruition only passes on by way of saṃsāra.[57]Note 57 · p. 581 · 'bras bu 'khor ba'i kha brgyud pa: read as the fruition "passing on by way of" saṃsāra (Claude Fable 5.2, GPT-6.2 Astra), not "wandering the pathways" of saṃsāra (Dharmamitra). Therefore what is vital is to realize awareness as the exhaustion of phenomena (chos zad).

3.4.1.3.2 Decisive resolution in the enlightened intent of the self-arisen meaning རང་བྱུང་དོན་གྱི་དགོངས་པར་ལ་བཟླ3.4.1.3.2 Decisive resolution in the enlightened intent of the self-arisen meaning
The realized person, unharmed in saṃsāra's fire, teaches freely as conceptual life is cut; the sun and moon of awareness, present in all beings within saṃsāra's iron house, go unrecognized though arising nakedly in sense cognition. Quotes the Heap of Jewels.

This is decisively resolved in the enlightened intent of the self-arisen true meaning. A person who has realized awareness in its unobstructed transparency is not harmed even while dwelling within the fire of saṃsāra, its own dynamic energy (rang rtsal). Such a person teaches the Dharma of awareness arising unbridled amid appearances unconfined to any direction. And since the life-artery of conceptualization (kun rtog) has been severed, the experience (nyams myong) of self-arisen primordial wisdom increases. This is "astounding" (ya cha),[60]Note 60 · p. 581 · ya cha, phyags mas btab pa, drungs thon pa and gtibs pa appear to be catchwords from a source being glossed, so they are kept in quotation marks. that is to say, a marvel.

The sun and moon of awareness, primordially luminous (ye nas 'od gsal ba), are present in all sentient beings within the iron house of saṃsāra with its darkness of karma and afflictions, yet beings do not see them by their own strength. At the time of sense consciousness (dbang shes), when recollection and cognition (dran rig)[59]Note 59 · p. 581 · dran rig is rendered "recollection and cognition" (ordinary knowing), against Dharmamitra and GPT-6.2 Astra, which make it "awareness". rig char is "as the aspect of awareness". arise toward an object and so forth, they arise nakedly again and again as the aspect of awareness (rig cha); yet, going unrecognized, they are not seen. Here what is vital is the dust in the eye of self-knowing awareness.[58]Note 58 · p. 581 · rang rig gi mig rdul gces pa: the phrase is obscure and the drafts diverge. Dharmamitra has "the crucial issue of dust in the eye", Gemini 4 Neon "the eye is exceedingly dim", Claude Fable 5.2 "to hold dear the dust in the eye", GPT-6.2 Astra "like a mote of dust in the eye". I take gces in the sense it has throughout the preceding list ("what is vital"), so the point is the speck in the eye of self-knowing awareness on which seeing or not seeing turns. Claude Fable 5.2's "holding dear" is possible; Gemini 4 Neon's "dim" has no basis in the Tibetan. As the

[p. 582]
སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི།
།དང་པོ་ཉིད་ནས་ཆོས་ཉིད་ལ།
།འདི་ཀུན་རང་གིས་རང་སྣང་བར།
།ཡེ་ནས་སྣང་བ་སྔར་མ་རིག
།ཅེས་པ་བཞིན་ནོ། །སྤང་བྱ་རང་ལོག་པས་དེའི་གཉེན་པོ་ལོག་པ་སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ་སྟེ། སྤང་བྱ་རང་རྩལ་རོལ་པ་དང་བཅས་པའི་ཀུན་རྟོག་འཁོར་བ་སྟོངས་དུས། དེའི་གཉེན་པོ་རིག་པ་ངོས་འཛིན་པའི་ཆ་མྱང་འདས་ཀྱང་མེད་པས་ཕྱགས་མས་བཏབ་པའོ། །མ་རིག་པའི་རྩ་བ་རིག་པར་ཆོད་དུས་རིག་པ་སྐུ་གསུམ་དུ་བཏགས་པའང་འཛིན་མེད་ཡེ་གྲོལ་དུ་སོང་བས་དྲུངས་ཐོན་པའོ། །སེམས་དང་སེམས་བྱུང་གི་མུན་པས་ཡེ་ཤེས་ཀྱི་ཉི་མ་མཐོང་དུ་མི་སྟེར་ལ། རིག་པ་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་རྗེན་ལ་བུད་དུས། སེམས་སེམས་བྱུང་གི་མུན་པ་སངས་ཏེ། ཀ་དག་ཡེ་ཤེས་ཀྱི་ཆོས་ཉིད་གཏིབས་པའོ། །ཀུན་རྟོག་རྣོ་ངར་ཅན་དེས་དཔྱད་ཅིང་བརྟགས་ཀྱང་རང་བྱུང་གི་ཡེ་

*Heap of Jewels* (Rin po che spungs pa) says:

"As for the objects clung to by self and grasping:
from the very first, within the nature of phenomena,
all of these appear of themselves as self-appearance;
that they appear so primordially, one was not aware before."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.
[61]Note 61 · p. 582 · sngar ma rig: rendered "one was not aware before", to keep the echo of unawareness (ma rig pa), which the citation illustrates.

3.4.1.3.3 Decisive resolution that the abandoned and its antidote are primordially free སྤང་གཉེན་ཡེ་གྲོལ་གྱི་ལ་བཟླ3.4.1.3.3 Decisive resolution that the abandoned and its antidote are primordially free
When saṃsāra is emptied, nirvāṇa as antidote is swept away; the three kāyas are uprooted as designations; outward analysis never finds self-arisen wisdom, so one should look within at the uncontrived. Quotes the All-Creating King.

Since what is to be abandoned falls away of itself, its antidote falls away. This is the decisive resolution that what is to be abandoned and its antidote (spang gnyen) are primordially free. When saṃsāra, the conceptualization that is to be abandoned, its own dynamic energy together with its display, has been emptied, its antidote, nirvāṇa (myang 'das), the aspect that identifies awareness,[62]Note 62 · p. 582 · de'i gnyen po rig pa ngos 'dzin pa'i cha myang 'das kyang med pas: read with Gemini 4 Neon and Claude Fable 5.2 as apposition ("its antidote, nirvāṇa, the aspect that identifies awareness, is no more either"). Dharmamitra's "does not exist as nirvāṇa" is not followed. is no more either. Thus it is "swept away with a broom." When the root of unawareness (ma rig pa) is cut through as awareness,[63]Note 63 · p. 582 · ma rig pa'i rtsa ba rig par chod: "cut through as awareness", meaning traced to its root and found to be awareness. Claude Fable 5.2 and GPT-6.2 Astra have "severed/cut through in awareness". even the designation of awareness as the three kāyas has passed into primordial freedom without grasping. Thus it is "pulled out by the root." The darkness of ordinary mind and mental factors (sems byung) does not allow the sun of primordial wisdom to be seen. But when the skylight of awareness,[64]Note 64 · p. 582 · mthongs is "skylight" (Dharmamitra, Claude Fable 5.2, GPT-6.2 Astra); Gemini 4 Neon's "expanse" is a misreading. primordial wisdom, has been opened and one emerges into nakedness, the darkness of ordinary mind and mental factors clears, and the nature of phenomena, primordially pure primordial wisdom, "gathers densely on every side."[65]Note 65 · p. 582 · gtibs pa normally describes clouds or darkness massing. Here it is applied to the nature of phenomena, so I render it "gathers densely on every side" (compare Dharmamitra "settles like dense clouds", Claude Fable 5.2 "envelops everything").

Though that sharp and keen conceptualization analyzes and examines, it does not get to the root of self-arisen primordial

[p. 583]
ཤེས་ཀྱི་རྩ་བ་མ་ཆོད་པར་རྟོག་པ་ཕྱིར་མཆེད་ལ། ཚོགས་དྲུག་ཡུལ་སྣང་གི་སྣང་བ་རྒྱ་ཆེ་ལ། སྙིང་པོའི་དོན་མེད་དེ་བདེན་པར་མ་གྲུབ་པས་དཀྱིལ་སྟོངས་ནས་ཆུ་ཤིང་ལྟར་འགྱུར་ཏེ། སྣང་བ་སྣ་ཚོགས་སུ་ཕྱིར་འདུས་ཀྱང༌། ཕྱི་ཡུལ་སྣང་གི་ཆ་ནས་རང་བྱུང་གི་ཡེ་ཤེས་རྙེད་པ་གཅིག་གི་དོན་མི་རྙེད་དེ། ནང་དབྱིངས་འོད་གསལ་གྱི་ངང་ནས་མ་གཡོས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་མཐོང་བར་འདོད་ན། །སེམས་ཡུལ་སྣང་ལ་ཕྱིར་སྤྲོ་བསྡུ་ཞོག་ལ། དོན་མ་བཅོས་རང་གསལ་དུ་ནང་དུ་ལྟོས་དང་རྙེད་པར་ངེས་སོ་ཞེས་པ་སྟེ། ཀུན་བྱེད་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ།
།བཤེས་གཉེན་ཀུན་ལས་བྱུང་བའི་ནོར་བུ་རིན་ཆེན་བཞིན།
།དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར།
།རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང༌།
།བརྟགས་ན་མེད་ལ་བཞག་ན་ལེགས་པ་

wisdom, and conceptual thought spreads outward. The appearances of the six collections of consciousness (tshogs drug), the appearing of objects, are vast, yet they are without any heart essence of meaning: not being truly established, they are hollow at the center and turn out to be like a plantain tree. Though thought gathers outward upon the variety of appearances,[66]Note 66 · p. 583 · snang ba sna tshogs su phyir 'dus kyang: no subject is expressed. I supply "thought" from the preceding clause (close to Claude Fable 5.2 "one is drawn outward"). Dharmamitra, Gemini 4 Neon and GPT-6.2 Astra make the appearances themselves "gather/converge outwardly", which fits the particle su less well. from the side of the appearing of outer objects not a single finding of self-arisen primordial wisdom[67]Note 67 · p. 583 · rnyed pa gcig gi don mi rnyed: "not a single finding … is to be found" (as Claude Fable 5.2). GPT-6.2 Astra's "the one thing that matters" over-interprets. is to be found, because it has not stirred from the state of luminosity, the inner basic space.[68]Note 68 · p. 583 · nang dbyings is "inner basic space"; GPT-6.2 Astra's "inner expanse" breaks the dbyings/klong distinction. "If you wish to see self-arisen primordial wisdom, leave off the mind's outward projection and withdrawal toward the appearing of objects, and look within, into the true meaning, uncontrived (ma bcos) and naturally lucid; you are certain to find it." That is what is being said. As the All-Creating King says:

"Primordial wisdom, utterly swift, is free of all thinking.
Like the precious jewel that comes from all spiritual friends,
without a reference point and not depending on any state of change,
by the excellence of its own nature it fulfills every hope.
If examined, it is not there; if left as it is, excellence

[p. 584]
འབྱུང་བས་ཆེ།
།ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ།
།ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད།
།མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི།
།གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན།
།ཞེས་པ་བཞིན་ནོ། །འགག་བསྡམ་པའི་གནད་འགག་ནི། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ། །རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།
།ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ།
།ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་གྲོལ།
།ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ།
།ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་གྲོལ།
།བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ།
།རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ།
།རིག་པ་གཅིག་གི་ངོ་བོ་རྟོགས་པས་ཀུན་གྲོལ་བ་དེ་ཡང་ཀུན་ཡོད་མ་མྱོང་བའི་ཆོས་ཉིད་ཡིན་པས། གཅིག་པུ་རྟོགས་པས་

arises, and so it is great.
Unstirred from within, there is no object to be sought within;
there is no reference point of attachment outward to objects or of directing toward objects.
Through that selfless compassion, which neither comes forth nor enters,
it is not another's wealth and does not come;[69]Note 69 · p. 584 · mi 'ong: "does not come". The "from elsewhere" in Dharmamitra, Gemini 4 Neon and Claude Fable 5.2 is an addition. it abides primordially."Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 77 % of the words.

3.4.2 The crucial key point of securing the crux འགག་བསྡམ་པའི་གནད་འགག3.4.2 The crucial key point of securing the crux
Root verses: existence and nonexistence, eternalism and nihilism, authentic and inauthentic, karma, afflictions, habitual tendencies and ripening are primordially free. Realizing the one awareness frees all, illustrated by the illusory army at Vaiśālī; analysis of mind and body finds no support for karma; quotes the Great Garuḍa.

The crucial key point of securing the crux is this:

Existence and nonexistence are primordially free:[71]Note 71 · p. 584 · The eight lines from yod med ye grol are taken as the root verses and set as verse. free in being beyond extremes.
Eternalism and nihilism are primordially free: free in being without ground or root.
The authentic is primordially free: free in being beyond reference point and thought.
The inauthentic is free:[70]Note 70 · p. 584 · yang dag min grol: the line lacks ye, for the metre; "primordially" is not supplied (against Dharmamitra). free in being beyond sides and thought.
All karma is primordially free: free in being without stain.
Afflictions are primordially free: free in there being neither bondage nor freedom.
Habitual tendencies (bag chags) are primordially free: free in having no supporting ground.
Karmic ripening (rnam smin) is primordially free: free in having no ground of experience.

That all are free through realizing the essence of the one awareness is, moreover, the nature of phenomena in which none of them has ever existed; therefore, through realizing the one alone,

[p. 585]
གྲོལ་བའི་འཐད་པ་ཡིན་ཏེ། རང་ཉིད་རྡབ་མ་འཆོར་ན། སྒྱུ་མའི་དམག་གིས་གཡང་སར་བསྐྱུར་བ་མི་སྲིད་པ་བཞིན་ཏེ། མ་རྟོགས་ན་གཡང་སར་འཆོར་བ་སྔོན་ཡངས་པ་ཅན་དུ་སྒྱུ་མའི་དམག་གཡང་ཁར་སྤྲུལ་པ་ལ། མ་ཤེས་པ་སྔངས་ཏེ་བྲོས་པས་གཡང་དུ་འཆོར་ལ། མཚན་ཉིད་ཤེས་པ་དག་བདེ་བདལ་དུ་ཕྱིན་པས་ཉེ་ཞོ་མེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་དངོས་པོའི་ཆོས་སྣང་བ་དང་མེད་པ་དངོས་མེད་ཀྱི་ཆོས་སྟོང་པ་ཞེས་པའང་རྨི་ལམ་གྱི་སྣང་སྟོང་ལྟར་ཡོད་མེད་ཀྱི་མཐའ་ལས་འདས་པ་ཉིད་དང༌། རྟག་པ་ཡོད་པའི་དངོས་པོ་རྒྱུན་ལ་བདག་ཏུ་འཛིན་པ་དང༌། ཆད་པ་མེད་པའི་རང་བཞིན་སྐད་ཅིག་ལ་ཆ་མེད་དུ་འཛིན་པའང་མེད་དེ། དུས་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་གྲུབ་པ་དང༌། ངོ་བོ་མ་གྲུབ་པས་རྒྱུན་དང་སྐད་ཅིག་མ་མ་གྲུབ་པའི་ཕྱིར་རོ། །ཡང་དག་པ་ཐར་ལམ་དགེ་བ་དང༌། ཡང་དག་པ་མ་

it stands to reason that there is freedom[72]Note 72 · p. 585 · Dharmamitra retranslates the sentence already rendered at the end of the previous part; this part begins at grol ba'i 'thad pa yin te. (grol ba): just as, so long as one does not oneself lose one's footing,[73]Note 73 · p. 585 · rdab ma 'chor na: Gemini 4 Neon has "if one does not panic"; with Dharmamitra, GPT-6.2 Astra and Claude Fable 5.2 I take rdab 'chor as losing one's footing, which fits the image of the precipice. it is impossible to be cast into an abyss[74]Note 74 · p. 585 · Variant: Adzom reads bsgyur ("turned") where the text has bskyur ("cast"). I follow bskyur, the only reading that suits g.yang sar and the parallel g.yang du 'chor. by an illusory army. That without realization one does fall into the abyss is like what happened long ago in Vaiśālī, when an illusory army was emanated at the brink of a precipice: those who did not know took fright and fled, and so fell into the abyss, whereas those who knew its defining characteristic (mtshan nyid) went on at their ease and came to no harm.

This being so, what are called "existence"—appearance, the phenomena of substantial entities—and "nonexistence"—emptiness, the phenomena that are nonentities—are, like appearance and emptiness in a dream, simply beyond the extremes of existence and nonexistence. Nor is there eternalism, grasping at the continuity of an existent substantial entity as a self, or nihilism (chad pa), grasping at the moment, whose nature is nonexistence, as partless;[75]Note 75 · p. 585 · chad pa med pa'i rang bzhin skad cig la cha med du 'dzin pa: read in parallel with the gloss of eternalism, so that the moment "whose nature is nonexistence" is grasped as partless. Dharmamitra's "grasping at momentary nonexistence" blurs the parallel. for since time is not established, continuity and moment are not established, and since essence is not established, the continuous and the momentary are not established. The authentic—virtue, the path of liberation—and the

[p. 586]
ཡིན་པ་འཁོར་ལམ་མི་དགེ་བ་གཉིས་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པས་དོན་མ་གྲུབ་པ་ཉིད་དང༌། ལས་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། བག་ཆགས་ཞེས་བྱ་བའང་སྒྱུ་མའི་དཔེ་བརྒྱད་དུ་དག་པས་དོན་ལ་ཡོད་མི་སྲིད་དེ། དེ་དག་སེམས་ལ་ཡོད་ན་བྱུང་བ་དང༌། གནས་པ་དང༌། འགྲོ་བ་གསུམ་གྱི་རང་བཞིན་ལ་བརྟགས་པས་རྟེན་སེམས་དང་བརྟེན་པ་ཉོན་མོངས་པ་མི་རྙེད་པས་མེད་པར་ངེས་ལ། ལུས་ལ་ཡོད་ན་རྡུལ་ཕྲན་ཆ་མེད་དུ་གཞིག་ཅིང་དཔྱད་པས་རྟེན་ལུས་དང༌། བརྟེན་པ་རྣམ་སྨིན་མི་རྙེད་དེ། ནམ་མཁའི་མེ་ཏོག་ལ་སྐྱེ་བའི་གནས་དང༌། རང་གི་ངོ་བོ་མེད་པ་ལྟར་མ་གྲུབ་པ་ཉིད་དེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ།
།རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན།
།ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར།
།ལུས་དང་སེམས་ཀྱི་གནས་མེད་བག་ཆགས་

inauthentic—nonvirtue, the path of saṃsāra—are both without intrinsic nature, being of the very essence of a dream, and so are simply not established in fact. What are called karma, afflictions, karmic ripening and habitual tendencies are also pure as the eight analogies of illusion, and so cannot possibly exist in fact. If they existed in the mind, then, when the nature of the three—arising, abiding and going[76]Note 76 · p. 586 · byung gnas 'gro gsum: Dharmamitra's "ceasing" for 'gro ba is loose; the usual examination of where mind arises, abides and goes is meant.—is examined, neither mind, the support, nor the afflictions, the supported, is found, and so it is certain that they do not exist. If they existed in the body, then, when it is broken down and analyzed into partless particles, neither the body, the support, nor karmic ripening, the supported, is found. Just as a flower in the sky has no place to grow and no essence of its own, they are simply not established. As the Great Garuḍa says:

"In this mind, which from its very ground cannot possibly be asserted,[77]Note 77 · p. 586 · Khyung chen, gzhi nas 'dod pa mi srid: Dharmamitra and GPT-6.2 Astra take 'dod pa as "desire", Gemini 4 Neon and Claude Fable 5.2 as "assert/posit". I follow the latter, since Longchenpa cites the verse to show that mind, the supposed support, is not found.
karmic ripening and habitual tendencies are groundless—on what could they depend?
Like a flower in the sky, with no place to grow and devoid of support,
there is no abode of body and mind, and so for habitual tendencies[78]Note 78 · p. 586 · The page break falls inside the last line of the Khyung chen quotation; the marker is placed mid-line accordingly.

[p. 587]
རྟེན་མི་སྲིད། །ཅེས་སོ། །ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ་ནི། གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ། །སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ།
།གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ།
།མ་གྲོལ་ཡེ་གྲོལ་བཅིངས་གྲོལ་མེད་པར་གྲོལ།
།གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ།
།ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ།
།གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཆོས་ལས་འདིར་སྤང་བྱའི་འཁོར་བ་མེད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ལམ་མེད་པ་ཉིད་དང༌། སྤང་བྱ་དང་གཉེན་པོ་གཉིས་ཀ་སེམས་ལ་འདོགས་པ་ལས་སེམས་ངོ་བོ་མེད་པས་དེ་གཉིས་མེད་པ་ཉིད་དང༌། གྲོལ་བ་ནི་བཅིངས་པ་ལ་ལྟོས་པ་ལས་མ་བཅིངས་པ་ལ་གྲོལ་རྒྱུ་མེད་པ་ཉིད་དང༌། མ་གྲོལ་བ་ཞེས་བྱ་བ་ཡོད་ན་ཆོས་ཡིན་ཕན་ཆད་རང་བཞིན་མེད་པས་ཁྱབ་པའི་ཕྱིར་བཅིངས་གྲོལ་མེད་པ་ཉིད་དང༌།

no support is possible."Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 57 % of the words.

3.5 Beyond the bondage and clinging of path and antidote ལམ་དང་གཉེན་པོའི་འཆིང་ཞེན་ལས་འདས་པ3.5 Beyond the bondage and clinging of path and antidote
Root verses: antidotes, abandoning and adopting, freedom, the unfree, relaxing and resting are primordially free, since antidote depends on what is abandoned, freedom on bondage, and none exists; suchness is nondual. Quotes Perfect Dynamic Energy and the Natural Arising.

Being beyond the bondage and clinging (zhen pa) of path and antidote:

Antidotes are primordially free: free in there being nothing to abandon.
Abandoning and adopting are nondual:[79]Note 79 · p. 587 · spang blang gnyis med: rendered "nondual" per the glossary (GPT-6.2 Astra "not two", Claude Fable 5.2 "no duality"). The autocommentary, however, glosses it as de gnyis med pa, "those two do not exist", and the prose is translated so. free in the vastness equal to space.
Freedom is primordially free: free in there being no bondage.
The unfree is primordially free: free in there being neither bondage nor freedom.
Relaxing (glod pa) is primordially free: free in there being nothing to relax.
Resting just as it is is primordially free: free in there being nothing to leave as it is.

An antidote is a phenomenon that depends on something to be abandoned; yet here, since there is no saṃsāra to be abandoned, there is simply no path, the antidote that would abandon it.

Both what is to be abandoned and its antidote are imputed upon mind; yet since mind has no essence, those two simply do not exist. Freedom depends on bondage; yet for what is not bound[80]Note 80 · p. 587 · ma bcings pa la grol rgyu med: Dharmamitra and Gemini 4 Neon have "since there is no bondage / nothing bound"; with GPT-6.2 Astra and Claude Fable 5.2 I keep the dative, "for what is not bound there is nothing to be freed". there is simply nothing to be freed. If there were something called "the unfree," then, since whatever is a phenomenon is pervaded by being without intrinsic nature, there is simply neither bondage nor freedom.[81]Note 81 · p. 587 · The other two recorded variants (yas for las, ngang for dang) are evident misreadings of the print and are ignored.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 5 quotations, 5 found on this wiki.
# p. Tibetan English Source On this wiki
1 577 ཨེ་མ་ཧོ་དཀྱིལ་འཁོར་རྣམ་དག་ལ། །རྒྱུ་ … ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། Emaho! In the utterly pure maṇḍala (dkyil 'khor), > … and "not passed beyond" > it has passed beyond. named: རང་ཤར
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 57 %
2 578 གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་ … མ་རྙེད། །ཡོད་མེད་མཐའ་ཡི་རྟོག་བསལ་བའོ། Furthermore, the view of what is to be expressed … conceptual thoughts of the extremes of existence and nonexistence. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 57 %
3 582 བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ … སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག As for the objects clung to by self and … they appear so primordially, one was not aware before." named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 100 %
4 583 ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་ … ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། Primordial wisdom, utterly swift, is free of all thinking. … another's wealth and does not come; it abides primordially." named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 77 %
5 586 གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། ། … སེམས་ཀྱི་གནས་མེད་བག་ཆགས་ རྟེན་མི་སྲིད། In this mind, which from its very ground cannot … and so for habitual tendencies no support is possible." named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 57 %