Chos dbyings mdzod (Longchenpa): Chapter 11 commentary (1)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 11 commentary (1)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 11 commentary (1)
Jump to navigation Jump to search
← Chapter 11 root versesChos dbyings mdzod: contentsChapter 11 commentary (2) →

Chapter 11, commentary · རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ
Pages 517–526 of the corrected base text (W22920 vol. 3), part 1 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 478] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཕུལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྤྱོ་བའི་ཡིད་

[p. 479] དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟང་ལ། །མི་སྤོང་མི་ལེན་ཁ་ལ་མི་སྦྱོང་མི་བསྒྱུར་བ་ཆེ་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །

[p. 480] འཛིན་ཞེན་མེད་པའི་ཉམས་མྱོང་ཁོར་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་དོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། ར་དག་ཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་སྣང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ལྡོག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག་དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཙོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟད་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །ཟུང་

[p. 481] ༄༅། །བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་ མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དྭངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་ པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་ བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་ གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་ གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་པ་གྲོལ་བས་ཁ་ལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་

[p. 482] པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གིས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ།

[p. 483] ༄༅། །བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མེ་ ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། དོས་གཟུང་བའི་ཟང་ཐལ་ གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། ། དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་ པ་རབ་དང་འབྲིང་དལ། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུགས་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུགས་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱང་མི་བསྒྱུར་ཞིང༌། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང༌། བྱང་སེམས་ལྟར་གཉེན་པོས་མི་སྦྱོང༌། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེ་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུགས་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང༌། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་སྣང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། གནད་ཀྱིས་འགྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་དེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང༌། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང༌། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། །འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང༌། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་པས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུ་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བའི་ཆོས་ཉིད་དུ་ཡེ་ནས་གནས་པའོ། །མདོར་ན་བློ་བཟུང་ན་འཆིང༌། །ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་དེ་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང༌། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམ་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང༌། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེངས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་ཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང༌། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང༌། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

» «དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་» «ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་ག»ོ «།ཞེས་» «སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག» «།སྐྱོ་བའི་ཡིད་དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་སྦྱོང་མི་བསྒྱུར་མི་ལེན་ཞིང༌། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག» «།རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་» «སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང༌། བྱང་སེམས་ལྟར་གཉེན་པོས་མི་སྦྱོང༌། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆ་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང༌། །» «འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ལྡོག་ས་མེད་པར་ལ་བཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག» «།དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །ཟུང་«༼༡༽«བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང༌། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་གདངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་ སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང༌། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་ པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང༌། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་»«ཁ་ལ་«༼༢༽«དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་ བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང༌། ཐེངས་ན་གྲོལ། གང་དུའང་»«མ་གྲོལ་བ་«༼༡༽«འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། ། ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལས། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང༌། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། ། རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་ པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱིས་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང༌། ངོ་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག» «འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག» «ཐ་མ་ལ་དགེ་བར་རྨི་བ་ལས་འགག་ག»ོ «།རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་«༼༡༽«པ་རབ་དང་འབྲིང་དང༌། ཐ་མའི་བྱེད་པ་ལ་ཟེར་རོ། །» «རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང༌། །

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 860] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུགས་ཕྲད་རྗེས་མེད་རྩིས་གདབ་བྲལ་པར་སྐྱོངས།། ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་

[p. 861] ༄༅། །རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། ། ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས་ འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱོང་མི་བསྒྱུར་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་ བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་ལྡང་ལ་སོགས་པ་ ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བར་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་

[p. 862] བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཤ་ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་ གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། །ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་དེར་རང་བཞག་པས། །འདིར་གྲོལ་ མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་ གྲོལ། །ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། །རང་གཞག་ཏུ་ཐད་སོར་གཞག་པས་རང་སར་གྲོལ། །སྣ་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། །མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་

[p. 863] ༄༅། །ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་ གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་ གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱིས་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་མདངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་གཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་

[p. 864] བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི།། གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་བའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་ བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ།། བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་ཕྱེད་བ་འཆིང་གྲོལ་གྱི་མཐའ་ལས་འདས་ པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་

[p. 865] ༄༅། །རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། ། ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་ བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་ བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གིས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་ པ་ལ། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ་སྦྱང་པ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནང་གཅིག་གིས་སྦྱང་ བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་

[p. 866] དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོས་གཟུང་བའི་ཟང་ཐལ་གཉིས་འཕྲོས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་རང་ལ་གནས་པའོ། ། གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་ དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐའ་དགག་པ་སྟེ་ རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང་། ཐ་མའི་ བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 201] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྒོམ་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོར་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱོར་མི་བསྒྱུར་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ།

[p. 202] ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བར་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་དེར་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། རང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། །ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། །རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། །སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། །མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ཟློག་པ་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་

[p. 203] གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱིས་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་པར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་

[p. 204] ཞེས་བྱའོ། །རིག་པ་རང་རོ་རྟེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དང་ས་རོལ་པར་སྣང་ཇེ་ཅག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཅེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གིས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ་སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་

[p. 205] མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་དྭངས་ལ་ཡིད་གཞུངས་པ་དང་དང་འབྲིང་དང་། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 275] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་ དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་ གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ ལ༑ ༑ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་ འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨྲོས་པ་ བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་ གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་ རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་ གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ །ཞེས་སོ། །རྐྱེན་ངན་རིག་པའི་ རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་ སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་དབྱུང་ན་ཚ་

[p. 276] ༈ ལེའུ་བཅུ་གཅིག་པ་རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ། སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་ པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་སྦྱོང་མི་བསྒྱུར་མི་ལེན་ཞིང་། །མི་ལྟ་མི་ བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་བསམ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་ བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་ སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་ བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆ་ཆེ་ བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། ། ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་ འདི་ལ་རྫོགས། །ཞེས་སོ། ། གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་ པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་ འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་ སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་

[p. 277] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་ གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ཐད་སོར་ བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་ གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་ བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་ བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ ཆོས་ཉིད་ལས་ལྡོག་ས་མེད་པར་ལ་བཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། ། ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་ གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་ གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། ། དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་ བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །ཟུང་༡བདེ་གཉེན་དང་གཏམ་སྙན་ ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་ བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་ གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་ དགའ་ཡལ་གྱིས་སྐྱེ་དུས་རིག་པའི་གདངས་ཡིན་པས་ཟང་ཀ་ངོས་གཟུང་བའི་ བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། ། ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་

[p. 278] ༈ ལེའུ་བཅུ་གཅིག་པ་རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ། མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་ འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་ གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་ མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་ གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་ བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་ གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ ཕུར་བཀྲོལ་བས་྾ཁ་ལ་྾དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་ བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་ གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་ དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་ཡེ་ནས་གནས་པའོ། ། མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་྾མ་གྲོལ་བ་྾ འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་ མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་ བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་ དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལས། །མེད་པ་ལ་ཡང་མེད་པས་ གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། ། ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། །རང་བབས་སྤྲོ་བསྡུ་བྲལ་བའི་

[p. 279] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་ འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། ། འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་ གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། ། གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ ཏེ༑ རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་ རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་ སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་ པར་གཏད་པས། གཉིད་ཀྱིས་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་ གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ ནས་གང་ལའང་མི་རྟོག་པ་དེ་དང་། ངོ་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་ སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་ གནས་པའོ། ། གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་ དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་ དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་ གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག ཐ་མ་

[p. 280] ། ལེའུ་བཅུ་གཅིག་པ་རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ། ལ་དགེ་བར་རྨི་བ་ལས་འགག་གོ །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་ པ་རབ་དང་འབྲིང་དང་། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་ རྨི་ལམ་ཐོག་མ་མང་། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 338] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུགས་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། ། ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཙོག་གཞག་གམ། ཙེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་

[p. 339] ༄༅། །རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ།། ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས་ འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱོང་མི་བསྒྱུར་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པས་སྤྲོ་བསྡུ་་་ བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་ལྡང་ལ་སོགས་པ་་་ ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་་་་་ ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བར་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་་་་

[p. 340] བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་ གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། །ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་དེར་རང་བཞག་པས། །འདིར་གྲོལ་ མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་ གྲོལ། །ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། །རང་གཞག་ཏུ་ཐད་སོར་གཞག་པས་རང་སར་གྲོལ། །སྣ་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། །མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་

[p. 341] ༄༅། །ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབྱེད་རྩོལ་ཟད། །ཡེ་ནས་ གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅིར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་ གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱིས་གནམ་གཟེར་གློ་དངོས་ཟང་ཕྲལ་དུ་བསྡོམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་འོང་འདི་དག །རང་བཞིན་དགའ་བས་བརྒྱ་རྣལ་འབྱོར་མས་ཤར་བ། །དེ་ཉིད་ངོས་གཟུང་རང་གྲབས་ཐོག་བཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་མ་ ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་གླང་བས་ཡིན་པས་ཟང་ཀ་ངོས་གཟུང་བའི་ཕབས་ལས་མ་གཡོས་པར་གཞིག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །གཞིས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་

[p. 342] བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བས་ལ་མེད་པ་ནི། ། གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་ བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་བས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ།། བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དངས་རོལ་པར་སྣང་ངོ་ཅིག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། །མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་ཕྱེད་པ་འཆིང་གྲོལ་གྱི་མཐའ་ལས་འདས་ པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་

[p. 343] ༄༅། །རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་པ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་པོ་ལ་བའོ། ། ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་ བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ པའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་བ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ་སྦྱང་པ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནང་གཅིག་གིས་སྦྱང བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས

[p. 344] དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། ། གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་ དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང་། ཐ་མའི་ བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 270] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་ སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། ། འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་ གམ༑ ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡུལ། །རང་བཞིན་རང་དག་རང་གི་གདངས། ། ཅོག་གཞག་ཅེར་གཞག་རང་གཞག་གོ། །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྤྱོ་བའི་ཡིད་

[p. 271] དབྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་རོལ་པར་ཤར་དུས་ངོས་བཟང་ལ། །མི་སྤོང་མི་ལེན་མི་ལ་སྦྱོང་མི་བསྒྱུར་ག་ཆ་ཞིང་། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་དར་དང་བཅས་པ་ཁོང་ནས་འཆར། མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོས་མི་སྦྱོང་། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེ་ན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །

[p. 272] འཛིན་ཞེན་མེད་པའི་ཉམས་མྱོང་ཁོར་རྡོལ་འབྱུང་། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ དོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་དུ་གྲོལ། རང་གཞག་ཏུ་ ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་སྣང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ལྡོག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག་ དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །ཟུང་

[p. 273] བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང་། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དྭངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་ཤར་ཡང་། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང་། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་པས་ཁ་ལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་

[p. 274] པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་གནས་པའོ། ། མདོར་ན་བློས་བཟུང་ན་འཆིང་། ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་ སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་ གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང་། རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་ དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་དང་དུ་རིག་པའི་སེམས། །འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་ འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གིས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་པའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་པ།

[p. 275] བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང་། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་ངང་ལ་ཡིད་གཞུངས་པ་རབ་དང་འབྲིང་དལ། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང་། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (49 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 517] དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་

གཅེས་པ་ལས་ཐུག་ཕྲད་རང ] ཐུགས W

[p. 518] སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་རང་གྲོལ་རང་གི་ཡལ། །རང་བཞིན་རང་དག་རང་གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། །ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་

སྣང་བ་ལ་ཐུག་ཕྲད་རྗེས ] ཐུགས W D R · གྲོལ་རང་གི་ཡལ་རང་བཞིན ] ཡུལ P D S R C · གཞག་རང་གཞག་གོ་ཞེས་སོ ] ག་ོ P · འཁྲུག་དང་འཚིག་སྐྱོ་བའི་ཡིད ] སྤྱོ A C · སྐྱོ་བའི་ཡིད་བྱུང་ན་ཚ ] དབྱུང A P S C

[p. 519] རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱང་མི་བསྒྱུར་ཞིང༌། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང༌། བྱང་སེམས་ལྟར་གཉེན་པོས་མི་སྦྱོང༌། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་

ཤར་དུས་ངོས་བཟུང་ལ་མི ] བཟང A C · མི་སྤོང་མི་ལེན་མི་སྦྱང་མི་བསྒྱུར ] སྦྱོང P S · མི་ལེན་མི་སྦྱང་མི་བསྒྱུར ] སྦྱོང A D R · སྦྱང་མི་བསྒྱུར་⁁་ཞིང་མི ] མི་ལེན P S · གཅིག་ཏུ་དམིགས་པའི་སྤྲོ་བསྡུ ] བསམ P D S · པ་དང་ཞེ་སྡང་ལ་སོགས ] ལྡང D R · བས་མི་དགའ་བ་རང་ཡལ ] བར D G R · ཟང་ཐལ་དངས་⁁་ཆེ་བར ] ཆ P S

[p. 520] བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས། །འདིར་གཟུང་མེད་པའི་ངང་ལ་རང་བཞག་པས། །འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ། །འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང༌། །འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས། །ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་

དུས་བདེ་སྡུག་དབྱེར་མེད་ན ] དབྱེ W · སོ་གང་སྣང་ཐུག་ཕྲད་དུ ] ཐུགས W · མེད་པའི་ངང་ལ་རང་བཞག ] དེར D G R · པའི་ཉམས་མྱོང་ཁོང་རྡོལ་འབྱུང ] ཁོར A C · པ་ཟང་ཀ་ངོས་ཟིན་པ ] དོས A C

[p. 521] དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་སྣང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་

ཏུ་ཐད་སོར་བཞག་པས་རང ] གཞག D R · རང་སར་གྲོལ་སྣང་སར་ཅེར ] སྣ D R · ཤར་ཡང་རང་སྣང་རྫོགས་པ ] བཞིན P D G S R · ཆོས་ཉིད་ལས་ཟློག་ས་མེད ] ལྡོག A P S C · མེད་པར་ལ་ཟློས་པ་ལས ] བཟློས P S · བཤད་གནད་ཀྱིས་གྲོལ་བས་འབད ] འགྲོལ W · ཆེན་རང་གྲོལ་གྱི་གནམ་གཟེར ] གྱིས D G R

[p. 522] གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང༌། །གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར། །རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ། །དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས། །གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ། །གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་

དགའ་བའི་སེམས་གྲུབ་བདེ་གཉེན ] ཟུང A P S C · བའི་སེམས་གྲུབ་བདེ་གཉེན་དང ] དེ W · དུས་རིག་པའི་དངས་ཡིན་པས ] གདངས P S · དུས་རིག་པའི་དངས་ཡིན་པས ] དྭངས A C

[p. 523] ཤར་ཡང༌། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། །འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང༌། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་པས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་

དོ་ཕུར་བཀྲོལ་པས་ཁལ་དོ ] བས D G R · དོ་ཕུར་བཀྲོལ་པས་ཁལ་དོ་གཉིས ] བས་ཁ་ལ P S · རྗེན་པར་ཟིན་དུས་དེའི་རྩལ ] དུ W · ཐམས་ཅད་རང་དྭངས་རོལ་པར ] དངས D R · རང་སར་གྲོལ་བ་ཆོས་ཉིད ] བའི W · བ་ཆོས་ཉིད་དུ་ཡེ་ནས ] om. P S

[p. 524] གནས་པའོ། །མདོར་ན་བློས་བཟུང་ན་འཆིང༌། །ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །མེད་པ་ལ་ཡང་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། །ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང༌། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས། །རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ། །ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས། །ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས། །

པའོ་མདོར་ན་བློས་བཟུང་ན ] བློ W · ཀྱིས་གྲོལ་བ་ལ་མེད་པ ] ལས P S · པ་ལ་ཡང་མེད་པས་གྲོལ ] དེ W

[p. 525] འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང༌། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་

ནི་གཏི་མུག་གི་ས་པ་འཇུག ] གིས A D G C · གཟུང་བ་སྦྱང་བ་བསྒྱུར་བ ] པ D R C · པའི་སྤྲོས་པ་རྣམས་གཞན་དུ ] རྣམ W · པ་མེད་པའི་གནད་གཅིག་གིས ] གནང D R · གཏད་པས་གཉིད་ཀྱི་ཕྱི་ཡུལ ] ཀྱིས P S · པ་དེ་དང་ངོས་གཟུང་བའི ] ངོ P S

[p. 526] ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང༌། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་

འདྲེས་ཏེ་རླུང་སེམས་ཕྱིར་མི ] སེངས W · འོད་གསལ་ཉག་གཅིག་གི་ངང ] ཅིག W · བ་ལས་འགག་གོ་རབ་འབྲིང ] ག་ོ P · རབ་དང་འབྲིང་དང་ཐ་མའི ] དལ A C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 The great sky-nail of freedom in its own place upon direct encounter ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ [p. 517]
Presented as an aid to resting in the genuine state, the chapter opens its instructions on circumstantial appearances. Where object and cognition meet, one recognizes unalloyed cognition and, by resting just as it is, nakedly or naturally, takes hold of the dharmakāya's own place (Garland of Pearls).
2 The sky-nail showing adverse circumstances to be training in awareness's dynamic energy རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར [p. 518]
Unwanted states such as anger, sorrow, illness and fear are recognized as display of awareness's energy; unlike the approaches of śrāvakas, bodhisattvas, mantra or Mind Class, one neither abandons, purifies, transforms nor meditates on them, and they vanish as awareness dawns limpid.
3 The sky-nail by which abandonment and antidote clear away in the ground through direct encounter གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར [p. 520]
Cognitions of negation and affirmation are freed in the nature of phenomena merely by recognizing unalloyed awareness. The modes of freedom—primordial, natural, naked, total and instantaneous—are explained, with the Reverberation of Sound as support.
4 The sky-nail of great joy, naturally free, securing intellect and things in transparency དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ [p. 521]
Pleasant states of desire and delight are recognized as the limpid clarity of awareness and left resting just as they are, spontaneously present in original basic space (Heap of Jewels).
5 The sky-nail of neutral cognition freed in the nondual nature of phenomena རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར [p. 522]
Neutral cognitions are freed by recognizing the unalloyed ground of arising, so appearances and movement are freed simultaneously, like a pack-load released; this is bewilderment freed in luminosity, beyond bondage and freedom (Pearl Garland).
6 The sky-nail of dream and sleep, in which bewilderment arises as luminosity གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར [p. 524]
Sleep is purified by the single key point of the nature of phenomena: in the lion's posture, attention on unalloyed cognition lets wind and mind enter the central channel, giving dreamless luminosity; dreams cease in three ways for best, middling and least practitioners (Reverberation of Sound).
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 517] Enlightened intent (dgongs pa) has thus been shown to be the great resting in the genuine state[1]Note 1 · p. 517 · rnal gzhag is not in the glossary. I render it "resting in the genuine state" (with Claude Fable 5.2), because "natural state" is reserved for gnas lugs and "resting naturally" for rang gzhag; GPT-6.2 Astra, Gemini 4 Neon and Dharmamitra use "natural". (rnal gzhag chen po). As an aid to that, from among the cherished oral instructions[2]Note 2 · p. 517 · gdams pa gces pa las: with GPT-6.2 Astra, Claude Fable 5.2, Gemini 4 Neon I read las as "from among" the cherished instructions, this sky-nail being the first of several in the chapter. Dharmamitra's "there is the vital instruction … Among these" makes two sentences of one. on the purity of circumstantial appearances (rkyen snang), which vanish of themselves (rang yal),

1 The great sky-nail of freedom in its own place upon direct encounter ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ1 The great sky-nail of freedom in its own place upon direct encounter
Presented as an aid to resting in the genuine state, the chapter opens its instructions on circumstantial appearances. Where object and cognition meet, one recognizes unalloyed cognition and, by resting just as it is, nakedly or naturally, takes hold of the dharmakāya's own place (Garland of Pearls).

the great sky-nail (gnam gzer) of freedom in its own place (rang sar grol ba) upon direct encounter (thug phrad) is this:

In the one awakened mind (byang chub sems), where everything is equal to space,

[p. 518] by grasping it as two, one is deluded into conditioned existence (srid pa), with its cause and effect.
Toward deluded appearances ('khrul snang), illusory appearances that have no support,
sustain the direct encounter, traceless and free of all reckoning.

Right where object and cognition (shes pa) come together in direct encounter, recognize the cognition that rests naturally (rang gzhag), unalloyed (zang ka). That is, as was explained earlier, by letting it be in resting just as it is (cog gzhag), or resting nakedly (cer gzhag),[4]Note 4 · p. 518 · cer gzhag: Gemini 4 Neon "gazing directly" and Dharmamitra "resting in naked clarity" over-interpret; I follow the glossary, "resting nakedly". Likewise chos nyid is "the nature of phenomena", not "reality itself" (Gemini 4 Neon). or resting naturally, one nakedly takes hold of the naturally free (rang grol) dharmakāya's own place (rang sa).[3]Note 3 · p. 518 · rang sa: all drafts have "ground" (Dharmamitra "the naked ground"). Corrected to "its own place", since "ground" is reserved for gzhi; rjen par is adverbial with zin ("nakedly takes hold"). As the Garland of Pearls (Mu tig phreng ba) says:

"The unchanging nature of phenomena (chos nyid) is utterly stable.
Self-appearance (rang snang), naturally free, vanishes of itself.
Its nature, naturally pure, is its own radiance (gdangs).
This is resting just as it is, resting nakedly, resting naturally."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2 The sky-nail showing adverse circumstances to be training in awareness's dynamic energy རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར2 The sky-nail showing adverse circumstances to be training in awareness's dynamic energy
Unwanted states such as anger, sorrow, illness and fear are recognized as display of awareness's energy; unlike the approaches of śrāvakas, bodhisattvas, mantra or Mind Class, one neither abandons, purifies, transforms nor meditates on them, and they vanish as awareness dawns limpid.

The sky-nail that shows adverse circumstances to be training in the dynamic energy (rtsal) of awareness (rig pa) is this:

Toward the unwanted that befalls you, the mind that would cast it off[5]Note 5 · p. 518 · dor bya'i sems: Claude Fable 5.2 takes it as "states of mind to be rejected", a heading for the list that follows. With GPT-6.2 Astra, Gemini 4 Neon and Dharmamitra I read mi 'dod thog tu bab la as its object: the mind that regards what has befallen as something to be cast off, which the list then spells out. Both readings are grammatically possible.—
anger and unhappiness, jealousy, agitation and vexation,
weary dejection, illness, a mind in suffering,[6]Note 6 · p. 518 · skyo ba'i yid byung na tsha sdug bsngal sems: read as three items (dejection, illness, a suffering mind), with Claude Fable 5.2 and Gemini 4 Neon. Dharmamitra's "despondency born of grief, a mind afflicted by illness and pain" fuses them.
the fear of death and of birth, and the like:

[p. 519] when these arise as display (rol pa) from dynamic energy, recognize them.
Do not abandon them or take them up, do not purify or transform them,
do not look at them or meditate on them. Naturally settled (rang babs), in single evenness (phyam gcig),
rest spontaneously, free of the projection and withdrawal (spro bsdu) of reference points (dmigs pa).
They vanish of themselves without a trace,[7]Note 7 · p. 519 · rjes med rang yal: Claude Fable 5.2 and Dharmamitra make "traceless, self-vanishing" attributes of the mind that dawns. With GPT-6.2 Astra and Gemini 4 Neon I take the adverse states as what vanishes, as the commentary says (mi dga' ba rang yal la song nas, rig pa … 'char). and mind, pure as the expanse of space,
dawns from within, lucid and limpid, with all its keenness.[8]Note 8 · p. 519 · ngar dang bcas pa: the sharp, keen edge of awareness; rendered "with all its keenness" (GPT-6.2 Astra "vivid", Claude Fable 5.2 "keen vigor", Gemini 4 Neon "vigor", Dharmamitra "vibrant").

When one is unhappy and intense clinging (zhen pa) such as anger, agitation or hatred arises in the mind, one does not abandon it as the śrāvakas do; one does not purify it with antidotes (gnyen po) as the bodhisattvas do; one does not transform it into primordial wisdom (ye shes) as in outer and inner mantra; one does not deliberately take up that very thing as some in the Mind Class (sems phyogs)[9]Note 9 · p. 519 · sems phyogs is rendered "Mind Class", as a synonym of sems sde. Dharmamitra's "wisdom" for ye shes, "attachments" for zhen pa and "abiding nature" for ngang are corrected to the glossary; gsal ba is "lucid", not "luminous" (Gemini 4 Neon, Dharmamitra). do; one does not look at its face as some do; one does not meditate within its state (ngang) as some do. Rather, when the unalloyed awareness (rig pa zang ka) of that moment is recognized, naked and clear, the unhappiness vanishes of itself and is gone, and awareness dawns lucid, in unobstructed transparency (zang thal), and supremely limpid. As the Heap of Jewels (Rin po che spungs pa) says:

"When the suffering of beings is experienced,

[p. 520] it is my bliss, arising naturally (rang shar).
If at that time bliss and suffering are indivisible,
my qualities (yon tan) are perfect in this."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

3 The sky-nail by which abandonment and antidote clear away in the ground through direct encounter གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར3 The sky-nail by which abandonment and antidote clear away in the ground through direct encounter
Cognitions of negation and affirmation are freed in the nature of phenomena merely by recognizing unalloyed awareness. The modes of freedom—primordial, natural, naked, total and instantaneous—are explained, with the Reverberation of Sound as support.

The sky-nail by which, because whatever appears is free upon direct encounter, what is to be abandoned and its antidote (spang gnyen) are cleared away in the ground (gzhi), is this:

In awareness without "is" or "is not," unconfined in any direction,
through direct encounter with appearances, with nothing here to fix upon (gtad med),[11]Note 11 · p. 520 · 'dir gtad med / 'dir gzung med / 'dir grol med: GPT-6.2 Astra and Gemini 4 Neon take 'dir as "as 'this'"; Dharmamitra drops it in the first two lines. I follow Claude Fable 5.2's uniform "nothing here to…", which keeps the threefold anaphora and the glossary's "with nothing to fix upon". The third could also be read "with no 'here' in which they are freed".
and by resting naturally in the state with nothing here to grasp,
negation and affirmation (dgag sgrub), with nothing here to be freed, vanish without a trace.
Experience (nyams myong) without grasping and clinging ('dzin zhen) bursts forth from within.
This itself, just as it is, is the expanse of enlightened intent (dgongs klong), primordially vast.

Whatever cognition of negation or affirmation arises toward the appearances of objects, one does not look at its face, does not meditate within its state, and does not search for the gap between.[12]Note 12 · p. 520 · bar mi btsal: "does not search for the gap between" (i.e. between thoughts), with GPT-6.2 Astra, Gemini 4 Neon and Dharmamitra. Claude Fable 5.2's "does not search in between" is also possible. Merely through the recognition of unalloyed awareness, it is free in the nature of phenomena. Moreover, since primordially there has been no bondage, it is given the conventional designation (tha snyad)[13]Note 13 · p. 520 · grol bar tha snyad btags: there is no tsam in the Tibetan, so "mere"/"merely" (GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra) is dropped. "free"; since the key point of the unalloyed is seen, it is free in the unalloyed; since the essence (ngo bo) of primordial purity (ye dag) is seen, it is free in primordial freedom (ye grol).[10]Note 10 · p. 520 · 'gro ba'i sdug bsngal myong ba'i tshe: kept impersonal ("is experienced"). GPT-6.2 Astra's "when you experience" and "in that very experience" add to the text.[14]Note 14 · p. 520 · The final clause is completed with du grol from the top of the next page ("it is free in primordial freedom"); the next part should begin at rang gzhag tu thad sor bzhag pas.

[p. 521] Since it is left right where it is, resting naturally, it is free in its own place.[16]Note 16 · p. 521 · grol ba is "freedom / free" throughout, per the glossary; Dharmamitra, GPT-6.2 Astra and Gemini 4 Neon have "liberation", which is reserved for thar pa. Since it vanishes nakedly right where it appears, it is free in naked freedom (cer grol). There is nothing that is not free: since it is realized to be groundless (gzhi med), it is free in total freedom (yongs grol). Since it is born free at the time it arises, it is free in the very instant of time. Whatever circumstantial appearances appear or arise, they do no harm to the yogin (rnal 'byor pa) of the Great Perfection[17]Note 17 · p. 521 · rang snang rdzogs pa chen po'i rnal 'byor pa: taken as one phrase, "the yogin of the Great Perfection of self-appearance" (Dharmamitra, Claude Fable 5.2, Gemini 4 Neon). GPT-6.2 Astra splits it ("for whom these are self-appearances"), which the syntax does not require. (rdzogs pa chen po) of self-appearance; this comes from having seen the key point and thereby having decisively resolved (la zlos pa) that there is nowhere to turn back from the nature of phenomena. The Reverberation of Sound (Thal 'gyur) states:

Furthermore, the nature of freedom is explained:[18]Note 18 · p. 521 · grol ba'i chos nyid in the first line of the Thal 'gyur quotation is rendered "the nature of freedom"; chos nyid here does not carry its technical sense "the nature of phenomena". dus kyis is instrumental, hence "freed by the moment itself", matching dus kyi skad cig mar grol in the prose.
Since it is free through the key point, effort and exertion are exhausted.
Since it is primordially free (ye nas grol ba), there is no need to repeat it.
Since it is naturally free, there is no antidote.
Because it is nakedly free, it vanishes right where it is seen.
Since it is totally free, it is pure by nature.
Since it is freed by the moment itself, there is no need for habituation.
Since it is free by nature, it is uncontrived (ma bcos).Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 77 % of the words.

4 The sky-nail of great joy, naturally free, securing intellect and things in transparency དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ4 The sky-nail of great joy, naturally free, securing intellect and things in transparency
Pleasant states of desire and delight are recognized as the limpid clarity of awareness and left resting just as they are, spontaneously present in original basic space (Heap of Jewels).

The sky-nail of great joy, naturally free,[15]Note 15 · p. 521 · The opening དུ་གྲོལ། completes the sentence already rendered at the end of the previous part ("it is free in primordial freedom") and is not translated again.

[p. 522] which secures the intellect (blo) and things[19]Note 19 · p. 522 · blo dngos: read as blo dang dngos po, "the intellect and things", i.e. the delighting mind and its pleasing objects (so Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon take dngos as "actual / itself" ("the actual mind"), which is also possible. "Things" rather than "substantial entities" because the abbreviation is uncertain. in unobstructed transparency, is as follows:

Likewise, the mind that desires and delights at heart—
toward success and happiness, friends, pleasant words and enjoyments,
and toward places and regions that are pleasing,
a mind adorned with natural joy arises.
By recognizing that very mind and resting just as it is, naturally settled,
it is uncontrived and spontaneously present (lhun gyis grub) in original basic space (gdod ma'i dbyings).

Whatever it may depend upon, at the time joy wells up[21]Note 21 · p. 522 · dga' yal gyis skye: yal gyis is taken adverbially, "wells up" (GPT-6.2 Astra, Claude Fable 5.2); Dharmamitra's "vividly" is unsupported. it is the limpid clarity of awareness;[20]Note 20 · p. 522 · rig pa'i dangs (and rang dwangs on p. 523): translated as written (dwangs), "limpid clarity", "natural limpidity". Both could be spellings of gdangs, "radiance" (so Gemini 4 Neon); the sense is close. one therefore rests without moving from the settled state in which the unalloyed has been recognized. The Heap of Jewels (Rin po che spungs pa) states:

When the recollections of the mental faculty appear outwardly,
that is my wisdom (shes rab), naturally pure (rang dag).
If there is no pursuing after this,
by this my sounds are heard.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 57 % of the words.

5 The sky-nail of neutral cognition freed in the nondual nature of phenomena རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར5 The sky-nail of neutral cognition freed in the nondual nature of phenomena
Neutral cognitions are freed by recognizing the unalloyed ground of arising, so appearances and movement are freed simultaneously, like a pack-load released; this is bewilderment freed in luminosity, beyond bondage and freedom (Pearl Garland).

The sky-nail by which the cognition that radiates out and gathers back in its natural resting place (rang mal) is free in the nondual (gnyis med) nature of phenomena is as follows:

In the natural, neutral state—going, sitting or idling[22]Note 22 · p. 522 · gyin 'dar gnas: "idling" (Claude Fable 5.2, Gemini 4 Neon). GPT-6.2 Astra omits it; Dharmamitra's "remaining indifferent" misses the sense.—
whatever, neither joy nor displeasure,

[p. 523] may arise,
by recognizing it when it arises, without abandoning or adopting (spang blang),[23]Note 23 · p. 523 · shar dus ngos gzung spang blang ma byas pas: the negation covers only spang blang, so the arising is recognized and neither abandoned nor adopted. Dharmamitra's "without identifying, accepting, or rejecting" wrongly negates the recognition.
the naturally settled nature of phenomena, with nothing to divide or exclude—
this is called "bewilderment (gti mug) free in great luminosity[24]Note 24 · p. 523 · gti mug: "bewilderment", per the glossary; all drafts have "delusion", which is reserved for 'khrul pa. ('od gsal)."

Whenever a cognition other than joy or displeasure arises, flickering hazily toward objects, one does not look at the place where it arises. By recognizing that unalloyed ground of arising ('char gzhi), outwardly appearances, without being abandoned, are free right in appearing, and inwardly movement ('gyu ba), without being abandoned, is free right in moving. That these are simultaneous is like the two halves of a pack-load coming free on either side at the same moment when the peg that fastens the pair[25]Note 25 · p. 523 · do phur / khal do gnyis: understood as the peg fastening the paired halves of a pack-load, which fall free to both sides at once when it is released. is released. That aspect, the freedom of neutral cognition, is called "bewilderment free in empty luminosity." When awareness's own face (rang ngo) has been seized in its nakedness, all its dynamic energy—everything whatsoever that appears as the display of its natural limpidity—has nowhere that it is not free. Since thinking and conceptual thought have not entered into the groundless, freedom in its own place primordially

[p. 524] abides as the nature of phenomena. In short, if it is held by the intellect, there is bondage; if it is let go, there is freedom.[26]Note 26 · p. 524 · ཐེངས་ན་གྲོལ: thengs gives no suitable sense; read as thongs / btang, "if it is let go", as all drafts do. Not being freed into anything at all[27]Note 27 · p. 524 · gang du'ang ma grol ba: "not being freed into anything at all" (Claude Fable 5.2, Gemini 4 Neon). Dharmamitra's "when there is no liberation" and GPT-6.2 Astra's "nowhere anything is freed" are looser. is called "beyond the extremes of bondage and freedom." The Pearl Garland (Mu tig phreng ba) states:

Through arising that has nothing determinate about it,[28]Note 28 · p. 524 · nges pa med pa'i 'byung ba: taken as "arising that has nothing determinate about it" (Claude Fable 5.2, Gemini 4 Neon), in contrast with nges par snang ba. Dharmamitra and GPT-6.2 Astra read "the elements", the glossary sense of 'byung ba, which is possible but fits the context of unfixed arising less well.
mind itself (sems nyid), which appears as determinate, is free.
All that appears as form
is free in the state without intrinsic nature (rang bzhin med pa).
The formless are free as substantial entities (dngos po).
While phenomena are freed by phenomena,
the nonexistent, too, is freed by nonexistence.
While the one is freed by the one,
in what appears as two, the two are free.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[29]Note 29 · p. 524 · gnyis su snang ba gnyis grol ba'o: there is no instrumental, so "the two are free", not "freed by duality" (Gemini 4 Neon).

6 The sky-nail of dream and sleep, in which bewilderment arises as luminosity གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར6 The sky-nail of dream and sleep, in which bewilderment arises as luminosity
Sleep is purified by the single key point of the nature of phenomena: in the lion's posture, attention on unalloyed cognition lets wind and mind enter the central channel, giving dreamless luminosity; dreams cease in three ways for best, middling and least practitioners (Reverberation of Sound).

The sky-nail of dream and sleep, in which bewilderment arises as luminosity, is as follows:

At night and at other times, even when one is intoxicated by sleep,
by lying down in the naturally settled state, free of projection and withdrawal,
coarse appearances subside, and so grasping at them subsides;
the subtle and the very subtle subside together with their grasping, and so,
in the evenly equal (phyam mnyam), nonconceptual (mi rtog pa) state, the mind of awareness[30]Note 30 · p. 524 · The final root verse is left incomplete at "the mind of awareness"; its predicate (rang bzhin gnas) follows on the next page.

[p. 525] abides naturally, free of emerging and entering and of hope and fear (re dogs).
Since this is the time when conceptualization (kun rtog) is freed (grol ba) in the basic space of phenomena (chos dbyings),
it is said that "saṃsāra ('khor ba) is freed into nirvāṇa (myang 'das)."

Sleep belongs to the level (sa) of bewilderment:[31]Note 31 · p. 525 · gti mug is "bewilderment" per the glossary throughout; Gemini 4 Neon, Claude Fable 5.2 and GPT-6.2 Astra have "delusion" and Dharmamitra "delusion/ignorance", which belong to 'khrul pa and ma rig pa. it sets in beyond one's control and draws the mind (sems) inward. Since the subtle karma (las) of dreams is accumulated as latent tendencies (bag la nyal), the way of taking it onto the path (lam) so as to purify that is taught. The elaborations (spros pa) of apprehending dreams,[32]Note 32 · p. 525 · spros pa rnams / spros pa med pa: rendered "elaborations" / "free of elaboration" rather than the glossary's "conceptual elaboration". The contrast here is between the elaborate dream-yoga methods taught elsewhere and the single unelaborate key point. training in them,[33]Note 33 · p. 525 · sbyang ba: "purify" for sleep and its latent karma (first and third occurrences), "training in them" for the dream-yoga step in the list. Claude Fable 5.2 and GPT-6.2 Astra have "training" for the third as well. transforming them, cutting them off and so forth are taught elsewhere. Here, purifying it by the single key point (gnad) of the nature of phenomena, free of elaboration, is as follows.

One adopts the lion's sleeping posture and directs one's attention, without distraction, to the essence of unalloyed cognition.[35]Note 35 · p. 525 · shes pa zang ka'i ngo bo: "the essence of unalloyed cognition" (zang ka construed with shes pa, as in Gemini 4 Neon and Claude Fable 5.2). Dharmamitra and GPT-6.2 Astra attach "naked/bare" to the essence. Sleep thereby gathers in conceptual thought (rtog pa)[34]Note 34 · p. 525 · gnyid kyi phyi yul la rtog pa bsdus: read as gnyid kyis ("sleep gathers in conceptual thought about external objects"), as all the drafts do. The genitive as printed gives no good sense. about external objects. When this has grown ever more subtle and one does not let oneself be distracted from that unceasing radiance, wind and mind (rlung sems) enter the central channel (dbu ma), and that nonconceptuality with regard to anything at all and the unobstructed transparency that has been identified blend together,

[p. 526] and since wind and mind do not radiate outward, one abides without dreams in the state of sole (nyag gcig) luminosity. When one has grown accustomed to this, the appearances of one's surroundings are seen and heard, yet the aspect of lucidity (gsal cha) that does not conceptualize them and nonconceptuality become a union, and together with naturally abiding (rang gnas) bliss, the three arise at once. This is the meaning of the statement in The Reverberation of Sound (Thal 'gyur):

Having gathered in body, speech and mind with certainty,
blend the great luminosity with sleep.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 100 % of the words.

The holy guru (bla ma) held this in the very highest regard. Moreover, dreams are at first many, and in the end they cease: for the best, they cease after being forgotten; for the middling, they cease after being extremely clear;[36]Note 36 · p. 526 · shin tu gsal ba / mi gsal, said of dreams: rendered "clear / unclear" rather than the glossary's "lucid", since "lucid dream" would suggest something else in English. for the least, they cease after being dreamed as virtuous. "Best," "middling" [and "least"] refer to how the keenness of the mental faculty (yid)[37]Note 37 · p. 526 · rab 'bring ni … yid gzhungs pa: taken as the mental faculty's keenness in the limpid clarity (dangs) at the point of falling asleep, in three degrees (with Dharmamitra and GPT-6.2 Astra). Claude Fable 5.2's "steady" is less apt for gzhungs. Adzom's dal for dang is an evident slip. in the limpid clarity on the verge of sleep functions in its best, middling and least degrees. That same tantra (rgyud) states:

For these, dreams are at first many.
For the best, they are forgotten and finally

Translation notes
  • 1. [p. 517] rnal gzhag is not in the glossary. I render it "resting in the genuine state" (with Claude Fable 5.2), because "natural state" is reserved for gnas lugs and "resting naturally" for rang gzhag; GPT-6.2 Astra, Gemini 4 Neon and Dharmamitra use "natural".
  • 2. [p. 517] gdams pa gces pa las: with GPT-6.2 Astra, Claude Fable 5.2, Gemini 4 Neon I read las as "from among" the cherished instructions, this sky-nail being the first of several in the chapter. Dharmamitra's "there is the vital instruction … Among these" makes two sentences of one.
  • 3. [p. 518] rang sa: all drafts have "ground" (Dharmamitra "the naked ground"). Corrected to "its own place", since "ground" is reserved for gzhi; rjen par is adverbial with zin ("nakedly takes hold").
  • 4. [p. 518] cer gzhag: Gemini 4 Neon "gazing directly" and Dharmamitra "resting in naked clarity" over-interpret; I follow the glossary, "resting nakedly". Likewise chos nyid is "the nature of phenomena", not "reality itself" (Gemini 4 Neon).
  • 5. [p. 518] dor bya'i sems: Claude Fable 5.2 takes it as "states of mind to be rejected", a heading for the list that follows. With GPT-6.2 Astra, Gemini 4 Neon and Dharmamitra I read mi 'dod thog tu bab la as its object: the mind that regards what has befallen as something to be cast off, which the list then spells out. Both readings are grammatically possible.
  • 6. [p. 518] skyo ba'i yid byung na tsha sdug bsngal sems: read as three items (dejection, illness, a suffering mind), with Claude Fable 5.2 and Gemini 4 Neon. Dharmamitra's "despondency born of grief, a mind afflicted by illness and pain" fuses them.
  • 7. [p. 519] rjes med rang yal: Claude Fable 5.2 and Dharmamitra make "traceless, self-vanishing" attributes of the mind that dawns. With GPT-6.2 Astra and Gemini 4 Neon I take the adverse states as what vanishes, as the commentary says (mi dga' ba rang yal la song nas, rig pa … 'char).
  • 8. [p. 519] ngar dang bcas pa: the sharp, keen edge of awareness; rendered "with all its keenness" (GPT-6.2 Astra "vivid", Claude Fable 5.2 "keen vigor", Gemini 4 Neon "vigor", Dharmamitra "vibrant").
  • 9. [p. 519] sems phyogs is rendered "Mind Class", as a synonym of sems sde. Dharmamitra's "wisdom" for ye shes, "attachments" for zhen pa and "abiding nature" for ngang are corrected to the glossary; gsal ba is "lucid", not "luminous" (Gemini 4 Neon, Dharmamitra).
  • 10. [p. 520] 'gro ba'i sdug bsngal myong ba'i tshe: kept impersonal ("is experienced"). GPT-6.2 Astra's "when you experience" and "in that very experience" add to the text.
  • 11. [p. 520] 'dir gtad med / 'dir gzung med / 'dir grol med: GPT-6.2 Astra and Gemini 4 Neon take 'dir as "as 'this'"; Dharmamitra drops it in the first two lines. I follow Claude Fable 5.2's uniform "nothing here to…", which keeps the threefold anaphora and the glossary's "with nothing to fix upon". The third could also be read "with no 'here' in which they are freed".
  • 12. [p. 520] bar mi btsal: "does not search for the gap between" (i.e. between thoughts), with GPT-6.2 Astra, Gemini 4 Neon and Dharmamitra. Claude Fable 5.2's "does not search in between" is also possible.
  • 13. [p. 520] grol bar tha snyad btags: there is no tsam in the Tibetan, so "mere"/"merely" (GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra) is dropped.
  • 14. [p. 520] The final clause is completed with du grol from the top of the next page ("it is free in primordial freedom"); the next part should begin at rang gzhag tu thad sor bzhag pas.
  • 15. [p. 521] The opening དུ་གྲོལ། completes the sentence already rendered at the end of the previous part ("it is free in primordial freedom") and is not translated again.
  • 16. [p. 521] grol ba is "freedom / free" throughout, per the glossary; Dharmamitra, GPT-6.2 Astra and Gemini 4 Neon have "liberation", which is reserved for thar pa.
  • 17. [p. 521] rang snang rdzogs pa chen po'i rnal 'byor pa: taken as one phrase, "the yogin of the Great Perfection of self-appearance" (Dharmamitra, Claude Fable 5.2, Gemini 4 Neon). GPT-6.2 Astra splits it ("for whom these are self-appearances"), which the syntax does not require.
  • 18. [p. 521] grol ba'i chos nyid in the first line of the Thal 'gyur quotation is rendered "the nature of freedom"; chos nyid here does not carry its technical sense "the nature of phenomena". dus kyis is instrumental, hence "freed by the moment itself", matching dus kyi skad cig mar grol in the prose.
  • 19. [p. 522] blo dngos: read as blo dang dngos po, "the intellect and things", i.e. the delighting mind and its pleasing objects (so Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon take dngos as "actual / itself" ("the actual mind"), which is also possible. "Things" rather than "substantial entities" because the abbreviation is uncertain.
  • 20. [p. 522] rig pa'i dangs (and rang dwangs on p. 523): translated as written (dwangs), "limpid clarity", "natural limpidity". Both could be spellings of gdangs, "radiance" (so Gemini 4 Neon); the sense is close.
  • 21. [p. 522] dga' yal gyis skye: yal gyis is taken adverbially, "wells up" (GPT-6.2 Astra, Claude Fable 5.2); Dharmamitra's "vividly" is unsupported.
  • 22. [p. 522] gyin 'dar gnas: "idling" (Claude Fable 5.2, Gemini 4 Neon). GPT-6.2 Astra omits it; Dharmamitra's "remaining indifferent" misses the sense.
  • 23. [p. 523] shar dus ngos gzung spang blang ma byas pas: the negation covers only spang blang, so the arising is recognized and neither abandoned nor adopted. Dharmamitra's "without identifying, accepting, or rejecting" wrongly negates the recognition.
  • 24. [p. 523] gti mug: "bewilderment", per the glossary; all drafts have "delusion", which is reserved for 'khrul pa.
  • 25. [p. 523] do phur / khal do gnyis: understood as the peg fastening the paired halves of a pack-load, which fall free to both sides at once when it is released.
  • 26. [p. 524] ཐེངས་ན་གྲོལ: thengs gives no suitable sense; read as thongs / btang, "if it is let go", as all drafts do.
  • 27. [p. 524] gang du'ang ma grol ba: "not being freed into anything at all" (Claude Fable 5.2, Gemini 4 Neon). Dharmamitra's "when there is no liberation" and GPT-6.2 Astra's "nowhere anything is freed" are looser.
  • 28. [p. 524] nges pa med pa'i 'byung ba: taken as "arising that has nothing determinate about it" (Claude Fable 5.2, Gemini 4 Neon), in contrast with nges par snang ba. Dharmamitra and GPT-6.2 Astra read "the elements", the glossary sense of 'byung ba, which is possible but fits the context of unfixed arising less well.
  • 29. [p. 524] gnyis su snang ba gnyis grol ba'o: there is no instrumental, so "the two are free", not "freed by duality" (Gemini 4 Neon).
  • 30. [p. 524] The final root verse is left incomplete at "the mind of awareness"; its predicate (rang bzhin gnas) follows on the next page.
  • 31. [p. 525] gti mug is "bewilderment" per the glossary throughout; Gemini 4 Neon, Claude Fable 5.2 and GPT-6.2 Astra have "delusion" and Dharmamitra "delusion/ignorance", which belong to 'khrul pa and ma rig pa.
  • 32. [p. 525] spros pa rnams / spros pa med pa: rendered "elaborations" / "free of elaboration" rather than the glossary's "conceptual elaboration". The contrast here is between the elaborate dream-yoga methods taught elsewhere and the single unelaborate key point.
  • 33. [p. 525] sbyang ba: "purify" for sleep and its latent karma (first and third occurrences), "training in them" for the dream-yoga step in the list. Claude Fable 5.2 and GPT-6.2 Astra have "training" for the third as well.
  • 34. [p. 525] gnyid kyi phyi yul la rtog pa bsdus: read as gnyid kyis ("sleep gathers in conceptual thought about external objects"), as all the drafts do. The genitive as printed gives no good sense.
  • 35. [p. 525] shes pa zang ka'i ngo bo: "the essence of unalloyed cognition" (zang ka construed with shes pa, as in Gemini 4 Neon and Claude Fable 5.2). Dharmamitra and GPT-6.2 Astra attach "naked/bare" to the essence.
  • 36. [p. 526] shin tu gsal ba / mi gsal, said of dreams: rendered "clear / unclear" rather than the glossary's "lucid", since "lucid dream" would suggest something else in English.
  • 37. [p. 526] rab 'bring ni … yid gzhungs pa: taken as the mental faculty's keenness in the limpid clarity (dangs) at the point of falling asleep, in three degrees (with Dharmamitra and GPT-6.2 Astra). Claude Fable 5.2's "steady" is less apt for gzhungs. Adzom's dal for dang is an evident slip.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 517]
དེ་ལྟར་དགོངས་པ་རྣལ་གཞག་ཆེན་པོར་བསྟན་པའི་གྲོགས་སུ་རྐྱེན་སྣང་རང་ཡལ་དག་པའི་གདམས་པ་གཅེས་པ་ལས། ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ་ནི། ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས་གཅིག་ལ། །གཉིས་

Enlightened intent (dgongs pa) has thus been shown to be the great resting in the genuine state[1]Note 1 · p. 517 · rnal gzhag is not in the glossary. I render it "resting in the genuine state" (with Claude Fable 5.2), because "natural state" is reserved for gnas lugs and "resting naturally" for rang gzhag; GPT-6.2 Astra, Gemini 4 Neon and Dharmamitra use "natural". (rnal gzhag chen po). As an aid to that, from among the cherished oral instructions[2]Note 2 · p. 517 · gdams pa gces pa las: with GPT-6.2 Astra, Claude Fable 5.2, Gemini 4 Neon I read las as "from among" the cherished instructions, this sky-nail being the first of several in the chapter. Dharmamitra's "there is the vital instruction … Among these" makes two sentences of one. on the purity of circumstantial appearances (rkyen snang), which vanish of themselves (rang yal),

1 The great sky-nail of freedom in its own place upon direct encounter ཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་ཆེན་པོ1 The great sky-nail of freedom in its own place upon direct encounter
Presented as an aid to resting in the genuine state, the chapter opens its instructions on circumstantial appearances. Where object and cognition meet, one recognizes unalloyed cognition and, by resting just as it is, nakedly or naturally, takes hold of the dharmakāya's own place (Garland of Pearls).

the great sky-nail (gnam gzer) of freedom in its own place (rang sar grol ba) upon direct encounter (thug phrad) is this:

In the one awakened mind (byang chub sems), where everything is equal to space,

[p. 518]
སུ་གཟུང་བས་རྒྱུ་འབྲས་སྲིད་པར་འཁྲུལ། །འཁྲུལ་སྣང་རྟེན་མེད་སྒྱུ་མའི་སྣང་བ་ལ། །ཐུག་ཕྲད་རྗེས་མེད་རྩིས་གདབ་བྲལ་བར་སྐྱོངས། །ཡུལ་ཤེས་ཐུག་ཕྲད་དུ་འཛོམ་པ་དེར་རང་གཞག་ཟང་ཀའི་ཤེས་པ་ངོས་བཟུང་སྟེ། དེ་ཡང་སྔར་སྨོས་པ་བཞིན། ཅོག་གཞག་གམ། ཅེར་གཞག་གམ། རང་གཞག་ཏུ་བཏང་བས། རང་གྲོལ་ཆོས་སྐུའི་རང་ས་རྗེན་པར་ཟིན་ཏེ། མུ་ཏིག་ཕྲེང་བ་ལས། མི་འགྱུར་ཆོས་ཉིད་རབ་ཏུ་བརྟན།
།རང་སྣང་རང་གྲོལ་རང་གི་ཡལ།
།རང་བཞིན་རང་དག་རང་གི་གདངས།
།ཅོག་གཞག་ཅེར་གཞག་རང་གཞག་གོ།
།ཞེས་སོ། །རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར་ནི། མི་འདོད་ཐོག་ཏུ་བབ་ལ་དོར་བྱའི་སེམས། །ཁྲོ་དང་མི་དགའ་ཕྲག་དོག་འཁྲུག་དང་འཚིག །སྐྱོ་བའི་ཡིད་བྱུང་ན་ཚ་སྡུག་བསྔལ་སེམས། །འཆི་དང་སྐྱེ་བའི་འཇིགས་ལ་སོགས་པ་སྟེ། །རྩལ་ལས་

by grasping it as two, one is deluded into conditioned existence (srid pa), with its cause and effect.
Toward deluded appearances ('khrul snang), illusory appearances that have no support,
sustain the direct encounter, traceless and free of all reckoning.

Right where object and cognition (shes pa) come together in direct encounter, recognize the cognition that rests naturally (rang gzhag), unalloyed (zang ka). That is, as was explained earlier, by letting it be in resting just as it is (cog gzhag), or resting nakedly (cer gzhag),[4]Note 4 · p. 518 · cer gzhag: Gemini 4 Neon "gazing directly" and Dharmamitra "resting in naked clarity" over-interpret; I follow the glossary, "resting nakedly". Likewise chos nyid is "the nature of phenomena", not "reality itself" (Gemini 4 Neon). or resting naturally, one nakedly takes hold of the naturally free (rang grol) dharmakāya's own place (rang sa).[3]Note 3 · p. 518 · rang sa: all drafts have "ground" (Dharmamitra "the naked ground"). Corrected to "its own place", since "ground" is reserved for gzhi; rjen par is adverbial with zin ("nakedly takes hold"). As the Garland of Pearls (Mu tig phreng ba) says:

"The unchanging nature of phenomena (chos nyid) is utterly stable.
Self-appearance (rang snang), naturally free, vanishes of itself.
Its nature, naturally pure, is its own radiance (gdangs).
This is resting just as it is, resting nakedly, resting naturally."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2 The sky-nail showing adverse circumstances to be training in awareness's dynamic energy རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར2 The sky-nail showing adverse circumstances to be training in awareness's dynamic energy
Unwanted states such as anger, sorrow, illness and fear are recognized as display of awareness's energy; unlike the approaches of śrāvakas, bodhisattvas, mantra or Mind Class, one neither abandons, purifies, transforms nor meditates on them, and they vanish as awareness dawns limpid.

The sky-nail that shows adverse circumstances to be training in the dynamic energy (rtsal) of awareness (rig pa) is this:

Toward the unwanted that befalls you, the mind that would cast it off[5]Note 5 · p. 518 · dor bya'i sems: Claude Fable 5.2 takes it as "states of mind to be rejected", a heading for the list that follows. With GPT-6.2 Astra, Gemini 4 Neon and Dharmamitra I read mi 'dod thog tu bab la as its object: the mind that regards what has befallen as something to be cast off, which the list then spells out. Both readings are grammatically possible.—
anger and unhappiness, jealousy, agitation and vexation,
weary dejection, illness, a mind in suffering,[6]Note 6 · p. 518 · skyo ba'i yid byung na tsha sdug bsngal sems: read as three items (dejection, illness, a suffering mind), with Claude Fable 5.2 and Gemini 4 Neon. Dharmamitra's "despondency born of grief, a mind afflicted by illness and pain" fuses them.
the fear of death and of birth, and the like:

[p. 519]
རོལ་པར་ཤར་དུས་ངོས་བཟུང་ལ། །མི་སྤོང་མི་ལེན་མི་སྦྱང་མི་བསྒྱུར་ཞིང༌། །མི་ལྟ་མི་བསྒོམ་རང་བབས་ཕྱམ་གཅིག་ཏུ། །དམིགས་པའི་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །རྗེས་མེད་རང་ཡལ་མཁའ་ཀློང་དག་པའི་སེམས། །གསལ་དངས་ངར་དང་བཅས་པ་ཁོང་ནས་འཆར། །མི་དགའ་ཞིང་སེམས་ལ་ཁྲོ་བ་དང་འཁྲུག་པ་དང་ཞེ་སྡང་ལ་སོགས་པ་ཞེན་པ་དྲག་པོ་སྐྱེ་དུས། ཉན་ཐོས་ལྟར་མི་སྤོང༌། བྱང་སེམས་ལྟར་གཉེན་པོས་མི་སྦྱོང༌། སྔགས་ཕྱི་ནང་ལྟར་ཡེ་ཤེས་སུ་མི་བསྒྱུར། སེམས་ཕྱོགས་ཁ་ཅིག་ལྟར་དེ་ཉིད་ལ་ཆེད་དུ་མི་ལེན། ཁ་ཅིག་ལྟར་ངོ་ལ་མི་ལྟ། ཁ་ཅིག་ལྟར་ངང་ལ་མི་བསྒོམ་པར། དེ་དུས་ཀྱི་རིག་པ་ཟང་ཀ་དེ་རྗེན་སངས་སུ་ངོས་བཟུང་བས། མི་དགའ་བ་རང་ཡལ་ལ་སོང་ནས། རིག་པ་གསལ་བ་ཟང་ཐལ་དངས་ཆེ་བར་འཆར་བའོ། །རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་

when these arise as display (rol pa) from dynamic energy, recognize them.
Do not abandon them or take them up, do not purify or transform them,
do not look at them or meditate on them. Naturally settled (rang babs), in single evenness (phyam gcig),
rest spontaneously, free of the projection and withdrawal (spro bsdu) of reference points (dmigs pa).
They vanish of themselves without a trace,[7]Note 7 · p. 519 · rjes med rang yal: Claude Fable 5.2 and Dharmamitra make "traceless, self-vanishing" attributes of the mind that dawns. With GPT-6.2 Astra and Gemini 4 Neon I take the adverse states as what vanishes, as the commentary says (mi dga' ba rang yal la song nas, rig pa … 'char). and mind, pure as the expanse of space,
dawns from within, lucid and limpid, with all its keenness.[8]Note 8 · p. 519 · ngar dang bcas pa: the sharp, keen edge of awareness; rendered "with all its keenness" (GPT-6.2 Astra "vivid", Claude Fable 5.2 "keen vigor", Gemini 4 Neon "vigor", Dharmamitra "vibrant").

When one is unhappy and intense clinging (zhen pa) such as anger, agitation or hatred arises in the mind, one does not abandon it as the śrāvakas do; one does not purify it with antidotes (gnyen po) as the bodhisattvas do; one does not transform it into primordial wisdom (ye shes) as in outer and inner mantra; one does not deliberately take up that very thing as some in the Mind Class (sems phyogs)[9]Note 9 · p. 519 · sems phyogs is rendered "Mind Class", as a synonym of sems sde. Dharmamitra's "wisdom" for ye shes, "attachments" for zhen pa and "abiding nature" for ngang are corrected to the glossary; gsal ba is "lucid", not "luminous" (Gemini 4 Neon, Dharmamitra). do; one does not look at its face as some do; one does not meditate within its state (ngang) as some do. Rather, when the unalloyed awareness (rig pa zang ka) of that moment is recognized, naked and clear, the unhappiness vanishes of itself and is gone, and awareness dawns lucid, in unobstructed transparency (zang thal), and supremely limpid. As the Heap of Jewels (Rin po che spungs pa) says:

"When the suffering of beings is experienced,

[p. 520]
བའི་ཚེ།
།ང་ཡི་བདེ་བ་རང་ཤར་ཡིན།
།དེ་དུས་བདེ་སྡུག་དབྱེར་མེད་ན།
།ང་ཡི་ཡོན་ཏན་འདི་ལ་རྫོགས།
།ཞེས་སོ། །གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར་ནི། ཡིན་མིན་མེད་པའི་རིག་པ་ཕྱོགས་ཡན་ལ། །འདིར་གཏད་མེད་པའི་སྣང་བ་ཐུག་ཕྲད་ཀྱིས།
།འདིར་གཟུང་མེད་པའི་ངང་ལ་རང་བཞག་པས།
།འདིར་གྲོལ་མེད་པའི་དགག་སྒྲུབ་རྗེས་མེད་ཡལ།
།འཛིན་ཞེན་མེད་པའི་ཉམས་མྱོང་ཁོང་རྡོལ་འབྱུང༌།
།འདི་ཉིད་ཇི་བཞིན་དགོངས་ཀློང་ཡེ་ནས་ཡངས།
།ཡུལ་སྣང་ལ་དགག་སྒྲུབ་ཀྱི་ཤེས་པ་ཅི་བྱུང་ཡང་ངོ་མི་ལྟ། ངང་མི་བསྒོམ། བར་མི་བཙལ་བར། རིག་པ་ཟང་ཀ་ངོས་ཟིན་པ་ཙམ་གྱིས་ཆོས་ཉིད་དུ་གྲོལ་བ་སྟེ། དེ་ཡང་ཡེ་ནས་བཅིངས་པ་མེད་པས་གྲོལ་བར་ཐ་སྙད་བཏགས་ལ། ཟང་ཀའི་གནད་མཐོང་བས་ཟང་ཀར་གྲོལ། ཡེ་དག་གི་ངོ་བོ་མཐོང་བས་ཡེ་གྲོལ་

it is my bliss, arising naturally (rang shar).
If at that time bliss and suffering are indivisible,
my qualities (yon tan) are perfect in this."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

3 The sky-nail by which abandonment and antidote clear away in the ground through direct encounter གང་སྣང་ཐུག་ཕྲད་དུ་གྲོལ་བས་སྤང་གཉེན་གཞི་ལ་སངས་པའི་གནམ་གཟེར3 The sky-nail by which abandonment and antidote clear away in the ground through direct encounter
Cognitions of negation and affirmation are freed in the nature of phenomena merely by recognizing unalloyed awareness. The modes of freedom—primordial, natural, naked, total and instantaneous—are explained, with the Reverberation of Sound as support.

The sky-nail by which, because whatever appears is free upon direct encounter, what is to be abandoned and its antidote (spang gnyen) are cleared away in the ground (gzhi), is this:

In awareness without "is" or "is not," unconfined in any direction,
through direct encounter with appearances, with nothing here to fix upon (gtad med),[11]Note 11 · p. 520 · 'dir gtad med / 'dir gzung med / 'dir grol med: GPT-6.2 Astra and Gemini 4 Neon take 'dir as "as 'this'"; Dharmamitra drops it in the first two lines. I follow Claude Fable 5.2's uniform "nothing here to…", which keeps the threefold anaphora and the glossary's "with nothing to fix upon". The third could also be read "with no 'here' in which they are freed".
and by resting naturally in the state with nothing here to grasp,
negation and affirmation (dgag sgrub), with nothing here to be freed, vanish without a trace.
Experience (nyams myong) without grasping and clinging ('dzin zhen) bursts forth from within.
This itself, just as it is, is the expanse of enlightened intent (dgongs klong), primordially vast.

Whatever cognition of negation or affirmation arises toward the appearances of objects, one does not look at its face, does not meditate within its state, and does not search for the gap between.[12]Note 12 · p. 520 · bar mi btsal: "does not search for the gap between" (i.e. between thoughts), with GPT-6.2 Astra, Gemini 4 Neon and Dharmamitra. Claude Fable 5.2's "does not search in between" is also possible. Merely through the recognition of unalloyed awareness, it is free in the nature of phenomena. Moreover, since primordially there has been no bondage, it is given the conventional designation (tha snyad)[13]Note 13 · p. 520 · grol bar tha snyad btags: there is no tsam in the Tibetan, so "mere"/"merely" (GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra) is dropped. "free"; since the key point of the unalloyed is seen, it is free in the unalloyed; since the essence (ngo bo) of primordial purity (ye dag) is seen, it is free in primordial freedom (ye grol).[10]Note 10 · p. 520 · 'gro ba'i sdug bsngal myong ba'i tshe: kept impersonal ("is experienced"). GPT-6.2 Astra's "when you experience" and "in that very experience" add to the text.[14]Note 14 · p. 520 · The final clause is completed with du grol from the top of the next page ("it is free in primordial freedom"); the next part should begin at rang gzhag tu thad sor bzhag pas.

[p. 521]
དུ་གྲོལ། རང་གཞག་ཏུ་ཐད་སོར་བཞག་པས་རང་སར་གྲོལ། སྣང་སར་ཅེར་གྱིས་ཡལ་བས་ཅེར་གྲོལ་དུ་གྲོལ། མ་གྲོལ་བ་མེད་དེ་གཞི་མེད་དུ་རྟོགས་པས་ཡོངས་གྲོལ་དུ་གྲོལ། འཆར་དུས་གྲོལ་བར་སྐྱེས་པས་དུས་ཀྱི་སྐད་ཅིག་མར་གྲོལ་ཏེ། རྐྱེན་སྣང་ཅི་སྣང་ཅི་ཤར་ཡང་རང་སྣང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་གནོད་པ་མེད་པ་ནི་གནད་མཐོང་བས་ཆོས་ཉིད་ལས་ཟློག་ས་མེད་པར་ལ་ཟློས་པ་ལས་བྱུང་བ་སྟེ། ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་བཤད།
གནད་ཀྱིས་གྲོལ་བས་འབད་རྩོལ་ཟད།
།ཡེ་ནས་གྲོལ་བས་བསྐྱར་མི་དགོས།
།རང་གྲོལ་ཡིན་པས་གཉེན་པོ་མེད།
།ཅེར་གྲོལ་ཡིན་ཕྱིར་མཐོང་སར་ཡལ།
།ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་གོམས་མི་དགོས།
།རང་བཞིན་གྲོལ་བས་མ་བཅོས་པའོ།
།ཞེས་སོ། །དགའ་ཆེན་རང་གྲོལ་གྱི་གནམ་

Since it is left right where it is, resting naturally, it is free in its own place.[16]Note 16 · p. 521 · grol ba is "freedom / free" throughout, per the glossary; Dharmamitra, GPT-6.2 Astra and Gemini 4 Neon have "liberation", which is reserved for thar pa. Since it vanishes nakedly right where it appears, it is free in naked freedom (cer grol). There is nothing that is not free: since it is realized to be groundless (gzhi med), it is free in total freedom (yongs grol). Since it is born free at the time it arises, it is free in the very instant of time. Whatever circumstantial appearances appear or arise, they do no harm to the yogin (rnal 'byor pa) of the Great Perfection[17]Note 17 · p. 521 · rang snang rdzogs pa chen po'i rnal 'byor pa: taken as one phrase, "the yogin of the Great Perfection of self-appearance" (Dharmamitra, Claude Fable 5.2, Gemini 4 Neon). GPT-6.2 Astra splits it ("for whom these are self-appearances"), which the syntax does not require. (rdzogs pa chen po) of self-appearance; this comes from having seen the key point and thereby having decisively resolved (la zlos pa) that there is nowhere to turn back from the nature of phenomena. The Reverberation of Sound (Thal 'gyur) states:

Furthermore, the nature of freedom is explained:[18]Note 18 · p. 521 · grol ba'i chos nyid in the first line of the Thal 'gyur quotation is rendered "the nature of freedom"; chos nyid here does not carry its technical sense "the nature of phenomena". dus kyis is instrumental, hence "freed by the moment itself", matching dus kyi skad cig mar grol in the prose.
Since it is free through the key point, effort and exertion are exhausted.
Since it is primordially free (ye nas grol ba), there is no need to repeat it.
Since it is naturally free, there is no antidote.
Because it is nakedly free, it vanishes right where it is seen.
Since it is totally free, it is pure by nature.
Since it is freed by the moment itself, there is no need for habituation.
Since it is free by nature, it is uncontrived (ma bcos).Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 77 % of the words.

4 The sky-nail of great joy, naturally free, securing intellect and things in transparency དགའ་ཆེན་རང་གྲོལ་གྱི་གནམ་གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ4 The sky-nail of great joy, naturally free, securing intellect and things in transparency
Pleasant states of desire and delight are recognized as the limpid clarity of awareness and left resting just as they are, spontaneously present in original basic space (Heap of Jewels).

The sky-nail of great joy, naturally free,[15]Note 15 · p. 521 · The opening དུ་གྲོལ། completes the sentence already rendered at the end of the previous part ("it is free in primordial freedom") and is not translated again.

[p. 522]
གཟེར་བློ་དངོས་ཟང་ཐལ་དུ་བསྡམ་པ་ནི། དེ་བཞིན་འདོད་ཅིང་ཡིད་ལ་དགའ་བའི་སེམས། །གྲུབ་བདེ་གཉེན་དང་གཏམ་སྙན་ལོངས་སྤྱོད་དང༌།
།གནས་དང་ཕྱོགས་ནི་ཡིད་དུ་འོང་བ་དེར།
།རང་བཞིན་དགའ་བས་བརྒྱན་པའི་སེམས་ཤར་བ།
།དེ་ཉིད་ངོས་གཟུང་རང་བབས་ཅོག་གཞག་གིས།
།གདོད་མའི་དབྱིངས་སུ་མ་བཅོས་ལྷུན་གྱིས་གྲུབ།
།གང་ལ་བརྟེན་ནས་དགའ་ཡལ་གྱིས་སྐྱེ་དུས་རིག་པའི་དངས་ཡིན་པས་ཟང་ཀ་ངོས་གཟུང་བའི་བབས་ལས་མ་གཡོས་པར་བཞག་སྟེ། རིན་པོ་ཆེ་སྤུངས་པ་ལས། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ།
།ང་ཡི་ཤེས་རབ་རང་དག་ཡིན།
།འདི་ལ་རྗེས་སུ་གཅོད་མེད་ན།
།ང་ཡི་སྒྲ་རྣམས་འདི་ཡིས་ཐོས།
།ཞེས་སོ། །རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར་ནི། རང་བཞིན་བར་མ་འགྲོ་འདུག་གྱིན་འདར་གནས། །དགའ་དང་མི་དགའ་གཉིས་མིན་ཅི་

which secures the intellect (blo) and things[19]Note 19 · p. 522 · blo dngos: read as blo dang dngos po, "the intellect and things", i.e. the delighting mind and its pleasing objects (so Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon take dngos as "actual / itself" ("the actual mind"), which is also possible. "Things" rather than "substantial entities" because the abbreviation is uncertain. in unobstructed transparency, is as follows:

Likewise, the mind that desires and delights at heart—
toward success and happiness, friends, pleasant words and enjoyments,
and toward places and regions that are pleasing,
a mind adorned with natural joy arises.
By recognizing that very mind and resting just as it is, naturally settled,
it is uncontrived and spontaneously present (lhun gyis grub) in original basic space (gdod ma'i dbyings).

Whatever it may depend upon, at the time joy wells up[21]Note 21 · p. 522 · dga' yal gyis skye: yal gyis is taken adverbially, "wells up" (GPT-6.2 Astra, Claude Fable 5.2); Dharmamitra's "vividly" is unsupported. it is the limpid clarity of awareness;[20]Note 20 · p. 522 · rig pa'i dangs (and rang dwangs on p. 523): translated as written (dwangs), "limpid clarity", "natural limpidity". Both could be spellings of gdangs, "radiance" (so Gemini 4 Neon); the sense is close. one therefore rests without moving from the settled state in which the unalloyed has been recognized. The Heap of Jewels (Rin po che spungs pa) states:

When the recollections of the mental faculty appear outwardly,
that is my wisdom (shes rab), naturally pure (rang dag).
If there is no pursuing after this,
by this my sounds are heard.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 57 % of the words.

5 The sky-nail of neutral cognition freed in the nondual nature of phenomena རང་མལ་འཕྲོ་འདུའི་ཤེས་པ་གཉིས་མེད་ཆོས་ཉིད་དུ་གྲོལ་བའི་གནམ་གཟེར5 The sky-nail of neutral cognition freed in the nondual nature of phenomena
Neutral cognitions are freed by recognizing the unalloyed ground of arising, so appearances and movement are freed simultaneously, like a pack-load released; this is bewilderment freed in luminosity, beyond bondage and freedom (Pearl Garland).

The sky-nail by which the cognition that radiates out and gathers back in its natural resting place (rang mal) is free in the nondual (gnyis med) nature of phenomena is as follows:

In the natural, neutral state—going, sitting or idling[22]Note 22 · p. 522 · gyin 'dar gnas: "idling" (Claude Fable 5.2, Gemini 4 Neon). GPT-6.2 Astra omits it; Dharmamitra's "remaining indifferent" misses the sense.—
whatever, neither joy nor displeasure,

[p. 523]
ཤར་ཡང༌། །ཤར་དུས་ངོས་གཟུང་སྤང་བླང་མ་བྱས་པས། །རང་བབས་ཆོས་ཉིད་དབྱེ་བསལ་མེད་པ་ནི། །གཏི་མུག་འོད་གསལ་ཆེན་པོར་གྲོལ་ཞེས་བྱ། །དགའ་བ་དང་མི་དགའ་བ་གཉིས་ལས་གཞན་པའི་ཤེས་པ་ཡུལ་ལ་ཡལ་ཡུལ་འཆར་ཚད་ཀྱི་དུས་སུ། །འཆར་ས་དེར་མི་ལྟ་བར། འཆར་གཞི་ཟང་ཀ་དེ་ངོས་བཟུང་བས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་དང༌། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་དུས་མཉམ་པ་ནི། དོ་ཕུར་བཀྲོལ་པས་ཁལ་དོ་གཉིས་ཕྱོགས་གཉིས་སུ་དུས་མཉམ་ལ་གྲོལ་བ་བཞིན་ནོ། །བར་མའི་ཤེས་པ་གྲོལ་བའི་ཆ་དེ་ལ་གཏི་མུག་འོད་གསལ་སྟོང་པར་གྲོལ་བ་ཞེས་བྱའོ། །རིག་པ་རང་ངོ་རྗེན་པར་ཟིན་དུས་དེའི་རྩལ་ཐམས་ཅད་རང་དྭངས་རོལ་པར་སྣང་ངོ་ཅོག་མི་གྲོལ་བའི་ས་མེད་དེ། གཞི་མེད་ལ་བསམ་རྟོག་མ་ཞུགས་པས་རང་སར་གྲོལ་བ་ཆོས་ཉིད་དུ་ཡེ་ནས་

may arise,
by recognizing it when it arises, without abandoning or adopting (spang blang),[23]Note 23 · p. 523 · shar dus ngos gzung spang blang ma byas pas: the negation covers only spang blang, so the arising is recognized and neither abandoned nor adopted. Dharmamitra's "without identifying, accepting, or rejecting" wrongly negates the recognition.
the naturally settled nature of phenomena, with nothing to divide or exclude—
this is called "bewilderment (gti mug) free in great luminosity[24]Note 24 · p. 523 · gti mug: "bewilderment", per the glossary; all drafts have "delusion", which is reserved for 'khrul pa. ('od gsal)."

Whenever a cognition other than joy or displeasure arises, flickering hazily toward objects, one does not look at the place where it arises. By recognizing that unalloyed ground of arising ('char gzhi), outwardly appearances, without being abandoned, are free right in appearing, and inwardly movement ('gyu ba), without being abandoned, is free right in moving. That these are simultaneous is like the two halves of a pack-load coming free on either side at the same moment when the peg that fastens the pair[25]Note 25 · p. 523 · do phur / khal do gnyis: understood as the peg fastening the paired halves of a pack-load, which fall free to both sides at once when it is released. is released. That aspect, the freedom of neutral cognition, is called "bewilderment free in empty luminosity." When awareness's own face (rang ngo) has been seized in its nakedness, all its dynamic energy—everything whatsoever that appears as the display of its natural limpidity—has nowhere that it is not free. Since thinking and conceptual thought have not entered into the groundless, freedom in its own place primordially

[p. 524]
གནས་པའོ། །མདོར་ན་བློས་བཟུང་ན་འཆིང༌། །ཐེངས་ན་གྲོལ། གང་དུའང་མ་གྲོལ་བ་འཆིང་གྲོལ་གྱི་མཐའ་ལས་འདས་པ་ཞེས་བྱའོ། །མུ་ཏིག་ཕྲེང་བ་ལས། ངེས་པ་མེད་པའི་འབྱུང་བ་ཡིས།
།ངེས་པར་སྣང་བའི་སེམས་ཉིད་གྲོལ།
།གཟུགས་སུ་སྣང་བ་ཐམས་ཅད་ནི།
།རང་བཞིན་མེད་པའི་ངང་དུ་གྲོལ།
།གཟུགས་མེད་རྣམས་ནི་དངོས་པོར་གྲོལ།
།ཆོས་ནི་ཆོས་ཀྱིས་གྲོལ་བ་ལ།
།མེད་པ་ལ་ཡང་མེད་པས་གྲོལ།
།གཅིག་ནི་གཅིག་གིས་གྲོལ་བ་ལ།
།གཉིས་སུ་སྣང་བ་གཉིས་གྲོལ་བའོ།
།ཞེས་སོ། །གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར་ནི། མཚན་མོ་ལ་སོགས་གཉིད་ཀྱིས་མྱོས་པ་ནའང༌། །རང་བབས་སྤྲོ་བསྡུ་བྲལ་བའི་ངང་ཉལ་བས།
།རགས་པར་སྣང་བ་ནུབ་པས་དེར་འཛིན་ནུབ།
།ཕྲ་བ་ཆེས་ཕྲ་འཛིན་པར་བཅས་ནུབ་པས།
།ཕྱམ་མཉམ་མི་རྟོག་ངང་དུ་རིག་པའི་སེམས།
།

abides as the nature of phenomena. In short, if it is held by the intellect, there is bondage; if it is let go, there is freedom.[26]Note 26 · p. 524 · ཐེངས་ན་གྲོལ: thengs gives no suitable sense; read as thongs / btang, "if it is let go", as all drafts do. Not being freed into anything at all[27]Note 27 · p. 524 · gang du'ang ma grol ba: "not being freed into anything at all" (Claude Fable 5.2, Gemini 4 Neon). Dharmamitra's "when there is no liberation" and GPT-6.2 Astra's "nowhere anything is freed" are looser. is called "beyond the extremes of bondage and freedom." The Pearl Garland (Mu tig phreng ba) states:

Through arising that has nothing determinate about it,[28]Note 28 · p. 524 · nges pa med pa'i 'byung ba: taken as "arising that has nothing determinate about it" (Claude Fable 5.2, Gemini 4 Neon), in contrast with nges par snang ba. Dharmamitra and GPT-6.2 Astra read "the elements", the glossary sense of 'byung ba, which is possible but fits the context of unfixed arising less well.
mind itself (sems nyid), which appears as determinate, is free.
All that appears as form
is free in the state without intrinsic nature (rang bzhin med pa).
The formless are free as substantial entities (dngos po).
While phenomena are freed by phenomena,
the nonexistent, too, is freed by nonexistence.
While the one is freed by the one,
in what appears as two, the two are free.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[29]Note 29 · p. 524 · gnyis su snang ba gnyis grol ba'o: there is no instrumental, so "the two are free", not "freed by duality" (Gemini 4 Neon).

6 The sky-nail of dream and sleep, in which bewilderment arises as luminosity གཏི་མུག་འོད་གསལ་དུ་འཆར་བ་རྨི་ལམ་གཉིད་ཀྱི་གནམ་གཟེར6 The sky-nail of dream and sleep, in which bewilderment arises as luminosity
Sleep is purified by the single key point of the nature of phenomena: in the lion's posture, attention on unalloyed cognition lets wind and mind enter the central channel, giving dreamless luminosity; dreams cease in three ways for best, middling and least practitioners (Reverberation of Sound).

The sky-nail of dream and sleep, in which bewilderment arises as luminosity, is as follows:

At night and at other times, even when one is intoxicated by sleep,
by lying down in the naturally settled state, free of projection and withdrawal,
coarse appearances subside, and so grasping at them subsides;
the subtle and the very subtle subside together with their grasping, and so,
in the evenly equal (phyam mnyam), nonconceptual (mi rtog pa) state, the mind of awareness[30]Note 30 · p. 524 · The final root verse is left incomplete at "the mind of awareness"; its predicate (rang bzhin gnas) follows on the next page.

[p. 525]
འབྱུང་འཇུག་རེ་དོགས་བྲལ་བར་རང་བཞིན་གནས། །ཀུན་རྟོག་ཆོས་དབྱིངས་གྲོལ་བའི་དུས་ཡིན་པས། །འཁོར་བ་མྱང་འདས་གྲོལ་ཞེས་བརྗོད་པ་ཡིན། །གཉིད་ནི་གཏི་མུག་གི་ས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ་སྟེ། རྨི་ལམ་གྱི་ལས་ཕྲ་བ་བག་ལ་ཉལ་དུ་སོགས་པས། དེ་སྦྱང་བའི་ལམ་ཁྱེར་བསྟན་ཏེ། རྨི་ལམ་གཟུང་བ། སྦྱང་བ། བསྒྱུར་བ། གཅད་པ་ལ་སོགས་པའི་སྤྲོས་པ་རྣམས་གཞན་དུ་བསྟན་ལ། འདིར་ཆོས་ཉིད་སྤྲོས་པ་མེད་པའི་གནད་གཅིག་གིས་སྦྱང་བ་ནི། སེང་གེའི་ཉལ་ལུགས་བྱས་ལ། ཤེས་པ་ཟང་ཀའི་ངོ་བོ་ལ་མ་ཡེངས་པར་གཏད་པས། གཉིད་ཀྱི་ཕྱི་ཡུལ་ལ་རྟོག་པ་བསྡུས་ནས། ཇེ་ཕྲར་སོང་དུས་གདངས་མ་འགགས་པ་དེ་མ་ཡེངས་པར་བྱས་དུས། རླུང་སེམས་དབུ་མར་ཚུད་ནས་གང་ལའང་མི་རྟོག་པ་དེ་དང༌། ངོས་གཟུང་བའི་ཟང་ཐལ་གཉིས་འདྲེས་

abides naturally, free of emerging and entering and of hope and fear (re dogs).
Since this is the time when conceptualization (kun rtog) is freed (grol ba) in the basic space of phenomena (chos dbyings),
it is said that "saṃsāra ('khor ba) is freed into nirvāṇa (myang 'das)."

Sleep belongs to the level (sa) of bewilderment:[31]Note 31 · p. 525 · gti mug is "bewilderment" per the glossary throughout; Gemini 4 Neon, Claude Fable 5.2 and GPT-6.2 Astra have "delusion" and Dharmamitra "delusion/ignorance", which belong to 'khrul pa and ma rig pa. it sets in beyond one's control and draws the mind (sems) inward. Since the subtle karma (las) of dreams is accumulated as latent tendencies (bag la nyal), the way of taking it onto the path (lam) so as to purify that is taught. The elaborations (spros pa) of apprehending dreams,[32]Note 32 · p. 525 · spros pa rnams / spros pa med pa: rendered "elaborations" / "free of elaboration" rather than the glossary's "conceptual elaboration". The contrast here is between the elaborate dream-yoga methods taught elsewhere and the single unelaborate key point. training in them,[33]Note 33 · p. 525 · sbyang ba: "purify" for sleep and its latent karma (first and third occurrences), "training in them" for the dream-yoga step in the list. Claude Fable 5.2 and GPT-6.2 Astra have "training" for the third as well. transforming them, cutting them off and so forth are taught elsewhere. Here, purifying it by the single key point (gnad) of the nature of phenomena, free of elaboration, is as follows.

One adopts the lion's sleeping posture and directs one's attention, without distraction, to the essence of unalloyed cognition.[35]Note 35 · p. 525 · shes pa zang ka'i ngo bo: "the essence of unalloyed cognition" (zang ka construed with shes pa, as in Gemini 4 Neon and Claude Fable 5.2). Dharmamitra and GPT-6.2 Astra attach "naked/bare" to the essence. Sleep thereby gathers in conceptual thought (rtog pa)[34]Note 34 · p. 525 · gnyid kyi phyi yul la rtog pa bsdus: read as gnyid kyis ("sleep gathers in conceptual thought about external objects"), as all the drafts do. The genitive as printed gives no good sense. about external objects. When this has grown ever more subtle and one does not let oneself be distracted from that unceasing radiance, wind and mind (rlung sems) enter the central channel (dbu ma), and that nonconceptuality with regard to anything at all and the unobstructed transparency that has been identified blend together,

[p. 526]
ཏེ། རླུང་སེམས་ཕྱིར་མི་འཕྲོ་བས་རྨི་ལམ་མེད་པར་འོད་གསལ་ཉག་གཅིག་གི་ངང་ལ་གནས་པའོ། །གོམས་དུས་ཉེ་འཁོར་གྱི་སྣང་བ་མཐོང་ཐོས་ཡོད་ལ་དེར་མི་རྟོག་པའི་གསལ་ཆ་དང་མི་རྟོག་པ་ཟུང་འཇུག་ཏུ་འགྱུར་ཏེ། རང་གནས་ཀྱི་བདེ་བ་དང་གསུམ་མཉམ་དུ་འཆར་བ་ནི། ཐལ་འགྱུར་ལས། ལུས་དང་ངག་སེམས་ངེས་བསྡུས་ནས།
།འོད་གསལ་ཆེན་པོ་གཉིད་དང་བསྲེ།
།ཞེས་པའི་དོན་ཏེ། འདི་ལ་བླ་མ་དམ་པ་ནི་ཐུགས་རྩིས་ཤིན་ཏུ་ཆེའོ། །དེའང་དང་པོ་རྨི་ལམ་མང་བ་ལས། མཐར་འགག་པ་སྟེ། རབ་ལ་བརྗེད་ངས་པ་ལས་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལས་འགག །ཐ་མ་ལ་དགེ་བར་རྨི་བ་ལས་འགག་གོ། །རབ་འབྲིང་ནི་ཉལ་ཀའི་དངས་ལ་ཡིད་གཞུངས་པ་རབ་དང་འབྲིང་དང༌། ཐ་མའི་བྱེད་པ་ལ་ཟེར་རོ། །རྒྱུད་དེ་ཉིད་ལས། འདི་དག་རྨི་ལམ་ཐོག་མ་མང༌།
།རབ་ལ་བརྗེད་ངས་ཐ་མ་

and since wind and mind do not radiate outward, one abides without dreams in the state of sole (nyag gcig) luminosity. When one has grown accustomed to this, the appearances of one's surroundings are seen and heard, yet the aspect of lucidity (gsal cha) that does not conceptualize them and nonconceptuality become a union, and together with naturally abiding (rang gnas) bliss, the three arise at once. This is the meaning of the statement in The Reverberation of Sound (Thal 'gyur):

Having gathered in body, speech and mind with certainty,
blend the great luminosity with sleep.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 100 % of the words.

The holy guru (bla ma) held this in the very highest regard. Moreover, dreams are at first many, and in the end they cease: for the best, they cease after being forgotten; for the middling, they cease after being extremely clear;[36]Note 36 · p. 526 · shin tu gsal ba / mi gsal, said of dreams: rendered "clear / unclear" rather than the glossary's "lucid", since "lucid dream" would suggest something else in English. for the least, they cease after being dreamed as virtuous. "Best," "middling" [and "least"] refer to how the keenness of the mental faculty (yid)[37]Note 37 · p. 526 · rab 'bring ni … yid gzhungs pa: taken as the mental faculty's keenness in the limpid clarity (dangs) at the point of falling asleep, in three degrees (with Dharmamitra and GPT-6.2 Astra). Claude Fable 5.2's "steady" is less apt for gzhungs. Adzom's dal for dang is an evident slip. in the limpid clarity on the verge of sleep functions in its best, middling and least degrees. That same tantra (rgyud) states:

For these, dreams are at first many.
For the best, they are forgotten and finally

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 7 quotations, 5 found on this wiki.
# p. Tibetan English Source On this wiki
1 518 མི་འགྱུར་ཆོས་ཉིད་རབ་ཏུ་བརྟན། །རང་སྣང་ … གི་གདངས། །ཅོག་གཞག་ཅེར་གཞག་རང་གཞག་གོ། The unchanging nature of phenomena (chos nyid) is utterly … resting just as it is, resting nakedly, resting naturally." named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
2 519 འགྲོ་བའི་སྡུག་བསྔལ་མྱོང་ བའི་ཚེ། །ང་ཡི་ … མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། When the suffering of beings is experienced, it is … indivisible, my qualities (yon tan) are perfect in this." named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 100 %
3 521 གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། གནད་ཀྱིས་ … མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། Furthermore, the nature of freedom is explained: Since it … is free by nature, it is uncontrived (ma bcos). named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 77 %
4 522 ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ … མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། When the recollections of the mental faculty appear outwardly, … pursuing after this, by this my sounds are heard. named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 57 %
5 524 ངེས་པ་མེད་པའི་འབྱུང་བ་ཡིས། །ངེས་པར་ … བ་ལ། །གཉིས་སུ་སྣང་བ་གཉིས་གྲོལ་བའོ། Through arising that has nothing determinate about it, mind … in what appears as two, the two are free. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
6 526 ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། Having gathered in body, speech and mind with certainty, blend the great luminosity with sleep. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 100 %
7 526 འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་ … ནས་འགྱུར། །དེ་དག་རྣམས་ཀྱིས་ཚད་ལ་ཕེབས། For these, dreams are at first many. For the … they change. Through these, the full measure is reached. “the same”: རྒྱུད་དེ་ཉིད་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
parallel: Klong chen rab byams gsung 'bum/volume 011 355, 56 %