ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ་བཞུགས་སོ།
༄༅། །ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ་བཞུགས་སོ།། །།[1]
༄༅། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པ་ལ། མཚན་གྱི་དོན། བྱ་བ་རྩོམ་པའི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ། རྒྱ་གར་སྐད་དུ། གཉིས་པ། འཇམ་དཔལ༴ གསུམ་པ་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་གཉིས། དང་པོ་ཐུགས་རྗེའི༴ གཉིས་པ། སྐལ་བཟང་རྣམས་ཀྱི༴ གསུམ་པ་ལ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང༌། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས། དང་པོ་ལ། སྣང་ཚོད་འཇིག་རྟེན་གྱི་བཀོད་པ་དང༌། དེ་དག་གི་བདེ་སྡུག་སྣང་ཚུལ་བསྟན་པ་གཉིས། དང་པོ་ལ། གཞི་གང་ལས་སྣང་བ་དང༌། གང་སྣང་བའི་འཇིག་རྟེན་གཉིས། དང་པོ་ལ། གཞི་ཆོས་ཉིད་ངོས་བཟུང་བ་དང༌། དེ་ལས་ཇི་ལྟར་སྣང་ཚུལ་གཉིས། དང་པོ། ཐོག་མའི་འོད་གསལ་སོགས་ཀྱིས་བསྟན། གཉིས་པ་ལ། ཇི་ལྟར་སྣང་ཚུལ་དངོས། དེའི་རང་བཞིན་བརྟག་ཅིང་ཤེས་པར་གདམས་པ་གཉིས། དང་པོ་ལ། བག་ཆགས་གསུམ་གྱི་སྣང་བ་འབྱུང་ཚུལ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས། དང་པོ། མ་རིག་ཀུན་བརྟགས༴ གཉིས་པ་རྒྱས་བཤད་ལ། སྣང་བ་གསུམ་གྱི་རང་བཞིན་དངོས་བསྟན་པ་དང༌། དེ་ལ་ལོགས་པར་རྟོག་པ་དགག་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ། འཁྲུལ་སྣང་ཇི་སྙེད༴ གཉིས་པ། ཡུལ་གྱི་བག་ཆགས༴ གསུམ་པ། དེ་ལྟར་ཀུན་གཞིའི༴ གཉིས་པ་ལོག་རྟོག་དགག་པ། མི་ཤེས་པ་དག༴ གཉིས་པ་སྣང་བ་དེ་དག་གི་རང་བཞིན་ཤེས་པར་བྱ་བ་ལ། དངོས་དང༌། དེ་ལྟར་བརྟགས་པའི་ཕན་ཡོན་གཉིས། དང་པོ་ལ། སྣང་གསུམ་སྒྱུ་མ་ལྟར་སྣང་བ་ཤེས་པ་དང༌། སྣང་བ་དེ་དག་སེམས་ལ་རག་ལས་པར་བསྟན་པ་གཉིས། དང་པོ། འདི་ལྟར་ཡུལ་ལས། གཉིས་པ་ལ། དངོས་དང༌། དེའི་དཔེ་འགོད་པ་གཉིས། དང་པོ། སེམས་ཀྱི་འདུ་བྱེད༴ གཉིས་པ། ཇི་ལྟར་དྷ་ཏུ་ར༴ གཉིས་པ་བརྟགས་པའི་ཕན་ཡོན། དེ་ལྟར་འཁོར་བའི་རང་བཞི་གཟུགས་བརྙན་བཞིན། ཐོག་མ་སོགས་སོ།། ༈ །།གཉིས་པ་གང་སྣང་བའི་འཇིག་རྟེན་བསྟན་པ་ལ། འདུལ་བྱེད་ཀྱི་ཞིང་ཁམས་སྤྱི་དང་བྱེ་བྲག་མདོར་བསྟན་པ་དང༌། བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་གཉིས། དང་པོ་ལ། འདུལ་བྱེད་ཞིང་དང་སྟོན་པ་སྣང་ཚུལ་མདོར་བསྟན། དེ་རྒྱས་པར་བཤད། དེ་དག་གི་དོན་བསྡུས་ཤིང་དེ་ལ་དད་པའི་ཕན་ཡོན་བསྟན་པ་གསུམ། དང་པོ། དེ་ལྟར་ཁམས་གསུམ༴ གཉིས་པ་ལ། ཞིང་རྒྱས་བཤད་དང༌། སྟོན་པ་རྒྱས་བཤད་གཉིས། དང་པོ་ལ། སྐུ་གསུམ་གྱི་ཞིང་སྤྱིར་བསྟན་པ་དང༌། གཞི་སྙིང་མེ་ཏོག་གིས་བརྒྱན་ཞིང་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ། སྟོན་པ་ཡིད་བཞིན༴ འདི་ལ་ནང་སེམས་གཉིས། གཉིས་པ། ཁྱད་པར་མི་མཇེད༴ གཉིས་པ་སྟོན་པར་སྣང་ཚུལ་ལ། ཞིང་སྤྱི་བྱེ་བྲག་གི་སྟོན་པར་སྣང་ཚུལ་དང༌། དེ་ལ་དོགས་པ་སྤང་བ་གཉིས། དང་པོ། དེ་ལྟར་ལོངས་སྐུའི༴ གཉིས་པ། ཐུན་མོང་མདོ་ལས༴ མདོར་བསྡུས་ཤིང་དད་པར་གདམས་པ། སངས་རྒྱས་ཐུགས་རྗེས༴ ༈ གཉིས་པ་བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་རྒྱལ་བའི༴ གཉིས་པ་ལ། ཆགས་པའི་བསྐལ་པ་བཤད་པ། གནས་བསྐལ་བཤད་པ། འཇིག་སྟོང་གི་བསྐལ་པ་བཤད་པ་གསུམ། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། དེ་ཡང་དང་པོ༴ གཉིས་པ་རྒྱས་བཤད་ལ། སྣོད་ཆགས་ཚུལ་དང༌། བཅུད་ཆགས་ཚུལ་གཉིས། དང་པོ་ལ། སྣོད་སྤྱིར་བསྟན་པ་དང༌། དེ་ལས་སྟོང་དང་པོ་སོགས་སུ་འཇོག་ཚུལ་བཤད་པ་གཉིས་ཀྱི་དང་པོ་ལ། བསྟན་བཤད་གཉིས། དང་པོ། རྟེན་གཞི་རྟེན་དང་༴ གཉིས་པ་ལ། རྟེན་གཞི་དཀྱིལ་འཁོར་ལྔ་བཤད་པ། རྟེན་རི་གླིང་མཚོ་གསུམ་བཤད་པ། དེ་ལ་བརྟེན་པ་སེམས་ཅན་གྱི་གནས་བྱེ་བྲག་པ་བཤད་པ་གསུམ། དང་པོ། དང་པོ་འབྱུང་བ༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། དེ་སྟེང་རྟེན་ནི༴ གཉིས་པ། རི་བཤད་པ་དང༌། མཚོ་བཤད་པ། གླིང་བཤད་པ་གསུམ། དང་པོ་ལ། རི་གླིང་ཐུན་མོང་གི་རྒྱུ་དང་སོ་སོའི་ངོ་བོ་གཉིས། དང་པོ། ཆུ་དང་ས༴ གཉིས་པ་ལ། ལྷུན་པོ་བཤད་པ་དང༌། རི་བདུན་བཤད་པ་གཉིས། དང་པོ་ལ། དངོས་དང༌། རི་གླིང་ཐུན་མོང་གི་ཡས་མན་གྱི་ཚད་བཤད་པ་དང་གཉིས། དང་པོ། རི་རབ་རིན་ཆེན༴ གཉིས་པ། ལྷུན་པོ་ཆུ་ལས༴ གཉིས་པ། གསོར་གྱི་རི་བདུན༴ གཉིས་པ་མཚོ་ནི། དེ་དག་ནང་གི༴ གསུམ་པ་གླིང་ནི། གླིང་རྣམས་ས་གཞི༴ གསུམ་པ་བརྟེན་པ་སེམས་ཅན་གྱི་གནས་ལ། བསྟན་བཤད་གཉིས། དང་པོ། བྱེ་བྲག་སེམས་ཅན༴ གཉིས་པ་ལ། ངན་སོང་དང༌། མཐོ་རིས་ཀྱི་གནས་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། ངན་སོང་དག་ནི༴ ཞེས་པས་བསྟན། གཉིས་པ་ལ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། དང་པོ། དམྱལ་བའི་རང་བཞིན༴ གཉིས་པ། ཡི་དྭགས་རྒྱལ་པོའི། གསུམ་པ། དུད་འགྲོ་བྱིང་གནས༴ གཉིས་པ་མཐོ་རིས་ལ་མི། ལྷ་གཉིས། དང་པོ། མཐོ་རིས་མི༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། ལྷ་གནས་གཉིས་ལས། ཞེས་པས་བསྟན། གཉིས་པ་ལ། འདོད་ལྷ། གཟུགས་ཁམས་གཉིས། དང་པོ་ལ། དངོས་དང༌། ཞར་ལྷ་མིན་བཤད་པ་གཉིས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་འདོད་ལྷའི་གནས་དྲུག་སྟེ། ཞེས་པས་བསྟན། གཉིས་པ། ས་ལ་བརྟེན་པ་དང༌། མཁའ་ལ་བརྟེན་པ་གཉིས། དང་པོ་ལ། རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་གཉིས། དང་པོ། རྒྱལ་ཆེན་རིས་བཞི༴ གཉིས་པ་ལ། གནས་སྤྱི་དང༌། འབྱོར་པའི་ཁྱད་པར་གཉིས། དང་པོ། རི་རབ་སྟེང་ན༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གྲོང་ཚུལ་སོགས་རྐང་པ་གཅིག་གིས་བསྟན། གཉིས་པ་ལྔ་པོ་རིམ་པར། དབུས་ན༴ ལྷའི་སྐྱེད་ཚལ༴ ཚལ་རྣམས་ཕྱི་རོལ༴ ཤིང་ནི་གྲོང་ཁྱེར༴ ལྟ་ན་སྡུག་ནས༴ ཞེས་སོགས་ཀྱིས་བསྟན། གཉིས་པ། ནམ་མཁའ་ལ་བསྟེན༴ གཉིས་པ་ལྷ་མིན། ལྷ་མིན་རི་རབ༴ གཉིས་པ་གཟུགས་ཁམས་ལ། གནས་དང༌། རྒྱ་ཁྱོན་གཉིས། དང་པོ་ལ། གཟུགས་ཁམས་ཀྱི་གནས་བསྟན་པ། ཞར་ལ་གཟུགས་མེད་ལ་དངོས་སྣང་གི་གནས་མེད་ཚུལ་གཉིས། དང་པོ། གཟུགས་ཁམས་གནས་རིས༴ གཉིས་པ། གཟུགས་མེད་པ་ལ༴ གཉིས་པ། གཟུགས་ཁམས་ཀྱི་རྒྱ་ཁྱོན་དང༌། ཞར་ལ་གནས་སོ་སོའི་མཐོ་ཁྱད་བསྟན་པ་གཉིས། དང་པོ། རྒྱ་ཁྱོན་ཚད་ནི༴ གཉིས་པ། མཐོ་ཁྱད་པར་ཐང་༴ གཉིས་པ་དེ་ལས་སྟོང་དང་པོ་སོགས་ཀྱི་འཇོག་ཚུལ་ལ། གླིང་བཞི་རི་རབ༴ ༈ གཉིས་པ་བཅུད་ཆགས་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ནས་བཅུད་ཀྱི༴ རྒྱས་བཤད་ལ། གཟུགས་མེད། གཟུགས། འདོད་ཁམས་གསུམ། དང་པོ་ལ་དངོས་དང༌། སྒྲ་དོན། རྩོད་སྤང་གསུམ། དང་པོ། ཐོག་མར། གཟུགས་མེད༴ གཉིས་པ། དེ་ལྟར་གཟུགས་མེད། གསུམ། དེ་ལྟར་རྟེན་དང་༴ གཉིས་པ། དེ་ནས་གཟུགས་ཁམས། གསུམ་པ་འདོད་ཁམས་ལ། མཐོ་རིས་དང༌། ངན་སོང་གཉིས། དང་པོ་ལ། ལྷ། མི་གཉིས། དང་པོ་ལ་དངོས་དང༌། ཞར་བྱུང་ལྷ་མིན་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། འདོད་པའི་ཁམས༴ གཉིས་པ་ལ། མཁའ་ལ་གནས་པ་དང༌། ས་ལ་གནས་པའོ། །དང་པོ་ལ། གནས་སོ་སོའི་བྱེ་བྲག་དང༌། གནས་དེ་དག་གི་ཁྱད་པར་གྱི་ཆོས་འགའ་བཤད་པའོ། དང་པོ་ལ་གནས་བཞི་པའོ། དཔག་བསམ་རིན་ཆེན་སོགས་ཀྱི་བསྟན། གཉིས་པ། དེ་ལྟར་འདོད་ལྷའི༴ གཉིས་པ་ས་ལ་བརྟེན་པ་ལ། རྩ་གསུམ་པ་དང་རྒྱལ་ཆེན་རིས་བཞི་གཉིས། དང་པོ། དཔག་བསམ་ཡོངས་འདུས༴ གཉིས་པ། རི་རབ་རིན་ཆེན༴ གཉིས་པ་ལྷ་མིན་ནི། ལྷ་མིན་རྣམས་ལ༴ མི་ལ། གླིང་བཞི་སྤྱིར་ཆགས་ཚུལ་དང༌། བྱེ་བྲག་འཛམ་གླིང་ཆགས་ཚུལ་གཉིས། དང་པོ། མི་རྣམས་འོད་གསལ་གཉིས་པ། དང་པོ་རྫུས་ཏེ་སྐྱེས་ནས་ཆགས་ཚུལ་དང༌། མཐར་སྐྱེ་གནས་ལྷག་མ་རིམ་གྱིས་བྱུང་ཚུལ་གཉིས། དང་པོ་ལ་དངོས་དང༌། ཞར་ལ་གླིང་གི་ཁྱད་ཆོས་དང་མཐུན་པའི་སྒྲ་དོན་བཤད་པ་གཉིས། དང་པོ། ཁྱད་པར་འཛམ༴ གཉིས་པ། འཛམ་བུའི༴ གཉིས་པ། དེ་ནས་མི་རྣམས༴ གཉིས་པ་ངན་སོང་ལ། དམྱལ་བའི་ཆགས་ཚུལ་དང༌། ཡི་དྭགས་དང་དུད་འགྲོའི་ཆགས་ཚུལ་གཉིས། དང་པོ། ངན་སོང་དག་ལས། གཉིས་པ། དེ་བཞིན་ཡི་དྭགས༴ གསུམ་པ་སྣོད་བཅུད་ཆགས་པའི་བསྐལ་པའི་མཇུག་བསྡུ་བ། དེ་ལྟར་དམྱལ་གནས། ༈ གཉིས་པ་གནས་པ་ལ། གང་གནས་པའི་འཇིག་རྟེན་བཤད་པ། དེ་དག་གི་རྩོམ་གཞི་ཕྲ་བ་ངོས་བཟུང་བའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ། དེ་ནས་གནས་པའི༴ གཉིས་པ། འཕེལ་འགྲིབ་ཀྱི་ཚུལ་བཤད་པ་དང༌། གནས་དུས་ཀྱི་ཆོས་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། འདི་དག་འཕེལ་འགྲིབ༴ གཉིས་པ་ལ། འགྲིབ་ཚུལ་བཤད་པ་དང༌། འཕེལ་ཚུལ་གཉིས། དང་པོ། བརྒྱད་ཁྲིའི་དུས་ན༴ གཉིས་པ། དེ་ནས་འཕེལ་བའི༴ གཉིས་པ་གནས་དུས་ཆོས་ཀྱི་བྱེ་བྲག་ལ། སྤྱི་དང༌། བྱེ་བྲག་གཉིས། དང་པོ། དེ་ལྟར་གནས་དུས༴ གཉིས་པ། དེ་ལྟར་གནས་ཚེ༴ གཉིས་པ་རྩོམ་གཞི་ཕྲ་བ་ངོས་བཟུང་བ་ལ། བསྟན་བཤད་གཉིས། དང་པོ། དེ་དག་རྣམས་ཀྱང༌། གཉིས་པ་ལ། གཟུགས་ཀྱི་མཐའ། དུས་ཀྱི་མཐའ། མིང་གི་མཐའ་གསུམ། དང་པོ། གཟུགས་མཐའ་ཕྲ་རབ༴ གཉིས་པ། དུས་མཐའི་སྐད་ཅིག༴ གསུམ་པ། མིང་མཐའ༴ ༈ གསུམ་པ་འཇིག་སྟོང་གི་བསྐལ་པ་བཤད་པ་ལ། འཇིག་སྟོང་གི་ཚུལ་བཤད་པ་དང༌། དེ་ལས་བརྩམས་ཏེ་ཐར་བར་བསྐུལ་བ་གཉིས། དང་པོ་ལ། འཇིག་པ་དང༌། སྟོང་པ་གཉིས། དང་པོ་ལ། འཇིག་པའི་ཐོག་མ་ངོས་བཟུང་བ་དང༌། ཇི་ལྟར་འཇིག་ཚུལ་དང༌། འཇིག་པའི་ཡུལ་བཤད་པ་གསུམ། དང་པོ། དེ་ནས་འཇིག་པའི༴ གཉིས་པ་ལ། བཅུད་འཇིག་པ་དང༌། སྣོད་འཇིག་པ་གཉིས། དང་པོ་ལ། ངན་སོང་དང༌། མཐོ་རིས་གཉིས། དང་པོ། ལས་ཟད་རྣམས་ནི༴ གཉིས་པ་ལ། མི་དང༌། ལྷ་གཉིས། དང་པོ། མི་ཡི་འཇིག་རྟེན། གཉིས་པ་ལ་འདོད་ལྷ་དང༌། གཟུགས་གཉིས། དང་པོ། དེ་བཞིན་འདོད་ལྷའི༴ གཉིས་པ། དེ་ནས་གཟུགས་ཁམས༴ གཉིས་པ་སྣོད་ལ། རྒྱུ་གང་གིས་འཇིག ཇི་ལྟར་འཇིག་པའི་ཁྱད་པར་གཞན་བསྟན་པ་གཉིས། དང་པོ། དེ་ནས་སྣོད་ཀྱི་འཇིག་རྟེན༴ གཉིས་པ། དེ་ཡང་བསམ་གཏན༴ གསུམ་པ་ཡུན། དེ་ལྟར་འཇིག་པ༴ གཉིས་པ་སྟོང་བསྐལ་ཞར་བྱུང་བཅས་པ་ནི། ཞིག་ནས་སྟོང་སྟེ༴ གཉིས་པ་ཐར་པར་བསྐུལ་བ། དེ་ལྟར་ཕུན་ཚོགས༴ གཉིས་པ་འཇིག་རྟེན་དེའི་བདེ་སྡུག་སྣང་ཚུལ་ལ། མཚམས་སྦྱོར་བའི་ཚུལ་གྱིས་མདོར་བསྟན། དེ་དག་གི་རང་བཞིན་རྒྱས་པར་བཤད། སྡུག་བསྔལ་གསུམ་བསྟན་ཏེ་བཤད་པའི་མཇུག་བསྡུ་བའོ། །དང་པོ། དེ་ལྟར་སྣོད་བཅུད༴ གཉིས་པ་ལ། ཁམས་གོང་མའི་རང་བཞིན་དང༌། འདོད་པའི་རང་བཞིན་གཉིས། དང་པོ་ལ། བདེ་བ་ཡོད་ཚུལ་དང༌། སྡུག་བསྔལ་ལས་མ་འདས་ཚུལ་གཉིས། དང་པོ། འདི་ལྟར་བསམ་གཏན༴ གཉིས་པ། ཟག་བཅས་འཁོར་བ༴ གཉིས་པ་འདོད་ཁམས་ལ་བསྟན་བཤད་གཉིས། དང་པོ། འདོད་ནའང༴ གཉིས་པ་ལ། ངན་འགྲོ་བདེ་འགྲོ་གཉིས། དང་པོ་ལ། སྡུག་བསྔལ་དང༌། བདེ་བ་ཡོད་ཚུལ་གཉིས། དང་པོ། སེམས་ཅན་དམྱལ༴ གཉིས་པ། རང་རང་སྔོན་དགེས༴ གཉིས་པ་བདེ་འགྲོ་ལ། མི་དང༌། ལྷ་མིན། ལྷ་གསུམ། དང་པོ་ལ། བདེ་བ་དང༌། སྡུག་བསྔལ་གཉིས། དང་པོ། མི་རྣམས་ལ་ཡང་༴ གཉིས་པ། སྡུག་བསྔལ་ཡང་ནི༴ གཉིས་པ་ལྷ་མིན་ལ། སྡུག་བསྔལ་དང༌། བདེ་བ་གཉིས། དང་པོ། ལྷ་མིན་རྣམས་ལ༴ གཉིས་པ། མེ་ཏོག་ཕྲེང་བརྒྱུས༴ གསུམ་པ། སྤྱི་བྱེ་བྲག་གཉིས། དང་པོ་ལ། བདེ་བ། སྡུག་བསྔལ་གཉིས། དང་པོ། གཞན་འཕྲུལ། གཉིས་པ། རྨི་ལམ༴ གཉིས་པ་ལ། བདེ་བ་དང༌། སྡུག་བསྔལ་གཉིས་ལས། དང་པོ། ཁྱད་པར་རི་རབ་རྩེར༴ གཉིས་པ་ལ། སྡུག་བསྔལ་སྤྱིར་བསྟན་པ། འཐབ་རྩོད་ཀྱི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། སྡུག་བསྔལ་ཡང་ནི༴ གཉིས་པ། རྒྱུན་གསུམ་སྟེ༴ གསུམ་པ་མཇུག་བསྡུ། དེ་འདྲའི་འཁོར་བ༴ ༈ རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་ལ། སྦྱོང་བྱེད་ལམ་བཤད་པ་དང༌། སྦྱངས་པའི་འབྲས་བུ་བཤད་པ་གཉིས། དང་པོ་ལ། ལམ་དངོས་དང༌། ལམ་དེ་ཇི་ལྟར་བགྲོད་པའི་ཚུལ་གཉིས། དང་པོ་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་གསུམ། དང་པོ། གང་ལས་ཐོས་པར་བྱ་བའི་ཡུལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་གསུམ། དང་པོ་ལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བརྟེན་པར་གདམས་པ་དང༌། མི་མཐུན་ཕྱོགས་སྡིག་གྲོགས་སྤང་བར་གདམས་པ་གཉིས། དང་པོ་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་དང༌། དེ་རྒྱས་བཤད་གཉིས། དང་པོ། དེ་ནས་འཁོར་བ༴ གཉིས་པ་ལ། བརྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། བསྟེན་དགོས་པའི་རྒྱུ་མཚན། ཇི་ལྟར་བརྟེན་ཚུལ་གསུམ། དང་པོ་ལ། བཤེས་གཉེན་གྱི་མཚན་ཉིད་བདུན་བསྟན་པ་དང༌། དེ་ལས་ཅི་རིགས་བསྟེན་རུང་བར་བསྟན་པ་གཉིས། དང་པོ་ལ་ཡིད་བཞིན་མཆོག་གི་བླ་མ་ལས་བརྩམས་ཏེ་བདུན་པོ་རིམ་པས། དེ་ཡང་ཐབས་མཁས་སོགས་ཀྱིས་བསྟན། གཉིས་པ། ཇི་སྐད་བཤད་པའི༴ གཉིས་པ་བསྟེན་དགོས་པའི་རྒྱུ་མཚན་ལ། བསྟན་བཤད་གཉིས། དང་པོ། འབྲལ་མེད་རྒྱུན་དུ༴ གཉིས་པ་ལ། གཏན་གྱི་འདུན་གྲོས་སྟོན་པ། བླང་དོར་གྱི་མི་ཕྱེད་པ། ཞིང་མཆོག་ཏུ་གྱུར་པ། སྐྱབས་བླ་ན་མེད་པ། ཡོན་ཏན་རྒྱས་པར་བྱེད་པ། སྟོན་པ་སངས་རྒྱས་ཀྱི་བྱ་བ་བྱེད་པ་སྟེ་རྒྱུ་མཚན་དྲུག་པོ་རིམ་པར། གཏན་གྱི་འདུན་གྲོས༴ ཞེས་སོགས་བསྟེན་ཞེས་པའི་མཐའ་ཅན་གྱི་ཚིག་རེ་རེས་སྟོན། གསུམ་པ། ཇི་ལྟར་བསྟེན་ཚུལ་ལ། དངོས་དང༌། དེ་ལྟར་བསྟེན་པའི་ཕན་ཡོན་གཉིས། དང་པོ་ལ། ཐོག་མར་དགེ་བའི་བཤེས་གཉེན་བཙལ་ནས་བསྟེན་པ་དང༌། བར་དུ་མཉེས་པ་བསྒྲུབས་ཏེ་བསྟེན་ཚུལ་གཉིས། དང་པོ་ལ། གུས་པས་བཙལ་ཞིང་བསྟེན་པ་དང༌། དེ་ལྟར་བསྟེན་དགོས་པའི་རྒྱུ་མཚན་དཔེས་བསྟན་པ་གཉིས། དང་པོ། དེ་ཡང་དཔལ་ལྡན༴ གཉིས་པ། རང་ལ་ཕན་འདོགས་པའི་རྒྱུ་མཚན་དཔེས་བསྟན་པ་དང༌། གུས་པར་བྱ་དགོས་པའི་རྒྱུ་མཚན་དཔེ་བསྟན་པ་གཉིས། དང་པོ། ཇི་ལྟར་ཆུ་རྙོགས༴ གཉིས་པ། དཀའ་ཐུབ་དཔུང་གཉེན༴ གཉིས་པ་མཉེས་པས་བསྟེན་པར་བྱ་བ་ལ། ཟང་ཟིང༌། སྤྱོད་ལམ་གྱིས། སྒྲུབ་པས་མཉེས་པར་བྱ་བ་གསུམ། དང་པོ། རང་ལ་བདོག་པས༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། སྤྱོད་ལམ༴ གཉིས་པ་ལ། ལུས། ངག ཡིད་གསུམ། དང་པོ་ལ། བླང་བྱ་དང༌། སྤང་བྱ་གཉིས། དང་པོ་ལུས་ཀྱི་ཕྱག་འཚལ༴ གཉིས་པ། སྤང་བྱའི་སྤྱོད་ལམ༴ གཉིས་པ་ངག་ལ་སྤང་བླང་གཉིས། དང་པོ། ངག་དབྱངས་སྙན་པས༴ གཉིས་པ། ངག་གི་མི་དགེ༴ གསུམ་པ་ཡིད་ལ། བླང་བྱ་སྤང་བྱ་གཉིས་དང་པོ། ཡིད་ཀྱིས་བླ་མའི༴ གཉིས་པ། མ་དད་ལོག་པར༴ གསུམ་པ་སྒྲུབ་པ༴ གསུང་བཞིན་རྗེས་སུ༴ གཉིས་པ་ཕན་ཡོན། དེ་ལྟར་སྣ་ཚོགས༴ ༈ གཉིས་པ་མི་དགེ་བའི་བཤེས་གཉེན་སྤང་བ་ལ། མཚམས་སྦྱོར་ཏེ་མདོར་བསྟན། དེ་དག་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་དགེ་བའི༴ གཉིས་པ་ལ། མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། དེ་སྤང་དགོས་པའི་རྒྱུ་མཚན། དེ་ལྟར་སྤང་བའི་ཕན་ཡོན་གསུམ། དང་པོ། དེ་ཡང་ཉོན་མོངས༴ གཉིས་པ་ལ། དེ་དག་དང་འགྲོས་པའི་ཉེས་པ་དང༌། དེས་ན་དེ་སྤང་བར་གདམས་པ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ། དེ་དང་འགྲོགས་པའི༴ གཉིས་པ། གཞན་ཡང་གང་༴ གཉིས་པ་ལ། དངོས་དང༌། བརྟགས་ནས་སྤང་དགོས་པའི་འཐད་པ་དཔེས་འགོད་པ་གཉིས། དང་པོ། དེ་དག་འགྲོགས་ཐར་ལམ༴ གཉིས་པ་ལ། ཆོམ་རྐུན་གྱི་དཔེས་བཤེས་གཉེན་ངན་པ་སྤང་བར་གདམས་པ་དང༌། སྐྱེལ་མ་དང་ཉོ་ཚོང་གི་དཔེས་སྟོན་པ་དང་ཆོས་ལྟར་སྣང་སྤང་བར་གདམས་པ་གཉིས། དང་པོ། ཇི་ལྟར་ལམ་འཕྲང༌། གཉིས་པ། འདི་ལྟར་འཇིག་རྟེན༴ གསུམ་པ། བརྟགས་ནས་སྤང་བའི་ཕན་ཡོན། འདིར་ནི་སྡིག་པའི༴ ༈ གཉིས་པ་ཇི་ལྟར་ཐོས་པར་བྱ་བའི་ཚུལ་ལ། སློབ་དཔོན་གྱི་འཆད་ཚུལ་དང༌། སློབ་མའི་ཉན་ཚུལ་གཉིས། དང་པོ་ལ། ལེའུ་མཚམས་སྦྱོར་དང༌། སྐབས་དོན་དངོས་གཉིས། དང་པོ། དེ་ལྟར་སྡིག་པའི༴ གཉིས་པ་ལ། གང་ལ་བཤད་པའི་ཡུལ། ཇི་ལྟར་བཤད་པའི་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་གསུམ། དང་པོ། དེ་ལ་མང་ཐོས༴ གཉིས་པ་ལ། གོ་རིམ་ཇི་ལྟར་བཤད་པ་དང༌། ཆོས་གང་བཤད་པ། ཚུལ་ཇི་ལྟར་འཆད་པ་གསུམ། དང་པོ་ལ། དངོས་དང༌། དེ་ལྟར་བཤད་པའི་ཕན་ཡོན། མ་བཤད་པའི་ཉེས་དམིགས་གསུམ། དང་པོ། དེ་ནས་རིམ་པར༴ གཉིས་པ། དེས་ནི་ཐེག་པའི༴ གསུམ་པ། དེ་ལྟར་བཤད༴ གཉིས་པ་གང་བཤད་པ་ལ། སྤྱི་དང༌། བྱེ་བྲ་གཉིས། དང་པོ། བཤད་བྱའི་ཆོས་ནི༴ གཉིས་པ། དང་པོའི་ལས་ཅན༴ གསུམ་པ། ཚུལ་ཇི་ལྟར་འཆད་པ་ལ། མི་མཐུན་ཕྱོགས་སྤང་བ་དང༌། མཐུན་ཕྱོགས་བསྒྲུབ་པ་གཉིས། དང་པོ། དེ་ཡང་མི་མཐུན༴ གཉིས་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ། ཕྱོགས་དེར་ཁྲི་སྟན༴ གཉིས་པ་ལ། བསམ་པ་ཕུན་སུམ་ཚོགས་པར་བྱ་བ་དང༌། སྦྱོར་བ་ཕུན་སུམ་ཚོགས་པར་བྱ་བ་དང་གཉིས། དང་པོ། སེམས་བསྐྱེད་བསྐྱེད་རྫོགས༴ གཉིས་པ། དེ་ཚེ་འཆད་པའི༴ གསུམ་པ། རྗེས་ལ་སེམས་ཅན༴ གསུམ་པ་ཕན་ཡོན། དེ་ཡི་ཕན་ཡོན༴ ༈ གཉིས་པ་སློབ་མས་ཇི་ལྟར་ཉན་ཚུལ་ལ། བསྟན་བཤད་གཉིས། དང་པོ། དེ་ནས་ཉན་བྱེད༴ གཉིས་པ་ལ། སྐྱོན་ཡོན་གྱི་སྒོ་ནས་གང་གིས་ཉན་པ་པོ་བསྟན་པ་དང༌། དུས་ནམ་གྱི་ཚེ་ཉན། ཚུལ་ཇི་ལྟ་བུས་ཉན་པར་གདམས་པ་གསུམ། དང་པོ༴ དང་པོ་ལ་མདོར་བསྟན་པ་དང༌། བྱེ་བྲག་རྒྱས་པར་བཤད་པ་གཉིས། དང་པོ། སྐྱོན་རྣམས་སྤངས་ལ༴ གཉིས་པ་ལ། ཉེས་པ་སུམ་ཅུ་རྩ་དྲུག་བཤད་པ་དང༌། ཡོན་ཏན་སུམ་ཅུ་རྩ་དྲུག་བཤད་པ་གཉིས། དང་པོ། མ་གུས་ལ་སོགས༴ གཉིས་པ། གང་ཚེ་ལེགས་པའི༴ གཉིས་པ། མཉན་པའི་དུས་ནི༴ གསུམ་པ་ལ། དངོས་དང༌། དེའི་ཕན་ཡོན་གཉིས། དང་པོ་ལ། སྦྱོར་དངོས་རྗེས་གསུམ། དང་པོ། དེ་ཡང་རྣམ་གཡེང་༴ གཉིས་པ་ལ། བསམ་སྦྱོར་ཕུན་ཚོགས་གཉིས། དང་པོ། མ་ཡེངས་གུས་པའི༴ གཉིས་པ། མེ་ཏོག་སྟན་སོགས༴ གསུམ་པ། རྗེས་ལ་ཆོས་དང་༴ གཉིས་པ། དེ་ཡི་ཕན་ཡོན༴ ༈ གསུམ་པ་ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ནས་གཏན་ལ༴ གཉིས་པ་ལ། སྤང་བྱ་ཕྱི་རོལ་པ། བླང་བྱ་ནང་པ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། དང་པོ་ཕྱི་རོལ༴ གཉིས་པ་ལ། སྟོན་པ་དྲུག འཇིག་ཚོགས་ཉི་ཤུ། དྲུག་ཅུ་རྩ་གཉིས། སུམ་བརྒྱ་དྲུག་ཅུ། སྡེ་ཚན་བཅུ་གཅིག ཏརྐ་སྡེ་ལྔ་བཤད་པ་དྲུག དང་པོ། སྟོན་པ་དྲུག་ནི༴ གཉིས་པ། གཟུགས་སོགས་ཕུང་ལྔ༴ གསུམ་པ། རྟག་པར་སྨྲ་སོགས༴ བཞི་པ། ལོ་མ་ཅན་སོགས༴ ལྔ་པ་མདོར་བསྟན། རྒྱས་བཤད། གོང་གི་དོན་བསྡུས་ཏེ་དགག་པ་གསུམ། དང་པོ། སྡེ་ཚན་བཅུ་གཅིག༴ གཉིས་པ། མགོ་སྙོམས་བཅུ་དང་༴ གསུམ་པ། དེ་དག་བསྡུ་ན༴ དྲུག་པ་ལ་བསྟན་བཤད་གཉིས། དང་པོ། རང་བཞིན་མང་ལྡན༴ གཉིས་པ་ལ་ལྔ་ཡོད་པ་རང་མིང་གི་གསལ་བ་ལྟར། གྲངས་ཅན་པ་སོགས་ཀྱིས་བསྟན། གཉིས་པ་བླང་བྱ་ནང་པ་ལ། བསྟན་བཤད་བསྡུ་གསུམ། དང་པོ། ཐར་པ་དམ་པའི༴ གཉིས་པ། ཐེག་པ་ཆུང་ངུ་དང༌། ཆེན་པོ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། དམན་པའང་༴ གཉིས་པ་ལ། རང་རྒྱལ་གཉིས། དང་པོ། སྤྱི་བྱེ་བྲག་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། ཉན་ཐོས་ལ་ནི༴ རྒྱས་བཤད་ལ། སྡེ་ཚན། རང་བཞིན། གྲུབ་མཐའ་གསུམ། དང་པོ། ཕལ་ཆེན་པ་དང༌། གཉིས་པ། ཉན་ཐོས་ལམ་གང་༴ གསུམ་པ། གྲུབ་པའི་མཐར༴ གཉིས་པ་བྱེ་བྲག་ལ་བསྟན་བཤད་གཉིས། དང་པོ། སོ་སོའི་རང་བཞིན༴ གཉིས་པ་ལ། བྱེ་སྨྲ་དང༌། མདོ་སྡེ་པ་གཉིས། དང་པོ། བྱེ་བྲག་སྨྲ་བ༴ གཉིས་པ། མདོ་སྡེ་སྤྱོད་པ༴ གཉིས་པ། རང་རྒྱལ་རྣམས༴ གཉིས་པ་ཐེག་པ་ཆེན་པོ་ལ། རྒྱུའི་ཐེག་པ་དང༌། འབྲས་བུའི་ཐེག་པ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། གང་ཆེན་མཚོ་འདྲ༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། ཐེག་མཆོག་རང་བཞིན༴ གཉིས་པ་ལ། སེམས་ཙམ། རང་རྒྱུད། ཐལ་འགྱུར་གསུམ། དང་པོ། སེམས་ཙམ་པ་ནི༴ གཉིས་པ། རང་རྒྱུད་སྡེ་པས༴ གསུམ་པ། རྒྱལ་བའི་དགོངས་པ༴ གཉིས་པ་འབྲས་བུའི་ཐེག་པ་ལ། ཁྱད་ཆོས་དང་ཁྱད་གཞི་དངོས་བཤད་པ་གཉིས། དང་པོ། འབྲས་བུས་གསང་བ་སྔགས༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གསང་སྔགས་ཆེ་མཆོག༴ གཉིས་པ་གསང་སྔགས་ཕྱི་པ་དང༌། ནང་པ་གཉིས། དང་པོ་ལ། སོ་སོའི་རྣམ་གཞག་དང༌། ཐུན་མོང་གི་རྣམ་གཞག་གཉིས། དང་པོ་ལ། བྱ་སྤྱོད། རྣལ་འབྱོར་གསུམ། དང་པོ། བྱ་བའི་རྒྱུད་དུ༴ གཉིས་པ། སྤྱོད་པའི་རྒྱུད་དུ༴ གསུམ་པ། རྣལ་འབྱོར་རྒྱུད་དུ། གཉིས་པ། དེ་དག་ཀུན་ཀྱང་༴ གཉིས་པ་ནང་པ་ལ། སྔགས་ཕྱི་པ་ལས་འཕགས་ཚུལ་དང༌། ནང་པ་དངོས་བཤད་པ་གཉིས། དང་པོ། གཞི་དང་ལམ་དང་༴ གཉིས་པ་ལ། སྤྱིའི་ངོ་བོ་དང༌། བྱེ་བྲག་སོ་སོའི་དབྱེ་བ་གཉིས། དང་པོ། རྣལ་འབྱོར་ཆེན་པོ༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། དབྱེ་ན་ཕ་མ༴ གཉིས་པ་ལ། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་གསུམ། དང་པོ། བསྐྱེད་རིམ་ཐབས་རླུང་༴ གཉིས་པ། རྫོགས་རིམ་ཤེས་རབ༴ གསུམ་པ། གཉིས་ཀ་དག་མཉམ༴ གསུམ་པ་འཇུག་བསྡུ། ནང་པའི་ཆོས་ཀུན༴ ༈ གཉིས་པ་བསམ་པའི་ཤེས་རབ་ལ་སྤྱི་དང༌། ཁྱད་པར་གྱི་བསམ་བྱ་གཉིས། དང་པོ། དེ་ལྟར་ཐོས༴ གཉིས་པ། བསྟན་བཤད་གཉིས། དང་པོ། ཁྱད་པར་བསམ་བྱ༴ གཉིས་པ་ལ། རྟེན་ཆོས་ལ་ཕྱོགས་པའི་བསམ་བྱ། སེམས་ལ་ཆོས་སྣང་བའི་བསམ་བྱ། ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་གསུམ། དང་པོ་ལ། རྟེན་དོན་ཡོད་པར་བྱ་བའི་བསམ་བྱ་དང༌། མྱུར་དུ་དོན་ཡོད་པར་བྱ་བའི་བསམ་བྱ་གཉིས། དང་པོ་ལ། རང་བཞིན་མདོར་བསྟན། རྣམ་གྲང་རྒྱས་པར་བཤད། དེ་ལྟར་བསམ་པའི་ཕན་ཡོན་གསུམ། དང་པོ། དང་པོ་དལ་འབྱོར༴ གཉིས་པ་ལ། རྙེད་དཀའི་ཚུལ་བསམ་པ་དང༌། དེ་ཤེས་ནས་དོན་ཡོད་པར་བྱ་ཚུལ་གཉིས། དང་པོ་ལ། མི་མཐུན་ཕྱོགས་བྲལ་བའི་ཚུལ། མཐུན་རྐྱེན་ཚང་བ། དེ་ལྟ་བུའི་རྟེན་རྙེད་དཀའི་དཔེ་བསམ་པ་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ། མི་ཁོམ་ལས་ལོག༴ གཉིས་པ་ལ། མི་ཁོམ་པ་དང་བྲལ་ཚུལ། མིར་གྱུར་པ། ཕྱི་མ་དྲུག་བཤད་པ་གསུམ། དང་པོ་ལ། བསྟན་བཤད་བསྡུ་གསུམ་གྱི་དང་པོ། དང་པོ་མི་ཁོམ༴ གཉིས་པ་ལ། རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད། ཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད། རིས་ཆད་བློ་མིས་མི་ཁོམ་པ་བརྒྱད། དང་པོ། དམྱལ་བ་ཡི་དྭགས༴ གཉིས་པ་དུག་ལྔ་འཁྲུགས་དང་༴ གསུམ་པ། འཆི་བ་དམ་ལྡན། གསུམ་པ། དེ་དག་རྣམས་སུ༴ གཉིས་པ་མིར་གྱུར་པ་ནི། འདི་ལྟར་སེམས་ཅན༴ གསུམ་པ་ཕྱི་མ་དྲུག་པོ། དེ་བཞིན་དབང་པོ༴ གསུམ་པ། མཐུན་པའི་རྐྱེན་ལ་བསྟན་བཤད་གཉིས། དང་པོ། ཆོས་ལ་སྤྱོད་པའི༴ གཉིས་པ་རང་འབྱོར་དང༌། གཞན་འབྱོར་གཉིས། དང་པོ། དཀར་པོའི་ལམ་འཕྲོ༴ གཉིས་པ། གཞན་འབྱོར་ཚང་བའི༴ གསུམ་པ་དེ་ལྟ་བུ་རྙེད་དཀའི་དཔེ། དལ་འབྱོར་དཔེས་མཚོན༴ གསུམ་པ་དལ་འབྱོར་དོན་ཡོད་པར་བྱ་བ་ལ་དོན་མེད་ཀྱི་བྱ་བ་དོར་བ་དང༌། དོན་ཡོད་པར་སྒྲུབ་པ་གཉིས། དང་པོ། དོན་མེད་བྱ་བ་དོར་ནས༴ གཉིས་པ། རྟག་ཏུ་དྲན་དང་༴ གསུམ་པ། དེ་ཡི་ཕན་ཡོན༴ ༈ གཉིས་པ་རྟེན་མྱུར་དུ་དོན་ཡོད་པར་བྱ་བ་མི་རྟག་པར་བསམ་པ་ལ། བསམ་པར་བྱ་བ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་བསམ་པའི་ཕན་ཡོན་གསུམ། དང་པོ། དེ་ལྟར་རྙེད་དཀའི༴ གཉིས་པ་མི་རྟག་པའི་ཚུལ་བསམ་པ་དང༌། དེ་གོམས་པའི་ཚད་གཉིས། དང་པོ་ལ། འཆི་ངེས་པ། འཆི་ཚེ་གཞན་གྱིས་མི་ཕན་པ། ༈ དེས་ན་འཆི་བ་དྲན་པར་གདམས་པ་གསུམ། དང་པོ་ལ་མི་རྟག་པ་སོ་སོའི་རང་བཞིན་བསྟན་པ་དང༌། དེ་དག་གི་མཇུག་བསྡུ་བ་གཉིས། དང་པོ་ལ། རགས་པ་རྒྱུན་གྱི་མི་རྟག་པ་དང༌། ཕྲ་བ་སྐད་ཅིག་གི་མི་རྟག་པ་གཉིས། དང་པོ་ལ། རྒྱུན་འཇིག་པའི་མི་རྟག་པ་དང༌། རྒྱུན་འགྱུར་བའི་མི་རྟག་པ་གཉིས། དང་པོ་ལ། སྣོད་མི་རྟག་པ་དང༌། བཅུད་མི་རྟག་པ་གཉིས། དང་པོ། འདི་ལྟར་གླིང་བཞིའི༴ གཉིས་པ་ལ། ལུས། འདུས་པ། ལོངས་སྤྱོད། བདེ་བ་མི་རྟག་པ་བཞི། དང་པོ། ད་ལྟའི་ས་སྟེང༴ གཉིས་པ། ཚོང་འདུས་བཞི་མདོ༴ གསུམ་པ། ལོངས་སྤྱོད་འབྱོར་པ༴ བཞི་པ། མཐོ་རིས་གྲོང་གི༴ གཉིས་པ་རྒྱུན་འགྱུར་བའི་མི་རྟག་པ། ཕྱི་ནང་དུས་བཞི༴ གཉིས་པ་ཕྲ་བའི་མི་རྟག་པ། གཟུགས་ནི་རྡུལ་ཕྲན༴ གཉིས་པ་དོན་བསྡུ། སྣ་ཚོགས་སྣོད་དང་༴ གཉིས་དེ་འཆི་ཚེ་གཞན་གྱིས་མི་ཕན་པ་ལ། འཇིག་རྟེན་གྱི་བྱ་བས་མི་ཕན་པ་དང༌། དམ་པའི་ཆོས་ཀྱིས་ཕན་ཚུན་གཉིས། དང་པོ་ལ་གང་གིས་ཀྱང་འཆི་བ་ལ་མི་བསྟོངས་པ་དང་གང་ལ་ཡང་ཡིད་བརྟེན་བརྟན་མེད་ཚུལ་གཉིས། དང་པོ། འཆི་བར་འགྱུར་ཚེ༴ གཉིས་པ། ཚོང་འདུས་མགྲོན་དང་༴ གཉིས་པ་ཆོས་ཀྱིས་ཕན་ཚུལ། འཆི་དུས་དཔུང་གཉེན༴ གསུམ་པ། སྤྱོད་ལམ་ཀུན་ཏུ༴ གཉིས་པ། གོམས་པའི་ཚད་ནི༴ གསུམ་པ། དེའི་ཕན་ཡོན༴ ༈ གཉིས་པ་སེམས་ལ་ཆོས་སྣང་བའི་བསམ་བྱ་དད་པ་ལ་བསམ་བྱ་མདོར་བསྟན། དེ་རྒྱས་པར་བཤད། དེ་ཡི་ཕན་ཡོན་གསུམ། དང་པོ། དེ་ལྟར་མི་རྟག༴ གཉིས་པ་ལ། དད་པའི་རང་བཞིན། དེ་བསྐྱེད་དགོས་པའི་རྒྱུ་མཚན། ཇི་ལྟར་བསྐྱེད་པའི་ཚུལ་གསུམ། དང་པོ། འདོད་པའི་དད་པ༴ གཉིས་པ་ལ། དད་པ་དང་ལྡན་པའི་ཡོན་ཏན། མི་ལྡན་པའི་ཉེས་དམིགས་གཉིས། དང་པོ། དད་པའི་རང་བཞིན༴ གཉིས་པ། སྐལ་མེད་རྣམས་ལ༴ གསུམ་པ་ལ། དང་པོ་དད་བ་བསྐྱེད་པ། མཐར་བརྟན་པར་བྱ་བ་གཉིས། དང་པོ་ལ། རྒྱུ་རྐྱེན་འབྲས་བུའི་རྣམ་པར་བཞག་པ་དང༌། དེ་དག་གི་མཇུག་བསྡུས་ཏེ་དད་པར་གདམས་པ་གཉིས། དང་པོ་ལ། དད་པ་སྐྱེ་བའི་རྒྱུ། སྤེལ་བའི་རྐྱེན། འབྲས་བུ་གོམས་པའི་ཚད་གསུམ༌། དང་པོ་ལ། བླང་བྱ་དད་པ་སྐྱེ་བའི་རྒྱུ། སྤང་བྱ་འགྲིབ་པའི་རྐྱེན་གཉིས། དང་པོ་ལ། ཡུལ་གང་ལ་སྐྱེ་བ་དང༌། ཚུལ་གང་གིས་འཕེལ་བ་གཉིས། དང་པོ། ཆོས་དཀར་དད་པ༴ གཉིས་པ། རྒྱུ་ལ་བརྟེན་ནས༴ གཉིས་པ་འགྲིབ་རྐྱེན་ནི། འགྲིབ་པའི་རྐྱེན་ནི༴ གཉིས་པ་རྐྱེན་ལ། རྐྱེན་ལས་སྐྱེ་བའི༴ གསུམ་པ་ཚད་ནི། སྲིད་ལས༴ གསུམ་པ་མཇུག་བསྡུ། བཙལ་བའི་ཐབས་ཀྱིས༴ གཉིས་པ་བརྟན་པར་བྱ་བ་ལ། སྤང་བྱ་དང༌། བླང་བྱ་གཉིས། དང་པོ། དད་པའི་གོལ་ས༴ གཉིས་པ། དང་པོར་རབ་བརྟག༴ གསུམ་པ། དད་པའི་ཕན་ཡོན༴ ༈ གསུམ་པ་ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་ལ། ཐུན་མོང་སྲིད་ཞིའི་དགེ་བ་འགྲུབ་པའི་བསམ་བྱ་དང༌། ཐུན་མིན་ངེས་ལེགས་ཀྱི་ཆོས་འགྲུབ་པའི་བསམ་བྱ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ དང་པོ། དེ་ནས་དད་ལྡན༴ གཉིས་པ་ལ། ཆ་མཐུན་གཉིས་ཀྱི་དབྱེ་བ། སོ་སོའི་རང་བཞིན་གཉིས། དང་པོ། དགེ་བའི་ལས་ནི། གཉིས་པ་ལ། བསོད་ནམས་ཆ་མཐུན་དང༌། ཐར་པ་ཆ་མཐུན་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། སྲིད་པའི་བདེ་འབྲས༴ གཉིས་པ་ལ། བླང་བྱ་དགེ་བཅུ་དང༌། སྤང་བྱ་མི་དགེ་བཅུ་གཉིས། དང་པོ་ལ། ལས་ཀྱི་ངོ་བོ་དང༌། འབྲས་བུ་གཉིས༴ དང་པོ། རྣམ་གྲངས་མང་ཡང་༴ གཉིས་པ་ལ་སྤྱི་བྱེ་བྲག མཇུག་བསྡུ་གསུམ། དང་པོ། འདི་བཅུ་བསམ༴ གཉིས་པ་ལ། རྣམ་སྨིན་སོགས་ཀྱི་འབྲས་བུ་དང༌། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གཉིས། དང་པོ། དགེ་བས་བདེ་འགྲོ༴ གཉིས་པ། སྲོག་གཅོད་སྤང་བས༴ གསུམ་པ་མཇུག་བསྡུ་བ། མཐོ་རིས་བགྲོད་པའི༴ གཉིས་པ་མི་དགེ་བ་ལ། མི་དགེའི་འབྲས་བུ་བསྟན་པ་དང༌། དེའི་མཇུག་བསྡུ་བ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། མི་དགེའི་ལས་བཅུ༴ གཉིས་པ་ལ། རྣམ་སྨིན་དང༌། མྱོང་བ་རྒྱུ་མཐུན་གཉིས། དང་པོ། ཆེ་འབྲིང་ཆུང་ངུས༴ གཉིས་པ། མཐོ་རིས་ཐོབ་ཀྱང་༴ གསུམ་པ་འཇུག་བསྡུ། དེ་ལྟར་མི་དགེ༴ གཉིས་པ། ཐར་པ་ཆ་མཐུན་ལ། མཚན་ཉིད་དང༌། ངོ་བོ་གཉིས། དང་པོ། ཐར་པའི་ལམ་ནི། གཉིས་པ་ལ་ཐེག་གསུམ་སྤྱིར་བསྟན་པ་དང༌། ཐེག་ཆེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། གང་ཞིག་ཐེག་པ༴ གཉིས་པ་ལམ་གྱི་མདོ་གནད་བསྟན་པ་དང༌། ལམ་གྱི་ཆིངས་བཤད་པ་གཉིས། དང་པོ། ཁྱད་པར་ཐེག་ཆེན༴ གཉིས་པ། རྩོམ་པ་ཐམས་ཅད༴ གསུམ་པ་ལས་ཀྱི་མཇུག་བསྡུ་བ་ལ། སྤང་བླང་སོ་སོའི་མཇུག་བསྡུ་བ་དང༌། མཐར་ཐུག་གི་བླང་བྱ་ངོས་བཟུང་བའོ། །དང་པོ། སྤང་བྱ་སྤང་བའི་ཚུལ། བླང་བྱ་བླང་བའི་ཚུལ་གཉིས། དང་པོ། འདི་ལྟར་སྣང་སྲིད། གཉིས་པ། དག་པའི་རྒྱལ་སྲས། གཉིས་པ་ལ། དངོས་དང༌། ཇི་ལྟར་བླང་ཚུལ་གཉིས། དང་པོ། དགེ་བའང་༴ གཉིས་པ། ཕ་རོལ་ཕྱིན་ལྔ༴ ༈ གཉིས་པ་ཐུན་མིན་ངེས་ལེགས་འགྲུབ་པའི་བསམ་བྱ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་དང༌། མྱང་འདས་ཞི་བདེར་བསམ་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ། དེ་ནས་འཁོར་བའི༴ གཉིས་པ་ལ། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་ཡི་སྡུག་བསྔལ་དྲུག དང་པོ་ལ་བསྟན་བཤད་གཉིས། དང་པོ། དམྱལ་བའི་གནས་ན་གཉིས་པ་ལ། ཚང་དམྱལ་གྲང་དམྱལ་གཉིས། དང་པོ་ལ། དངོས་དང༌། ཚེ་ཚད་གཉིས། དང་པོ་ལ། དངོས་གཞིའི་གནས་དང༌། ཉེ་འཁོར་གཉིས། དང་པོ། ཡང་སོས་ཕན་ཚུན༴ གཉིས་པ། ཕྱི་རོལ་ཕྱོགས་བཞི༴ གཉིས་པ། ཚེ་ཚད་ཡང་སོས༴ གཉིས་པ་གྲང་དམྱལ་ལ། དངོས་དང༌། ཚེ་ཚད་གཉིས། དང་པོ། གངས་དང་ཁ་བའི༴ གཉིས་པ། ཚེ་ཚད་ཁལ་བརྒྱ༴ གཉིས་པ་ཡི་དྭགས་ལ་དངོས་དང༌། ཚེ་ཚད་གཉིས། དང་པོ། ཡི་དྭགས་བཀྲེས་སྐོམས༴ གཉིས་པ། ཚེ་ཚད་མི་ཡི༴ གསུམ་པ་དུད་འགྲོ་ལ་དངོས་དང༌། ཚེ་ཚད་གཉིས། དང་པོ། དུད་འགྲོ་རྣམས་ལའང༴ གཉིས་པ། ཚེ་ལ་མ་ངེས༴ བཞི་པ། མི་རྣམས་ལ་ཡང་༴ ལྔ་པ། ལྷ་མིན་རྣམས་ལ༴ དྲུག་པ། ལྷ་རྣམས་ལ་ཡང་༴ གསུམ་པ་དོན་བསྡུ། དེ་ལྟར་འཁོར་བ༴ གཉིས་པ་མྱང་འདས་ཞི་བདེར་བསམ་པ་ནི། སྙིང་པོ་མེད་པ་དེ་འདྲའི༴ ༈ གསུམ་པ་སྒོམ་པའི་ཤེས་རབ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་བསམ་བྱ༴ གཉིས་པ་ལ། གནས་ལུགས་གཏན་ལ་དབབ་པ་དང༌། སྒོམ་པས་ཉམས་སུ་བླང་བ་གཉིས། དང་པོ་ལ། དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ། དེ་ལ་དང་པོ༴ གཉིས་པ་ལ། གཞི་བདེན་གཉིས་དབྱེར་མེད་དུ་གཏན་ལ་ཕབ་པ། ལམ་འཁོར་འདས་དབྱེར་མེད་དུ་ཉམས་སུ་ལེན་པ། ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་ལ་བཟླ་བ་གསུམ། དང་པོ་ལ། བདེན་གཉིས་དབྱེར་མེད་ཀྱི་ངོ་བོ། དབྱེར་མེད་པའི་རྒྱུ་མཚན་གཉིས། དང་པོ། དེའི་རང་བཞིན༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། ཀུན་རྫོབ་རྣམ་ཆད༴ གཉིས་པ་རྒྱས་བཤད་ལ། སྣང་ཚུལ་ཐ་སྙད་ལ་བདེན་པ་གཉིས་སུ་དབྱེ་བ། གནས་ཚུལ་དོན་དམ་པར་དབྱེར་མེད་གཅིག་ཏུ་བསྟན་པ་གཉིས། དང་པོ། ཐ་སྙད་བདེན་གཉིས། གཉིས་པ། ཀུན་རྫོབ་འདི་ལྟར༴ གཉིས་པ་ལམ་འཁོར་འདས་དབྱེར་མེད་ལ། དངོས་དང༌། དེ་ལ་ལོག་རྟོག་དགག་པ་གཉིས། དང་པོ་ལ་གནས་ལུགས་ལ་འཁོར་འདས་དབྱེར་མེད་དུ་བསྟན་པ་དང༌། སྣང་ཚུལ་གྱིས་མི་གནོད་པར་བསྟན་པ་གཉིས། དང་པོ། དེ་ཡི་རང་བཞིན༴ གཉིས་པ། འདི་ལྟར་སྣང་ཡང་༴ གཉིས་པ། འདི་ལ་གཞན་དུ༴ གསུམ་པ་ཐོབ་བྱ་གཞི་འབྲས་དབྱེར་མེད་ལ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་གསུམ། དང་པོ། འགྱུར་མེད་དོན་དམ༴ གཉིས་པ་ལ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ངོས་བཟུང་བ། དེ་མ་རྟོགས་པའི་ཕྱོགས་གཞན་དགག་པ་གཉིས། དང་པོ་ལ། དངོས་དང༌། དེ་ཡི་མིང་གི་རྣམ་གྲངས་གཉིས། དང་པོ་ལ། དོན་གྱི་ངོ་བོ་མདོར་བསྟན། དེ་དཔེས་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་དང་གསུམ། དང་པོ། འདི་ཉིད་རང་བཞིན༴ གཉིས་པ། དཔེ་ལ་བསྟན་བཤད་བསྡུ་གསུམ། དང་པོ། འདི་ཉིད་འགྲོ་བ༴ གཉིས་པ་ལ། གཞི་སོ་སྐྱེའི་གནས་སྐབས་ཀྱི་དཔེ། འཕགས་པའི་སའི་གནས་སྐབས། མཐར་ཐུག་དག་པའི་སྐབས་ན་ཡོད་ཚུལ་གྱི་དཔེ་གསུམ། དང་པོ། ཇི་ལྟར་དབུལ་པོའི༴ གཉིས་པ། ཇི་ལྟར་བུམ་ནང་༴ ཇི་ལྟར་པད་ནང་༴ གསུམ་པ། དེ་ཕྱིར་ཆོས་དབྱིངས༴ གཉིས་པ། འདི་ལ་མིང་གི༴ གཉིས་པ་ཚུལ་དེ་མི་ཤེས་པའི་ཕྱོགས་བཀག་པ། ཚུལ་འདི་མི་ཤེས༴ གསུམ་པ་མཇུག་བསྡུ་བ། གང་འདིར་སྟོན་པའི༴ གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན། ཡང་ཟབ་ལྟ་བའི༴ ༈ གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་གནས་ལུགས༴ གཉིས་པ་ལ། ལམ་གྱི་གཞི་སྐྱབས་འགྲོ། ལམ་གྱི་རྩ་བ་སེམས་བསྐྱེད། ལམ་ཀྱི་རྟེན་བསྐྱེད་རིམ་བསྒོམ་པ་གཉིས། དང་པོ་ལ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་བའི་ཕན་ཡོན་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ། སྐྱབས་འགྲོའི་ཡུལ་ནི༴ གཉིས་པ་ལ། རྒྱུའི་སྐྱབས་འགྲོ་དང༌། འབྲས་བུའི་སྐྱབས་འགྲོ་གཉིས། དང་པོ་ལ། གནས་སྐབས་སྐྱབས་གསུམ་གྱི་རྣམ་པར་བཞག་པ་དང༌། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་གཉིས། དང་པོ། རྒྱུ་ཡི་ཡུལ་གྱུར༴ གཉིས་པ། མཐར་ཐུག་སངས་རྒྱས༴ གཉིས་པ་འབྲས་སྐྱབས་ལ། དངོས་དང༌། རྒྱུ་འབྲས་ཀྱི་འབྲེལ་པ་བསྟན་པ་གཉིས། དང་པོ། འབྲས་བུའི་སྐྱབས་འགྲོ༴ གཉིས་པ། དེ་ཡང་རྒྱུ་ཡི༴ གཉིས་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ལ། འདུན་པ་དང༌། ཆོ་གའི་ཚུལ་གཉིས། དང་པོ། སངས་རྒྱས་སྟོན༴ གཉིས་པ། དེ་ལྟར་སྐྱབས་ཡུལ་ལ༴ གསུམ་པ། དེ་ཡི་ཕན་ཡོན༴ གཉིས་པ་སེམས་བསྐྱེད་ལ། ངོ་བོ། དབྱེ་བ། བསྐྱེད་ཚུལ། ཕན་ཡོན་བཞི། དང་པོ་ལ། མཚན་ཉིད། རང་བཞིན། གང་ལྟར་བསྐྱེད་པའི་ཁྱད་པར་དཔྱད་པ་གསུམ། དང་པོ། དེ་ནས་བྱང་ཆུབ༴ གཉིས་པ། སྨོན་དང་འཇུག་པའི༴ གསུམ་པ། སེམས་སེམས་བྱུང་གང་ལྟར་བསྐྱེད། རྣམ་ཤེས་ཡེ་ཤེས་གང་ལྟར་བསྐྱེད་པའི་ཁྱད་པར་གཉིས། དང་པོ། སེམས་བསྐྱེད་པ་ནི༴ གཉིས་པ། འཁོར་བའི་དུས་ན༴ གཉིས་པ་དབྱེ་བ། ཚོགས་དང་སྦྱོར་བར༴ གསུམ་པ། ཇི་ལྟར་བསྐྱེད་ཚུལ༴ བཞི་པ། དེ་ཡི་ཕན་ཡོན༴ གསུམ་པ་བསྐྱེད་རིམ་ལ། བསྟན་བཤད་གཉིས། དང་པོ། དེ་ལྟར་སེམས་མཆོག༴ གཉིས་པ་ལ། སྔོན་དུ་འགྲོ་བའི་ཆོས་དང༌། དངོས་གཞི་གཉིས། དང་པོ། སྔོན་དུ་རིག་གཏད༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གྲོལ་བྱེད་བསྐྱེད་རྫོགས༴ གཉིས་པ་ལ། དངོས་གཞི་བསྐྱེད་རིམ་དང༌། ཞར་བྱུང་རྫོགས་རིམ་བསྟན་པ་གཉིས། དང་པོ་ལ་དངོས་དང༌། དེ་ཡི་ཕན་ཡོན་གཉིས། དང་པོ། འདི་ལྟར་ཕྱི་སྣོད༴ གཉིས་པ་ལ་ཐ་མལ་ཞེན་པ་འགོགས་སོགས། གཉིས་པ། དེ་རྗེས་སེམས་ཉིད༴ ༈ གཉིས་པ་དངོས་གཞི་ལ། བསྟན་བཤད་གཉིས། དང་པོ། དེ་ནས་དངོས་གཞི༴ གཉིས་པ་ལ་ཐབས་ཞི་གནས་བསྒྲུབ་པ་དང༌། ཐབས་བྱུང་ལྷག་མཐོང་བསྒོམ་པ་གཉིས། དང་པོ་ལ། སྤྱི་དང་ཁྱད་པར་གཉིས། དང་པོ། དེ་ཡང་ཐབས་མེད༴ གཉིས་པ་ལ། མདོར་བསྟན། རྒྱས་བཤད། དེ་ཐབས་ཡིན་ཚུལ་གསུམ། དང་པོ། འདིར་ནི་མདོར་བསྡུས༴ གཉིས་པ་ལ། རྟེན་རྩ་རླུང་གི་རྣལ་འབྱོར་དང༌། བརྟེན་པ་ཁམས་ལ་བསླབ་པའི་རྣལ་འབྱོར་གཉིས། དང་པོ། ལུས་ཀྱི་ཆ་བསྲངས༴ གཉིས་པ། དེ་ནས་ཁམས་ལ༴ གསུམ་པ། མདོ་དང་བསྟན་བཅོས༴ གཉིས་པ་ཐབས་བྱུང་ལ། རང་བྱུང་འོད་གསལ་གྱི་ལྷག་མཐོང་ངོས་བཟུང་བ་དང༌། ལོག་པར་རྟོག་པ་གཞན་གྱི་ལུགས་དགག་པ་གཉིས། དང་པོ་ལ། ཐོག་མར་ངོ་སྤྲོད་པའི་ཚུལ། བར་དུ་ངང་སྐྱོང་བའི་ཚུལ། མཐར་དེ་ལས་ཡོན་ཏན་འབྱུང་བའི་ཚུལ་གསུམ། དང་པོ། ཐབས་དེས་འགྲུབ་པའི༴ གཉིས་པ། མཚན་མའི་རྣམ་རྟོག༴ གསུམ་པ། དེ་ལས་སྤྱན་དང་༴ གཉིས་པ་ལོག་རྟོག་དགག་པ་ལ། ཕྱོགས་སྔ་གསུམ་སོ་སོའི་ལུགས་འབྲེལ་མེད་དུ་བསྟན་པ་དང༌། དེ་འདྲའི་རིགས་ཅན་གཞན་དང་ཡང་ཐུན་མོང་དུ་དགག་པའི་མཇུག་བསྡུ་བ་གཉིས། དང་པོ་གང་ལ་གནད་མེད༴ གཉིས་པ། གཞུང་ལུགས་ཀུན་ལས༴ རྩ་བའི་བཅད་གསུམ་པ་རྗེས་ཀྱི་བྱ་བ། མཉམ་གཞག་དངོས་གཞིའི་ངང་ལས་སོགས། ༈ གཉིས་པ་ལ་ཇི་ལྟར་བགྲོད་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་བསྒོམས་པས༴ གཉིས་པ་ལ་དངོས་དང༌། ས་ལམ་གྱི་ཡོན་ཏན་ལྡན་ཚུལ་ལ་དཔྱད་པ་གཉིས། དང་པོ་ལ། ཚོགས། སྦྱོར། མཐོང༌། བསྒོམ་བཞི། དང་པོ་ལ། སྤྱི། བྱེ་བྲག གཉིས། དང་པོ། སྤྲུལ་པའི་འཁོར་ལོ༴ གཉིས་པ་ལ། ཚོགས་ལམ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ། དང་པོ། ཚོགས་ལམ་ཆུང་ངུར༴ གཉིས་པ། འབྲིང་དུ་ཡང་དག༴ གསུམ་པ། ཆེན་པོར་རྫུ་འཕྲུལ༴ གཉིས་པ་སྦྱོར་ལམ། སྤྱི་བྱེ་བྲག་གཉིས། དང་པོ། ཆོས་ཀྱི་འཁོར་ལོ༴ གཉིས་པ་ལ། དྲོད་རྩེ་གཉིས་དང༌། བཟོད་མཆོག་གཉིས་བཤད་པ་གཉིས། དང་པོ། དད་བརྩོན་དྲན་པ༴ གཉིས་པ། སྟོབས་ལྔའི་རང་བཞིན༴ གསུམ་པ་མཐོང་ལམ། ལོངས་སྤྱོད་འཁོར་ལོའི༴ བཞི་པ་སྒོམ་ལམ་ལ། སྤྱི། བྱེ་བྲག་གཉིས། དང་པོ། བདེ་ཆེན་འཁོར་ལོའི༴ གཉིས་པ་ལ། སའི་ངོ་བོ། ཡོན་ཏན། ནང་དུ་སྦྱར་བ་གསུམ། དང་པོ། དྲི་མེད་འོད་བྱེད༴ གཉིས་པ། དེ་དག་སོ་སོའི༴ གསུམ་པ་ལ། སྤྱི། བྱེ་བྲག་གཉིས། དང་པོ། རྩ་འདབ་ཕྲ་མོའི། གཉིས་པ། དབུ་མར་རོ་རྐྱང་༴ གཉིས་པ་ཡོན་ཏན་གྱི་ཚུལ་ལ་དཔྱད་པ་ལ། སྤྱི། བྱེ་བྲག་གཉིས། དང་པོ། གང་ཚེ་གོང་མའི༴ གཉིས་པ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ་གཉིས། དང་པོ། ཁ་ཅིག་ས་ལམ༴ གཉིས་པ། འདིར་ནི་ལམ་བསྒོམ༴ ༈ གཉིས་པ་འབྲས་བུ་ལ། བསྟན། བཤད། བསྡུ་གསུམ། དང་པོ། དེ་ལྟར་བསྒོམ་པའི༴ གཉིས་པ་ལ་སྤྱི་བྱེ་བྲག་གཉིས། དང་པོ། ལུས་དང་དོན་དང་༴ གཉིས་པ་ལ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ། དང་པོ་ལ། སྐུ་ལྔ་སོ་སོར་བཤད་པ་དང༌། རང་བཞིན་གཅིག་ཏུ་བསྟན་པ་གཉིས། དང་པོ་ལ། སྐུ་གསུམ་བཤད་པ། བདེ་ཆེན་གྱི་སྐུ་བཤད་པ། མངོན་བྱང་རྡོ་རྗེའི་སྐུ་བཤད་པ་གསུམ། དང་པོ། ཆོས་ཀྱི་སྐུ་དང་༴ གཉིས་པ། བསམ་གྱིས་མི་ཁྱབ༴ གསུམ་པ། མངོན་བྱང་མི་འགྱུར༴ གཉིས་པ་རང་བཞིན་གཅིག་ཏུ་བསྟན་པ་ནི། དེ་ལྟར་སྐུ་རྣམས༴ གཉིས་པ་ཡེ་ཤེས། དེ་ལ་བརྟེན་པའི༴ གསུམ་པ། མཛད་པའི་ཕྲིན་ལས༴ གསུམ་པ་དོན་བསྡུ། འདི་དག་རྣམ་གྲོལ༴ ༈ གསུམ་པ་མཇུག་ཡོངས་་རྫོགས་པའི་བྱ་བ་ལ། ཚུལ་ཇི་ལྟར་བརྩམས་པ་དང༌། དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་གཉིས། དང་པོ་ལ། དགོས་པ་དང་བཅས་པའི་གཞུང་ཇི་ལྟར་བརྩམས་ཚུལ་དང༌། རྩོམ་པ་པོ་ཇི་ལྟ་བུས་བརྩམས་ཚུལ་གཉིས། དང་པོ། དེ་ལྟར་མདོ་རྒྱུད༴ གཉིས་པ། ཚུལ་འདི་བློ་གྲོས༴ གཉིས་པ་ལ། གཞུང་བརྩམས་པའི་དགེ་བ་བསྔོ་བ་དང༌། བསྔོ་བ་དེའི་དོན་བསྡུས་ཏེ་བསྔོ་བ་གཉིས། དང་པོ་ལ། རིགས་ལྔ་ལས་རྣམ་སྣང་གང་ཆེན་མཚོ་ཐོབ་པར་བསྔོ་བ་ནི། བསོད་ནམས་སྟོན་ཀའི་སོགས། དེ་རྣམས་ཚིགས་བཅད་རེ་རེས་སོ་སོར་བསྟན། གཉིས་པ་ལ། གཏན་དང་སྐབས་ཀྱི་ཕན་བདེའི་རྒྱུར་བསྔོ་བ་དང༌། ཕན་བདེའི་རྒྱུའི་གཙོ་བོ་ཆོས་ཚུལ་རྒྱས་པའི་ཆེད་དུ་བསྔོ་བ་གཉིས། དང་པོ། ཡིད་བཞིན་བསྔོ་བ༴ གཉིས་པ། ཆོས་ཚུལ་འདི་ཡང༌། བཞི་པ་མཇུག་གི་དོན་ལ་མཛད་བྱང་ནི། ཐེག་པ་ཆེན་པོའི་མན་ངག་གི༴ སོགས་སོ། ༈ །འདིར་སྨྲས་པ། བློ་བཟང་རྒྱུ་སྐར་བྱེ་བའི་སྣང་བ་ཡང༌། །མི་སྣང་བཞིན་དུ་ཟིལ་གྱིས་གནོན་ནུས་པ། ལུང་རིགས་དྲི་མེད་འོད་ཟེར་སྟོང་འབར་བའི། །སྙན་པའི་བ་དན་སྲིད་པ་གསུམ་ན་མཐོ། །གང་ཐུགས་མཁྱེན་པའི་མཁའ་དབྱིངས་གཙང་མ་རུ། །མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་ཀུན། །གཅིག་བསྡུས་འཇམ་མགོན་ཟླ་བའི་དཀྱིལ་འཁོར་ཆ། །སྒྲིབ་པའི་སྨག་ལ་གཤེ་བ་བཞིན་དུ་རྒྱས། །འབུམ་ཕྲག་ལེགས་བཤད་ནོར་བུའི་འབྱུང་གནས་ནི། །གང་མགྲིན་འོ་མའི་རྒྱ་མཚོ་ཁྱོན་ཡངས་པར། སྙན་དངགས་ཀུ་མུད་མཛེས་པའི་ཚལ་དུ་ཡང༌། །དབྱངས་ཅན་ངང་པའི་བུ་མོ་རོལ་ཞིང་རྩེ། །བརྗོད་མེད་ཞིང་གི་རྡུལ་མཚུངས་ཡོན་ཏན་ཚོགས། །འབྱོར་པས་རབ་མཛེས་ཆོས་ཀྱི་སྤྲིན་ཆེན་ལ། །དགྱེས་རོལ་རྒྱལ་བའི་རྒྱལ་ཚབ་ཆོས་ཀྱི་རྗེའི། །ལེགས་བཤད་རིན་ཐང་བྲལ་བའི་རིན་ཆེན་མཛོད། །ཐེག་མཆོག་ལུང་དོན་ཚང་ལ་མ་ནོར་བ། །དྲི་མེད་རིགས་པའི་ཚུལ་བཟང་གསལ་བྱེད་ཅིང༌། །ཟབ་མོ་གནད་ཀྱི་མན་ངག་དང་ལྡན་པ། །ཆོས་ཚུལ་འདི་འདྲ་འཇིག་རྟེན་གསུམ་ན་དཀོན། །དེ་ཕྱིར་འདི་དོན་ཅུང་ཟད་བརྗོད་པ་ཡི། །དགེ་བས་ཐེག་མཆོག་སྙིང་པོའི་བསྟན་པ་འདི། །དུས་ཀྱི་མཐར་ཡང་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བ་ཉིད་གྱུར་ཅིག །སྲས་བཅས་རྒྱལ་བའི་གསུང་དབྱངས་སེང་གེའི་སྒྲས། །ལུང་བསྟན་ཇི་བཞིན་ནམ་ཞིག་མགོན་པོ་ཁྱོད། །རྣམ་འདྲེན་རི་རབ་མར་མེའི་རྒྱལ་མཚན་དུ། མངོན་པར་བྱང་ཆུབ་བརྙེས་པ་དེ་ཡི་ཚེ། བདག་དང་བདག་གི་མར་གྱུར་འགྲོ་བ་ཀུན། །ཞིང་དེར་རྒྱལ་སྲས་གཞོན་ནུའི་རྣམ་རོལ་གྱིས། །བདེན་གསུང་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ནས། །སྟོབས་བཅུ་མངའ་བར་ལུང་བསྟན་རྙེད་གྱུར་ཅིག །ཅེས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཉུང་དུ་བཀྲ་ཤིས་པའི་གྲངས་དང་ལྡན་པའི་ཚིགས་སུ་བཅད་པ་དང་བཅས་པ་འདི་ནི། དད་བརྩོན་ཡོན་ཏན་དུ་མས་འབྱོར་ཞིང་ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་ཡིད་ཆེས་ཐོབ་པ། སིདྡྷིའི་མིང་ཅན་སོགས་ལུང་རིག་སྨྲ་བ་འགའ་ལ་གཞུང་བཤད་བགྱིས་པའི་སྐབས་སུ་མཉྫུ་གྷོ་ཥ་བི་ཛ་ཡས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་འཕེལ།། ༈ །།བདེན་དོན་མངོན་སུམ་གཟིགས་པའི་འཕགས་པ་ཆེན་པོའི་བསྟན་བཅོས་ལུང་རིགས་ཀྱིས་གྲུབ་པ་འདི་ནི། རང་ལུགས་ཀྱི་ཁས་ལེན། བརྒལ་བརྟགས་ལ་ཉམས་ང་མེད་པ་འདི་ལྟ་བུའི་ནོར་བུའི་བུ་རིན་པོ་ཆེ་འདི་ངོ་ཤེས་པར་བྱས་ནས་གཞན་ལུགས་འཆིང་བུ་ལ་རེ་བ་མ་བྱེད་པར། ཚུལ་འདི་ཆད་རྩོད་རྩོམ་གསུམ་གྱིས་ཕྱོགས་མཐར་སྤེལ་བའི་ཐུགས་བསྐྱེད་རྒྱ་ཆེན་པོ་མཛོད་ཅིག་ཅེས་ཕྱོགས་བཅུའི་སྔ་འགྱུར་གྱི་མཁས་པ་རྣམས་ལ་ཞུ་བའི་དོན་འབྲས་སྨིན་པར་མཛད་དུ་གསོལ། །དགེའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net