ཟབ་མོ་ནང་དོན་གྱི་མཆན་བུ་མངོན་སུམ་ལམ་བྱེད་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ཟབ་མོ་ནང་དོན་གྱི་མཆན་བུ་མངོན་སུམ་ལམ་བྱེད་བཞུགས་སོ། །[1]

༄༅། །སྲིད་ཞིའི་དཔལ་ནི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་དེས་མི་མཐུན་ཕྱོགས་འཇོམས་པས་འཆང་དེ་སོ་སོ་རང་གི་རིག་པ་ལ་གཞི་ལམ་འབྲས་གསུམ་ལས་ད་རེས་འབྲས་བུའི་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཤེས་བྱ་ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་ཁྱབ་འཇུག་དང་ཉན་རང་སོགས་བྱིས་པ་རྣམས་ལ་ཐམས་ཅད་མཁྱེན་པར་གྲགས་པ་དང་མི་མཚུངས་ཅིང་ཐམས་ཐུགས་ཀྱི་མཁྱེན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་བྱས་ནའང་རུང་ཅད་ཀྱི་མཚན་ཉིད་ཆགས་ཐོགས་མེད་པར་མངོན་སུམ་གཟིགས། རང་གི་རྟོགས་ཀྱང་གཞན་ལ་མི་སྟོན་པའི་རང་རྒྱལ་ལྟ་བུ་མིན་པས་ཕྱི་འཇིག་རྟེན་ནང་རྡོ་རྗེའི་ལུས་གཞན་དབང་སྐྱེད་རིམ་གསུམ་དེ་ཉིད་ཕྱག་ཆེན་སྣང་སྟོང་དབྱེར་མེད་སྟོན། བསྟན་ནས་ཀྱང་གནས་སྐབས་བཞི་ཡི་སྣང་བས་རྒྱུད་དཀྲུགས་པའི་འཁྲུལ་པ་སེལ་ཞིང་སྐུའི་འབྲས་བུ་མངོན་སུམ་སྟོན་པའི། ལྷ་དང་བཅས་པའི་འགྲོ་བའི་དཔལ་ལྡན་དེའི་གོང་ན་གཞན་མེད་པའི་བླ་མ་ལ་སངས་རྒྱས་དང་དབྱེར་མེད་ཕྱག་འཚལ། སེམས་ཅན་རྣམས་དང་ལྷན་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་ངོ་བོར་བསྟན་པ་ནི་སྐྱེས་ཆོས་སྐུ་བདེ་ཆེན་ཉག་གཅིག་དངོས་བདེན་གཉིས་ཀྱི་དབང་གི་སྐུ་གཉིས་ཀྱི་བདག་ཉིད། སྐུ་ནི་གསུམ་རྩ་སྐུ་རླུང་གསུང་། ཐིག་ལེ་ཐུགས་རྡོ་རྗེའི་རང་བཞིན་ཅན་སྐུ་སྤྲུལ་སྐུ་གསུང་ལོངས་སྐུ་ཐུགས་ཆོས་སྐུ། གནས་སྐབས་བཞི་པོ་ནི་སེམས་ཅན་གྱི་ཚེ་སྒྲིབ་བཅས་སངས་རྒྱས་ཚེ་སྒྲིབ་མེད་ཀྱི་སྐུ་བཞི་ཉིད། སྦྱངས་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི་དབྱེ་བས་རྣམ་སྣང་སོགས་སྐུ་ལྔའི་བདག་ཉིད་ལ་རིགས་ནི་ལྔ་པོ་དེ་ཉིད་ལས། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད་ཅེས་པའི་དོན་ཕྱག་འཚལ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ལ་ཕྱག་འཚལ་བ་ནི་དངོས་སེམས་ཉིད་ཆོས་སྐུ་བདེ་སྟོང་དབྱེར་མེད་ཀྱི་གཅིག་ཆོས་རྟེན་འབྲེལ་སྣང་ཙམ་གྱི་ཀུན་དེའི་རང་བཞིན་ཅན་ཡིན་ལ་འདི་ལ། ཡོད་མེད་སོགས་མཐའ་ཐམས་ཅད་དང་བྲལ་བས་རྩ་དབུ་མ་རླུང་དབུ་མ་ཐིག་ལེ་དབུ་མའི་རང་བཞིན་བདེ་ཆེན་སྣང་སྟོང་དབྱེར་མེད་པྲ་ཕབ་པ་ལྟ་བུ་རྣམ་ཀུན་མཆོག་ལྡན་ཉིད། དེ་ཡང་གང་སྦྱོར་ལམ་ཆོས་མཆོག་གི་མཐར་སྐྱེས་པའི་མཐོང་ལམ་དེ་སྔགས་ལུགས་སུ་དབང་ངམ་སྒོམ་སྟོབས་ཀྱི་མཆོག་དགའི་མ་མཐའ་དགའ་བྲལ་གྱི་ཡ་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན། རྡོ་རྗེ་ཕག་མོ་སོགས་མིང་གི་བོད་པའི་ལྷ་མོ་ཕྱག་གི་ཡུལ་དོན་དམ་རྣམས་ལ་རང་རིག་དང་ཀུན་རྫོབ་རྣམས་ལ་བརྡའི་དེ་ལ་ཕྱག་འཚལ་ལོ། །རྒྱུད་སྡེ་འོག་མ་རྣམས་ཀུན་ཏུ་གསང་བ་རྩ་རླུང་ཐིག་ལེ་དང་འདོད་ཡོན་ལམ་བྱེད་དབང་གོང་མའི་དཔེ་དོན་གྱི་ཡེ་ཤེས་རྟགས་དང་རྟགས་ཅན་སོར་སྡུད་སངས་རྒྱས་ཀྱི་ཡོན་ཏན་ཚང་བར་སེམས་ཅན་བཞུགས་ཚུལ་གང་། རྒྱལ་བས་བླ་ན་མེད་པའི་རྒྱུད་དུ་པར་ཕྱེ་ཡང་། མཐའ་དགོངས་དགོངས་མིན་དྲང་ངེས་སྒྲ་ཇི་བཞིན་ཇི་བཞིན་མ་ཡིན་པ་དྲུག་གིས་བཅིངས་པས་རྟོགས་དཀའ་བོ་ཁྱད་པར་ལུས་སེམས་ནང་གི་དོན། ཕྱི་ནང་པའི་ཉན་ཐོས་དང་ཉན་ཐོས་བྱེ་མདོ་དང་རང་རང་རྒྱལ་གྱིས་སྤྱོད་ཡུལ་མིན། ཕ་རོལ་ཕྱིན་པར་ཕྱོགས་རེ་ཞུགས་པ་ཚོགས་ལམ་ལྟ་བུ་ལས་དང་པོ་པ་དང་སྟོང་པ་ཉིད་ཀྱིས་སེམས་གཡེངས་པ་རྣམས་ལ་རབ་གསང་རང་གསང་དུ་གནས་བ། རྩ་རླུང་ཐིག་ལེ་དང་ལུས་རྣམ་ཤེས་ཚོགས་བརྒྱད་ཀྱི་སེམས་སེམས་གནས་ཚུལ་སྤྱི་དང་བྱེ་བྲག་དེ་གཉིས་དང་དབྱེར་མེད་དུ་ཏིལ་ལ་ཏིལ་མར་ལྟར་གནས་པའི་ནང་གི་བདག་ཉིད་དམ་སྙིང་པོ་རྡོ་རྗེའི་ལུས་སེམས་སྐུ་གཉིས་ཀྱི་རིགས་འདྲ་དེ་བཤད། གདོད་ནས་རང་བཞིན་ལ་དྲི་མེད་རྒྱལ་བའི་ཐམས་ཅད་ཀྱི་ངོ་བོའམ་གཤིས་ཚུལ་ཡིན་པས་སྙིང་པོ་རྡོ་རྗེའི་ལུས་སེམས་རང་བཞིན་དག་ཀྱང་དྲི་མ་གློ་བུར་ལྡན་པ་དང་། རང་བཞིན་དག་ཀྱང་དྲི་མ་ གློ་བུར་དག་པ་དང་། ཡོན་ཏན་གསར་ཐོབ་མེད་ཀྱང་དྲི་མ་བསལ་བས་ཐོབ་པ་དང་། མཛད་པ་རྣམ་རྟོག་མེད་ཀྱང་གདུལ་བྱའི་སྐལ་བ་དང་མཚམས་པར་འཇུག་པ་སྟེ་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པའི་ཤུན་བཅས་ནོར་བུ་ལྟ་བུ་ནི། གནས་སྐབས་ཀྱི་སྒོ་ནས་མ་དག་མ་དག་འདི་གཉིས་ཀྱི་ཚེ་རིགས་ཞེས་བྱ་དག་པ་དང་། ཤིན་ཏུ་རྣམ་དག་དེའི་ཚེ་ཆོས་སྐུ་ཞེས་བྱ་དེ་གཉིས་ངོ་བོ་དབྱེར་མེད་པས་དེ་བཞིན་ཉིད་ཅེས་བྱ་གོ་རིམ་བཞིན། སེམས་ཅན་ལམ་ལ་གནས་པ་དང་། དེ་བཞིན་གཤེགས་རྣམས་རིམ་པ་བཞིན་མིང་གི་རྣམ་གྲངས་གཞི་ལམ་འབྲས་བུ་དང་། རྒྱུ་རྒྱུད་ཐབས་རྒྱུད་འབྲས་རྒྱུད་དང་། གཞི་དངོས་པོའི་གནས་ལུགས་ལམ་གྱི་རིམ་པ་འབྲས་བུ་སྐྱེ་བའི་རིམ་པ་སོགས་གསུངས་པའི་སྔ་མ་ནི་ཉེར་ལེན་གྱི་རྒྱུ། བར་མ་ནི་ལྷན་ཅིག་བྱེད་པའི་རྐྱེན། འབྲས་བུ་ཡང་གདོད་ནས་ཡོད་པ་མི་གསལ་བ་གསལ་བར་བྱས་པ་ཡིན་གྱི། སྔོན་མེད་གསར་སྐྱེད་ནི་མིན། དེ་ལྟ་ན་ཡང་སེམས་ཅན་གྱི་དུས་སངས་རྒྱས་ཀྱི་ཡོན་ཏན་དངོས་སུ་མེད་ཀྱང་ཡོན་ཏན་ཐམས་ཅད་དབྱེར་མེད་ཞོ་དང་འོ་མ་ལྟ་བུར་བཞེད་དོ། །གསུངས་ཕྱིར་རྒྱུ་ལུས་སེམས་དབྱེར་མེད་རིམ་གཉིས་དབྱེར་མེད་ཀྱི་འབྲས་བུ་སྐུ་གཉིས་དབྱེར་མེད་ཐོབ་སྟེ་རྒྱུ་ལ་གནས་པ་ལམ་ལ་གོམས་པས་འབྲས་བུ་ལ་མངོན་དུ་འགྱུར་བ་ཞེས་བརྗོད་དེ་དེ་ཡང་རྟོག་པས་བཏགས་ཙམ་སྟེ་དོན་ལ་རྒྱུ་འབྲས་དབྱེར་མེད་དོ། །དེ་དོན་རྟོགས་པར་བྱ་ཞེས་རྡོ་རྗེ་ཐེག་པའི་བརྗོད་བྱའི་ངོ་བོ་བསྟན་ནས། རྗོད་བྱེད་དུམ་བུ་བཅུ་གཅིག་གི་རིམ་པ་ནི། ཐོག་མར་འཁོར་འདས་སྤྱིའི་རྒྱུ་རྐྱེན་སེམས་དངོས་པོའི་གནས་ལུགས་བསྟན་པ་དང་། སེམས་ཀྱི་སྣང་བ་ལས་ལུས་འགྲུབ་པས་བསྟན་ཅིང་དེ་ཡང་གཙོ་བོར་མངལ་སྐྱེས་ལུས་ནི་འགྲུབ་པའི་ཚུལ་གྱིས་བསྐྱེད་རིམ་གྱི་སྦྱང་གཞི་ཤེས་པར་འགྱུར། དེ་ཉིད་ལ་རྩ་ཡི་གནས་ཚུལ་རྣམ་བཤད་དང་། རྩ་དེར་རླུང་ནི་གནས་དང་རྒྱུ་བའི་ཚུལ། རླུང་དང་ཐིག་ལེ་དངས་སྙིགས་ཀྱི་ཐིག་ལེ་ཇི་ལྟར་རྒྱུ་ཞེས་ན་དེ་གསུམ་དུ་སློང་བ་དང་རྣམ་ཤེས་ལུས་དེ་གནས་སྐབས་བཞིར་ཀུན་གཞིའི་ལ་སོགས་འབྲེལ་བའི་དོན་ཤེས་ན་དེ་དག་ལམ་དུ་སློང་། དེ་དག་ཐམས་ཅད་སེམས་སྣང་ཡིན་པས་སྟོང་གསུམ་ཡུངས་འབྲུ་ལྟར་ལུས་སྣོད་ཀྱི་འཇིག་རྟེན་ལ་སྦྱར་བ་དང་། བདེན་པར་མ་གྲུབ་ཀྱང་ཀུན་བརྟགས་ལ་དབང་འབྱོར་བའི་ཕྱིར་བསྐྱེད་པའི་ལྷ་རྣམས་སྒོམ་ཚུལ་གང་ཡིན་དང་། དེར་མ་ཟད་ཆོས་ཉམས་ཀྱི་སྦྱང་གཞིར་གྲངས་ཇི་སྙེད་པར་སྦྱོང་བྱེད་ཀྱི་གཉེན་པོ་ཡོད་པར་བསྟན་པ་དང་། དེ་ལྟར་ཤེས་ནས་ལམ་གྱི་རིམ་པར་བགྲོད་ཚུལ་བསྟན་པ་དང་། དེ་རྣམས་རྫོགས་རིམ་གྱི་སྦྱང་གཞི་ལུས་སེམས་འཇིག་ཅིང་བསྡུད་པའི་ཚུལ་རྣམས། རྒྱལ་བས་བླ་མེད་རྒྱུད་རྣམས་སུ་བསྟན་པ་བཞིན་བཤད་བྱ། འཁོར་འདས་ཐམས་ཅད་ཀྱི་གཞིའམ་རྒྱུ་ནི་སེམས་ཀྱི་དེ་བཞིན་ཉིད་དེའི་ཐོག་མ་ན་གཞན་མེད་ལ། སངས་རྒྱས་དང་སེམས་ཅན་གང་རུང་གི་རྒྱར་མ་ཆད་ཡོད་མེད་གང་རུང་གི་ཕྱོགས་ལྷུང་མ་མཆིས་ཀྱང་། དེ་ཉིད་ཀྱི་རྣམས་པ་མ་འགགས་རོལ་པ་ལས། རླུང་དང་ལྷན་ཅིག་དངས་སྙིགས་ཀྱི་ཐིག་ལེ་ཇི་ལྟར་རྒྱུ་ཤེས་ན་དེ་གསུམ་ལམ་དུ་སློང་བ་དང་། ངོ་བོ་འམ་རང་བཞིན་སྟོང་ལ་རང་བཞིན་ནམ་ངོ་བོའོ་གསལ་བས་གསལ་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་འདི་ལ་ཐ་མལ་ཤེས་པ་ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཤེར་ཕྱིན་ཕྱག་ཆེན་ཆོས་སྐུ་བདེ་བ་ཆེན་པོ་ལྷན་སྐྱེས་ཡེ་ཤེས་དང་པོའི་མགོན་པོ་འོད་གསལ་རང་བཞིན་གནས་རིགས་ཞེས་བྱ། རྒྱས་འགྱུར་རིགས་ཀྱང་གསར་བྱུང་མིན་ཏེ་ཚོགས་བརྒྱད་ཀྱི་རང་ངོ་དྲི་མ་མེད་པའི་ཡེ་ཤེས་གཟུགས་སྐུ་གཉིས་རྒྱས་པར་འགྱུར་རྒྱུ་ལ་བྱ། རིགས་སད་བྱེད་ནི་ཐོས་པའི་བག་ཆགས་ཡང་དག་པའི། སྤྱོད་བསྡུས་སྒྲོན་མར། དང་པོ་འོད་གསལ་ཞེས་པ་ནས། ཐམས་ཅད་སྟོང་མདངས་སངས་རྒྱས་ཀྱི་ཡེ་ཤེས་ཞེས་སོགས་དོན་དམ་པའི་མིང་གོ་གསུམ་གསུངས་མཆན་གྱི་མཆན། རྟོག་པ་སྟེ་སྙིང་པོ་ཉིད་ལ་བརྟེན་པ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་ལ་བརྟེན་པ་མིན། འོན་ཀྱང་ཐོས་པའི་བག་ཆགས་དང་ཀུན་གཞིའི་ནི་ཆུ་དང་འོ་མ་ལྟར་རྒྱུད་གཅིག་ལ་གནས་སོ། །དེ་ལས་སེམས་སེམས་བྱུང་འཁོར་འདས་ཀྱི་རྣམ་པ་འགག་མེད་ཅིར་ཡང་འཆར་བ་འདི་ཉིད་དེ་དག་པའི་སེམས་བདེ་གཤེགས་སྙིང་པོའོ། །སེམས་དེ་ཉིད་ཡུལ་ཡུལ་ཅན་ལྟར་སྣང་བའི་རྩལ་འགག་མེད་རང་གིས་སྒྱུ་མ་ལ་སྒྱུ་མར་རྟོགས་པ་ལྟར་རང་ངོ་སྣང་སྟོང་དབྱེར་མེད་བདེན་གཉིས་ཟུང་འཇུག་དེ་མ་རིག་པས་མ་དག་པའི་སེམས་ཀུན་གཞིའི་རྣམ་ཤེས་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྟེན་ནམ་གནས་སུ་གྱུར་པ་ཚོགས་བདུན་གྱི་བག་ཆགས་བསགས་པ་ལས་དེ་བྱུང་བས་འབྲས་བུ་རྣམ་སྨིན་གྱི་ཀུན་གཞི་དེས་ཚོགས་བདུན་བསྐྱེད་པའི་རྒྱུ་བྱེད་པས་རྒྱུ་ས་བོན་གྱི་ཀུན་གཞི་ཁམས་གསུམ་དུ་སྐྱེ་བ་ལེན་པས་ལེན་པའི་རྣམ་ཤེས་ཞེས་ཚོར་བ་བཏང་སྙོམས་ངོ་བོ་མེ་ལོང་གི་གསལ་བ་ལྟར་མ་བསྒྲིབས་ལུང་མ་བསྟན་ཀུན་འགྲོ་ལྔས་དུས་རྟག་ཏུ་བསྐོར་བ། །དེའི་སྟེང་དུ་བག་ཆགས་སྣ་ཚོགས་མི་གསལ་བ་རྐྱེན་དང་ཕྲད་ན་འབྱུང་བ་བག་འདག་སོགས་རྩི་སྣ་ཚོགས་དང་ལྡན་པའི་རས་ཚོན་གྱི་ནང་དུ་བཅུག་པ་ན་ཁ་དོག་སྣ་ཚོགས་འབྱུང་བ་ལྟ་བུ་ཡང་དག་མ་ཡིན་ཀུན་རྟོག་སེམས་སེམས་བྱུང་རྣམས་ཀྱིས་འཁྱུད་པ་ཆུ་བོའི་རྒྱུན་འབབ་པ་ལྟ་བུའོ། །ཚུལ་ཇི་ལྟར་མ་རིག་པའི་རྐྱེན་ནི་ཀུན་གཞི་ལ་ཚོགས་བདུན་བསྐྱེད་པ་དང་ཚོགས་བདུན་འགག་པ་ན་དེའི་བག་ཆགས་གཞི་ལ་འཇོག་པའི་ལས། འདུ་བྱེད་པ་པོ་བདུན་ཡིད་ཀྱི་གཡོ་བ་ནི། ཀུན་གཞིའི་སྟེང་ནས། ཆུ་རླབས་ལྟ་བུར་གཡོས་པ་ལས་མ་རིག་གོ བདུན་ཡིད་འདི་ལ་ཀུན་གཞིའི་སྟེང་ནས་ཚོགས་དྲུག་བསྐྱེད་བྱེད་དེ་མ་ཐག་ཡིད་སདང་དེ་འཁྲུལ་པར་གྱུར་པའི་ཉོན་ཡིད་དེ་ཆ་གཉིས་ཡོད་པའི་ཚུལ་གི་ཐག་པ་མཐོང་བ་དང་དེ་སྦྲུལ་དུ་མཐོང་བ་ལྟ་བུའོ། །ཉོན་ཡིད་ནི་ཀུན་གཞིའི་རང་ངོ་ལ་རྨོངས་པ་བདག་ཏུ་རྨོངས་ཡོད་ནས་ཀུན་གཞི་ལ་བདག་ཏུ་ལྟ་བ་བདག་ཏུ་ང་རྒྱལ་བ། བདག་ལ་ཆགས་ཤིང་དགའ་བ་སྟེ་ཉོན་མོངས་བཞི་དང་དུས་ཀུན་ཏུ་འགྲོགས་པས་སྒྲིབ་ལུང་མ་བསྟན་ནོ། །དེས་ན་ཡིད་དེ་ཉོན་མོངས་བཞིས་འཁྱུད་པའི་ཚེ་ཉོན་ཡིད་དང་བདག་མེད་རྟོགས་པ་སོགས་དཀར་པོའི་ཆོས་ཀྱིས་འཁྱུད་པའི་ཚེ་དྲི་མ་མེད་པའི་ཡིད་དུ་བཞེད་དོ། ༡ །ཕྱི་དོན་གྱི་རྣམ་པ་སྣང་བ་སེམས་རང་གི་ཡུལ་ཕྱི་དོན་དུ། གཟུགས་སོགས་དྲུག་དོན་དང་འཛིན་པ་རྣམ་ཤེས་དྲུག་སྟེ་གཟུང་འཛིན་གཉིས་སྣང་བ། ཕྱི་དོན་ཆེད་ཀྱི་སེམས་རང་གིས་རང་ལ་༡གཏད་ཅིང་༢གཟུང་བ་ཡིན་ཏེ་རྡོ་རྗེ་རྩེ་མོ་ལས། ས་བོན་ཀུན་ལྡན་ཀུན་གཞི་ནི། ཕྱི་དང་ནང་གི་བདག་ཉིད་དོ། །ཞེས་སོ། །ཀུན་གཞིའི་རྣམ་ཤེས་སྟེང་གི་བག་ཆགས་ལས་ཆོས་སྣ་ཚོགས་མ་འདྲེས་པར་སྣང་བ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཡིན་ལ་སྡུག་པ་མཐོ་རིས་དང་མི་སྡུག་པ་ངན་སོང་གི་རྟེན་འབྲེལ་བཅུ་གཉིས་ལས་མ་རིག་པ་ཀུན་གཞི་འདུ་བྱེད་བདུན་ཡིད་གཉིས་ལས་བདུན་ཡིད་དེ་ཡུལ་ལ་ཕྱིར་འགྱུས་ཏེ་ཡུལ་དབང་ཡིད་བྱེད་ལྟ་བུ་ལས་གཟུགས་སོགས་སྣང་བའི་ཤེས་པ་ཁུ་བའི་དབང་གིས་ཡིད་བྱེད། རྡུལ་གྱིས་ཡུལ། རླུང་གིས་དབང་པོ། མཆན་གྱི་མཆན་ནོ། །སྣང་ཆ་ལས། ཡུལ་དྲུག་ལ་ཕྱི་དོན་དུ་མཐོང་ཞིང་གཟུང་བའི་རྣམ་ཤེས་ཀྱི་ཕུང་པོ་འབྱུང་། དེ་ལས་འབྲལ་མི་འདོད་ཅིང་ཕྲད་འདོད་པའི་ཚོར་བ་བདེ་བ་བླང་དོར་བྱ་དང་དེ་ལས་བཟློག་པའི་སྡུག་བསྔལ་བྱེད་ལས་ཚོར་བ་འདི་ཕུང་པོ་སྐྱེ། དེ་ལས་སྣང་བ་མཆེད་པ་གཟུགས་ལ་རྟོག་པའི་དེའི་དབང་གི་སྔོ་སེར་སོགས་ཡུལ་དེ་ལས་མཚན་འཛིན་འདུ་ཤེས་ཀྱི་ཕུང་པོ་ཏེ། དེ་ལྟར་རྒྱུ་རྐྱེན་འདུས་བྱས་ནས་ཡུལ་སྣང་དེ་ཤེས་པ་ལས་གཞན་དུ་བཏགས་ཤིང་། བག་ཆགས་རྒྱུན་བརྟན་པར་ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་སྟེ་ཀུན་གཞི་དང་ཚོགས་བདུན་གྱི་རྒྱུ་རྐྱེན་དུ་མ་འདུས་པ་ལས་གྲུབ་པ་འབྲས་བུའི་ཕུང་པོ་བཞིན་ནོ། ཡིད་དང་འབྲེལ་བ། དེའི་དོན་མཐོང་བས་སྣང་བ་ཐོབ་པ་དེ་ལྟའི་རྡོ་རྗེའི་ལུས་ནི་འབྱུང་བའི་ཁམས་ལྔ་རྣམ་པར་ཤེས་དང་དྲུག་ནི། རྒྱུ་ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱི་ཞེས་རྟོག་པས་ཐ་སྙད་བྱས། བདག་མེད་པ་ལ་བདག་འཛིན་སོགས་ཚུལ་མིན་ཡིད་བྱེད་དམ་ཡང་དག་མིན་རྟོག །དེ་ཡི་བག་ཆགས་ཀུན་གཞི་ལ། བསགས་པ་ས་བོན་ཐམས་ཅད་པ་དེ་ལ་རྒྱུ་ཡི་རྐྱེན་ཕྱིར་སྣང་སེམས་དབྱེར་མེད། ཁྱད་པར་འབྱུང་བའི་ཁམས་ཕྲ་བ་དང་རྣམ་ཤེས་དབྱེར་མེད་ཞེས་བྱ། བདག་རྐྱེན་ནི་ཡུལ་དང་ཤེས་པའི་བར་དུ་སྣང་བ་ཡི། མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ལྔའམ་ཡང་ན་ཤེས་པའི་སྟེང་གི་དབང་ཤེས་སྐྱེད་པའི་ནུས་པ་ཉིད་ཡིན་ལ་ཡིད་ཤེས་ཀྱི་བདག་རྐྱེན་ནི་ཡེ་ཤེས་བསྐྱེད་པའི་ནུས་པ་མཐུ་ལྡན་བདུན་ཡིད་ཉིད་དོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་ཏེ་སྒྲ་དྲི་རོ་རེག་ཆོས་ཡིན་ལ། ཡིད་ཆོས་ལ་འབྲེལ་ཚུལ་ནི་རྨི་ལམ་ཉམས་སུ་མྱོང་བ་བཞིན་ནོ། །བདུན་ཡིད་མ་ཐིམ་སླར་ཤེས་པ་རིག་མི་འདྲ་གཞན་གྱི་བར་མ་ཆོད་པར། ཡུལ་དུ་སྣང་བའི་རིག་བྱ་སྟེ། དེ་མ་ཐག་པའི་རྐྱེན་ཅེས་པ། ཚོགས་དྲུག་པོ་གང་གང་སོ་སོར་འགགས་པ་ཤེས་པ་སོ་སོར་མ་འདྲེས་པར་སྐྱེད་བྱེད་ཀྱི་བདུན་ཡིད་ཡིན་པས། གང་གང་སྐྱེས་པ་དེ་མ་ཐག་ཅེས་པའང་རུང་། དོན་ཡིད་བྱེད་ལྟ་འདོད་ལྟ་བུ་དེ་ཚོགས་དྲུག་གི་ཡུལ་རྐྱེན་འབྱུང་ན་དེ་མ་ཐག་གཅིག་འབྱུང་། མང་པོ་བྱུང་ན་ཡང་དེ་མང་པོ་འབྱུང་ངོ་དེ་མ་ཐག དེས་ན་དེ་མ་ཐག་རྐྱེན་ནི་བདུན་ཡིད་ཡིན་ཏེ་དྲུག་པའི་ཡིད་ཀྱང་དེ་མ་ཐག་རྐྱེན་བདུན་ཡིད་དང་བཅས་པ་མིན་གྱི་དེ་མ་ཐག་རྐྱེན་དྲུག་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་རྣམ་པར་གཅོད་པའོ། །དེ་ལྟར་སེམས་ཙམ་པའི་ལུགས་ལ་སེམས་བྱུང་གི་རྒྱུ་རྐྱེན་རྟེན་དང་དབུ་མ་པའི་ལུགས་ལ་མ་བརྟགས་གཅིག་བུར་ཉམས་དགའ་བའི་འབྲེལ་འདི་པ་ཙམ་ལས། མ་རིག་པ་སོགས་འཁོར་བ་དང་མ་རིག་པ་འགགས་པ་སོགས་མྱང་འདས་ཀྱི་རྟེན་འབྲེལ་ཆོས་ཀུན་སྣང་བར་འགྱུར། པ་དང་དེ་དང་མཚུངས་ལྡན་གྱི་འདུན་པ། ཚོར་བ་ལ་ཆགས་པ་སྲེད་སྡུག་བསྔལ་དུའང་གསུངས་ལེན་པ་གཉིས་མཚམས་སྦྱར་ནས་ཀུན་གཞིའི་སྟེང་གི་བག་ཆགས་གསོས་པས་སྲིད་པ་འགྲུབ་འཁོར་བའི་རྩ་བ་ནི་འདོད་ཆགས་ཏེ། དེ་དང་འབྲེལ་བས་ཞེ་སྡང་། ཞེ་སྡང་གིས་བདག་ཉིད་བརྒྱལ་བ་སྟེ་གཏི་མུག་གོ །འཛག་སྒྲིབ་ཀྱང་འདི་ལ་ཟེར། མཆོག་མི་འགྱུར་གྱི་བདེ་བའི་གཞོམ་བྱའོ། །དེ་ཡང་འཆི་བའི་ཚེ་དཀར་དམར་སྙིང་གར་ཕྲད་མཚམས་འཕོ་བདེ་སྐྱེ། དེས་ཀུན་གཞི་དབང་དུ་བྱེད་པར་འགྱུར་ལ། དཀར་དམར་གྱི་ཁམས་ཕྲ་མོ་གཟུགས་མེད་དུའང་ཡོད་པར་བཞེད་པའོ། །དེ་ནས་ལུས་ཀྱི་ནང་གང་དུ་ཡོད་པར་སྨན་གཏོང་བ་ལྟར་འཕོ་བའི་བག་ཆགས་གང་ཡོད་སར་དེའི་གཉེན་པོ་བསྟེན་པས་དཀར་དམར་ལ་བརྟེན་ནས་བདེ་བ་ལམ་བྱེད་ཆགས་ལམ་སྔགས་ནས་གཙོ་བོར་གསུངས་པའོ། །སྲིད་པ་དེ་ཡང་གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས་དང་གསུམ་སྟེ། རིམ་བཞིན་གཟུགས་སོགས་ཀྱི་ཡུལ་ལ་མཚན་འཛིན་པ། གཟུགས་མེད་ཆུང་དང་གཟུགས་ཁམས་འབྲིང་དང་འདོད་པ་ཆེན་པོ་ཡིན། ཐམས་ཅད་རང་སེམས་ཆོས་སྐུ་སྣང་སྟོང་དབྱེར་མེད་ཀྱི་གནས་ལུགས་བླང་དོར་རྟོག་པ་ཚུལ་མིན་ཡིད་བྱེད་ཡི། རྒྱུ་དགེ་དང་མི་དགེ་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་པའི་རྐྱེན་ལས་ནི། བདེ་འགྲོ་སྡུག་བསྔལ་ཅན་ངན་འགྲོ་སྙོམ་འཇུག་ཤེས་རབ་དང་བྲལ་བའི་གཟུགས་གཟུགས་མེད་བཅས་པ་ཡི། འབྲས་བུ་བསྐྱེད་པ་ཉོན་མོངས་ཅན། སེམས་ཉིད་མ་དག་པའི་གནས་སྐབས་ཡིན། དྲི་མ་དེ་ཉིད་སེམས་ཀྱི་ངོ་བོ་ལ་མ་འདྲེས་པ་གློ་བུར་དུ་བྱུང་བ་རྫས་བདེན་པར་མ་གྲུབ་པ་འབྲལ་རུང་བར། ཤེས་ནས་བྱང་ཕྱོགས་དང་བསྐྱེད་རྫོགས་སོགས་ཐབས་དང་བཅས་སྦྱོང་བ། ཚོགས་ལམ་ནས་རྒྱུན་མཐའི་བར་སྒྲིབ་པ་ཕྱོགས་གཅིག་དག་ཕྱོགས་གཅིག་མ་དག་པ་ལམ་པ་ལ་གནས་ཞེས་བྱར་རྒྱལ་བས་གསུངས། རང་བཞིན་ལ་དྲི་མ་མེད་པའི་ཁར་གློ་བུར་གྱི་དྲི་མ་དག་པ་ནི་འབྲས་དུས་ཀྱི་སངས་རྒྱས་ཏེ། སངས་རྒྱས་དེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ལུགས་ཡིན་པས། དེ་ཕྱིར་འགྲོ་ཀུན་ཆོས་དབྱིངས་བསྟོད་པར་གདོད་ནས་ཉོན་ཡིད་ནི་ཀུན་བརྟགས་ཏེ་བསྟན་མེད་སངས་རྒྱས་ཉིད། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་དྲུག་ཡིད་ནི་སྒོ་ལྔ་དང་མཚུངས་ཏེ་ཆོས་ལ་དམིགས་མདོར་བསྟན་པ་དང་རྒྱུ་ཕྱི་རོལ་པ་འགའ་ཞིག་རྒྱུ་མེད་པར་འདོད་པ་དང་། རྒྱུ་དེ་མ་ཐག་ཡིད་བཞིན་སྤང་གཉེན་གྱི་ཤེས་པ་གཡོ་བའི་ཆ་ཙམ་སྟེ་རྣམ་ཤེས་ཐམས་ཅད་སྐྱེ་འགག་གི་གནས་སུ་འགྱུར། ཞེས་སོ། །འབྲས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པ་མི་འདྲ་བའི་ཆེད་དུ་སེམས་སྣང་རྟེན་འབྲེལ་ཙམ་གྱི་རྐྱེན་སྤྱིར་བསྟན་པ་སྟེ་དང་པོའོ།། ༈ །།སེམས་སྣང་དེའི་ངོར་བསྐྱེད་རིམ་གྱི་སྦྱང་གཞི་སྤྱིར་ཁམས་གསུམ་དང་བྱེ་མིའི་ལུས་ནི་འགྲུབ་པའི་ཚུལ་བཤད་པར་བྱ་སྟེ་རྡོ་རྗེ་ཐེག་པར་གཞི་ལུས་སེམས་གཉིས་ལས་བརྟེན་པ་སེམས་བཅིང་བ་ལ་རྟེན་ལུས་འཆིང་བ་གནད་ཆེ་ཞིང་། སྤྱིར་ལུས་ནི་སེམས་ཀྱི་སྣང་ཆ་ལས་གྲུབ་པ་ཡིན་ཀྱང་ཅི་ལྟར་གྲུབ་པ་ཤེས་དགོས་པས་སོ། །ཀུན་གཞི་དང་དེ་འཁྲིད་མཁན་བདུན་ཡིད་ལ་སྔགས་སྐད་དུ་སྲོག་ཞེས་བྱ་སྟེ་སྲོག་འཛིན་པ་དང་ཡང་ཞིང་གཡོ་བ་མིན་པ་དེ་རླུང་དང་བཅས་པ་སྟེ་ལྷན་ཅིག ཁམས་གསུམ་སྐྱེ་བར་སྦྱོར་བ་ན། ཡིད་འདུ་བྱེད་བཅས་པའི་ཀུན་གཞིའི་རྣམ་ཤེས་ཀྱིས་འགྲུབ་བྱེད་བྱས། གཟུགས་ཀྱི་འདུ་ཤེས་བཟློག་སྟེ་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་ལ་སོགས་བཞི། ཡུལ་དུ་བྱས་པའི་ཏིང་ངེ་འཛིན་གྱིས་འཕེན་བྱེད་བྱས་ནས་དེར་སྐྱེ་བ་སྟེ་ཏིང་ངེ་འཛིན་དེ་རྫོགས་ཤིང་ཐོབ་པ་ན་སེམས་ཏིང་ངེ་འཛིན་དེ་ཉིད་ཀྱི་རྒྱལ་ཙམ་སྟེ། རྡུལ་ཕྲན་འདུས་པ་དང་སྣང་བའི་གཟུགས་མེད་ཅེས་བྱ་བག་ཆགས་དང་བཅས་པའི་ཡིད་ལུས་སོ། །བསམ་གཏན་དང་པོ་གཉིས་པ་གསུམ་པ་བཞི་པའི་ཉེར་བསྡོགས་དང་དངོས་གཞིའི་སྙོམས་འཇུག་ལ། བརྟེན་གང་སྐྱེ་བ། གཟུགས་ཁམས་ཡིན་ཏེ་འདོད་ཁམས་ལས་གྱེན་དུ་བསྐྱོད་པའི་ཕྱིར་འདོད་སྲེད་ནི། ཉོན་ཡིད་རགས་པ་བཅོམ་པས་འདོད་ཁམས་ལ་ཆགས་པ་བྲལ་བ་རྫུས་སྐྱེས་སོ། །ཐིག་ལེ་འཛག་པ་ཁམས་གསུམ་དུ་སྐྱེ་བའི་རྒྱུ་ཡིན་ན་གཟུགས་ཁམས་སུ་ཕོ་མོའི་དབང་པོ་མེད་ཅིང་གཟུགས་མེད་ན་ལུས་ཀྱང་མེད་པས་མི་རིགས་ཞེ་ན། དེ་རྣམས་ལ་སེམས་ཀྱི་ཟག་པ་ཉོན་མོངས་ཡོད་པར་མ་ཟད་ལུས་ཀྱི་ཟག་པ་འབྱུང་བའི་ཁམས་འཕོ་བ་ཡང་ཡོད་དེ། གཟུགས་མེད་བཞི་པས་རིམ་དུ་ཟད་པར་ནམ་མཁའའི་རླུང་མེ་ཆུ་ས་དང་རླུང་འོག་མིན་སོགས་བཞིར་དང་འབྲས་བུ་ཆེ་བ་སོགས་བཞིར་༡མེ་ཆུ་༢་དང་ས་༣། རླུང་མེ་ཆུ་ས་སྟེ་འབྱུང་ཆུང་རྣམ་པར་ཕྱེ་བ་ཡི། གྱ་ནོམ་སྣང་དང་ཤིན་ཏུ་མཐོང་གཉིས་གཅིག་ཏུ་བྱས་པའི་གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་བཞི་སྟེ་འདོད་པ་ལས་གནས་གཞན་ཉི་ཤུར་གང་སྐྱེས་པ་དང་། དེ་ཡི་འཛག་པ་འབྱུང་ཆུང་བཞི་ཚན་ལྔ་ཚད་མེད་དགེ་སོགས་བཞིར། འོད་ཆུང་སོགས་བཞིར་གོ་རིམ་བཞིན། འབྱུང་ཆེན་གྱི་ཁམས་གཟུགས་མེད་བཞི་ནམ་མཁའ་གཅིག་བུ་ནས་ནི་འོག་མིན་སོགས་ལ་མཁའ་རླུང་གཉིས་འབྲས་བུ་ཆེ་སོགས་ལ་ནམ་མཁའ་རླུང་མེ་གསུམ་ཚད་མེད་དགེ་སོགས་ལ་ནམ་མཁའ་རླུང་མེ་ཆུ་ལྔ་ཡི་བར། ལྡན་པས་མ་རིག་པ་ཀུན་གཞི་ཚོགས་བདུན་གྱི་རྒྱུ་རྐྱེན་དང་ལྡན་པ་སྐྱེ་བ་དང་རྒ་ཤི་དང་བཅས། དྲན་པ་ཉེར་བཞག་གི་བསྡུས་དོན་ཏུ་བསྟན་ཏོ། དགེ་མི་དགེའི་ལས་སྟོབས་དང་ལྡན་ཞིང་། བཞི་འོད་ཆུང་སོགས་མཁའ་རླུང་མེ་ཆུ་ས་དང་། འདོད་པ་དང་ལྡན་པས་འདོད་ཁམས་རིགས་ལྷ་མིན་ལྷའི་ནང་དུ་བསྡུས་པའི་འགྲོ་བ་དྲུག་ཐམས་ཅད་ཀྱང་། ས་ཆུ་མེ་རླུང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་ཁུ་བ་ལྟུང་བའི་བདེ་བ་སྟེ་ཁམས་དྲུག་དང་ལྡན་ཕྲ་བ་སྲིན་བུ་ཆུང་ངུ་དང་རགས་པ་ལྷ་ལ་སོགས་པ་ཐམས་ཅད། ས་ཆུ་མེ་རླུང་ཤས་ཆེ་བའི་དབང་ལས་རྫུས་ཏེ་སོགས་སྐྱེ་གནས་བཞི་ལྡན་གླིང་གསུམ་གྱི་མི་ལས་གཞན་དག་རྣམས་གང་ཞེ་ན། ངན་སོང་གསུམ་ནི་དགེ་སེམས་སྐྱེ་བ་དཀོན་པས་མི་ཁོམ་གནས་ཡིན་པའི་ཕྱིར་དང་། ལྷ་དང་ལྷ་མིན་སྒྲ་མི་སྙན་པ་རྣམས་ཀྱི། བསོད་ནམས་ཀྱི་འབྲས་བུ་སྤྱོད་པ་འདི་ཕྱིར་གཉེན་པོ་བསྐྱེད་དཀའ་རྒྱུ་དམན་ཏེ། གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན་ནི་དེ་ལྟ་མ་ཡིན་པས། མཆོག་ཡིན་འདོད་ཁམས་པ་ཐམས་ཅད་ཁམས་དྲུག་དང་ལྡན་ཀྱང་ཁྱད་པར་ལྷོ་འཛམ་གླིང་འདིར་ལེགས་སྐྱེས་པ་རྣམས་ལ་ཁམས་བྱང་ཆུབ་སེམས་ཀྱི་ཡོན་ཏན་སྐྱེ་བས་སོ་ཐར་དང་སྔགས་ཀྱི་རྟེན་མཆོག་ཡིན་ཅིང་འདིའི་རྟེན་ལས་བྱང་ཆེན་ཐོབ་ནུས་པ་དང་བདེ་འགྲོ་དང་ངན་འགྲོར་འཕེན་པའི་ལས་ཐམས་ཅད་སྟོབས་ཆེ་བ་དང་དགེ་བ་དང་མི་དགེ་བ་བཅུ་ཀ་ཚང་བར་སྤྱོད་པས་ལས་ཀྱི་ས་པར་རབ་ཏུ་གྲགས་ཞེས་སྡོམ་འབྱུང་ལས་སོ། །ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་གླིང་གཞན་གསུམ་ན་ཚེ་དང་ལོངས་སྤྱོད་ངེས་པ་ཅན་ཡིན་ལ་ཡུལ་འདིར་འཕེལ་འགྲིབ་ཡོད་པས་ནི། དང་པོར་རྫུས་སྐྱེས་གཟུགས་ཁམས་འོད་གསལ་གྱི་ལྷ་བཞིན་འོད་དང་ལུས་དང་ཚེ་དཔག་ཏུ་མེད་པ་ཏིང་ངེ་འཛིན་གྱི་དགའ་བའི་ཟས་དང་ལྡན་དགེ་བཅུའི་སྟོབས་རྫོགས་པའི་རྫོགས་ལྡན་ནོ། །དེ་ནས་རིམ་གྱི་སྲེད་དབང་ཡིན་ཏེ་ས་མོ་ཞག་སོགས་ཀྱི་བྲི་སྟེ་ལུས་ཀྱི་ལས་གསུམ་སྤོང་བས་གསུམ་ལྡན་གསོད་པ་དང་རྐུ་བ་གཉིས་སྤོང་བས་གཉིས་ལྡན་ལས་བཅུ་ཀ་ཚང་བར་སྤྱོད་པས་རྩོད་ལྡན། དུས་འཁོར་ནང་ལེ་ལས་ཡང་ན་ཚེ་ལུས་འོད་དགེ་བཅུའི་སྟོབས་བཞི་རྫོགས་ལྡན། ཚེ་ལུས་སྟོབས་གསུམ་ལྡན། ལུས་སྟོབས་གཉིས་ལྡན་ཐམས་ཅད་ཉམས་པ་རྩོད་ལྡན། ཡང་ན་ཁམས་བཞི་ཆར་རྫོགས་པ། རླུང་བྲི་བ། དེའི་སྟེང་དུ་མི་བྲི་བ། རྩོད་དུས་སུ་ཆུའི་སྟོབས་ཀྱང་བྲི་བས་ས་འབའ་ཞིག་སྟེ་ཁམས་རགས་ཤིང་སྙིགས་མར་གྱུར། དེའི་རྒྱུ་ཡང་གིས་དྲི་དང་ཕུན་ཚོགས་མྱང་བ་རོ་ལ་ཆགས་པ་ལས། ཡུལ་དུ་སྣང་བའི་རྣམ་སེམས་སྣང་ལ་འཁྲུལ་པ་ཤེས་ལ། བླང་དོར་བྱས་པས་ལུས་ཁམས་ནི། རགས་པ་ཤི་བའི་རོ་དང་བཤང་གཅི་སོགས་སྣང་རིགས་མཐུན་སྐྱེད་བྱེད་ཕོ་མོ་དབང་པོ་དང་རང་འོད་ཉམས་ནས་ཉི་ཟླའི་སྣང་མུན་དང་། བདེ་སྡུག་ལ་བརྟེན་ནས་འདོད་སྲེད་རྒྱས་པའི་དོན་བརྟས་པར་གྱུར། དེ་ནས་མངལ་སྐྱེས་གྲུབ་པ་ན། དུས་འཁོར་ནང་ཨེ་ལས་ལུས་འདི་ལ་ནི་རུས་པ་ལ་སོགས་པའི་དངས་མ་བཅུ་གཉིས་སྙིགས་མ་ཉེར་བཞི་སྟེ་ཁམས་ཀྱི་ཚོགས་སོ་དྲུག་པོ་ཐམས་ཅད་བཟའ་བཏུང་གི་རྐྱེན་ལས་བསྐྱེད་དེ། མ་ལུས་རོ་དྲུག་བཟའ་བཏུང་ལས། ནང་གི་སྲ་བ་ས་རླན་པ་ཆུ་དྲོ་བ་མེ་ཡང་བ་རླུང་སྟེ་འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་དོ། །སྐྱུར་བ་དང་བསྐ་བ་གཉིས་ནི་ཡེ་ཤེས་དང་ནམ་མཁའ་ཁ་བ་རླུང་ཚ་བ་མེ་མངར་བ་ཆུ་ལན་ཚ་བ་སའི་རོ་དྲུག་འབྱུང་བ་ལྔ་ལས་ཏེ། མངལ་སྐྱེས་ཀྱི་ལུས་དེ་ཡང་མཁའ་དང་བདེ་བ་ཡེ་ཤེས་ཀྱི། བདེ་སྟོང་ཟུང་འཇུག་གི་སྦྱོར་བས་འབྱུང་བ་གཞན་ཐམས་ཅད་ཀྱང་བརྟན་པར་འགྲུབ་པ་ཡིན། པདྨར་ཆུད་པའི་དཀར་དམར་གྱི་དངས་མ་ལ་བར་དོའི་ཤེས་པས་ང་བདག་རུ་བཟུང་བས་དཀར་དམར་སེམས་གསུམ་གྱི་ས་བོན་ནི། འཛིན་པ་བར་དོའི་རྣམ་ཤེས་ས་ཁམས་རང་བཞིན་ཏེ། ཆུས་ལུས་བསྐྱེད་མེ་ཡིས་ལུས་སྨིན་པར་བྱེད། རླུང་གིས་ལུས་རྒྱ་ཆེར་བྱས་ཤིང་འཕེལ་བྱེད་ནམ་མཁའ་ཡི། ནང་གི་གོ་སྐབས་སོ་སོར་འབྱེད་པར་བྱེད་པ་ཡིན། ཁམས་དེ་རྣམས་དེ་ཉིད་སྐྱེ་བར་བྱེད་པ་འདི་རྒྱུ་ཡང་བོ་ཐམས་ཅད་ལ་ཤེས་རབ་ཀྱི་ཀཀྐོ་ལ་སྦྱོར་བས་བདེ་བ་ཉམས་སུ་མྱོང་བ་ན། བར་དོའི་དྲི་ཟ་ཉེ་བར་འོངས་ནས་རེག་པ་སྲ་བ་བག་ཆགས་ཉིད་མྱོང་པས། ས་ཁམས་གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ངོ་ས་ནི་དེ་ལས་སྐྱེ་བར་འགྱུར་ས་ཁམས་གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ངོ་། །བྱང་སེམས་ཕ་མའི་ཁུ་བའི་རང་བཞིན་གཤེར་པ་ལ་འདི་ནི་ངའིའོ་སྙམ་དུ་འཛིན་པ་ལས། ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། བསྐྱོད་པ་གཉིས་ཀྱི་ལས་ནི་དྲོད་སྐྱེ་སྟེ། ཀཀྐོ་ལར་རླུང་སེམས་རྒྱུ་བ་གཡོ་བ་རླུང་དུ་རབ་ཏུ་གྲགས། བདེ་བ་གོ་འབྱེད་པ་ནམ་མཁའ་ཉིད་ཀྱི་ཁམས། ཁམས་ལྔ་པོས་བར་དོའི་རྣམ་པར་ཤེས་པ་བསྐོར་སྟེ་རྣམ་ཤེས་དང་ཁམས་ལྔ་དབྱེར་མེད་དུ་འདྲེས་དགྱེས་རྡོར་ལས་སོ། གསང་འདུས་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས་སོ་རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། དེ་ཡང་བག་ཆགས་ས་བོན་ཐམས་ཅད་པའི་ཀུན་གཞི་དང་ཉོན་མོངས་ཅན་གྱི་ཡིད། གཡོ་བ་དང་བཅས་པས་རླུང་གི་ངོ་བོས་རྨི་ལམ་གྱི་གཟུགས་སེམས་ལས་གཞན་དུ་མེད་ཀྱང་གཟུགས་གཞན་མཐོང་ཞིང་འཁྲུལ་བ་ལྟར་གང་དུ་སྐྱེས་པའི་ཕ་མ་མཐོང་སྟེ་སྔོན་གྱི་རྒྱུ་གང་ཡིན་པ་དང་ཕ་མ་སོགས་རྐྱེན་གྱི་ཁྱད་པར་གང་ཡིན་གྱི་ཕུང་པོ་གཞན་མེད་པར་དོན་ནི་ངེས་པར་མི་ཤེས་ཤིང་། ༡ རླུང་ཙམ་གཅིག་བུ་རྨོངས་འདུ་བྱེད། དེའི་ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། མངལ་འཇུག་ཚེ་སྔ་མའི་བག་ཆགས་རྣམ་པར་སྤྱོད། བག་ཆགས་ཉིད་ཀྱིས་མངལ་དུ་རྣམ་ཤེས་བཟུང་། ཞུགས་པ་དེ་ཚེ་ཁུ་ཁྲག་ཞུ་ཐིགས་དང་། རྣམ་ཤེས་འདྲེས་པ་རུ་ནི་གྱུར་པ་འདི་དེ་མ་ཐག་ན། ཀུན་གཞིའི་རྣམ་ཤེས་དང་དེའི་རྒྱུར་ཚོགས་བདུན་བསྐྱེད་ཅིང་འདུ་བྱེད་བཅས་པ། ཇི་ལྟར་ཀུན་གཞི་མ་གཏོགས་པའི་ཚོགས་བདུན་མི་གསལ་བ་ཆང་རོས་མྱོས་པ་བཞིན་སྦྱང་གཞི་དཀར་དམར་སེམས་གསུམ་དང་དེ་གསུམ་གཅིག་ཏུ་འདྲེས་པ་དང་ལུས་རྫོགས་པ་ལྔའི་དྲི་མ་སྦྱོང་བའི་ཕྱིར་བསྐྱེད་རིམ་དུ་ཟླ་ཉི་ས་བོན་ཕྱག་མཚན་དེ་གསུམ་འདྲེས་པ་སྐུ་ཡོངས་རྫོགས་ལྔ་ཡེ་ཤེས་ལྔའི་ངོ་བོ་མངོན་བྱང་ལྔ་བསྐྱེད་དང་། སྟོང་ཉིད་ཕྱག་མཚན་སྐུ་རྫོགས་ཡི་གེ་དགོད་པ་རྡོ་རྗེ་གཞིས་བསྐྱེད། ས་བོན་ཕྱག་མཚན་སྐུ་རྫོགས་ཆོ་ག་གསུམ་བསྐྱེད་རྣམས་རྒྱས་བསྡུས་སོ། དེ་མ་ཐག་ཀུན་གཞིའི་སྟེང་ནས་ཉོན་མོངས་ཅན་ཡིད་སྲོག་ལངས་པས་དཀར་དམར་ལས་ཡིད་རང་དང་དབྱེར་མེད་པའི་རླུང་ཉིད་ལས་རླུང་སྲོག་རླུང་དེ་སྐད་ཅིག་ལ་ཡང་ཡང་དག་པར་འཕེལ་ཞིང་འགྲོ་བ་བདུན་ཕྲག་དང་པོ་སྲོག་རླུང་ཉིད་དེ་དོ་ནས་འོ་མ་ལ་ཞོ་ལྟར་རང་དང་འགྲོགས་པའི་འབྱུང་བཞི་འཕེལ་བས་བདུན་ཕྲག་གཉིས་པ་ལ་ཀུན་ནས་བསྡུད་པའི་རླུང་གིས། ནུར་ནུར་གསུམ་པར་མཛོད་དཀའི་རླུང་གིས་པོ་མེར་མེར་པོ་བཞི་བར་རབ་རུ་འབྱེད་པའི་རླུང་གིས་ལྟར་ལྟར་པོ། ལྔ་པར་ཡང་དག་པར་སྡུད་པའི་རླུང་གིས་གོར་གོར་པོ་སྟེ་བདུན་སྲོག་རླུང་མ་གོར་ཕྲག་བཞི། ཁུ་ཁྲག་རྣམས་ལས་རླུང་གིས་དཀྲུགས་ཏེ་སྙིགས་མ་རྣམས་གཏོར་ཞིང་དངས་མ་རྣམས་སྡུད་པར་བྱེད། འཁྲང་འགྱུར་ཞག་ནི་དང་པོ་ནས་ཉི་ཤུ་རྩ་དགུ་པ། མངལ་གྱི་སེམས་ཅན་དེ་ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གསུམ་གྱི། ༡སྲོག་རྩའི་མར་སྣའི་ཚད་ལྡན་སྲོག་རྩ་དབུ་མ་སྲོག་རླུང་བཅས་དབུ་མ་དེ་ལས་བསྐྱེད་ནས་སྙིང་དང་ལྟེ་བ་ཡི། འཁོར་ལོ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་མྱུ་གུ་སྙིང་གར་རླུང་བཅུའི་རྟེན་ཤིན་ཏུ་ཕྲ་བའི་རྩ་འཁོར་ཆགས་ནས། ཟླ་བ་གཉིས་པ་དེ་ནི་ཉ་ཡི་རྣམ་པ་གདུག་པའི་དྲང་སྲོང་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་ཕྱིར་བཀོད་པ་ཁྱབ་འཇུག་གི་འཇུག་པ་བཅུ་ནང་ལ་སྦྱར་བའི་ལྟ་བུར་འགྱུར། ལྟེ་བར་མ་ཆགས་པར་འགྱུར་ཏེ་ཡར་སྣའི་རྩེ་མོ་ནི་མའི་རྩ་རོ་མ་དང་འབྲེལ་ལོ། ཡི་རོ་མ་རྩར་འབྲེལ་བས། མའ་ི་ཟས་སྐོམ་གྱི་དངས་མས་རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། རྩ་དབུ་མ་ཆགས་པ་དེ་ནས་ཟླ་བ་གཉིས་པ་ཡིན་པ་དེ་ནས། ཞག་རེ་རྩ་ནི་ཉིས་བརྒྱ་རེ་ཆགས། སྲོག་དེ་ཡང་ལས་ཐུར་སེལ་འཕྲོས་ནས་ནི་གསང་འཁོར་སོགས་སྨད་ཀྱི་ཆ་ཐམས་ཅད་འགྲུབ་ཅིང་། ཏེ་ཡན་ལག་མེད་ཅིང་འཇོ་མོར་རུས་སྦལ་རྣམ་པ་ལྟ་བུར་འདི་མགོ་རྩོམ་པར་བྱེད། ཟླ་བ་གསུམ་པར་སྲོག་ལས་འཕྲོས་ཞེས་རླུང་བཅུ་ཀར་སྦྱར་རོ་གྱེན་རྒྱུ་ཡི། རླུང་གིས་སྟོད་ཀྱི་ཆ་རྣམས་སྒྲུབ་པར་བྱེད། ཟླ་བ་བཞི་པར་ཁྱབ་བྱེད་རླུང་གིས་གདོང་གི་རྩ་ཕྲ་མོ་རྣམས་དང་ཚིགས་ཆེན་བཅུ་གཉིས་ཀྱི་རྩ་དང་དཔྲལ་བ་དང་མགྲིན་པའི་འཁོར་ལོའི་རྩ་སོགས་ནི། ཡན་ལག་ལྔའི་རྩ་རྣམས་སྣང་བར་བྱེད། ཟླ་བ་ལྔ་པར་མཉམ་གནས་རླུང་འཕྲོས་ནས། ནང་གི་གནས་གཞན་རུས་པ་དང་ཤ་སོགས་འགྲུབ་དེ་ཡན་ལག་ལྔའི་འབུར་དོད་པས་རུས་སྦལ་གྱི་གནས་སྐབས་རྫོགས་པའོ་པར་བྱེད། ཟླ་བ་ལྔ་པ་ནས་བརྒྱད་པའི་བར་སྐྱེ་མཆེད་བཅུ་གཉིས་འབྱུང་ཞིང་མི་གཙང་ཟ་བས་ཕག་རྒོད་སེང་གེའི་ལྟ་བུ་གནས་སྐབས་ཡིན། མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་མགུལ་དང་འདར་བར་འགྱུར། དེ་དུས་དགའ་བོ་མངལ་གནས་ལས་གསུངས་པ་ལྟར་རུས་ཚིགས་དུམ་བུ་ནི། སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར། དེ་ལྟར་ཟླ་བ་དང་པོ་གསུམ་དུ་རྣམ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་བཞི་པ་དང་ལྔ་པར་འདུ་ཤེས་དང་ཚོར་ཕུང་དྲུག་པ་ནས་གཟུགས་ཕུང་སྟེ་ཕུང་པོ་ལྔ་རྫོགས་ནས། མིག་སོགས་དབང་པོ་དང་ས་སོགས་ཁམས་རྣམས་བསྐྱེད་ཚུལ་ནི་ཟླ་བ་དྲུག་པར་ཕྱིན་པ་ན་མངོན་ཤེས་ཀྱིས་སྐྱེ་བ་སྔོན་དྲན་པ་འགྲེལ་ཆེན་དུ་གསུངས། སྲོག་རླུང་ལས་ཀླུ་ཡི་རླུང་གིས་སྟོབས་བསྐྱེད་ཡེ་ཤེས་ཀྱི་ཆ་ནས། དེ་ལྟར་ཕུང་པོ་ས་ཁམས་ཆ་ལས་གཏི་མུག་རྡོ་རྗེ་མིག་གཉིས་བསྐྱེད་དེ་ཆུའི་ཡོན་ཏན་གཟུང་འཛིན། དེ་ལས་བདུན་པར་རུ་སྦལ་རླུང་ཁམས་རླུང་། སྤྲོས་ནས་ཞེ་སྡང་རྡོ་རྗེ་ཆུ་ཁམས་རྣ་བུག་རྣ་བའི་ཡོན་ཏན་སྒྲ་ཐོས་དོད། །བརྒྱད་པར་རྩངས་པའི་རླུང་མེ་ཁམས་ཀྱི་རླུང་ཁམས་སེར་སྣ་རྡོ་རྗེ་སྣ་བུག་བྱེད་ཅིང་པའི་ཡོན་ཏན་དྲི་སྣོམ། དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་ཆུ་ཁམས་རླུང་འབྱུང་སྟེ། རོ་ཅན་ལྕེ་མེ་ཁམས་འདོད་ཆགས་རྡོ་རྗེ་ནི་སྐྱེད་པར་བྱེད་ཅིང་མེའི་ཡོན་ཏན་རོ་མྱོང་། བཅུ་པར་ནོར་ལས་རྒྱལ་གྱི་རླུང་ས་ཁམས་ཀྱི་རེག་བྱ་དང་རླུང་ཁམས་ཕྲག་དོག་རྡོ་རྗེའི་བསྐྱེད་ཅིང་རླུང་གི་ཡོན་ཏན་རེག་བྱ་ཚོར། བསྐྱེད་ནས་རླུང་བཅུའི་རྩ་བའི་རླུང་ལྔ་ཡན་ལག་གི་རླུང་ལྔ་སྟེ་ནུས་པ་རླུང་རེ་རེ་ཟླ་བ་རེ་རེར་རྫོགས། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། ཟླ་བ་གཉིས་པ་ནས་ཞག་རེར་རྩ་ཉིས་བརྒྱ་རེ་ཆགས་པས་ཟླ་རེ་དྲུག་སྟོང་རྩ་ཆགས་པས། མངལ་དུ་ཟླ་བ་དགུར་སྟོང་ཕྲག་ལྔ་བཅུ་བཞི། སྐྱེས་ནས་ཟླ་བ་གསུམ་པ་ལོན་ནས། སྟོང་ཕྲག་རྩ་རགས་པའི་དབང་དུ་བྱས་པ་བདུན་བཅུ་རྩ་གཉིས་རྫོགས། མངལ་དུ་ཟླ་བ་དགུ་པ་ལྕེ་སྐྱེས་ནས་ནས་ནི་མི་གཙང་ཟ། དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །བཀྲེས་སྐོམ་རླུང་གི་ཚོར་བ་ཡིས། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བར་འགྱུར། ཟླ་བ་དགུ་པའི་མཐར་བཙའ་བའི་དུས་ལ་བབ་པ་ནང་ནས་ཕྱིར་འབྱུང་འདོད་པའི་འདུ་ཤེས་འབྱུང་བར་དེ་ཚེ་འབྱིན་པའི་རླུང་གིས་ནི། མགོ་འཇུག་བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན། མི་ཡི་སེང་གེའི་གནས་སྐབས་སོ། །མངལ་དུ་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་རེ་རེ་ལ་རླུང་མི་འདྲ་བ་རེ་རེ་ཡོད་པ་བདུན་ཕྲག་ལྔ་ནི་གོང་དུ་བསྟན། དྲུག་པར་ཟས་རླུང་ཞེས་པས་ཡན་ལག་གི་རྩ་སྒྲུབ། བདུན་པར་འཁྱིལ་པ། བརྒྱད་པར་བཟློག་ཅིང་བསྒྱུར་བ་གཉིས་ཀྱིས་ཉིང་ལག་གི་རྩ་སྒྲུབ། དགུ་པར་རྣམ་འབྱེད་ཀྱི་དབང་པོའི་སྒོ་སྒྲུབ། བཅུ་པར་ཀུན་ནས་སྒོ་དང་སྲ་བ་གཉིས་བཅུ་གཅིག་པར་བུ་ག་འབིགས་པར་བྱེད་པ་རྡོ་རྗེའི་རླུང་བཅུ་གཉིས། བཅུ་གཉིས་པར་ཡོན་པོའི་སྒོ། བཅུ་གསུམ་པར་བཀྲེས་སྐོམ་རླུང་། བཅུ་བཞི་པར་སྐུད་པའི་སྒོ་རྩ་རྒྱུས་འཕེལ་བར་བྱེད། བཅོ་ལྔ་པར་པདྨ། བཅུ་དྲུག་པར་བདུད་རྩི། བཅུ་བདུན་པར་འབྲི་སྟོང་། བཅོ་བརྒྱད་པར་བརྟན་འགྱུར། བཅུ་དགུ་པར་ཤིན་ཏུ་སྲ་བས་རུས་པ་སྒྲུབ། ཉི་ཤུ་པར་ཤ་བསྐྱེད་པའི་རླུང་ཉེར་གཅིག་པར་ཀུན་ཏུ་རྒྱལ་བའི་རླུང་གིས་ཁྲག་བསྐྱེད། ཉེར་གཉིས་པར་ཡོངས་འཛིན་གྱི་ལྤགས་པ་སྒྲུབ། ཉེར་གསུམ་པར་སྤྲིན་འཛིན་གྱིས་མདོག་བཟང་ངན་སྒྲུབ། ཉེར་བཞི་པར་གྲོང་ཁྱེར་འཛིན་གྱིས་དང་བར་བྱེད། ཉེར་ལྔ་པར་སྔོན་གྲུབ་ཀྱིས་སྐྲ་དང་བ་སྤུའི་རྩ་བ་བསྐྱེད། ཉེར་དྲུག་པར་སྨན་ཡོན་ཆེན་པོས་དབང་པོ་སྦྱོང་། ཉེར་བདུན་པ་ཕྱིན་ཅི་ལོག་དང་། ཉེར་བརྒྱད་པ་མེ་ཏོག་ཕྲེང་བ། ཉེར་དགུ་པ་ལྕགས་ཀྱི་སྒོ། གསུམ་གྱིས་ལྤགས་པ་དང་སེན་མོ་བྱེད། དེ་ཕྱིན་ཆད་འཕེལ་བར་བྱེད་པ་དང་སྐྱེ་བར་བྱེད་པ་ནི་ལས་རླུང་ཐོགས་པའི་རྐྱེན་ཞེས་བྱའོ། །སྐྱེས་ནས་ཞག་བདུན་ན་སྲིན་བུའི་རིགས་བརྒྱད་ཁྲི་ཡང་འགྲུབ་པར་གསུངས་ཏེ་དགའ་བ་མོ་ལ་ལ་འཇུག་པ་ལས་སོ། །དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། རྩ་རླུང་ཐིག་ལེ་ལས་གྲུབ་པ། དྲི་མར་བཅས་པའི་སེམས་ཉིད་ལས། བྱུང་སྟེ་མངལ་གྱི་དྲི་མ་ཆོས་གོས་སོགས་དྲི་བཅས་སྤྲུལ་སྐུར་གསུངས། ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་མངལ་དུ་ལུས་འགྲུབ་པའི་ཚུལ་ཏེ་གཉིས་པའོ།། ༈ །།དེ་ནས་རྩ་རྣམས་གནས་ཚུལ་བཤད། དེ་དག་གང་ཞེ་ན་དབུ་མར་རོ་རྐྱང་གཙོ་མོ་ཉི་ཤུ་རྩ་བཞི་དང་པོ་བདུན་དང་། འཁོར་ལོ་བཞི་དྲུག་བཅོ་བརྒྱད་ནད་བསྐྱེད་རྩ་བརྒྱ་དང་ལྔ་བཅུ་རྩ་དྲུག་བཅས་དང་། སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། དེ་ལས་ཕྲ་བའང་བྱེ་བ་ཕྲག་ཕྱེད་དང་བཞི་བཤད་པར་བྱ། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། དབུ་མ་སྲོག་རླུང་བཅས་པ་དེ། འཁོར་ལོ་དྲུག་གི་དབུས་ན་ནི། འཁོར་ལོ་རེ་རེའི་བར་ཐག་རང་སོར་བཅུ་གཉིས་དང་། ཕྱེད་བཅས་གསང་བ་སྤྱི་གཙུག་བར། ཡར་སྣ་ཕ་ལས་ཐོབ་པ་ཧཾ་གི་རང་བཞིན་གྱི། དཀར་ཆའི་དངས་མས་ཡུངས་དཀར་ཙམ་གྱི་བཀག་པའི་ཚུལ། ལྟེ་བར་འོག་ནས་མ་ལས་ཐོབ་པ་ཡི། དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། དེ་གཉིས་བར་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན། སྲོག་རླུང་གིས་གང་ནས་གནས་ཏེ་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་འདྲ། འོ་ན་ཧེ་བཛྭ་ལས་ཟླ་བ་འབབ་པར་བཤད་པ་ཅི་ཞེ་ན་ལྟེ་འོག་མན་ཆད་ཀྱི་དབུ་མ་ལ་དུང་ཅན་ཞེས། རྩ་གཞན་ཐམས་ཅད་ཀྱི་དཀར་ཆའི་དངས་མའང་དེར་འདུས་ནས་འབབ་པར་བདེ་བ་བསྐྱེད་པར་བྱེད་པ་ཡིན། འདི་ནི་སྡོམ་པ་འབྱུང་བ་ཁ་སྦྱོར་ཐིག་ལེ་དང་ནག་པོའི་རྫོགས་རིམ་ལས། སྙིང་གའི་ཆུ་སྐྱེས་འདབ་བརྒྱད་ཀྱི་དབུས་སོན་པ། ཆུ་ཤིང་མེ་ཏོག་ལྟར་དངས་པ་སྟོང་པ་ནི་ཁུ་ཁྲག་མི་སྒྱུ་བའོ། །ཧེ་རུ་ཀའི་རང་བཞིན་ཧཾ་ནི་འཕྱང་ཞིང་འོག་ཏུ་བལྟ། མར་སྣ་ཨ་ཐུང་ཕག་མོའི་རང་བཞིན་མར་མེ་ལྟ་བུས་བརྒྱན་ཅིང་གྱེན་དུ་ཕྱོགས། དེ་འོག་བྱང་སེམས་མཉམ་འབབ་པ། ཨ་ཝ་དྷཱུ་ཏཱི་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །རྙིང་མ་ནས་སྙིང་གར་དངས་མ་ལྔ་འདུས་གསུངས་པ་ནི་ཤའི་དངས་རྩ་དབུ་མ་ཁྲག་དངས་ཨ་ཐུང་ས་དངས་ཧཾ་རླུང་དངས་སྲོག་རླུང་ངོ་། །མིང་གི་རྣམ་གྲངས་ནི་ཨ་ཝ་ཝ་དྷཱུ་ཏི་ཀུན་དར་མ་དེ་ནི་རྩ་ཐམས་ཅད་ལ་ཁྱབ་དྷཱུ་ཉ་གཡོ་བའི་དབྱིངས་ཕྲ་མོའི་གཟུགས་ནང་གི་ཤིང་གཅིག་སྲོག་ཤིང་སྐུད་པ། ལམ་པོ་ཆེ། གཟུང་འཛིན་སྤངས་པས་ཀུན་སྤངས་ལོ། ཡར་སྣ་སྒྲ་གཅན། །མར་སྣ་དུང་ཅན་མའོ། །མདོར་ན་ཀུན་རྫོབ་ཀྱི་དབུ་མ་ནི་ལུས་ཅན་སྲོག་རྩ་ཡིན་ཡང་དག་དོན་གྱི་དབུ་མ་ནི་དེ་དང་དབྱེར་མེད་འོ་མ་ལ་མར་ལྟར་གནས་སོ། །མཁའ་འགྲོ་རྒྱ་མཚོར་འདི་ལྟར་དབུ་མ་ཐམས་ཅད་ཀྱི་ཁྱབ་བྱེད་དུ་ནི་རྣམ་པར་གནས། ཞེས་གསུང་། གཡས་གཡོན་རོ་རྐྱང་གཉིས་པོ་ནི། ཞེས་གསུངས་སོ། །ལྟེ་བའི་འོག་འདུས་མདོར་དབུ་མ་དང་ནང་གཅིག་ཏུ་གྱུར་པ་དེ་ནས་གྱེས་མཁལ་མར་རྩ་ཆེན་ལ་འབྲེལ། དེ་ནས་སྙིང་གར་ཅུང་ཟད་འདུས་ཚུལ་ཡང་གཡས་རོ་མ་ནི་ཁྱབ་བྱེད་སྒྱུ་བའི་སྙིང་རྩ་སེར་སྐྱ་དང་འབྲེལ་གཡོན་རྐྱང་མ་ནི་ལྷ་སྦྱིན་སྒྱུ་བའི་རྩ་ཨི་ཊ་དང་འབྲེལ། མཆན་འོག་གི་རྩ་སྨན་པའི་ཐ་སྙད་དངུལ་འདུ་དང་འབྲེལ་ཞིང་རྒྱུད་ནས་མགྲིན་པར་ཏེ། རོ་རྐྱང་རྩེ་ཆུང་གཉིས་ལ་བཞེད་རྩེ་ཆུང་ནས་འབྲེལ་ཞིང་རྣ་བའི་འགོ་རུ་ཕུག་ནས་ལྗོན་ཤིང་གི་རྩ་ཞེས་གླད་པར་སོང་སྟེ་གླད་རྒྱ་ཕུག་ནས་སྤྱི་བོར་ནི་ཚངས་བུག་གི་རྩར་འབྲེལ་ནས་དབང་པོའི་སྒོ་ཐམས་ཅད་དུ་འབྲེལ་བྱེ་བྲག སྣ་བུག་གཉིས་སུ་ཡར་སྣ་འབྱུང་། འོག་ཏུ་ལྟེ་བ་གསུམ་འདུས་ནས་གྱེས་ཏེ། ཁྲག་དང་དྲི་ཆེན་འབྱིན་སྡོམ་གྱི། ལས་ནི་གཡས་པ་རོ་མས་བྱེད། གཡོན་ནས་རྐྱང་མས་དྲི་ཆུ་ཡི། འབྱིན་སྡོམ་བྱེད་པར་ཧེ་བཛྭ་ལས་བཤད་པ་ཡིན། ལྟེ་སྟེང་ཡན་འབྱུང་ཐམས་ཅད་ཀྱི་རླུང་ཁྱད་པར་སྟེང་དུ་སྣ་བུག་འོག་ཏུ་ལམ་གསུམ་གྱི་རླུང་དང་ཆད་རླུང་གསུམ་རྒྱུ་སྟེ། ལྟེ་བར་རྩ་ནི་དྲུག་ཅུ་བཞི་ལམ་དྲུག་ཅུའི་སྟེང་དུ་བཅུ་གཉིས་བསྣན་པ་བདུན་བཅུ་རྩ་གཉིས་ནས་བརྒྱུད་དེ་རོ་རྐྱང་གི་རླུང་གིས། ཕྱི་ལུས་ཐམས་ཅད་ཀྱི་རླུང་ཁྱད་པར་སྟེང་དུ་སྣ་བུག་འོག་ཏུ་ལམ་གསུམ་གྱི་རླུང་དང་ནང་རླུང་ཀུན་དུ་དབུ་མར་སྲོག་གསོ་སྐྱེད་བྱེད། འདི་ནི་དང་པོའི་སངས་རྒྱས་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པ་སྟེ་ལྟེ་བ་ཡན་གྱི་རྩེ་དེ་གསུམ་ནས། ཆུ་རླུང་རྐྱང་པ་དང་མེ་རླུང་རོ་མ་དང་ནམ་མཁའ་རླུང་དབུ་མ་ནས་རྒྱུ། གཡས་གཡོན་དབུ་མའི་མར་སྣ་ནས། བཤང་བ་གཅི་བ་ཁུ་བ་རྒྱུ། གསུམ་པོ་འདུས་ཤིང་གྱེས་པ་ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། དུང་ཅན་གྱི་ནང་ནས་ཁམས་འཛག་པ་ལ་བརྟེན་ནས་སྲིད་པ་གསུམ་དུ་སྐྱེ་བས་ཞེས་ཀྱང་བཤད་སྲིད་དང་སྟོང་དུ་སྲོག་དབུ་མ་དང་འོག་ཏུ་ཐུར་སེལ་གྱིས་བཤང་གཅི་ཁུ་བ་འཕེན་འཛིན་གྱི་ལམ་གསུམ་ཉིད། རོ་རྐྱང་འདི་ལས་གྱེས་པའི་རྩ་ཆེན་པོ། ཉི་ཤུ་བཞི་སྟེ་དེའི་ཁར་སྙིང་ག་ཡི། ཡན་ལག་རླུང་ལྔ་བརྟེན་པའི་རྩ། ལྔ་དང་གཙོ་མོ་གསུམ་བཅས་པས། སུམ་ཅུ་གཉིས་ཏེ་དེའི་ཁར་རྩ་བ་ཡི། རླུང་བརྟེན་ལྔ་དང་རྩ་བཅས་སུམ་ཅུ་བདུན། དེ་ཡི་གཡོན་པའི་བདེ་མཆོག་གི་རྒྱུད་དང་སམྦུ་ཊི་ལས་རྐྱང་མ་དང་འབྲེལ་བའི་རྩ་བཅུ་བཞི་རོ་མ་དང་འབྲེལ་བ་བཅུ་དབུ་མ་དང་འབྲེལ་བ་བཅུ་སྟེ་སོ་བཞི་ལས་དབུ་མའི་བཅུ་སྦས་ནས་གཞན་རྣམས་བསྟན་པ་ལྟར་ཆར་སྐྱེས་པ། ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། མི་ཕྱེད་མ་ནི་བྱེད་ལས་ས་བོན་སོགས་སྲ་ཞིང་དབྱེ་དཀའ་བའི་ཁམས་འབབ་པས་འབྲས་མིང་རྒྱུ་ལ་བཏགས་པའོ་མཚོགས་མར་གནས། ཤིན་ཏུ་ཕྲ་བའི་སྐྲ་དང་བ་སྤུ་འབབ་པས་ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། བརྩེ་བའམ་གསལ་བ་མ་ནི་དེ་བུ་རྩེ་བའི་དབྱིངས་ལས་བསྒྲུབས་པ་ཡིན་ཀྱང་པགས་པའི་མདངས་གསལ་བ་དང་འབྱོར་རྣ་གཡས་ཏེ། གཡོན་དུ་གང་བའི་ཤ་འབབ་པའམ་གཡོན་གྱི་ཁམས་སྙིང་སྟོབས་འབབ་པའམ་གཡོན་དུ་བརྟེན་པའམ་གཡོན་པ་མ་ནི་ལྟག་རྩའོ། །ཆུ་སྒྱུས་ཐུང་ངུ་འབབ་པའམ་དབྱིབས་ཟླུམ་པ། ཐུང་ངུ་ཞེས་བྱ་རྣ་བ་གཡོན། རུས་སྦལ་རུས་སྦལ་གྱི་རྒྱབ་ལྟར་འཁྲེག་པའི་རུས་པའི་ཚོགས་འབབ་སྐྱེས་མ་སྨིན་དབུས་ཏེ། མིག་གི་ཕྱི་རོལ་སྲིད་པ་བསྒོམས་པས་མིག་དང་འབྲེལ་བ་སྒོམ་པ་མོ། །དབང་མ་སྙིང་ལ་བདུད་རྩིའམ་ར་ལྟ་བུའི་བཅུད་འཐོར་བའི་ཁམས་འབབ་ཕྲག་པ་གཉིས་ཀྱི་རྩ། སྐྱོན་མ་ཁྲོ་བའི་སྐྱོན་བྱེད་པའམ་ཉོན་མོངས་སུན་འབྱིན་པས་མཆན་ཁུང་རྩ་ཆེན་གཉིས་ཡིན་ཏེ། འཇུག་མ་མཁྲིས་པའི་ངོ་བོ་བཤང་བ་འབབ་པས་ཞེས་བྱ་ནུ་མའི་རྩ་གཉིས། མ་ལུས་མངོན་པར་བསྐྱེད་པའི་ཁམས་འབབ་པས་མོ་ལྟེ་བའི་རྩ་ཡིན་ཏེ། སྣ་རྩེ་ཟུག་པ་མཚན་མོའི་རྣམ་རྟོག་བསྐྱེད་པས་མཚན་མོའོ། ཁའི་མཐའ་ལ་བསྐོར་ནས་ལ་གནས་པའི་བསིལ་བའི་རེག་པ་འབྱུང་བས་བསིལ་སྦྱིན་མ། མགྲིན་དབུས་བ་ཚ་བ་མ་ལྟོ་བར་བཀྲེས་པའི་ཁམས་འབབ་པས་གནས་སོ། །རྐྱང་མ་ཚིམ་པ་མེད་པའི་ཁམས་དང་ལྡན་པས་ལ་ལ་ནཱ་དེ་དག་ཀུན་ལ་རྩ་བཅུ་བཞི་པོ་བརྟེན་ཅིང་ལུས་ཀྱི་སྟོད་ན་གནས་པའོ། །འདི་རྣམས་ཤེས་རབ་ཟླ་བ་ཡར་ངོའི་ཆ་དག་པའི་རང་བཞིན་ནོ། །སྣ་ཚོགས་པའི་སྟེར་བའི་ཁམས་དག་ལྡན་པས་ར་ས་ནཱ་རོ་མ་ལ་པ་སྐྱེས་ཤིང་བརྟེན་པའི་རྩ་བཅུ་ལུས་ཀྱི་སྨད་ན་གནས་པ་ཐབས་ཀྱི་ཆ་མར་ངོའི་ཆ་དག་པའི། གཞོལ་མ་བཤང་བ་འབབ་པའི་སྙིང་ག་ནས་བཤང་ལམ་དུ་ཐུར་དུ་གཞོལ་པས་བྲང་གི་གཞུང་དུ་གནས། རངས་མ་རྒྱུངས་པ་འབབ་ཅིང་རྩ་དེ་ཆུ་སོར་གནས་ནས་ཐབས་ཤེས་རེག་པའི་དགའ་བས་ཚིམ་པས་ལྒངས་པར་འབྲེལ་བ་སྟེ། ཤིན་ཏུ་གཟུགས་ཅན་མཚན་མར་གནས། ཁམས་ཆ་མཉམ་པའི་བད་ཀན་འབབ་པས་སྤྱི་མ་ཐུན་མོང་འོག་སྒོར་འབྲེལ་བ་སྟེ། ལུས་རྒྱས་པའི་སྒྱུ་ཚིལ་འབབ་པས་རྒྱུ་སྦྱིན་བརླ་ཡི་རྩ་ཆེན་གཉིས་ཡིན། མི་སྦྱོར་བའི་རྣམ་རྟོག་བསྐྱེད་པས་སྦྱོར་བྲལ་མ་ནི་བྱིན་པར་གཉིས་ལ་གནས། ཁྲག་གི་དངས་མས་ལུས་མཛེས་པས་སྡུག་གུ་རྐང་པའི་སོར་མོར་རྣམས་ལ་འབྲེལ། གྲུབ་སྙོམས་འཇུག་དུས་རྔུལ་འབྱུང་བ་གྲུབ་པས་མ་བོལ་གོང་རྩ་གཉིས་ཡིན་ཏེ། གདོང་གི་མཆི་མ་ཕལ་ཆེར་མྱ་ངན་ལས་བྱུང་བས་འཚེད་མ་རྐང་འཐེབ་སྤུ་འཁྱིལ་རྩ། ཁ་ལུད་དོར་བས་ཅུང་ཟད་བདེ་བའི་དགའ་བ་བསྐྱེད་པས་ཡིད་བཟང་པུས་མོའི། གཉན་གོང་གཉིས་གནས། མིང་འདི་རྣམས་དགྱེས་རྡོར་ལས་གསུངས་སོ། །དེ་ལྟར་ལུས་ཀྱི་རྩ་གནས་སུ་འདོད་དེ་རྣམས་ཁམས་ཀྱི་ནུས་པ་ཁྱད་པར་བ་རེ་ཡོད་པར། མིག་གི་དབང་པོ་དང་དབང་རྟེན་རྣམ་ཤེས་གསུམ་ཚོགས་པས་གསུམ་སྐོར་མིག་འདོད་རྣ་བ་མ་སྒྲ་ཐོས་པ་ལ་འདོད་པ་སྐྱེ་བས་ཁྱིམ་མ་དང་། གཏུམ་མོའི་ནུས་པས་རོ་མྱོང་བར་བྱེད་པས་གཏུམ་མོ་ལྕེ་བུས་ཞེས་བྱ་རྩ་བཞི་ནི། རྩེ་མོ་མིག་དང་རྣ་བ་སྣ་དང་ལྕེར། རྩ་བ་སྙིང་དབུས་ནས་འབྲེལ་ཀླུའི་རླུང་སོགས་བཞི་རླུང་རྒྱུའི་རྩ་ཡིན་ལ་གཟུགས་སོགས་འཛིན་པའི་བདག་རྐྱེན་གྱི་ཕྱོགས་གཅིག་བྱེད་བདག་རྐྱེན་ཡོངས་རྫོགས་ནི་རྩ་རླུང་ཐིག་ལེ་གསུམ་ཚོགས་སོ། །ལྕེའུ་ཆུང་ནས་བདུད་རྩི་འཛག་པ་འཆི་བ་འཕྲོག་པའི་ནུས་པ་ཡོད་པས་ཞེས་སྤྱན་སྔ་རིན་པོ་ཆེས་བདུད་བྲལ་མ་ཡང་རྩ་བའི་སྙིང་དབུས་རྩེ་མོ་མིང་ལྔ་པོ་འདི་ཡང་དགྱེས་རྡོར་ནས་གསུངས་པ་ཡིན་ལ་དུས་འཁོར་ནས་ནི་རྒྱལ་མ་ལ་སོགས་པའི་མིང་དུ་གསུངས་སོ་ལྕེ་ཆུང་དབུས་སུ་ཟུག་ཅིང་ནོར་རྒྱལ་གྱི་རླུང་བརྟེན་པས་བྱེད་ལས་ཕྱོགས་གཅིག་རེག་བྱ་འཛིན་ཕྱོགས་གཅིག་གིས་ཁམས་གྱེན་དུ་འདྲེན་ནོ། །ཡན་ལག་གི་རླུང་བརྟེན་པའི་འདིར་ནི་རྩ་ལ་སྦས་པའི་རྩ་ལྔར་བཤད་པར་མ་ཟད་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོ་ནི་ཡང་དག་གནས་ཡང་རྩ་བའི་རླུང་ལྔའི་རྟེན། ལྟེ་བ་ཡན་སྲོག་རླུང་རྒྱུ་བ་ནི་ཨ་བ་དྷཱུ་ཏི་སྟེ། གཞན་ལྟེ་བ་མན་ཆད་ཐུར་སེལ་གྱི་གནས་དུང་ཅན་མ་སྙིང་གའི་ཤར་ལུས་ཀྱི་མདུན་དུ་མེ་མཉམ་གྱི་གནས་རྩ་སྣར་མར་མེ་མཚམས་སུ་གྱེན་རྒྱུའི་གནས་གླང་ཆེན་ལྕེ་གཡས་ལྷོ་ཕྱོགས་སུ་ཁྱབ་བྱེད་ཀྱི་གནས་སེར་སྐྱ་སྟེ་རོ་མ་དང་འབྲེལ་བ་རྣམས་ནི་རྩ་བའི་རླུང་རྒྱུའི་གནས་ཉེར་བཞི་པོས་ཤ་རུས་སོགས་བསྐྱེད་ཅིང་། ལྔ་པོས་མིག་སོགས་ཤེས་པ་བསྐྱེད་པས་སྦས་པའི་རྩ་ལྔར་བཤད། ཡང་རྒྱུད་སྡེ་འོག་མ་གསུམ་དུ་སྦས་བསམ་བདེ་མཆོག་ཏུ་གསུམ་སྐོར་མ་སོགས་ཀྱི་མིང་སྦས་པས་དེ་ལྟར་འདོད། ཡང་རྩ་བའི་རླུང་ལྔའི་རྟེན་ནི་སྦས་རྩ་དངོས་ཡིན་ཡན་ལག་གི་ལྔར་ལ་སྦས་རྩར་བཤད་པ་དགོངས་པ་ཡིན་གསུང་། ཡང་ཡན་ལག་ལྔ་སྦས་རྩར་འཇོག་པ་ནི་ཡོན་ཏན་གྱི་སྒོ་ནས་དང་རྩ་བའི་ལྔ་ནི་ཁམས་ལྔའི་སྒོ་ནས་ཡིན་ལ་དེ་དག་ལ་སྦས་རྩར་འཇོག་པའི་རྒྱུ་མཚན་ཡང་། གཞི་ལ་སྙིང་གའི་མི་ཤིག་པ་སད་ནས་སྐྱེ་མཆེད་ཀྱི་སྒོ་ལས་ཡུལ་ལ་མཆེད་པར་བྱེད། ལམ་སོར་བསམ་དུ་དུ་སོགས་འཆར་བ་སོགས་འཆར་བ་སོགས་ཀྱི་རྩ་བ་ཡིན་པས་སྦས་པ་རྩ་ལྔར་ཡང་བཤད་དོ། །དེ་ནས་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། ལྟེ་བ་སྤྲུལ་སྦྱང་གཞིར་ལུས་བསྐྱེད་ཅིང་སྦྱངས་འབྲས་སྤྲུལ་སྐུ་ཐོབ་པས་པའི་འཁོར་ལོ་ནི་གདུགས་གདུགས་འདེགས་ལྟ་བུའམ་འཁོར་ལོའི་དབྱིབས་ལྟ་བུའམ་ལམ་དུ་དེར་གནད་བཅིངས་ན་སད་པའི་འཁྲུལ་པ་གཅོད་པའོ། །དབུ་མ་དང་རོ་རྐྱང་འདུས་པ་ལས་སྐྱེས་རྩ་བཞི་ལ། བཞི་པོ་རེ་རེ་ལ་གསུམ་གསུམ་གྱིས་པ་ལུག་ཁྱིམ་སོགས་འཕོ་བ་བཅུ་རྩ་རེ་རེར་རླུང་གཡས་གཡོན་རེ་མོས་འཕོ་བ་སྟེ་འཕོ་ཆེན་གཉིས་རིམ་པ་ཡི། བཅུ་གཉིས་པ་རེ་རེ་ལ་ལྔ་ཚན་དུ་གྱེས་པའི་རྩེ་རེ་རེ་རླུང་རེ་མོས་འཕོ་བ་སྟེ་འཕོ་ཆུང་དྲུག་ཅུ་སྟེ། གཡས་བཅུ་གཉིས་པ་དང་དྲུག་ཅུ་ནི་དང་གཡོན་པའི་རྐྱང་མ་ནས་རླུང་ཕྱི་རོལ་དུ་རྒྱུ་བའི་འཕོ་བ་རྟེན་པས་འཕོ་ཆེན་ནང་དུ་རྩ་གཡས་གཡོན་ཕྱིར་སྣ་བུག་གཡས་གཡོན་འཕོ་ཆུང་ནང་དུ་རྩ་ལྔ་ཕྱིར་སྣ་བུག་རེའི་ཕྱོགས་བཞི་དབུས་དང་ལྔར་སྒྱུར། རྩ་བའི་བཞི་པོ་ནི་རོ་རྐྱང་ནས་དབུ་མའི་ནང་དུ་རླུང་རྒྱུ་ཞིང་འཕོ་བ་ཡིན། མིང་ནི་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡང་དག་ལུས་ཀྱི་སྟོབས་ཤུགས་དང་ཤིན་ཏུ་ཤུགས་ཡང་དག་པའི་སྟོབས་ལྡན་པའི་དོན་ནོ། ཤིན་ཏུ་བཟང་སྲོག་འཛིན་པས་བཟང་པོར་བྱེད་པའི་དོན་དང་བཟང་པོར་འགྲོ། བཞི་ནི་རྩ་བའི་བཞི་སྟེ་ཤར་རླུང་ལྷོ་མེ་བྱང་ཆུ་ནུབ་སའི་རང་བཞིན་ནོ། །སྟོབས་ཆེན་སོགས་སུམ་ཅུ་ནི་ལུག་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་གཡོན་རྐྱང་མ་དང་འབྲེལ་བོའོ་དང་ནི་མི་ཟད་ཆེ། མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་དང་རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །རྒྱགས་པའི་རླན་དང་རྒྱགས་པ་འཆང་། །རྩུབ་དང་ཁ་ཆུ་གླང་པོ་དང་། །དབུགས་མི་བདེ་དང་གཡའ་ཁ་འགྲོ། །འདབ་ཆགས་ཡན་ལག་ཁྭ་ཡི་གདོང་། །ཟ་ཕོད་མི་ཟད་སྒྲ་སྒྲོག་དང་། །དྲིལ་ལྡན་བརྡེག་དང་བརཏལ་བ་དང་། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བ་མཐོ་དང་རྒྱ་དར་སྔོ། །ཡུད་ཙམ་སོགས་སུམ་ཅུ་ནི་གླང་སོགས་མཉམ་པའི་ཁྱིམ་དྲུག་གཡས་རོ་མ་དང་འབྲེལ་བའོ་གཙོ་བོ་ཡུད་ཙམ་སྐྱེས། རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་དང་ནི་རྙིང་པ་དང་། །ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིག །ཚིགས་ཀྱི་ཚད་དང་བརཏལ་བ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་དུལ་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བ་སྙེམས་མ་དང་། །ཆུན་འཕྱང་ལྟོ་དང་ཆགས་པ་ཆགས། །ཆུན་འཕྱང་ཆུན་འཆང་ཕྱེད་སྦྲང་བུ། ཕྲུ་གུ་ཕྲུ་གུ་སྟེར་འགྲོ་བ། ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། དེ་ལྟར་དྲུག་ཅུ་རྩ་བཞིའོ་མཉམ་པའི་དྲུག་ཀ་གཡས་སུ་ཕྱོགས་གཅིག་མི་མཉམ་པའི་དྲུག་ཀ་གཡོན་དུ་ཕྱོགས་གཅིག་ཡོད་པའོ། །མཉམ་མི་མཉམ་གྱི་ཁྱིམ་རྣམས་སྤེལ་མར་འདོད་པའང་ཡོད། ཆོས་རྗེ་པའི་དགོངས་པ། སྙིང་གའི་སྦྱང་གཞིར་ཆོས་འཛིན་པའི་རྟོག་པའི་གནས་སྦྱང་འབྲས་ཆོས་སྐུ་ཐོབ་པས་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་དུས་འཁོར་ལས་ནི་སྣར་མ་དང་གླང་ཆེན་ལྕེ་དང་སེར་སྐྱ་དང་རྒྱལ་དང་རྒྱལ་བ་དང་ཨ་ལཾ་བུ་ཀུན་དུ་འཆང་བ་ཥ་དང་ཨི་ལུག་དང་ཀུ་ཚུལ་འཆོས་པ་ཧ་ཞེས་གསུངས་རྡོ་རྗེ་ཕྲེང་བ་ལས་མིང་། རིན་ཆེན་པདྨ་ཅོད་པན་དང་པདྨ་ཆེ། རྡོ་རྗེ་ཆེན་པོ་དང་ལས་རིགས་སྟོབས་པོ་ཆེ་སྟེ་རིགས་བཞིའི་རང་བཞིན་ནོ། །མགོན་པོ་ཆེ་ནི་གཟུགས་འཛིན་པ་དོན་དང་སྒྲ་ཆེ་ནི་སྒྲ་འཛིན་དང་། ཉེར་དགའ་ཆེན་པོ་ནི་དྲི་འཛིན་མྱོས་པ་ཆེ་ནི་རོ་འཛིན་པའི་དོན་ནོ། །འདི་རྣམས་རྩ་བ་སྙིང་གའི་འཁོར་ལོས་ནས་རྩེ་མོ་རེག་བྱ་འཛིན་པའི་དོན་གྱིས་སམ་དེ་དག་ནས་རྒྱུ་བའི་རླུང་གི། ལོངས་སྤྱོད་སྦྱང་འབྲས་ལོངས་སྐུ་ཐོབ་པས་ལོངས་སྤྱོད་འཁོར་ལུས་ཀུན་ཁྱབ། མགྲིན་པར་སྦྱང་གཞིར་ཟས་སྐོམ་ལ་རྩ་འདབ་བཅུ་དྲུག་ནི། ལོངས་སྤྱོད་དུས་འཁོར་ལས་ནི། སུམ་ཅུ་རྩ་གཉིས་སུ་གསུངས་ལོངས་སྤྱོད་གཏེར་དང་གསང་། །ཉི་འགྲོ་གསལ་དང་བསྐལ་བ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་ཟ་དང་བཀྲེས་པ་དང་། །བཅུད་ལེན་རོས་ནི་བཀུར་བ་དང་། རོ་རོ་དྲུག་ཉམས་སུ་མྱོང་བའི་ཆ་ནས་མིང་རྣམས་བསྟན་ལ་འཇིགས་པ་དང་རོ་དང་ནི། ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོ་གནས། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །རིམ་རིམས་དང་ནི་འདོད་པ་ཅན། །འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཅན་མི་སྨྲ་ཀུ་ཤ་དང་། ཤི་བ་སྤོང་དང་སྦྱང་གཞིར་བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་ཆ་ལྷག་པར་གནས་སྦྱངས་འབྲས་བདེ་ཆེན་ཡེ་ཤེས་ཀྱི་སྐུ་ཐོབ་པས་དག་པ་དང་། མེ་དང་མེ་རོ་ནེ་ཙོ་རྣམས་དཀར་ཆ་འཕེལ་བ་ཡར་ངོའི་ཆ་བཅོ་ལྔ་དང་། གང་བ་ནི་ཟླ་བ་ཡོངས་རྫོགས་པ་བཅུ་དྲུག་པའོ་ཉིད་དང་རོ་ལྡན་དང་། ཀོས་རིང་ཆང་སྟེར་བདུད་རྩི་དང་། དུང་ཆེན་དང་ནི་དུང་སྣ་དང་། །དུང་གི་མིག་དང་དུང་གི་སྣ། །རྒྱགས་དང་དབང་རྒྱགས་བརྐམ་པ་དང་། །རྒྱགས་པས་རྒྱལ་དང་ངོ་མཚར་རྒྱགས། སྙོམས་པ་དང་ནི་ནག་ཕྱོགས་བཅོ་ལྔ་ཚིགས་ཀྱི་རྟེན་ནི་བཅུ་དྲུག་པའོ། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད་དུས་འཁོར་ལས་ནི་བརྒྱ་བཅུ་དྲུག་ཏུ་གསུངས། དེ་ལྟར་བརྒྱ་དང་ཉི་ཤུ་ནི། གཙོ་བོ་གསུམ་དང་ཉེར་བཞིར་མ་ཟད་འདི་རྣམས་ལའང་གཙོ་བོ་ཞེས་ནི་བཤད་པ་ཡིན་འདི་རྩ་དྲུག་གི་མིང་གཙུག་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ནི་ཏོར་སྐྱེད་བྱེད་ཀྱི་རྩ་རླུང་གི་རང་བཞིན་དྲུག་དང་གཙུག་ཏོར་གྱི་མགྲིན་པ་སྐྱེད་བྱེད་ཀྱི་རྩྭ་མ་འདི་རང་བཞིན་གསུམ་སྟེ་གཙུག་ཏོར་གྱི་རྒྱུར་གནས་པའི་རྩ་ནི་དགུ་ཡོད་སྨིན་མཚམས་སུ་ཡོད་པར་བཞེད་དེ། རྩའི་རྩ་བ་སྨིན་མའི་དབུས་ན་ཁྱེར་ནས་སྟོབས་བསྐྱེད་སྙིགས་མ་འདོར་བར་བྱེད་གནས་གཞན་དུ་ལོག་གྱུར་ན། སྦོ་འཁྲོག་འཁྲུ་དང་མ་རུངས་ཀྱི་རྩ་སེར་སྐྱའི་ནང་དུ་སྒྱུ་ཞིང་བྱེད། གྱེན་རྒྱུ་ནི་སྙིང་གའི་མདུན་ནས་གཡས་སུ་ཉེ་བ་མེ་མཚམས་གླང་ཆེན་ལྕེའི་ནང་རྩ་ལས་བྱུང་། མགྲིན་པའི་གནས་སུ་སྨྲ་བརྗོད་དང་ལྡག་མྱང་སོགས་ལས་ཀུན་བྱེད། ལུས་ངག་གླུ་དང་ལུས་ཀྱི་གར་སོགས་རྣམས་བྱེད་པ་ཡིན། ལོག་ན་སྟོད་ན་ཕལ་ཆེར་བྱེད། ཁྱབ་བྱེད་ནི་སྙིང་གའི་ལྷོ་ཕྱོགས་གཡས་ཕྱོགས་རོ་མ་དང་། འབྲེལ་ནས་ལུས་ཚིགས་ཀུན་ལ་གནས་ཤིང་། ལུས་ཀྱི་ལྡེག་འཇོག་དང་སྟོབས་བྱེད་དེ་གནས་གཞན་དུ་ལོག་པས། ཡན་ལག་ཞ་རེངས་ནད་ཀུན་བྱེད། བདེན་སྙིང་གའི་ལྷོ་ནུབ་བྲལ་རྩ་རྒྱལ་རྒྱབ་རྩ་ཕྱོགས་རླུང་ནུབ་བྱང་ནུབ་རྩ་རྒྱལ་བ་ཨ་ལམ་བུ་ཥ་མཚམས་དང་། བྱང་གཡོན་རྩ་ཨི་ཊ་ཕྱོགས་དབང་བྱང་ལྟར་ལྡན་རྩ་ཀུ་ཧཱ་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་རྒྱུ་བ་ལྔ་སྟེ། ཀླུ་ཡིས་གཟུགས་འཛིན་པའི་བདག་རྐྱེན་དང་སྒེག་ཆོས་རྣམས་སྐྱེད་པར་བྱེད། རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། རྩངས་པ་དྲི་འཛིན་ཁྲོ་འཁྲུག་བྱེད། ལྷ་སྦྱིན་རོ་འཛིན་ནི་གཡོན་རྐྱང་མ་དང་འབྲེལ་ཏེ་གླལ་བ་བྱེད། ནོར་རྒྱལ་ཕྱོགས་གཅིག་ཁམས་གྱེན་དུ་འདྲེན་ཕྱོགས་གཅིག་གིས་རེག་འཛིན་ལུས་འདི་ལ། ཤི་ནས་ཞག་གཅིག་གི་བར་ཞེས་ཀྱང་འབྱུང་ནས་ལུས་ཀྱི་རྡུལ་ཕྲ་རབ་མ་འཐོར་བར་དུ་གནས་ཏེ་རླུང་རྒྱུ་བ་མེད་ཀྱང་མི་འཐོར་བའི་བྱེད་ལས་ཙམ་མོ། །ད་ལྟ་སྙིང་ག་ན་ནང་གི་ཐུན་བརྒྱད་རང་བཞིན་ཏེ། རླུང་བཅུ་གཅིག་པོ་འདི་རྣམས་གཙོ་བོ་བསྟན་པ་ཡིན་རེ་རེའང་ཁམས་ལྔའམ་དྲུག་གི་བདག་ཉིད་རླུང་ཕྱིར་འགྲོ་ན་སྡུད་རིམ་ནང་དུ་འཇུག་ན་བསྐྱེད་རིམ་འབྱུང་ངོ་། །རྒྱུ་ཚུལ་ལུས་ཀྱི་ཕྱི་ནང་གཉིས་ཡིན་ཏེ་ནང་དུ་རྒྱུ་ཚུལ་ནི། སྲོག་རླུང་སྒྲ་གཅན་རང་བཞིན་ནི། དབུ་མར་རྒྱལ་པོ་ལྟ་བུར་གནས་ཏེ་རླུང་གཞན་ཐམས་ཅད་ཀྱི་རྟེན་དང་འཕེལ་འགྲིབ་ཀྱི་བདག་པོ་བྱེད་པའི་ཕྱིར། ཇི་ལྟར་སྙིང་གའི་འཁོར་ལོ་སྲོག་རླུང་ནམ་མཁའ་དང་ཡེ་ཤེས་འདྲེས་པའི་རླུང་ནས་ཕྱོགས་སུ་འབྱུང་བ་བཞིའི་རླུང་རྒྱུ་བ་ལྟར། འཁོར་ལོ་གཞན་ཡང་དེ་བཞིན་དུ་རྒྱུ་ལ་རྩ་མང་ན་རླུང་གྲངས་མང་རྩ་ཉུང་ན་ཉུང་ཏེ། སྤྱི་བོའི་འཁོར་ལོ་བདེ་དགྱེས་གསང་བ་འདུས་པའི་ལུགས་ལ་ཐབས་ཤེས་སོ་སོར་ཕྱེ་བས་སུམ་ཅུ་གཉིས། དུས་འཁོར་ནས་ཐབས་ཤེས་དྲིལ་བས་ཟླ་བའི་རྐང་པ་དང་མཚུངས་པའི། རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད་དེས་ན་ལུས་ལ་གནས་པའི་ཚེ་ཕྱིའི་བཅུ་དྲུག་ན་ཁྲག་གཙོ་བོར་རྒྱུ་ནང་རྩ་བཅུ་དྲུག་ན་ཟླ་རྐང་དང་མཚུངས་པར་རླུང་དང་བྱང་སེམས་དཀར་ཆ་ལྷག་པར་རྒྱུ་བས་ནང་གི་བཅུ་དྲུག་ཟླ་རྐང་དང་སྦྱོར་བ་ཡིན། གཟུགས་སྒྲ་དྲི་རོ་རེག་གི་ཡོན་ཏན་ལྔ་པའི་རླུང་རྒྱུ་གསུམ་དང་གཟུགས་སྒྲ་རོ་རེག་བཞི་སའི་རྩ་གཅིག །དཔྲལ་བའི་དཀྱིལ་དུ་བའི་རྩ་འཕེལ་བ་དང་ལྟག་པའི་དཀྱིལ་དུ་འགྲིབས་ཏེ་རྩ་གཉིས་ནི་སྟོང་པའི་རང་བཞིན་ཏེ་ནམ་མཁའ་ཡེ་ཤེས། གཞན་དག་བཅུ་བཞི་དཔྲལ་བའི་དཀྱིལ་ནས་རིམ་པ་ལྟར། སྒྲ་རོ་རེག་གསུམ་མེ་གཉིས་རེག་སྒྲ་གཅིག་ནམ་མཁའ་ནི་རྩ་རེ་རེ་སྟེ་རྩ་བདུན་ལ་འབྱུང་བ་ལྔའི་རླུང་རིམ་བཞིན་རྒྱུ་བརྒྱད་པ་ནི་ཡོན་ཏན་གང་ཡང་མེད་པ་ལྟག་པའི་རྩའོ། །ཕྱི་མའི་རྩ་བདུན་ཟུག་པའི་རླུང་འཁོར་ལོ། བྱེ་བ་འཁྱིལ་པ་མི་ཟད་པ། མི་བཟང་བརྟན་དང་མཚན་ཉིད་ཅན་རྣམས་སོ། །འཛིན་པ་རྟོག་མེད་གང་གསུམ་བ་ནི། རྩ་གསུམ་མེའི་ཁམས་དང་ཡང་དག་ལྡན་པའི་མིང་ངོ་། །དུས་ཀྱི་འཁོར་ལོར་གང་ནོར་བུ་སྤྱི་བོར་དོན་སོག་འགྲེལ་ལས་འབྱུང་པས་གཙུག་ཏོར་འབྱུང་བར་གསུངས་པ། གོང་གི་དགུ་པོ་གཙུག་ཏོར་བསྐྱེད་པའི་རྩ་འདི་བདུན་གསང་བའི་གནས་སུ་ཡོད་སྟེ་རྡོ་རྗེ་ནོར་བུའི་རྩེ་མོར་རླུང་གི་རྩ་བཞི་དང་རྩ་བ་ན་གཏུམ་མོའི་མེ་བསྐྱེད་པའི་ར་རྐྱོང་དབུ་མའི་མར་སྣ་གསུམ་དང་བདུན་གྱིས་གཙུག་ཏོར་བསྐྱེད་པར་བཞེད་དོ། །དེའི་སྟེང་དུ་དབུ་མ་ལ་སྒྲ་གཅན་དང་དུས་མེའི་རྩ་གཉིས་སུ་བྱས་པའི་རྩ་དགུ་པོ་ལ་བྱ་བ་ལ་སོགས་པའི་མིང་གིས་བསྟན་ཅིང་འདི་རྣམས་འཁོར་ལོ་གཞན་ལ་མི་གཏོགས་པ་རྒྱུད་གཉིས་དགོངས་པ་མཐུན། གོང་དུ་སྟོད་ན་གནས་པར་གསུངས་ཤིང་དུས་འཁོར་ལས་སྨད་དུ་གནས་པར་གསུངས་པའང་མི་འགལ་ཏེ་ལུས་བསམ་གྱི་ངེས་པ་ལས་ཡིན་པས་སོ། །ལུས་བསམ་གྱི་དོན་གཙུག་ཏོར་ནམ་མཁའི་ཁམས་ཀྱི་ལུས་ནམ་མཁའ་ཡིན་ཀྱང་དེའི་བསམ་པ་འོག་ཡེ་ཤེས་ཀྱི་ཁམས་ལ་འཇུག་པས་བསམ་པ་ཡེ་ཤེས་སུ་བཞག་པའོ། །སྤྱི་བོ་དང་མཚུངས་གསང་འཁོར་ལོ། །ལ་ཡང་རྩ་བདུན་པོ་དེ་རྣམས་ཀྱི་རྩ་བ་ན་ལུས་ཀྱི་ཕྱི་རིམ་དང་འབྲེལ་བའི་རྩ་སུམ་ཅུ་རྩ་གཉིས་འདབ་མ་ཡིན། ཡང་ན་སྨིན་མཚམས་སོགས་འཁོར་ལོ་དྲུག་པོ་དེ་དག་དབུས་ན་གནས་པ་དབུ་མའི་རྩ་དྲུག་ནི་བྱེ་བ་སོགས་མིང་གིས་བསྟན་ཅིང་དུས་འཁོར་ལས་གསུངས་པའི། སྟོང་པ་དྲུག་གི་རྩ་ཡིན་ནོ། །དྲུག་པོ་འདི་རྣམས་ལ་རྟེན་པའི་འཁོར་ལོ་བཞི་ནི་སྲོག་སྟེ་རླུང་འབྱིན་འཇུག་བྱེད་པའི་ལམ་ཡིན་པས་གཞན་དཀྱིལ་འཁོར་དུ་གསུང་གི་སྒོ་ཞེས་བྱ། ལག་པ་གཡས་པའི་ཚིགས་ཆེན་གསུམ་ལ། རླུང་གི་ཁམས་ཀྱིས་བསྐྱེད་པ་ཡི། རྩ་ནི་སུམ་ཕྱོགས་བཞིར་བདུན་བདུན་རྩ་བའི་རྩ་གཉིས་རེ་སྟེ་ཅུ་སུམ་ཅུ་གནས། སོར་མོའི་ལྔ་པོ་ཚིགས་ནི་རེ་རེ་ལ། །རྩ་ནི་དྲུག་དྲུག་ཏུ་འགྱུར་ཏེ། གྲངས་ནི་གོང་དང་མཚུངས་པའོ། །དེ་བཞིན་ལག་གཡོན་མེ་ཡི་ཁམས། །རྐང་པ་གཡས་པ་ཆུ་ཁམས་ཏེ། གཡོན་པ་ས་ཁམས་སྔ་མ་བཞིན། །དེ་ལྟར་ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་བསྒོམས་པ་ལ། །རྩ་ནི་སུམ་བརྒྱ་དྲུག་ཅུའོ། །སོར་ཚིགས་རྩ་གྲངས་དེ་དང་མཉམ། །ནད་ནི་བསྐྱེད་པར་བྱེད་པའི་རྩ། །གཙུག་ཏོར་རྩ་བཞི་དཔྲལ་བ་ཡི། །བཅུ་དྲུག་བད་ཀན་གྱི་ནད་སྐྱེད་པར་བྱེད་ཅིང་ནད་གཞི་སྨད་དུ་བྱེད། མགྲིན་པར་རྩ་ནི་སུམ་ཅུ་གཉིས། །སྙིང་གའི་བརྒྱད་རྣམས་མཁྲིས་པའི་ནད་བསྐྱེད་ཅིང་བད་ཀན་དང་སྡོངས་ན་སྨད་དང་རླུང་དང་སྡོངས་ན་སྟོད་ནད། ལྟེ་བའི་དྲུག་ཅུ་རྩ་བཞི་དང་། གསང་བའི་ཕྱི་རོལ་བཅུ་དྲུག་གིས། རླུང་གི་ཁམས་འཁྲུག་ཅིང་ནད་གཞི་སྟོད་དུ་བྱེད་གསང་བ་ཡི། ནང་རིམ་བཅུ་དྲུག་འདུས་པ་བསྐྱེད། དེ་ལྟར་ནད་བསྐྱེད་པའི་རྩ་བརྒྱ་དང་ལྔ་བཅུ་དྲུག །འཁོར་ལོའི་ནང་རིམ་དང་ལྟེ་བ་རྣམས་ན་ཁམས་ཀྱི་དངས་མ་གནས་པས་ནད་བསྐྱེད་པ་མི་རུང་བའི་ཕྱིར་འདི་རྣམས་འཁོར་ལོའི་ཕྱི་རིམ་སྟེ་ཁམས་ཀྱི་སྙིགས་མ་གནས་པ་རྣམས་ཡིན། གཞན་དག་འཁོར་ལོ་ཉིད་དུ་འདོད་པ་མི་རིགས་སོ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི། །རྣམ་དབྱེ་བཤད་བརྒྱུད་རྡོ་རྗེ་ཕྲེང་བ་ལས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་དཀར་ཆ་གཙོ་ཆེར་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཡོད་པ་དེ་པགས་པར་ཟུག་ཅིང་། ཉི་མ་དམར་ཆ་གཙོ་ཆེར་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། སྒྲ་གཅན་རླུང་ཁོ་ན་རྒྱུ་དབུ་མའི་རིགས་སུ་བརྗོད། སྟོང་ཕྲག་བདུན་བཅུ་རྩ་གཉིས་དབྱེ་ཚུལ་དེ་ཡང་ལུས་ལ་གནས་པས་ན། རྩ་ནི་ཉི་ཤུ་རྩ་བཞི་པོ་ལས་ཕྱེ་བ་ཡིན་ཏེ། །མི་ཕྱེད་མ་ནས་ཡིད་བཟང་བར། བྱེད་ལས་ཀྱི་སྒོ་ནས་བྱ་བ་བྱས་ཟིན་པའམ་ངོ་བོའི་སྒོ་ནས་རླུང་འབབ་པ་ཐིམ་པ་དང་ལོངས་སྤྱོད་བྱེད་བཞིན་པའམ་ཁུ་བ་འབབ་པ་བདག་མ་འོངས་པར་བྱེད་འགྱུར་རམ་ཁྲག་འབབ་པ་པོ་འམ་དག་བྱེད་པའང་ཟེར་ཡི། དབྱེ་བས་གསུམ་གསུམ་དུ་ཕྱེ་སྟེ་བདུན་བཅུ་གཉིས། རེ་རེའང་ལའང་རྩ་ཕྲན་གྱི་འཁོར་ནི་སྟོང་སྟོང་ངོ་། །དཔེར་ན་སྡོང་པོ་གཅིག་ལས་ནི། ཡལ་ག་ལོ་འདབ་གྱེས་པ་བཞིན་དུ་ཉེར་བཞི་པོ་ལས་གྱེས་པ་ཡིན་ཞིང་རྩ་བ་ཡན་ལག་གི་རླུང་རྟེན་རྩ་བཅུ་རོ་རྐྱང་དང་བཅུ་གཉིས་ནི་དེར་མི་འདུས་སོ། །ཉེར་བཞི་པོ་དེ་ལས་གྱེས་པའི་ཕྲ་བའི་རྩ་རྣམས་ནི། བྱེ་བ་ཕྲག་ནི་ཕྱེད་དང་བཞི། བ་སྤུ་སྐྱེད་པར་བྱེད་པ་ཡིན་མི་གཙང་རྫས་ནི་དུ་མས་གང་། ཞེས་དུས་འཁོར་ལས་གསུངས། ཞེས་འབྱུང་བ་ནི་བྱེ་བ་ཕྲག་ཕྱེད་བཞིའི་ནང་དུ་འདུས་པའི་ངེས་པ་མེད་དོ། །འདི་རྣམས་ཁམས་ཀྱི་རིམ་པ་ནི། དགའ་བོ་མངལ་འཇུག་ལས། ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། ལྟེ་བ་ས་སྟེ་སྙིང་ག་རླུང་། །མགྲིན་པ་མེ་ལ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། །ཡེ་ཤེས་བདེ་བའི་རིགས་སུ་གསུངས། །དེ་བཞིན་དུ་བ་སྤུའི་མཐར་ཐུག་བར། ཁམས་དྲུག་གིས་ནི་རིམ་པར་བསྐྱེད་པས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པར་སྣང་ལ་རིམ་པ་ཡང་ཡེ་ཤེས་ཁྱབ་བྱེད་དུ་བཏང་ནས་ཁམས་ལྔ། མཁའ་ཡེ་གཉིས་ཁྱབ་བྱེད་དུ་བཏང་ནས་ཁམས་བཞི་གསུམ་ཐབས་སུ་བྱས་པའི་རིགས་སུའང་འགྱུར་རོ། །མཁའ་ཡེ་གཅིག་ཏུ་བྱས། རླུང་མེ་གཅིག་ཏུ་བྱས། ས་ཆུ་གཅིག་ཏུ་བྱས་པས་གཡས་གཡོན་དབུ་མའི་དབྱེ་བ་ལས། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན་སེམས་ཡེ་ཤེས་གསུམ་ཤེས་རབ་ཆུ་རླུང་ནམ་མཁའ་གསུམ་ཐབས་སུ་བྱས་པའི་རིགས་སུའང་འགྱུར་རོ། །དེ་ལྟར་རྩ་ཡི་མཚན་ཉིད་བདེན་རྫུན་དང་བྲལ་བ་ཆུ་ཟླ་ལྟ་བུར་ཤེས་ན། ལུས་ལ་རིལ་པོ་དང་རྟག་པར་ལྟ་བ་ལོག་ནས་ལུས་ཀྱི་གནས་ལུགས་རྟོགས་པས་གཟུགས་ཀྱི་སྐུ་ཐོབ་པར་འགྱུར། ཟབ་མོ་ནང་གི་རྣམ་པར་བཤད་པ་ལས། ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའོ།། ༈ །།དེ་ནས་རླུང་གི་ངོ་བོ་གང་ཡིན་པ་ངོས་བཟུང་བ་དང་། ལྟེ་སྙིང་སོགས་གང་དུ་གནས་དང་སོ་སོའི་བྱེད་ལས་དང་ཕྱི་ནང་དུ་རྒྱུ་བའི་ཚུལ་དང་། གཡས་ཕྱོགས་སྟོབས་དང་གཡོན་ཕྱོགས་སྟོབས་མེད་རིམ་པ་དང་། སྟེང་འོག་བར་གསུམ་ལུས་ཀུན་ཏེ་འཇུག་པའི་སྒོ་དང་བཟུང་འབྱུང་རྔུབ་སོགས་ཐབས་གཟུང་འཛིན་བརྒྱད་ཀྱི་སྐྱོན་ཉི་ཟླའི་ཕན་ཡོན་རྣམས། རིམ་པ་བཞིན་དུ་འདིར་བཤད་བྱ། རླུང་ནི་ངག་དང་བརྗོད་པ་སྒྲ་གདངས་སྐད་རྣམས་སྐྱེད་བྱེད་དང་ངོ་བོ་ནང་གི་དུས་སྦྱོར་དབུགས་ཀྱི་རྒྱུ་བ་ཏེ་ཆུ་སྲང་ལོ་དང་བསྐལ་པའི་བར་གྱི་རྩིས་གཞི་ཡིན། སྒྲ་གདངས་ཡི་གེ་ཐམས་ཅད་ཀྱང་སྐྱེད་བྱེད་རླུང་འདི་ལས་སྐྱེས། ཡི་གེ་ཐམས་ཅད་ལ་ལས་བྱུང་བ་ལྟར་རླུང་ཐམས་ཅད་སྲོག་རླུང་ལས་བྱུང་བས་ཐོག་མར་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་བདུན་ཡིད་དེའི་འཁྲུལ། སྲོག་ལུང་ཨ་ཡི་སྒྲ་གདངས་ཀྱི་རྣམ་པ་ཅན་གྲུབ་བོ། །ནམ་མཁའ་ཁམས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་དབྱེར་མེད་ཡིན། དེ་བཞིན་དུ་འཁྲུལ་པའི་སྣང་བར་སྲོག་དེ་ལས་འཕྲོས་པའི་རྩ་བའི་རླུང་བཞི་ནི། ཐུར་སེལ་ཡེ་ཤེས་ཀྱི་རྟེན་བྱེད་པས་ས་ཁམས་ལྀ་ཡིག་སྟེ། །གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །མེ་མཉམ་རླུང་ཁམས་ཨི་ཞེས་བརྗོད། ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར། དེ་ནས་སྲོག་ལས་འཕྲོས་པའི་ཡན་ལག་རླུང་ལྔ་ནི། ཀླུ་ནི་སས་བསྐྱེད་པས་ཡེ་ཤེས་ཀྱི་རྟེན་ནམ་མཁའི་ཡི་གེ་ཨཱ། རུས་སྦལ་ཁམས་རླུང་སྟེ་ཨེ་རུ་བཤད། རྩངས་པ་མེ་སྟེ་ཨཱ་ཉིད་ཡིན། ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། ཨལ་ནི་ས་ཁམས་ནོར་ལས་རྒྱལ། འཁྲང་འགྱུར་གྱི་ཞག་དང་པོ་ནས་ཐོག་མར་ཟླ་བ་རེ་རེ་ལ། རླུང་བཅུ་པོ་རེ་རེ་རིམ་བསྐྱེད་སོ་སོའི་ནུས་པ་མ་རྫོགས་པར་ད་ལྟ་ལས་ཀུན་བྱེད། ནུས་པ་སྡུད་པ་ནི་ཚེ་ལོ་བརྒྱ་པའི་ལོ་ནི་བཅུ་བཅུར་རླུང་རེ་རེ་སྡུད་པར་བཤད་པས་མཐར་སྲོག་རླུང་ལ་སྡུད་དོ། །ཕུང་པོ་དང་ལྔ་རླུང་སྦྱོར་བ་ན། འདི་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། སེམས་ཉིད་འོད་གསལ་ནི་ཡེ་ཤེས་རླུང་གིས་བསྐྱེད། རང་ཉིད་རང་གིས་མ་རིག་པ་མུན་པ་ཀུན་གཞིའི་རྣམ་ཤེས་ཀྱི་ཕུང་པོ་ནི་ནམ་མཁའི་རླུང་སྟེ་ཉོན་ཡིད་ཀྱིས་བསྐྱེད་པས་ཉོན་ཡིད་དང་བཅས། འདུ་བྱེད་ཀྱི་ཕུང་པོ་ཉོན་ཡིད་དང་དེ་ཉིད་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པས་རླུང་སྟེ་དེའི་མཐུ་ལས་བླང་དོར་གྱི་ཚོར་བ་མེད་པའི་རླུང་གིས་བསྐྱེད། ཕུང་པོ་ནི་རྒྱུད་སྲེག་པར་བྱེད་པས་རླུང་གིས་བསྐྱེད། འདུ་ཤེས་ཀྱི་ཕུང་པོ་ནི་ཡུལ་ལ་མཚན་མར་འཛིན་ཅིང་སྡུད་པས། ཆུ་རླུང་གིས་བསྐྱེད་པ་ཡིན་ལ་ཞེན་པས་གྲུབ་པའི་གཟུགས་ཕུང་ནི་སྲ་བའི་མཚན་ཉིད་འཛིན་པས་ས། དེ་ལྟར་རིམ་པས་ཕུང་པོ་ལྔ་དང་སེམས་ཉིད་འོད་གསལ་བསྐྱེད་བྱ་འབྱུང་བ་ལྔའི་རླུང་ཡེ་ཤེས་ཀྱི་རླུང་སྐྱེད་བྱེད་གསུངས་ཏེ་འཁོར་བའི་སྣང་ཆ་ལས་ཐ་དད་ཡིན་ཀྱང་མྱ་ངན་ལས་འདས་པའི་དབང་དུ་ན་ཕུང་ཁམས་རླུང་སེམས་ཐམས་ཅད་དབྱེར་མེད་གཅིག་གོ། །དེ་དག་གི་སྔ་མ་ཕྲ་བ་རྣམས་ཕྱི་མ་རགས་པའི་སྐྱེ་བྱེད་ཀྱང་ཡིན་ལ་སྡུད་པའི་ཚེ་ཡང་རིམ་ཐིམ་ནས་རགས་པ་རྣམས་འོད་གསལ་དུ་འཇུག་གོ། །དེ་ལྟར་ལུས་གནས་ལས་བྱེད་པ། ཕྱིར་ནི་རླུང་བཅུ་ལུས་རྣམས་ཀུན་ཁྱབ་ཀྱང་། །རྩ་བ་དབུ་མར་གནས་པའི་སྲོག་རླུང་ཉོན་ཡིད་དང་དབྱེར་མེད་ནི། ལུས་ཀྱི་དབུས་གནས་ཤིང་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུགས་གསོག་པའི་རྐྱེན་བྱེད་པས་རྟེན་པར་བཞིན་བྱེད་ཀྱི་ཀུན་གཞི་ཉོན་ཡིད་ལ་ཚུར་བརྟེན་པ་མིན། གསང་འདུས་སུ་གསུངས་པའི་མགོན་ལྔ་ལས། ནམ་མཁའི་མགོན་པོ་ཞེས་བྱ་བ། འདིའི་ཆ་ཤས་དུས་སྦྱོར་ཐམས་ཅད་ཀྱི་མཐར་འདྲེས་ནས་རྒྱུ་ཞིང་འཆི་བའི་ཚེ་ན་འདི་ཉིད་འབའ་ཞིག་ཉིན་ཞག་གཅིག་ཡང་དག་རྒྱུ། བྱེད་ལས་ནི་སྤྱིར་ཡེ་ཤེས་ལ་སྣང་བའི་རྣམ་རྟོག་ཐམས་ཅད་བསྐྱེད་ཅིང་ཁྱད་པར་ཀུན་གཞི་ལ་དམིགས་ནས་ད་ལྟ་བདག་ཏུ་འཛིན་གཞན་ཡང་མི་གཡེང་བའི་དྲན་རྒྱུན་ཆགས་པ་སྐྱེད་པར་བྱེད། གལ་ལྟེ་གནས་གཞན་དུ་ལོག་ན་འབྲིང་བརྒྱལ་སྨྱོ་ཆེན་པོ་འཆི་བར་བྱེད། ལས་ཀྱི་རླུང་སྲོག་རླུང་ནམ་མཁའི་ཁམས་འདི་དང་ཡེ་ཤེས་ཀྱི་རླུང་མར་དང་འོ་མ་ལྟར་འདྲེས་པར་གནས། ཁ་དོག་ནམ་མཁའ་ལྟ་བུར་བཤད། ཐུར་སེལ་འོག་ཏུ་རྩ་གསུམ་འདུས་མདོ་མན་ཆད་དུ་གནས་ནས། འོག་འགྲོ་བཤང་གཅི་ཁུ་བ་གསུམ་གྱི་དངས་སྙིགས་འབྱིན་དངས་མ་སྡོམ་བྱེད། རྩ་དུང་ཅན་ནང་གནས་ཤིང་བདེ་བའི་ཁམས་ཀྱི་རྟེན་བྱེད། གནས་གཞན་དུ་ལོག་ན་སྨད་ཀྱི་ནད་སྐྱེད་བྱེད། མེ་མཉམ་སྙིང་གའི་ཤར་མདུན་ཕྱོགས་རྩ་སྣར་མའི་ནང་ལས་བྱུང་། ནད་གཞི་གསུམ་དང་འགྲོགས་ནས་ཕོ་བར་ཟུག་སྟེ་ཁ་ཟས་ཀྱི་དངས་སྙིགས་འབྱེད། དངས་མ་ལུས་ཀུན་ཏུ་ཁྱེར་ནས་སྟོབས་བསྐྱེད་སྙིགས་མ་འདོར་བར་བྱེད་གནས་གཞན་དུ་ལོག་གྱུར་ན། སྦོ་འཁྲོག་འཁྲུ་དང་མ་རུངས་ཀྱི་རྩ་སེར་སྐྱའི་ནང་དུ་སྒྱུ་ཞིང་བྱེད། གྱེན་རྒྱུ་ནི་སྙིང་གའི་མདུན་ནས་གཡས་སུ་ཉེ་བ་མེ་མཚམས་གླང་ཆེན་ལྕེའི་ནང་རྩ་ལས་བྱུང་། མགྲིན་པའི་གནས་སུ་སྨྲ་བརྗོད་དང་ལྡག་མྱང་སོགས་ལས་ཀུན་བྱེད། ལུས་ངག་གླུ་དང་ལུས་ཀྱི་གར་སོགས་རྣམས་བྱེད་པ་ཡིན། ལོག་ན་སྟོད་ན་ཕལ་ཆེར་བྱེད། ཁྱབ་བྱེད་ནི་སྙིང་གའི་ལྷོ་ཕྱོགས་གཡས་ཕྱོགས་རོ་མ་དང་རྒྱལ་བ་ནུབ། འབྲེལ་ནས་ལུས་ཚིགས་ཀུན་ལ་གནས་ཤིང་། ལུས་ཀྱི་ལྡེག་འཇོག་དང་སྟོབས་བྱེད་དེ་གནས་གཞན་དུ་ལོག་པས། ཡན་ལག་ཞ་རེངས་ནད་ཀུན་བྱེད། བདེན་སྙིང་གའི་ལྷོ་ནུབ་བྲལ་རྩ་རྒྱལ་རྒྱབ་རྩ་ཕྱོགས་རླུང་ནུབ་བྱང་རྩ་ཨ་ལམ་བུ་ཥ་མཚམས་དང་། བྱང་གཡོན་རྩ་ཨི་ཊ་ཕྱོགས་དབང་བྱང་ལྟར་ལྡན་རྩ་ཀུ་ཧཱ་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་རྒྱུ་བ་ལྔ་སྟེ། ཀླུ་ཡིས་གཟུགས་འཛིན་པའི་བདག་རྐྱེན་དང་ལུས་སྒེག་ཆོས་རྣམས་སྐྱེད་པར་བྱེད། རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། རྩངས་པ་དྲི་འཛིན་ཁྲོ་འཁྲུག་བྱེད། ལྷ་སྦྱིན་རོ་འཛིན་ནི་གཡོན་རྐྱང་མ་དང་འབྲེལ་ཏེ་གླལ་བ་བྱེད། ནོར་རྒྱལ་ཕྱོགས་གཅིག་ཁམས་གྱེན་དུ་འདྲེན་ཕྱོགས་གཅིག་གིས་རེག་འཛིན་ལུས་འདི་ལ། ཤི་ནས་ཞག་གཅིག་གི་བར་ཞེས་ཀྱང་འབྱུང་ནས་ལུས་ཀྱི་རྡུལ་ཕྲ་རབ་མ་འཐོར་བར་དུ་གནས་ཏེ་རླུང་རྒྱུ་བ་མེད་ཀྱང་མི་འཐོར་བའི་བྱེད་ལས་ཙམ་མོ། ད་ལྟ་སྙིང་ག་ན་ནང་གི་ཐུན་བརྒྱད་རང་བཞིན་ཏེ། རླུང་བཅུ་གཅིག་པོ་འདི་རྣམས་གཙོ་བོ་བསྟན་པ་ཡིན་རེ་རེའང་ཁམས་ལྔའམ་དྲུག་གི་བདག་ཉིད་རླུང་ཕྱིར་འགྲོ་ན་སྡུད་རིམ་ནང་དུ་འཇུག་ན་བསྐྱེད་རིམ་འབྱུང་ངོ་། །རྒྱུ་ཚུལ་ལུས་ཀྱི་ཕྱི་ནང་གཉིས་ཡིན་ཏེ་ནང་དུ་རྒྱུ་ཚུལ་ནི། སྲོག་རླུང་སྒྲ་གཅན་རང་བཞིན་ནི། དབུ་མར་རྒྱལ་པོ་ལྟ་བུར་གནས་ཏེ་རླུང་གཞན་ཐམས་ཅད་ཀྱི་རྟེན་དང་འཕེལ་འགྲིབ་ཀྱི་བདག་པོ་བྱེད་པའི་ཕྱིར། ཇི་ལྟར་སྙིང་གའི་འཁོར་ལོ་སྲོག་རླུང་ནམ་མཁའ་དང་ཡེ་ཤེས་འདྲེས་པའི་རླུང་ནས་ཕྱོགས་སུ་འབྱུང་བ་བཞིའི་རླུང་རྒྱུ་བ་ལྟར། འཁོར་ལོ་གཞན་ཡང་དེ་བཞིན་དུ་རྒྱུ་ལ་རྩ་མང་ན་རླུང་གྲངས་མང་རྩ་ཉུང་ན་ཉུང་ཏེ། སྤྱི་བོའི་འཁོར་ལོ་བདེ་དགྱེས་གསང་བ་འདུས་པའི་ལུགས་ལ་ཐབས་ཤེས་སོ་སོར་ཕྱེ་བས་སུམ་ཅུ་གཉིས། དུས་འཁོར་ནས་ཐབས་ཤེས་དྲིལ་བས་ཟླ་བའི་རྐང་པ་དང་མཚུངས་པའི། རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད་དེས་ན་ལུས་ལ་གནས་པའི་ཚེ་ཕྱིའི་བཅུ་དྲུག་ན་ཁྲག་གཙོ་བོར་རྒྱུ་ནང་རྩ་བཅུ་དྲུག་ན་ཟླ་རྐང་དང་མཚུངས་པར་རླུང་དང་བྱང་སེམས་དཀར་ཆ་ལྷག་པར་རྒྱུ་བས་ནང་གི་བཅུ་དྲུག་ཟླ་རྐང་དང་སྦྱོར་བ་ཡིན། གཟུགས་སྒྲ་དྲི་རོ་རེག་གི་ཡོན་ཏན་ལྔ་པའི་རླུང་རྒྱུ་ས་གསུམ་དང་གཟུགས་སྒྲ་རོ་རེག་ཆུ་བཞི་སའི་རྩ་གཅིག །དཔྲལ་བའི་དཀྱིལ་དུ་བའི་རྩ་འཕེལ་བ་དང་ལྟག་དཀྱིལ་དུ་འགྲིབས་ཏེ་རྩ་གཉིས་ནི་སྟོང་པའི་རང་བཞིན་ཏེ་ནམ་མཁའ་ཡེ་ཤེས། གཞན་དག་བཅུ་བཞི་དཔྲལ་བའི་དཀྱིལ་ནས་རིམ་པ་ལྟར། སྒྲ་རོ་རེག་གསུམ་མེ་གཉིས་སྒྲ་རེག་སྒྲ་གཅིག་ནམ་མཁའ་ནི་རྩ་རེ་རེ་སྟེ་རྩ་བདུན་ལ་འབྱུང་བ་ལྔའི་རླུང་རིམ་བཞིན་རྒྱུ་བརྒྱད་པ་ནི་ཡོན་ཏན་གང་ཡང་མེད་པ་ལྟག་པའི་རྩའོ། །ཕྱི་མའི་རྩ་བདུན་ལ་པས་ཞེས་རིམ་པ་བཟློག །བརྒྱད་པ་ནི་བདེ་བ་ཡེ་ཤེས་ཀྱི་ཆས་གང་བ་དེ་དཔྲལ་བའི་དཀྱིལ་རྩའོ། །དེ་དག་ལྔ་དང་བཞི་སོགས་ཡོན་ཏན་རིམ་པ་ཡིས་ཕྱེ་བ་ཡིན། དབྱུག་དགུ་ཆུ་ཚོད་ཉེར་བརྒྱད་སྟོང་པ་ཆུ་ཚོད་བཞི། སྤྱིར་བསྡོམས་པ་ནི་ཞག་གཅིག་གི་ཆུ་ཚོད་སུམ་ཅུ་གཉིས་དང་། སྟོང་པའི་ཆུ་ཚོད་གཉིས་རེ་ལ་ཡུད་ཙམ་རེར་བྱས་པའི་ཡུད་ཙམ་སུམ་ཅུའི་བདག་ཉིད་དག་སྦྱོར་ཡིན་པར་བརྗོད། མགྲིན་པར་རྩ་ནི་བཅུ་དྲུག་པོ། དུས་འཁོར་ལས་ཐབས་ཤེས་ཐ་དད་དུ་དབྱེ་བས་རྩ་སུམ་ཅུ་གཉིས། དེ་ལ་བཞིར་ནི་ཡེ་ཤེས་ནམ་མཁའི་རླུང་སྟོང་པ་རྒྱུ་བ་དབུ་མའི་རིགས། གཞན་དག་ཉེར་བརྒྱད་པོ་ཕྱོགས་བཞི་བདུན་བདུན་དུ། རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། གཞན་བདེ་དགྱེས་གསང་འདུས་ནས་ཐབས་ཤེས་བསྡོམས་པས་ཐུན་བརྒྱད་ལ་ཕྱེད་མར་བྱས་པའི་འཕོ་བ་བཅུ་དྲུག་བཤད། ལྟེ་བར་རྩ་ནི་དྲུག་ཅུ་བཞི། ཁྱིམ་གྱི་དབྱེ་བས་ཕྱེ་བས་ན་བཅུ་གཉིས། ལྔ་དེ་རེ་རེ་ལ་ལྔ་ལྔར་གྱེས་པས་ཚན་བཅུ་གཉིས་དྲུག་ཅུ་སྟེ། དབྱུག་གུ་དྲུག་ཅུའི་དག་སྦྱོར་བདག་ཉིད་གཡས་གཡོན་རྣམས་པ་ཆུ་མེ་རླུང་ནམ་མཁའི་རིམ་པ་འབྱུང་བ་སྡུད་རིམ་གཡོན་ཕྱོགས་རྣམས་ས་མཁའ་རླུང་མེ་ཆུ་ས་བསྐྱེད་རིམ་གྱི་རླུང་རྒྱུའོ་དོ། །རྩ་བའི་རྩ་བཞི་བཞི་ནི་སྟོང་པ་ནམ་མཁའ་དང་ཡེ་ཤེས་ཀྱི་ཆ་རོ་རྐྱང་ནས་ནང་དུ་དབུ་མར་རྒྱུ། ཀུན་འཁོར་ལོ་དྲུག་པོར་རྒྱུ་བའི་རླུང་གཅིག་པུ་ལ་རྩ་ལྔར་ཡོད་པའི་དབུས་སུ་ནམ་མཁའི་རླུང་ཕྱོགས་བཞིར་འབྱུང་བ་བཞིའི་རླུང་རྒྱུ་བ་སོགས་སོ་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། གཡས་མེ་གཡོན་ཆུ་རྒྱབ་ནུབ་བམ་འོག་ཕྱོགས་ས། མཚམས་རྣམས་སུའང་ཤར་ལྷོ་རླུང་ནས་ནུབ་བྱང་ས་དང་བཅས་པ་རགས་པ་ཡིན་ཁྱིམ་བཅུ་གཉིས་པོའི་ལུག་ཁྱིམ། དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། འཁོར་ལོའི་རྩ་སུམ་ཅུའི་ནང་དུ་རླུང་རྒྱུ་བ་སུམ་ཅུ་སྟེ། ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག་སྟེ་རླུང་དང་ལྡན་། ཉིང་ལག་རྣམས་ལའང་རླུང་གྲངས་དེ་དང་མཚུངས་པ་ཡིན། དེ་ནས་འཁོར་ལོ་རྒྱུ་ཚུལ་བཤད་ནས་སྟོང་ཕྲག་ཉི་ཤུ་བཞིར། འབྱུང་བ་ལྔའི་རླུང་ཁོ་ན་འགྲོ་བ་དབུ་མའི་རིགས་དང་བདག་ཉིད་གསུངས། རླུང་དང་ལྷན་ཅིག་དཀར་དམར་ཆ་རྒྱུ་བ་རྐྱང་མའི་རིགས་དང་དམར་ཆ་རྒྱུ་བ་རོ་མའི་རིགས་གྱིས་ཕྱེ་དེ་དང་མཉམ། སྟེ་སྟོང་ཕྲག་ཉེར་བཞི་རེའོ། །བསྡོམས་པས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་དེ་རྣམས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། དེ་ལྟར་ནང་ནས་རྒྱུ་ཞིང་དབུགས་དབྱུངས་རྔུབ་རེ་རེ་ཡང་བ་སྤུའི་མཐར་ཐུག་པར་འགྲོ་བར་འགྱུར། དུས་འཆིའི་དབང་དུ་བྱས་ན། གང་ཚེ་ལྟེ་བའི་ལུག་སོགས་རྩ་གཅིག་ཏུ། རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ་བར་དེའི་ཆ་ཤས་ཀྱི་རླུང་འགག་ནང་གི་རླུང་འདི་ལ་དབྱེ་བ་དཔག་མེད་ཀྱང་། ཕྱི་རོལ་རྩིས་དང་མཚུངས་པ། ཏེ་ཕྱིར་ལོ་གཅིག་ནང་དུ་ཞག་གཅིག་དང་ཟླ་བ་བཅུ་གཉིས་དང་འཕོ་བཅུ་གཉིས་ལོ་གཅིག་གི་ཆུ་ཚོད་དང་ཞག་གཅིག་གི་དབུགས་གྲངས་ལ་ཡེ་རླུང་དྲུག་བརྒྱ་དོན་ལྔ་ནི་ཕྱིར་ལོ་གཅིག་ལ་ཞག་བཅུ་གཅིག་དང་བཞི་ཆ་ལྷག་པར་སྣང་བ་ལྟ་བུ། ཡིན། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ་ལྟེ་བ་ནས། རྩ་ཆེན་རོ་རྐྱང་གཉིས་བརྒྱུད་སྣ་བུག་ཏུ། །གཡས་པ་ཉི་མ་དུག་ཚེའི་ནུས་པ་ཟད་པར་བྱེད་པ་སྡུད་རིམ་གི་རླུང་ཁུག་པ། གཡོན་པ་ཟླ་བ་བདུད་རྩི་བསྐྱེད་རིམ་སྟེ། ཐབས་དང་ཤེས་རབ་རང་བཞིན་ནོ། །ཞག་རེ་བཞིན་དུ་དེ་ཡི་རླུང་། ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས། དབུགས་གཅིག་གི་ཕྱེད་བཅས་རེ་དང་ཚན་པ་གཉིས་ཉི་ཟླའི་རླུང་དུ་བརྗོད། དེ་གཉིས་དབུས་ནས་རྒྱུ་བའི་རླུང་ཁུག་པ། དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི། སྒྲ་གཅན་མཁའ་དང་དབུ་མ་ལ་འཇུག་པ་ཡེ་ཤེས་ཀྱི། རླུང་སྟེ་གཉིས་སུ་མེད་པ་ཐུགས། དེ་ལ་ངོ་བོའི་དབྱེ་བ་ཡིས། འོག་ནས་འབྱུང་བ་ལྟར་ས་སོགས་ལྔ་ཡི་བདག་ཉིད་དོ། །རླུང་རྒྱུ་བའི་ཐོག་མ་ནི་སྐྱེ་དུས་མ་དང་འབྲེལ་བའི་རླུང་གི་གནས། ལྟེ་ཐག་དེ་ཆད་ཅིང་དེ་ནས་བུའི་སྣར་རྒྱུ་བས་དེ་ཀརྐ་ཊ་ཡི་ཁྱིམ་དུ་བཤད། དེ་ཉི་ལ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པ་དང་སྦྱར་རོ། །ད་ནི་ནང་གི་དུས་སྦྱོར་བཤད་པར་བྱ། རྩ་བ་ཡན་ལག་བཅས་པའི་རླུང་བཅུ། ལུས་ཀྱི་རྩ་ཉེར་བཞི་ཀུན་འཁོར་ལོའི་རྩ་རྣམས་སོ་རིམ་བརྒྱུད་དེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད་དེ་དེ་ནས་སྣར་རྒྱུའོ། །གླང་ཀརྐ་ཊ་བུ་མོའི་སྡིག་པ་ཆུ་སྲིན་ཉ་མཉམ་དང་མི་མཉམ་ལུག་འཁྲིག་པ་སེང་གེ་སྲང་གཞུ་བུམ་པ་ཁྱིམ་བཅུ་གཉིས་ཏེ་འཕོ་ཆེན། རེ་མོས་མཉམ་པ་ལ་གཡས་དང་མི་མཉམ་པ་ལ་གཡོན་དུ་རླུང་འབྱུང་བས་ཕྱིར། ཉི་མ་ལྷོ་བགྲོད་དང་པོ་ལ་ཀརྐ་ཊའི་ཁྱིམ་དུ་ཞུགས་ནས་ཟླ་བ་དྲུག་ཉིན་ཐུང་བ་ལྟར་སྣ་བུག་གཡས་ནས་འབྱུང་བའི་རླུང་རྣམས་ཉི་མའི་རླུང་། ས་ཆུ་མེ་རླུང་མཁའ་སྟེ་འབྱུང་བ་སྡུད་ཅིང་ཟད་པར་བྱེད་པ་རིམ་བཞིན་འཕོ་ཆུང་ལྔ་རྒྱུ་སུམ་འཕོ་ཆུང་ལྔ་པོ་རེ་རེ་ལ་རླུང་ཁུག་བརྒྱ་དྲུག་ཅུ་དྲུག་ཅུ་སྟེ། ཀུན་ལ་བསྡོམས་པས་འཕོ་ཆེན་གཅིག་ལ་རླུང་ཁུག་སྟོང་དང་བརྒྱད་བརྒྱའོ། །དེ་འོག་སྤྱིར་བྱང་བགྲོད་ཆུ་སྲིན་སོགས་ལྟར་གཡོན་བྱང་བགྲོད་ལ། ནས་ཟླ་བའི་རླུང་། ནམ་མཁའ་རླུང་མེ་ཆུ་ས་ཡི། འབྱུང་བ་བསྐྱེད་པའི་རིམ་པས་གྲངས་ནི་གོང་དང་མཚུངས་འཕོ་ཆུང་རེ་ལ་སུམ་བརྒྱ་དྲུག་ཅུ་འཕོ་ཆེན་རེ་ལ་སྟོང་དང་བརྒྱད་བརྒྱའོ། །དེ་ལྟར་འཕོ་བ་ཆེན་བཅུ་གཉིས་ལ་སྟོང་བརྒྱད་བརྒྱ་བ་ཚན་པ་བཅུ་གཉིས་ཡོད་པས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། འདི་ནང་དེ་ལ་ཡེ་ཤེས་རླུང་ཁུག་ཏུ་ཡོད་པ་བཤད་པ། དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད་པ་ཡིན། འཕོ་བ་ཆེན་པོ་རེ་རེ་ཡེ་རླུང་རླུང་ཁུག་ལྔ་བཅུ་དྲུག་ས་རླུང་ཁུག་གཅིག་ལ་སོ་གཉིས་སུ་བགོས་པའི་བཞི་ཆ་སྟེ་བརྒྱ། དབྱུག་གུ་འཕོ་ཆུང་རེར་ཡེ་རླུང་བཅུ་གཅིག་དང་བཞི་ཆ་སྟེ། མདོར་ན་དབུགས་གཅིག་སོ་གཉིས་ཆ་ཡེ་རླུང་ཡིན་པ་དེ། བསགས་པས་དེ་ལྟར་དབུགས་སོ་གཉིས་ན་ཡེ་རླུང་དབུགས་ཁུག་གཅིག་ཏུ་གྱུར་པ་ཡིན། སོག་འགྲེལ་ལས། དབུགས་ཁུག་སོ་གཉིས་སོང་ནས་ཡེ་རླུང་དབུགས་ཁུག་གཅིག །དེ་བཞིན་དུ་ཆུ་སྲང་སོ་གཉིས་ནས་ཡེ་རླུང་ཆུ་སྲང་གཅིག །ཆུ་ཚོད་སོ་གཉིས་ནས་ཆུ་ཚོད་གཅིག ཞག་སྔོ་གཉིས་ནས་ཞག་གཅིག །ཟླ་བ་སོ་གཉིས་ནས་ཟླ་གཅིག །ལོ་སོ་གཉིས་ནས་ལོ་གཅིག །དེས་ན་ལོ་གོ་དྲུག་འཕེལ་འགྲིབ་མེད་པའི་ལོ་དང་གོ་བདུན་ནས་ཡེ་རླུང་ལོ་གསུམ། དེ་རྗེས་ལོ་གསུམ་ལ་ཡེ་རླུང་ཕྱོགས་གསུམ་ཞེས་བཤད། ཡེ་རླུང་དབུགས་ཁུག་གཅིག་པོ་དེ་ཡང་ཕྱེད་ནི་ཕྱིར་རྒྱུ་ལ། རོ་རྐྱང་ནས་རྩ་བའི་རྩ་བཞི་བརྒྱུད་དེ་ཕྱེད་ནི་དབུ་མར་རྒྱུ་བས་ཚེའི་ནུས་པ་འཕེལ། ཕྱིར་ཉི་ཟླ་སོགས་འདི་ནི་གཟའ་ཀུན་རྐང་པ་དང་མཚུངས་ཏེ་ནང་དུ་སྣ་བུག་གཉིས་ནས་འབྱུང་བ་སོགས་རླུང་ཐམས་ཅད་དབུ་མའི་ཆ་ཤས་འདི་ལས་འབྱུང་བས་སོ་སྟེ། འདི་ནི་བྱེད་ལས་ལྷག་པ་ཕྱིར་འགྲོ་འཕེལ་བས་དབུ་མའི་དུས་འཆི་ལྟས་ཡིན། ཕྱིར་མི་འགྲོ་བར་ནང་དུ་ཟིན་ན་འཆི་མེད་རྡོ་རྗེའི་ལུས་འགྲུབ། ལོ་བརྒྱའི་ཡེ་རླུང་གི་རྒྱུ་བ་དབུགས་དྲུག་ལ་ཆུ་སྲང་སོགས་བསྡོམས་པ་ན། ཡེ་རླུང་ལོ་གསུམ་ཟླ་བ་ཕྱེད་དང་གཉིས་ཏེ་ཕྱོགས་གསུམ་ལོངས། ཁྱིམ་ཞག་ཚེས་ཞག་སོགས་དབྱར་ཉི་ལྡོག་ནས་དབྱར་ཉི་ལྡོག་བར་ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དྲུག་ཅུས་མ་སྙོམས་ནས་ཚེས་ཞག་གཅིག་བསྣན་དགོས་བྱུང་། བཅུ་གཅིག་པ་བསྡོམས་པས་ལོ་གཉིས་དང་ཟླ་བ་ཕྱེད་དགུ་ན་ཟླ་ལྷག་འབྱུང་སྟེ་ཤོལ་དང་འཕེལ་འགྲིབ་རྣམས། འདི་དོན་རྟོགས་པས་མ་ནོར་འཆར་ཕྱི་ནང་ཆོས་མཚུངས། རྒྱུ་རིམ་ཁ་དོག་སྟོབས་ཡོན་ཏན། དང་པོ་རྒྱུ་རིམ་ནི་སྣ་ཡི་ཀ་བ་གཉིས་ལ་བརྡབས་ཏེ་རྒྱུ་བ་ནི། སྣ་བུག་གི་བྱང་སྟེ་གཡས་གཡོན་གཉིས་ཀའི་ཆུ་རླུང་ཡིན་ལ། ཕྱི་རོལ་གཤོག་པ་གཉིས་ནས་རྒྱུ་བ་ནི་མེ་རུ་འདོད། སྟེང་གཉིས་རླུང་སྟེ་འོག་གཉིས་མཆུ་ལ་བརྟེན་པ་ས། དབུས་ནི་ནམ་མཁའ་ཡེ་ཤེས་ཀྱི་ཁམས་ཡིན། ཁ་དོག་ས་ཆུ་མེ་རླུང་མཁའ། སེར་དཀར་དམར་ནག་སྔོ་བར་འདོད། རླུང་ལྔ་པོ་འདི་དག་སྟོབས་དང་ལྡན་མི་ལྡན་ནི་གཡས་པ་རྣམས་དྲག་གཟའ་ལྔ་སྟེ། ལཱྀ་སྤེན་ས་རླུང་ས་ཨཱུ་ཕུར་ཆུ་བུ་བཀྲ་མེ་ཤིས་རླུང་ཨཱི་ཉི་མ་དུས་མེ་ཨཱ་ནམ་མཁའ། ས་སོགས་རིམ་པས་སྟོབས་མེད་གཡོན་པ་རྣམས་ཞི་གཟའ་ལྔ་སྟེ། ཨ་སྒྲ་མཁའ་གཅན་ཟླ་རླུང་ཨི་བ་གཟའ་རྀ་ལྷག་མེ་དང་། ཨུ་པ་སངས་ཆུ་མཇུག་ལྀ་རིང་ས་མཁའ་རིམ་སྟོབས་ལྡན་བཞིན་ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་ནང་དུ་འཆར་རོ། ནང་གི་ཕུང་པོ་ཁམས་སོགས་དེའི་ནུས་པ་དང་དེ་ལ་སྣང་བའི་ཕྱི་རོལ་གྱི་འབྱུང་བ་ད ང་གཟའ་སྐར་སོགས་ནུས་པའི་ཡོན་ཏན་མཐུན་པའི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར། ནམ་མཁའི་རླུང་བསད་གསོའི་ལས་ཀུན་སོགས་ལས་ཐམས་ཅད་འགྲུབ། རླུང་གིས་བསྒྲུབ་བྱ་ཡུལ་གཞན་དུ་བསྐྲད་དང་བསད་པ་སྟེ། དབང་དང་དགུག་པ་མེ་ཡིས་བྱེད། ཆུས་ནི་ནད་གདོན་སོགས་ཞི་དང་ཚེ་བསོད་སོགས་རྒྱས་པའོ། །བསྒྲུབ་བྱའི་སྒོ་གསུམ་རེངས་དང་རྨོངས་པ་ས་ཡི་ལས། ཡེ་ཤེས་ལས་ནི་ཐམས་ཅད་པ། ཡེ་རླུང་རྒྱུ་བའི་དུས་ནི་འཕོ་ཆེན་གཡས་གཡོན་གྱི་ཐུན་མཚམས་སྣ་བུག་གཉིས་སུ་མཉམ་དུ་རྒྱུ་དུས་སོ། །སྣ་བུག་གཉིས་ནས་རླུང་ཕྱི་རོལ་དུ་འགྲོ་བའི་ཚེས་ས་རླུང་ནི་སོར་བཅུ་གཉིས། བཅུ་གསུམ་ཆུ་བཅུ་བཞི་མེ་བཅོ་ལྔ་རླུང་མཁའ་བཅུ་དྲུག་བར། ཡོན་ཏན་ཆུང་བས་ཡང་བའི་དབང་གིས་རིམ་བཞིན་ཕྱི་རིང་བའི་ཚེ་ནང་དུ་ཐུང་ངུར་འགྱུར་རོ་ཡེ་རླུང་ཡང་གཡོན་ནས་གཡས་པར་འཕོ་མཚམས་སུ་ས་རླུང་དང་གཡས་ནས་གཡོན་པར་འཕོ་མཚམས་སུ་མཁའ་རླུང་དང་རིང་ཐུང་མཉམ་རིང་ཕྱི་མ་རྣམས། རྟེན་འབྲེལ་རྩིས་དང་དབྱངས་སྦྱར་བ་ཞིབ་པར། ཁོ་བོས་རྩིས་ཀུན་བསྡུས་པར་བཤད། གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། གཡས་ཕྱོགས་ཡིད་འགྲུབ་ངན་པ་སྟེ། དབུ་མར་བར་སྙོམས་ལས་རྣམས་འགྱངས། རླུང་གི་སྒྱུ་ཚུལ། འདི་ནི་རྡོ་རྗེ་ཕྲེང་བ་ལས། ཕ་རོལ་གཡུལ་དུ་ཞུགས་པས་རང་ལ་དྲི་བའི་ཚེ། གཡས་སུ་དུས་མེ་དང་འགྲིག་ན་འཆི་བར་སྟོན། ཉི་མས་ཡན་ལག་ཉམས། བཀྲ་ཤིས་ལ་གནད། ཕུར་བུར་ཉེན་ཚེ། སྤེན་པར་ཡུན་རིང་རྩོད། ནད་པ་རྣམས་ཀྱིས་དྲི་ན་རིམ་པར། འཆི་དང་ཉོན་མོངས་རྨ་དོད་དང་། བཅོས་འཚོ་ནད་ཡུན་རིང་བར་འགྱུར། ཡུལ་གྱི་གཏད་མོ་བག་མ་དང་། ཞི་དང་རྒྱས་པའི་ལས་རྣམས་ཀུན། འདི་དག་བཟང་བ་མ་ཡིན་ཏེ། གཡོན་དུ་སྒྲ་གཅན་དང་མགྲིག་ན་དགྲ་ཕར་འཇོམས། ཟླ་བར་ཡན་ལག་ཉམས་པར་བྱེད། གཟའ་མག་ལ་རྨས། པ་སངས་ནོར་ཐོབ། འཇུག་རིང་ལ་དགྲ་དབང་དུ་འགྱུར། ནད་པ་རྣམས་ནི་འཚོ་བ་དང་། དགའ་སྟོན་འཇིག་རྟེན་བྱ་བ་ཡིད། ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། སྒྲ་གཅན་མ་གཏོགས་གཞན་རྣམས་དག །དྲག་པོའི་ལས་ལ་སྟོབས་ལྡན་མིན། གཞན་ཡང་རང་ཉིད་མཉམ་གཞག་དུས། དུས་མིན་ཕྱིན་ཅི་ལོག་འཕོ་ན། གཡོན་གྱི་ཕྱོགས་རྣམས་སྔར་ལྟར་བཟང་། ནོར་དང་ཟས་དང་ལོངས་སྤྱོད་ཐོབ། །གཡས་ཕྱོགས་དུས་མིན་འཕོ་བ་ངན། །ནད་དང་ནོར་ཉམས་འཇིག་སྐྲག་དང་། །གཏམ་ངན་ཐོས་པར་འགྱུར་བའི་རྟགས། གྲངས་ཐིམ་ནས་ཀྱང་། ཡུན་རིང་ཕྱིན་ལོག་རྒྱུ། འཆི་བའི་ལྟས་སུ་སྟོན་པར་བྱེད། །དེ་སོགས་དཔག་ཏུ་མེད་པ་ཡིན། འཆི་བཟློག་ནི། ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་སྒོམས། །རྐང་པ་སྐྱིལ་ཀྲུང་ལུས་སྲང་ནས། །ལག་གཉིས་མཆན་ཁུར་འཕར་རྩ་བསྡམས། གཡས་ནས་འཆི་རྟགས་རྒྱུ་ན་ལག་པ་གཡོན་པས་གཡས་ཀྱི་འཕར་རྩ་བསྡམ། སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱི་ནི་འཆི་བ་འཕྲོག །སྣ་ཡི་བུ་ག་ལས་རླུང་ལྔ་བྱུང་ཞིང་། རླུང་ལྔ་པོ་དེ་ཡང་སྟེང་དུ་ཡང་དག་རྒྱུ། གཡོན་པ་ནས་རྒྱུ་བ་གཡས་པ་ནས་རྒྱུ་བ་དང་གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། གཉིས་ཀ་ནས་དལ་བར་རྒྱུ་བ་རྣམ་པ་བཞི་ལ་མགོན་པོ་བཞིར་བཤད་དེ། སྣ་བུག་གཡས་པ་ནས་ནི་འབྱུང་བའི་ཁམས། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་པོ་བཟང་པོ་འདི། པདྨའི་མགོན་པོ་རྒྱུ་བས་དེའི་ཚེ་ཨཱཿའི་བཟླས་པ་བྱ་བའོ། །སྣ་བུག་གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། ཁ་དོག་ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བས་དེའི་ཚེ་ཨོཾ་བཟླས་པ་བའོ་བྱ་བའོ། །སྣ་བུག་གཉིས་ཀ་ནས་ནི་དྲག་པོར་འབྱུང་བའི་ཁམས། གསེར་མདོག་དབང་ཆེན་ཉིད། རིན་ཆེན་མགོན་པོ་རྒྱུ་ཡིན་པས་འོག་གི་སྣ་རྩེ་གསུམ་འདུས་སུ་སེམས་གཏད་ཅིང་བདེ་ཆེན་ཡེ་ཤེས་རྡོ་རྗེའི་བཟླས་པ་བྱ་བའོ། །དལ་ཞིང་སྣ་བུག་གཅིག་ནས་རྒྱུ་བ་མེད་མེད་པར་གཉིས་ཀ་ནས་འབྱུང་པའི་ཁམས། དག་པའི་ཤེལ་ལྟར་སྣང་བ་ནི། འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། རྡོ་རྗེའི་མགོན་པོ་རྒྱུ་བས་དེའི་ཚེ་ཧཱུཾ་བཟླས་པ་བའོ། །བཟླས་པ་མ་ཡིན་པའི་ས་ལ་སོགས་པའི་ཁམས་ཀུན་ནས་ནི་ཡང་དག་འབྱུང་ཞིང་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གནས་པ། རྟེན་ལུས་དང་བརྟེན་པས་སེམས་སམ་རྟེན་འོད་གསལ་དང་བརྟེན་པ་ཀུན་གཞིའི་བཞོན་པར་གཟུང་བ་ནི། ནམ་མཁའི་མགོན་པོ་རྣམ་པར་སྣང་མཛད་རང་བཞིན་ཏེ། ཆ་ཤས་དུས་སྦྱོར་ཐམས་ཅད་དང་འདྲེས་ནས་རྒྱུ་ཞིང་འདི་ཉིད་འབའ་ཞིག་ཉིན་ཞག་གཅིག་འཆི་བའི་མཐར་ནི་འབྱུང་བར་མུན་པ་ཆེན་ཟད་བྱེད་ཅེས་བྱ་འགྱུར། ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་པོ་དེ་དག་ནི། དབྱུང་བ་ཨོཾ་རྔུབ་པ་ཨཱཿགནས་པ་ཧཱུཾ་བདེ་བ་ཆེན་པོར་རོ་མཉམ་པར་བྱ་བའི་རྡོ་རྗེ་བཞི་དང་སྦྱར་ནས་མཉམ་པར་བཞག་པས་རྟག་ཏུ་ཟློས། ཞེས་རྡོར་བཟླས་བཞིར་ངེས་སོ། །ཞེས་གསུངས་དོན་ནི་ལམ་དུས་སུ་རྣལ་འབྱོར་པས་བཟླས་པ་བྱ་བའི་ཚེ་རླུང་བཞི་དང་རྡོ་རྗེ་བཞི་ཡི། དག་པ་སྦྱར་བས་བསྟན་ཏེ་གོང་མ་དུས་འཁོར་ལས་གཞིའི་དབང་དུ་བྱས་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གསུངས་པ་དང་། འགལ་བའི་ཐེ་ཚོམ་བསྐྱེད་མི་བྱ་སྟེ་དེ་གཉིས་གནས་སྐབས་མི་གཅིག་པས་སོ། །སྔ་མ་དེ་ལྟར་རླུང་གཞན་ཡང་བཟླས་པའི་ཚུལ་ནི་སྤྱི་བོ་ནས་རླུང་མགྲིན་པ་ནས་མེ་སྙིང་ག་ནས་ཆུ་ལྟེ་བ་ནས་ས་རླུང་རིམ་པས་ཕྱི་རོལ་དུ་སོར་ཉི་ཤུ་བཅོ་བརྒྱད་བཅུ་དྲུག་བཅུ་གཉིས་རྒྱུ་བས་དེ་དང་མཚུངས་པར་འཁོར་ལོ་བཞིའི་སྣ་རྩེར་ཏེ་ལྟེ་བར་རླུང་ནི། ཁ་དོག་ལྔ་པའི་ཐིག་ལེ་ལྔའི་རྣམ་པར་བསྒོམ། རྡོ་རྗེའི་སྔགས་བཟླས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི་གྲངས་ཀྱིས་ནི། ཉིན་མཚན་རྟག་ཏུ་ཟློས་ཞེས་བཤད། བླ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་ལྟར་མེ་རླུང་དང་རླུང་གི་རླུང་གཉིས་འཇུག་སྒོ་སྟེང་ནས་སྣ་བུག་གཉིས། ཆུ་རླུང་ཁ་དང་ས་རླུང་ནི་འོག་ཏུ་ལམ་གསུམ་དང་། མ་ནིང་ངམ་ནམ་མཁའི་རླུང་ལུས་ཀུན་ནས་འཇུག་པ་ཡིན་ཏེ་རྣམ་པ་བཞི། གཟུང་ཐབས་ལུས་གནད་བཅས་སེམས་རྣལ་དུ་བཞག་སྟེ་དབུགས། དབྱུང་རྔུབ་གཅིག་ནས་ཆུ་སྲང་ཆུ་ཚོད་སོགས་ཀྱི་བར་བགྲང་བ་གནས་ལྡོག་དང་ནི་རྩ་གནས་ཐམས་ཅད་དུ་རླུང་ལུས་ཀྱི་མཐར་ཐུག་པར་འགྲོ་བ་དང་ལྡོག་པ་ལ་དམིགས་པའོ། །དེ་ནི་དག་པ་བགྲང་ཞིང་རྩི་བ་གཟུང་ཐབས་དང་པོའོ་བ་སྟེ། གཟུང་ཐབས་གཉིས་པ་རླུང་སེམས་གཉིས་ཀ་མ་བཅོས་འཇུག་པ་མི་རྟོག་རྒྱ་ཡན་བཅིང་བ་ནི། ཞི་གནས་སྐྱེད་པར་བྱེད་པ་ཡིན་ཏེ་སོར་སྡུད་དང་ལྷན་ཅིག་སྐྱེས་སྦྱོར་སོགས་ཀྱི་ཉམས་ལེན་ནོ། །གཟུང་ཐབས་གསུམ་ནི་ཁ་དོག་དབྱིབས་ལ་རྣམ་པར་སྦྱངས། སྙིང་གར་ཀུན་གཞིའི་ཟླ་བའི་དབྱིབས་སུ་སྒོམ་པ་ལ་གཞན་གྱི་སེམས་དང་བསྲེས་པས་གཞན་སེམས་ཤེས་པའི་མངོན་ཤེས་རླུང་སོ་སོའི་ཁ་དོག་ལ་དམིགས་ནས་ཟད་པར་འབྱུང་བའི་རྒྱུ། གཟུང་ཐབས་བཞི་པ་བུམ་ཅན་ནི་སྟེང་སྲོག་རྩོལ་འོག་ཐུར་སེལ་བར་རླུང་དེ་གཉིས་རོ་མཉམ་དུ་བཅིང་བ་གསུམ་གྱིས་རྩ་བའི་རླུང་གཟུང་བ་དང་། སེང་གེ་རྣམ་གྲོལ་གྱི་ཡན་ལག་གི་རླུང་བཟུང་བ་བཅས་པས་ཞི་རྒྱས་སོགས་ལས་ཀུན་བྱེད། རླུང་ཟིན་པའི་ཕན་ཡོན་དུ་བ་སྨིག་རྒྱུ་མཁའ་སྣང་སྒྲོན་མ་འབར་བ་སྟེ་མཚན་རྟགས་ལྔ། ཟླ་བ། ཉི་མ། སྒྲ་གཅན། མཆོག་གི་ཆ་གློག །ཐིག་ལེ། དེ་ནས་ལས་ཀྱི་དབུ་མའི་བྱེད་པ་བཅིངས་པ་ལས་རྟགས་ཅན་བཅུ་གཅིག་པ་སྣ་ཚོགས་གཟུགས་ཏེ་ཉིན་རྟགས་དྲུག་དང་རྟགས་བཅུ་འགྲེལ་ཆེན་ལས་དུ་བ་སྨིན་རྒྱུ་མེ་ཁྱེར་མར་མེ་འབར་བ། ཟླ་ཉི་སྒྲ་གཅན་ཆ་ཤས་ཐིག་ལེ་ཞེས་གསུངས་པ་རྣམ་པ་བརྒྱད་ཡིན་ཏེ། རྟགས་ཅན་གཅིག་སྟེང་དུ་ཉི་ཟླ་སྒྲ་གཅན་གཙོ་བོ་གསུམ་ལ་བརྟེན་པའི་རླུང་ནི་སྲོག་ཉི་མའི་རང་བཞིན་ཡིན་ལ། དེ་གསུམ་གྱི་རླུང་ཟིན་པས་ཕན་ཡོན་འོག་ཏུ་འབྱུང་སྟེ་སྐྱང་མས་འདོད་ཆགས་རོ་མས་ཞེ་སྡང་དབུ་མས་གཏི་མུག་སྟེ་དུག་གསུམ་རྣམ་རྟོག་འཇོམས་ཤིང་སྤོང་པ་དང་། རྐྱང་རོ་དབུ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་གསུམ་ཐོབ་བྱེད་ཡིན། དེ་ནི་སྲོག་ཉི་མའི་ཡོན་ཏན་དུག་གསུམ་གྱི་གཟུང་འཛིན་དག་པར་གསུངས། གཟུགས་སྒྲ་དྲི་རོ་རེག་བྱ་ཡི། ཡུལ་ལྔ་དབང་བྱེད་པའི་ཡོན་ཏན་སྟེང་དུ་འབྱུང་བ་ནི་འོག་གི་རྩ་གསུམ་ཐུར་སེལ་ཟླ་བའི་རང་བཞིན་ལ་བརྟེན་པའི་ཟླ་བའི་རླུང་ཟིན་པས་ཡིན་ཏེ། དེ་ནི་སྒོ་ལྔའི་གཟུང་འཛིན་དག་པ་དང་ཡེ་ཤེས་ལྔ་ཐོབ་པར་བྱེད་ལ། རླུང་ཟིན་པའི་གནས་སྐབས་ཀྱི་ཡོན་ཏན་ས་བརྟན་དང་ཆུས་སྣུམ་དང་མེས་གསལ་སྐྲག་མདངས་དང་རླུང་གིས་མགྱོགས། ནམ་མཁས་དབང་པོ་དག་ཅིང་ཤེས་རབ་ཆེ་ལྡན་པ། ས་སོགས་ལུས་ལ་ཡོན་ཏན་བླ་མ་ཏེ་པུ་པས་བཤད། རླུང་གི་ཕྲ་བའི་གཟུགས་ཀྱིས་སུ། ཤེས་ཏེ་ཡང་དག་འདྲེས་ཏེ་གནས། མདོར་ན་རླུང་ནི་རྟོག་པ་དང་དབྱེར་མེད་སྟེ། ཡུལ་ལ་གཡོ་དང་ཕྲ་བ་དང་གཞན་དུ་སྐྱོད་བྱེད་པར་མཚན་ཉིད་མཚུངས་པར་ཕྱིར། དེ་དག་གི་རང་བཞིན་སེམས་ཀྱི་དེ་བཞིན་ཉིད་དག་ཅིང་གསལ་ལ་མི་རྟོག་པ་དེའི། ངོ་བོ་ནི་ཡེ་ཤེས་རླུང་ཆེན་པོ། དེ་དང་རྒྱུ་མཐུན་པའི་ལམ་དུས་སུ་གཉེན་པོ་ཡེ་ཤེས་རླུང་ཆེན་གང་ཡིན་ན་ནི། བདག་མེད་པ་ལ་མེད་པར་རྟོགས་པ་སོགས་ཡང་དག་རྟོག་པའི་ཡིད་ཀྱི་འདུ་བྱེད་ལ་བཤད། ཀུན་གཞི་ལ་གནས་པའི་ཡང་དག་མིན་རྟོག་ཉོན་ཡིད་ནི། བདག་ཏུ་རྟོག་པ་སོགས་གཏི་མུག་བསྐྱེད་པའི་སྒྲ་གཅན་བདུན་པའི་རླུང་དུ་བཤད། འདུ་བྱེད་བདུན་ཡིད་ཀྱི་མཐུ་ལས་ཡེ་ཤེས་རང་གི་སྣང་ཆ་རང་དང་དབྱེར་མེད་འོད་ལྔ་ལས། གཞན་རང་ལས་དུ་རྟོག་པ་ནི་གཟུང་བ་དང་ཆགས་པའི་རླུང་གཞན་སྣང་ཞེས་བྱ་སྟེ་དགའ་བའི་འདོད་ཆགས་གཡོ་བས་སོ། །དེ་ལ་རྟེན་ན་རྣམ་ཤེས་ཀྱི་ཡུལ་ལ་བླང་དོར་དཔྱོད་པའི་རླུང་། འཛིན་པ་བདག་རྟོག་ཞེ་སྡང་རླུང་སྟེ་དུག་གསུམ་དེས་བསྐྱེད་ནས། དེ་ལྟར་ཁམས་གསུམ་པོ་དུག་གསུམ་གྱི་རླུང་གི་འདུ་བྱེད་ཅེས། གསུངས་པས་འཁོར་འདས་ཀྱི་སྐྱོན་དང་ཡོན་ཏན་ཀུན། རླུང་དང་རྟོག་པ་དབྱེར་མེད་ལ་རྟེན་དེ་ལྟར་རྟོགས་བྱས་ནས། རླུང་གི་སྦྱོར་བ་ཤེས་ཤིང་གནད་བཅིངས་པས་ཕ་རོལ་འགྲོ། མ་ཤེས་ན་རླུང་གིས་འཁོར་བར་འཁོར་བྱེད་ལ། འཁོར་བ་དེ་གཙོར་བྱེད་པའང་རླུང་གིས་འགྲུབ་པར་འགྱུར། ཕྱི་ནང་དུ་རྒྱུ་བའི་རླུང་མིང་བྱེད་ལས་ཀུན་དང་རྟོག་པ་དབྱེར་མེད་ལ་རྒྱལ་བས་མདོ་རྒྱུད་ལས་གསུངས་པ། ལེའུ་གཉིས་པ་དང་བཞི་པ་འདིར་ནི་ཉམས་ལེན་ལ་འཁོ་བ་རྣམས་བསྡུས་ཏེ་བསྟན་པ་ཡིན། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའོ།། ༈༈༈༈ །།དེ་ལྟར་རྩ་དང་རླུང་བསྟན་ནས། ཐིག་ལེ་གནས་དང་རྒྱུ་ཚུལ་ནི། རྩ་བ་སྤྲོས་བྲལ་གཞིའི་རང་བཞིན་ཐིག་ལེ་དང་། འཁྲུལ་པ་མ་གཞིའི་གནས་སྐབས་རིག་ཐིག་ལེ་དང་། དེ་ཡི་གཉེན་པོ་ལམ་གྱི་གནས་སྐབས་ཐིག་ལེ་དང་། དང་པོ་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དེ་ཡང་ངོ་བོ་སྟོང་པ་སྤྲོས་བྲལ་ཆོས་སྐུ་སྟེ། རྣམ་པ་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། འགག་པ་མེད་ཐུགས་རྗེ་རྟེན་འབྲེལ་གྱི་རྩ་བ་ཅིར་ཡང་འགྲུབ་པའི་སྤྲུལ་སྐུ། དེ་གསུམ་ཡོད་པའི་རྟགས་ནི་ད་ལྟ་སོ་སྐྱེ་ལ་ཡང་མཚོན་དུ་ཡོད་པ་ཡང་། ཐམས་ཅད་རིགས་པས་དཔྱད་པས་སྟོང་པར་སྣང་བ་དང་ཤེས་པ་སྐད་ཅིག་མའི་རང་བཞོར་རིག་གི་ངོ་བོ་དང་། ཀླུ་དང་སྒོམ་པས་དབྱིངས་རིག་རྟགས་བཅུ་འཆར་བ་རང་བཞིན་དང་། ཚོགས་དྲུག་གི་ཡུལ་སྣང་ནུས་པ་འགག་མེད་འབྱིན་པ་ཐུགས་རྗེ་ཆེན་པོ་མཚོན་སྟེ། གསུམ་པོ་བསླུ་མེད་ཡུལ་གྱི་རྟགས་ཏེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེར་འབྲེལ་ཤེས་པའི་རང་ངོའོ། །ཡེ་ཤེས་དེ་ནི་རྟོག་བྲལ་མ་འཁྲུལ་བའི་རྣལ་འབྱོར། རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། རྒྱས་པར་མདོ་རྒྱུད་ཀུན་ལས་ལ་ལར་དྲང་དོན་ལ་ལར་ངེས་དོན་ལ་ལར་སྦས་ལ་ལར་གསལ་བར་གསུངས། འཁྲུལ་པ་མ་རིག་ཐེག་ལེ་ནི། སྤྲོས་བྲལ་མ་རིག་པ་དང་དེས་ལས་འདུ་བྱེད་པ་དང་ཀུན་གཞིའི་རྣམ་ཤེས་གོས་པ་ལས། ཀུན་ཏུ་བརྟགས་པའི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞིའི་ཕུང་པོ་ལས་བསྒྱུར་བའི་ལམ། བརྟགས་པ་སྔགས་ཀྱི་ལྷ་བསྒོམ་པ་དང་སྔགས་བཟླས་པ་སོགས་ལ་ཐིག་ལེ་དང་། རྐྱེན་གསུམ་ལ་བརྟེན་པའི་གཞན་དབང་ཡིད་ཀྱི་ཡུལ་ལ་འཇུག་པའི་ནུས་པ་ལ་ནི་རླུང་ཡིན། རླུང་དེ་འཆིང་བ་ལ་གི་ཐིག་ལེ་ཞེས་སུ་བཤད། ཤེས་པའི་ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལས་བྱུང་བའི་ལ། ཁམས་ལྔ་འདི་རང་བཞིན་གྱི་དཀར་དམར་ལ་རྫས་ཀྱི་ཐིག་ལེ་ཞེས། རྒྱལ་བས་རྣལ་འབྱོར་རྒྱུད་དུ་བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུང་། དེ་ལ་རྫས་ཀྱི་ཐིག་ལེ་ལ། མངལ་དུ་ཉིང་མཚམས་སྦྱར་ནས་ཐིག་ལེ་གྲུབ་པ་ལ་ཕྱི་ནང་གཉིས་ཏེ་ནང་གི་དོན། དང་པོ་སྐྱེ་བར་སྦྱོར་བའི་ཚེ། བར་དོའི་ཤེས་པའི་ངོ་བོ་དེ། ཕ་མའི་རྐྱེན་ལས་ཞེན་པ་ཡིས། ཁམས་འགྱུར་གོང་དུ་བསྟན་པ་བཞིན། ད་ལྟ་གནས་ཚེ་རྣམ་ཤེས་དང་ཡེ་ཤེས་དངས་སྙིགས་བྱས་པ་དང་དེ་གཉིས་སོ་སོའི་ཕྲ་རགས་ལ་དངས་སྙིགས་སུ་བྱས་པ་ལས་ཕྱི་མའི་དབང་དུ་བྱས་དངས་སྙིགས་གཉིས། ཡེ་རླུང་སེམས་འོད་གསལ་སྙིང་པོ་དངས་མ་སྔར་བསྟན་ལ། རྫས་ཐིག་ལེའི་དངས་མ་དཀར་དམར་གཉིས། དཀར་ཆ་དབུ་མའི་ཡར་སྣ་ན། ཧཾ་གི་རྣམ་པའི་རང་བཞིན་ཡུངས་དཀར་ཙམ། ཆུའི་ཁམས་ཡིན་པས་དཀར་ལ་སྣུམ་པ་ཤེལ་དང་མཚུངས། སྒྱུ་ཕ་ལས་ཁམས་སོགས་ཐོབ་པ་ཀུན་གྱི་མཆོག་ཧེ་རུ་ཀའི་རང་བཞིན། དམར་ཆ་ལྟེ་འོག་རྩ་གསུམ་འདུས་པ་ན། དམར་གསལ་རྒོད་མའི་མེ་འདྲ་བ། རྣམ་པ་ཨ་ཐུང་རྡོ་རྗེ་ཕག་མོའི་རང་བཞིན་ཏེ། བདེ་མཆོག་ཏུ་དཀར་ཆ་ལ་དཔྱིད་དང་དམར་ཆ་ལ་ཐིག་ལེ་ཞེས་ཀྱང་བཤད། དེ་གཉིས་ལ་ཀུན་གཞི་སྲོག་རླུང་བརྟེན། རྡོ་རྗེ་གདན་ལ་བྱང་ཆུབ་སྙིང་པོའི་གཞིར་བརྗོད་པ་བཞིན་ཟུང་འཇུག་མངོན་དུ་བྱེད་པའི་བྱང་ཆུབ་སྙིང་པོའི་ངོ་བོ་ཞེས། སྡོམ་འབྱུང་རྡོ་རྗེ་མཁའ་འགྲོར་གསུང་། དེ་བརྟེན་སྙིགས་ཀྱང་ནང་སེམས་དངས་སྙིགས་གཉིས་ཡོད་པའི། དམར་ཆའི་དངས་མ་ནི་མེས་བསྐྱེད་ཅིང་མེའི་རང་བཞིན་ལུས་ཀྱི་དྲོད་བསྐྱེད་པ་གྱེན་འགྲོ་ལ། དཀར་པོ་ཆུའི་མཚན་ཉིད་ཀྱིས་སྤྱི་བོ་ནས་འོག་འགྲོ། སྙིགས་མ་ནི་དང་པོ་གཞི་དུས་ཀྱི་སྦྱིན་སྲེག་རྒྱུས་བསྐྱེད་ལ། ཕྱི་རོལ་ཁ་ཟས་ཀྱི་དངོས་པོ་རྣམས། སྲེག་རྫས་ལག་པ་དགང་བླུགས་ཏེ། ཁར་ནི་ཐབ་ཁུང་ཕུང་པོའི་ཁམས་སྐྱེ་མཆེད་ནི་གདོད་ནས་ལྷ་སྟེ་འདས་པ་ལ་མཆོད། དངས་སྙིགས་འབྱེད་པའི་ཕོ་བར་ལས་བྱེད་འཛིན་པའི་ལྷ་ཞལ་གསུམ་སྟེ། གསུམ་ནི་མེ་མཉམ་རླུང་དག་བད་ཀན་ནི། མྱགས་བྱེད་མཁྲིས་པ་མདོག་འགྱུར་གསུམ། དང་པོས་བསྲེག་གཉིས་པས་གཞུས་གསུམ་པས་སྦྱངས་ནས་དེ་ཡི་དངས། མཆིན་པར་རྩ་ཆེན་མཁྱེན་བུ་དང་བཞི་ལ་བརྒྱུད། ཁྲག་ཆེན་གྱུར་ནས་རྩ་ཀུན་འགྲོ། ཁྲག་གིས་དངས་མས་ཤ་བསྐྱེད། དེའི་དངས་མ་དེ་ལས་ཚིལ། དེའི་དངས་རུས་པ་དེའི་དངས་རྐང་དང་དེའི་དངས་ཁུ་བ་སྟེ་ནང་གི་སྐྱེ་བ་བདུན་པའོ། །ལུས་ཟུངས་དངས་མ་བདུན་ཞེས་བྱ་དུས་འཁོར་ལས་རྩ་རྒྱུས་རྐང་གསུམ་ཁུ་བ་ལས་བྱུང་། ཕོ་བའི་སྙིགས་ལས་བསྐ་སླ་གཉིས། བསྐ་བ་བཤང་བ་རྒྱུ་མར་བརྒྱུད་ནས་འགྲོ། སླ་གཅི་བ་བ་རྒྱུ་སྒྲོག་ནས་སོང་ནས། ཁྲག་ཤ་པགས་པ་གསུམ་སྡུལ་ལས་བྱུང་སྟེ་མཛོད་དྲུག་གོ །སྔ་མ་ཆུ་རླུང་ནམ་མཁའ། ཕྱི་མ་ས་མེ་ཡེ་ཤེས། ལྒངས་པ་ནས་ནི་འབབ་པར་བྱེད། ཁྲག་སྙིགས་མཆིན་པ་དང་འབྲེལ་བ་ལས་མཁྲིས་པ་ནི། བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། མཁྲིས་པའི་སྙིགས་མས་ནི་ཆུའི་ཀུ་ཡ་དང་། དྲི་ཆེན་གྱི་དྲི་དང་སེར་པོ་བྱེད། ཤ་ཡི་སྙིགས་མ་པགས་པ་དང་དྲི་མ། ཚིལ་སྙིགས་རྨེན་བུར་འགྱུར་བ་སྟེ། རུས་སྙིགས་སོ་དང་སེན་མོ་ཆུ་རྒྱུས་རྣམས་ཡིན། རྐང་སྙིགས་སྦུབས་ཀྱི་མཆིལ་སྣབས་བཤད། ཁུ་བའི་སྙིགས་མ་དུང་ཅན་ནས་འོག་ཏུ་འབབ། དངས་མས་སྟོབས་དང་ཁ་དོག་བྱེད། འདི་ནི་ཁམས་དངས་སྙིགས་སྤྱི་ཙམ་བཤད་པ་ཡིན། རྒྱས་བཤད་ཁམས་ནི་སུམ་ཅུ་དྲུག སྙིང་གའི་ཡན་ལག་རླུང་རྟེན་རྩ་བཞིར་གནས་པའི་ཐིག་ལེ་བཞི་ནི་མིག་སོགས་རྣམ་པར་ཤེས་པ་དང་། འབྲེལ་བ་ནང་གི་མཆོད་པ་བཞི་ཞེས་བྱ། བདུད་བྲལ་ནས་བྱུང་ཁམས་དཀར་ཆ་དེ་ནི། སྟེང་འགྲོ་ཞིང་ལྕེ་ཆུང་དབུས་སུ་ཟག་ཅིང་། རྒྱུ་དེས་ཁམས་ལུགས་ལྡོག་ཡིན་པས་ཟླ་བའི་ནག་ཕྱོགས་དང་མཐུན་བཤད། ཐིག་ལེ་འདི་ཡང་རེག་བྱའི་ཕྱོགས་གཅིག་འཛིན། རྩ་བའི་རླུང་ལྔ་དང་འབྲེལ་བ་འདི་ཐིག་ལེའི་བྱེད་ལས་ཀྱང་། སྔར་བཤད་པ་དང་མཐུན་ཞིང་འདིར་ཡང་ཐིག་ལེ་ལྔ་དང་དབུ་མའི་ཆ། སྟེང་དུ་རྩ་དང་རླུང་གསུམ་ལ་བརྟེན་པའི་སྲོག་ཉི་མའི་ཆོས་ཅན་ཉི་མའི་ཐིག་ལེ་གཅིག་འོག་ཕྱོགས་སུ། དྲི་ཆུ་ཁུ་བ་རྣམས་གསུམ་གྱི་རྩ་རླུང་ལ་བརྟེན་པའི་ཐུར་སེལ་ཟླ་བའི་ཐིག་ལེ་གཅིག་སྟེ་དངས་མ་བཅུ་གཉིས་ཡང་ན་རྩ་བ་ཡན་ལག་བཅུ་རོ་རྐྱང་གཉིས་བཅུ་གཉིས་བརྟེན། ཁྱད་པར་མར་སྣ་དུང་ཅན་མ། བཅོ་ལྔ་ཆ་ཡི་ཐིག་ལེ་ནི། གང་བ་བདེ་བ་སྐྱེ་བའི་རྩ། དེ་ནོར་བུའི་རྣ་བར་འབྲེལ་ཞིང་བུད་མེད་ལ་རྩ་དེ་རོ་མས་དང་འབྲེལ་བས་ཁྲག་གི་ཁམས་འཛིན་པས། སྐྱེས་པ་བུ་མེད་ཁྱད་པར་དེས་བྱེད། དབང་གཉིས་ཀའི་མཆོག་སྐྱེད་པར་བྱེད་པའོ། འདི་ནི་ཁ་སྦྱོར་ཐིག་ལེ་ལས། ཕྱོགས་བཞི་འདབ་མའི་རྩ་བའི་རྩ་ལ་གནས་པའི། འབྱུང་བ་བཞིའི་ཐིག་ལེ་ལ་བ་ཆེ་རྣམས་མར་མེའི་སྒྲོན་མ་ལྔའི་དངོས། མཚམས་རྩར་ཀྱི་བཞི་དང་སྙིང་གའི་འོག་ཕྱོགས་ཀྱི་ནི་བདུད་རྩི་ལྔ་འབབ་གནས། མཚམས་རྩ་དེ་བརྟེན་མཆོད་པ་བཞི་ཞེས་བཤད། འདིར་ནི་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོ་ནི་ཡང་དག་གནས། སྐུ་གསུང་ཐུགས་ཀྱི་སམ་ས་འོག་ས་སྟེང་ས་བླ་གསུམ་སྐུ་ལ་ལ་བརྒྱད་བརྒྱད་ཀྱི་བྱེ་བྲག་གིས། ཉི་ཤུ་རྩ་བཞི་ཉེར་བར་བརྗོད། གནས་སོགས་བྱེ་བྲག་ལ་བརྟེན་ནས། ཕྱི་རོལ་གྱི་གནས་དང་ནང་ལུས་ཀྱིའང་གནས་སུ་བདེ་བཞི་ནི་ཉེ་བར་བརྗོད། དེ་ནས་རྩ་ཉེར་བཞི་དེ་རྣམས་ལས་བྱུང་བ། ཁམས་ནི་ཉི་ཤུ་རྩ་བཞི་པོ། སྔར་བཤད་རྩ་དང་བཅས་པ་གནས་ཉེར་བཞིར་བཤད་པ་ནི། མི་ཕྱེད་པཱུ་དགའ་བས་གང་བའམ་རྒྱས་པའི་རོ་ལི་ར་མ་ལས་ཤར་ཕྱོགས་བྷཾ་ག་ལའི་ལྷོར་མཚོ་མ་ལ་ཡའི་ཆུ་ཀླུང་གི་གནན་ནས། ཁ་ཅིག་དེ་ནི་སུརྣ་གི་རི་དང་གཅིག་ན་ཨུ་རྒྱན་གྱི་བྱང་ན་ཡོད་གསུང་ཡིན་ཏེ། སོ་དང་སེན་མོ་འབབ་པར་བརྗོད། གུ་གེའི་ནུབ་ན་ཐོ་ལིང་གི་ཆུ་ཤ་བ་རུ་གར་ཤའི་ཆུ་པི་ས་ཤ་ན་ཤི་ལ་ཛའི་ཆུ་མེ་ར་བི་དང་གསུམ་གྱི་མདོ་གྲོང་ཁྱེར་ཆེ་གེ་མོའི་ཉེ་ལོགས། པྲ་མོ་ཛ་ལནྡྷཱ་ར་དྲ་བའམ་འབར་བ་འཛིན་པ་སྟེ། དེ་བཞིན་སྐྲ་དང་བ་སྤུ་འབབ། རྩེ་བ་མ་ནི་ཐེག་པ་ཨཽ་འཕུར་འགྲོ་བའམ་འཕུར་བའི་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བྱོན་པའི་ཡུལ་དབྱིབས་ཆོས་འབྱུང་ལྟ་བུ་ཏེ། རྣ་གཡས་བརྟེན་དེ་པགས་པ་འབབ། གཡོན་པ་མ་ནི་རྡོ་འཇོག་གི་དབུས་མཐོང་ཨར་བུ་ཆུ་བུར་རམ་ཆུའི་འཁོར་ལོ་ཏ། རྒྱབ་སོགས་ཤ་རྣམས་འབབ་པའོ། །ནང་དུ་དཀར་ཆ་ཕྱིར་དཔའ་བོ་དཔའ་མོ་རྟག་ཏུ་གནས་པས་གནས་ས་དང་པོ། བའི་མཆོག་སྦྱིན་གཽ་ཏ་བལ་ཡུལ་དུ་བ་དཀར་འོ་མས་མཆོད་སྦྱིན་བྱས་ཤུལ་དུ་དབང་ཕྱུག་གི། །ལིངྒ་བྱུང་སྟེ་རྡོ་རྗེ་གདན་ནས་ཟླ་བ་ཕྱེད་གཉིས་པ་རི་འབིགས་བྱེད་དུ་ཁྱེར་ཞིང་མཆོད་པས་ཆུ་རྡོལ་བའི་གནས་ཝ་རི་ཐུང་ངུ་མ་རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ་རཱ་མཱི་དགའ་པའི་དབང་ཕྱུག་རྡོ་རྗེ་གདན་ནས་ཤར་རྒྱལ་པོ་དགའ་བྱེད་གྲོང་ཤྭ་རི་རུས་སྦལ་སྐྱེས། རུས་པའི་ཕྲེང་བ་འབབ་པ་ཡིན། དེ་ཝཱི་ལྷ་མོའི་མཁར་ཀོ་ཤར་ཕྱོགས་ཝ་རེནྡྲ་ཕྱོགས་གྲོང་ཁྱེར་པཉྩྨ་པ་ན་ཨུ་མའི་རྟེན་ལ་གཞན་གཟུགས་འཆར་བ་ཊི་སྒོམ་པ་མོ། མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། དབང་བསྐུར་ཕྲེང་བ་ཅན་མཱ་ལ་ནུབ་ཕོགས་ཕྲེང་བ་ཅན་གྱི་ཡུལ་རི་སྐེད་རྡོ་རྗེའི་ཆོས་འབྱུང་ཝ་ཞེས་བྱ། སྙིང་གི་ཤ་དང་ཕྲག་པའི་སྐྱེད་བྱེད་པ་སྟེ། རྟག་ཏུ་ཉེ་བའི་དཀར་ཆ་མཁའ་འགྲོ་སྟེ་འབབ་གནས་ཞེས་བརྗོད། སྐྱོན་མ་ཞེས་བྱ་ཀཱམ་རཱུ་སྟེ། མིག་འབྲས་ཤ་རྣམས་འབབ་པ་ཡིན། མཇུག་མ་ཨོ་ཊེ་ཡ་ཡིན་ཏེ། ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། སྙིང་གི་ཤ་དང་ཕྲག་པའི་སྐྱེད་བྱེད་པ་སྟེ། རྟག་ཏུ་ཉེ་དཀར་ཆ་མཁའ་འགྲོ་སྟེ་འགའ་བའི་གནས་ཞེས་ས་གཉིས་པ་བརྗོད། སྐྱོན་མ་ཞེས་བྱ་སྐལ་གྱི་ལྷོ་ཐད་ན་གྲོང་ཁྱེར་ཆེན་པོ་ཀཱམ་རྡུ་འདོད་གཟུགས་སྟེ། མཆིན་པ་དང་མིག་འབྲས་ཤ་རྣམས་འབབ་པ་ཡིན། མཇུག་མ་ཨོ་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ཊེ་གང་བའི་ཐིག་ལེ་ཡ་ཡིན་ཏེ། ནུ་མཚམས་ནས་བརྒྱུད་ལོང་ཉ་དང་མཁྲིས་པ་བསྐྱེད་ས་གསུམ་པ། མ་མོ་ཏྲི་དགེ་བ་གསུམ་པའམ་བྱ་བ་གསུམ་པ་ཤ་ཀུ་ཏུ་རུ་བསྐའམ་སྟག་གཟིག་ཡུལ་ཡང་ཟེར་གངྒཱ་ཤནྟི་ས་ནུ་གསུམ་འདུས་རྡོ་རྗེའི་ཆོས་འབྱུང་ན་སྟེ། གློ་བ་སྐྱེད་པར་བྱེད་པའོ། །མཚན་མོ་ཞེས་བྱ་རྒྱལ་པོ་གསལ་རྒྱལ་ཡུལ་ཀོ་ས་མཛོད་ལྡན་ནམ་དགེ་བ་ཅན་ལ། རྒྱུ་མའི་ཕྲེང་བ་འབབ་པར་བྱེད་ས་བཞི་པ། ལོངས་ཕྱིར་དཔའ་བོ་དང་ནང་དུ་དཀར་ཆ་ལ་སྤྱོད་ཞིང་དང་པོ་གཉིས་དང་ཉེ་ཞིང་ཕྱི་མ་གཉིས་བརྗོད། བསིལ་སྦྱིན་ཀ་ལིང་སུ་མཚན་ཀ་རྡོ་རྗེ་གདན་གྱི་བྱང་དཔག་ཚད་བཅུ་གཉིས་ན་གླང་ཆེན་འཛིན་པའི་ས་ཟེར་ཁ་ཅིག་ལྷོ་ནུབ་ན་ཐམས་ཅད་སྒྲོལ་གྱི་ཡུལ་ཡིན་གསུང་ཡིན་ཏེ། སྟ་ཟུར་ནས་འབྲེལ་གྲོད་པ་བསྐྱེད། ཚ་བ་མ་ནི་ལཾ་པ་ཏུ་རུ་སྐའི་ཡུལ་ཀྱང་ཟེར་གར་ལོག་ཀྱི་རྒྱབ་བྲག་དང་ཆུ་འཐབ་ཀ་འཕྱང་བ་ཅན། ལྟོ་བ་སྙེ་མ་བསྐྱེད་པ་ས་ལྔ་པ་ཡིན་པ། གཞོལ་མ་གསེར་ཅན་ཀཉྩྨིར་ཏུ་རུ་སྐའི་ཡུལ་གྲོང་ཆེན་ནམ་ཡང་ན་རྒྱ་གར་ལྷོ་ཕྱོགས་སློབ་དཔོན་ཆོས་གྲགས་ཀྱི་ཡུལ་དང་ཉེ་བ་ད་རི་ཀ་པས་གྲུབ་པ་བརྙེས་པ་བཤད་པ་སྟེ། བཤང་བ་འབབ་པའི་བདག་རྐྱེན་བྱེད། རངས་མ་ཧི་མ་ལ་ཏེ་སེ་ན་རྡོ་ལིང་ཁྲུ་གང་ལས་ཆུང་འབབ་པ་ལ་ཟེར། ཁ་གཅིག་རྒྱ་ནག་ན་ཡོད་ཟེར། ཁ་ཅིག་བོད་སྤྱི་ལའང་ངོས་འཛིན་ཡ་གངས་ལྡན་སྟེ། མཚམས་དབུས་ལུས་ཀྱི་འགེངས་པའི་རྒྱུངས་པ་འབབ། ཕྱིར་མཁའ་འགྲོ་རྣམས་རིགས་དང་ནང་དུ་དངས་སྙིགས་འདྲེས་པར་གནས་པས་ན། དང་པོ་གཉིས་ཚནྡོ་ཕྱི་མ་གཉིས་ཉེ་བའི་ཁྲུས་བྱེད་པས་ཀྱང་ཟེར་ཡང་ན་ཙྪན་འདུན་པ་ཨུ་ཧ་རྟོགས་པ་ལས་འདུན་རྟོག་ཅེས་བཀའ་བགྲོ་བའི་དོན་ཚནྡོར་སྦས་པའི་དོན་ལའང་བཤད་བཤད་། པྲེ་ཏ་ཡི་དགས་གྲོང་པུ་ར་རྒྱ་བོད་མཚམས་ཀྱང་ཟེར་པུ་རངས་ཀྱང་ཟེར་གཟུགས་ཅན་མ། རྟག་ཏུ་རྣག་ནི་འབབ་པ་ཡིན། ལྷའི་ཁྱིམ་གྲྀཧ་ལི་ཡུལ་ལྗང་ར་སྨུག་པོ་དེ་བ་ཐུན་མོང་སྤྱི་མ་མ། བད་ཀན་འབབ་པར་བྱེད་པའོ་ས་བདུན་པ། རྒྱུ་སྦྱིན་ཏུ་རུ་སྐའི་ཡུལ་གྲོང་ཁྱེར་མུ་ལའམ་ཡང་ནུབ་ཕྱོགས་སོ་མ་ནཱ་ཐ་སཽ་ཡང་མུམྨུ་ནི་ལ་འདོད་ཡང་ཝ་ར་ཎཱ་སི་ལའང་འདོད་རཥྚ་སྟེ། གཅིག་ཡུལ་འཁོར་བཟང་པོ་ཁྲག་གི་གོང་དུ་ཚིག་ལ་ནུས་པ་སྐྱེད་པར་བྱེད། སོར་ཎ་གསེར་དང་ལྡན་པའི་གླིང་ཏྲི་རྒྱལ་པོ་དཔག་གཙུག་ཡུལ་ས་སྦྱོར་བྲལ་མ། རྟག་ཏུ་རྔུལ་ནི་འབབ་པར་ས་བརྒྱད་པ་བྱེད། དངས་ཕྱིར་མཁའ་འགྲོའི་ཚོགས་དང་ནང་དུ་སྙིགས་འདུ་བ་གཉིས་དང་ཉེ་འདུར་གཉིས་གསུངས། སྡུ་གུ་ཞེས་བྱ་ལངྐ་པུ་རིའི་ཡུལ་ནུབ་ཕྱོགས་ནཱ་ག་རའི་ཡི་གེ་འབྱུང་ས་ན་གྲོང་ཁྱེར་ག་ར། ཚིལ་གོང་དུ་ཁྲག་ནི་འབབ་པར་བྱེད་པ་ཡིན། གྲུབ་མ་ཞེས་བྱ་ཆུ་བོ་སིནྡྷཱུ་འབབ་པའི་ས་རྒྱ་གར་ལྷོ་ཕྱོགས་སིནྡྷཱུར་རྒྱ་མཚོ་བརྗོད། མཆི་གོང་དུ་རྔུལ་མ་སྐྱེད་པར་བྱེད་པ་ས་དགུ་པ་ཡིན། མྱ་ངམ་མ་ཛ་ལནྡྷཱ་ར་དང་ཉེ་བའི་བྱང་ཆུ་མི་འབབ་པའི་བྲག་ཕུབ་གནས་དེ་ཤིན་ཏུ་འཇིགས་ཟེར་བ་རུ་ཞེས་བྱ་འཚད་མ་སྟེ། གོང་དུ་མཆིལ་མ་ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། ཀུ་པུ་གར་ཞའི་རྒྱབ་ཉུང་རིའི་ཕུག་སྒྲུབ་གནས་ཐུར་དུ་བརྙོས་པའི་ནོངས་སོ་པུ་དཀུ་རྣམ་རྟོག་ལུ་ར་འཇོམས་པ་ཏ་གཅིག་ནི་ཡིད་བཟངས་ཏེ། རྟག་ཏུ་གོང་དུ་ཁ་ལུད་སྣ་ཆུ་འབབ་པ་ཡིན་ས་བཅུ་པ། བདེ་མེད་ཕྱིར་ཁུ་བ་འདོར་ནང་དུ་དུར་ཁྲོད་རོ་བདག་པོ་མེད་པ་ལྟར་རྣམ་རྟོག་སྤོང་བ་ལའང་བཤད་དེ་ཉེ་བ་འོ། །དེ་ལྟར་ཁམས་ནི་ཉི་ཤུ་བཞི་ཡང་རྩ་ཉེར་བཞིའི་དབྱེ་བ་ལྟར། ཐིམ་པ་འཇིག་པ་སྙིགས་མར་གྱུར་པ་སྟེ། ལོངས་སྤྱོད་གནས་དངས་མ་དཀར་ཆ་ཡིན། དེ་སྐྱེད་པར་བྱེད་པའི་བདག་པོ་རྩ་བ་སྐྱེ་བ་རླུང་ཁྲག་འདྲེས། ཉེར་བཞི་པ་རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། རླུང་དང་དཀར་དམར་གསུམ་བདག་ཉིད། བ་སྤུ་མཐར་ཐུག་ཀུན་ཏུ་ཁྱབ། ཁྱད་པར་དངས་མ་ཟླ་བ་ནི། སྤྱི་བོ་ནས་ནི་གཅུ་དྲུག་བརྒྱུད་ནས་རྩ། ས་ཆུ་མེ་རླུང་ཁམས་བཞི་ལ་ནང་གསེས་བཅུ་དྲུག་ལྡན་པ་མགྲིན་པར་འབབ། བཅུ་དྲུག་ཕྱེད་ཕྱེད་དེའི་ཕྱེད་བརྒྱད་སྙིང་ག་དེའི་ཕྱེད་གཞི་ལྟེ་བ་དེ་ན་གཅིག་ཏུ་གྱུར་པའི་ཐིག་ལེ་ཅན། ལྟེ་བ་ནས་མེ་ལ་གཅིག་གྱུར་ནས་ཏུ་འབབ་པས་ན། དུང་ཅན་བཅོ་ལྔ་གང་ནས་ཆ་བཅུ་དྲུག་པའི་ངོ་བོར་གནས་མཐར་འཆིང་མི་ནུས་པ་ལ་ནི་འཛག་པར་བྱེད་འདིས་ནི་སེམས་ཅན་ཀུན་ལ་དུག་གསུམ་བསྐྱེད་དེ། འདི་ལ་བརྟེན་ནས་ལུས་ཀྱི་ཚིག་རྣམས་སུའང་དཀར་ཆའི་འཕོ་བ་འབྱུང་སྟེ། རྩ་རྒྱུད་ཀྱི་ལུགས་སྐྱེས་པའི་དབང་དུ་བྱས་ན། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་མོའི་ཚིགས་དང་པོ་ལ་ཨའོ། །གཉིས་པ་ལ་གཉིས་པར་ཨི། གསུམ་པ་ལ་གསུམ་པར་རྀ། བཞི་པ་ལ་ལུང་བུར་ཨུ། ལྔ་པ་ལ་པུས་མོར་ལྀ། དྲུག་པ་ལ་བརླའི་མཚམས་སུ་ཨ། བདུན་པ་ལ་ལག་གཡོན་སོར་ཚིགས་དང་པོར་ཨེ། བརྒྱད་པར་གཉིས་པར་ཨར། །དགུ་པ་ལ་གསུམ་པར་ཨོ། །བཅུ་པར་ལག་པའི་མཁྲིག་མར་ཨལ྄། །བཅུ་གཅིག་པར་གྲུ་མ་ཧ། །བཅུ་གཉིས་པར་དཔུང་པར་ཡ། །བཅུ་གསུམ་པར་མགྲིན་གཡོན་དུ་ར། །བཅུ་བཞི་པར་མཚོགས་མེར་ཝ། བཅོ་ལྔ་པར་སྤྱི་བོར་ལ། བཅུ་དྲུག་པར་ཚངས་ཕུག་དང་ལུས་སྤྱི་རུ་ཨཾ། ནག་ཕྱོགས་ཀྱི་ཚེས་གཅིག་སོགས་ལ་ཡི་གེ་རྣམས་རིང་པོར་གཡས་ཕྱོགས་སྤྱི་བོ་ནས་རྐང་སོར་བར་ལུགས་བཟློག་སྟེ་བཅུ་དྲུག་པ་ལ་རྐང་མཐིལ་གཉིས་དང་ལུས་སྤྱི་ཨཱཿ བླ་གནས་འདི་གར་ཡོད་དུ་གཏར་སྲེགས་སོགས་མི་བྱ། དང་པོར་ལུས་ཅན་ཀུན་གྱི་སྙིང་དགའ་བས་དཔྱིད་ཅེས་བྱ་འཛིན་པའི་སྐབས་སུ། ཆགས་བསྐྱེད་བར་དུ་རྨོངས་བྱས་མཐར་ཆགས་བྲལ་སྡང་སེམས་སྐྱེ། ཀུན་སྤྱོད་ལས། འོད་དཔག་རྡུལ་མེད་དང་རིན་ཆེན་སྙིང་སྟོབས་འབྱུང་། འཁོར་བ་བསྐྱེད་པའི་རྩ་བ་གཉིས། འཁོར་བ་སྐྱེད་བྱེད་གཞིར་གྱུར་ཏོ། །རྒྱལ་བས་གསུངས་པའི་ཐབས་ལྡན་པས། འཛག་བྲལ་དངུལ་ཆུ་ལྟ་བུར་ནི། ལས་ཡེ་ཤེས་ཕྱག་རྒྱ་ཆེན་མོ་གསུམ་གྱི་མེས་བཅིངས་ནས། རྒྱལ་མཚན་རྩ་བཞི་འཕོ་མེད་དུ་དག་པ་རུ། བསྐ་སླ་འགགས་པས་གནས་སྐབས་དེའི་བདེན་མཐོང་དོན་ལ་སྦྱོར། རྗེས་དྲན་དུ་སྒོམ་ལམ་མཚན་ཉིད་ཅན་གྱི་དགའ་བ་བཅུ་དྲུག་དང་ལྡན་པས། ཐིག་ལེ་བརྟན་བྱས་ཏིང་འཛིན་དུ་གྱེན་ལ་འགྲོ་བ་ཡིན། ས་ནི་འཁོར་ལོ་དྲུག་ཏུ་ས་གཉིས་གཉིས་རེ་བཅུ་གཉིས་རིམ་པ་ལྟར། ཐོབ་བྱེད་ལུགས་བཟློག་དགའ་བ་བཅུ་དྲུག་སྐུ་གསུང་ཐུགས་ཡེ་ཤེས་ལ་དགའ་བ་བཞི་རེར་ཆེ་བ་ནི། མཐར་སོན་པའི་ཚེ་དུག་གསུམ་འགག་ཅིང་འདུ་བྱེད་སོགས་རྟེན་འབྲེལ་བཅུ་གཉིས་དག དེའི་གནས་སྐབས་ཀྱི་འབྲས་བུ་སློབ་པའི་ཟུང་འཇུག་དང་མཐར་ཐུག་གི་ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས་གཟུགས་སྐུ། སྐ་ཅིག་མངོན་པར་བྱང་ཆུབ་ཅེས་ཆོས་སྐུ་ཐོབ། བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། ཀླད་པ་དཀར་ཆའི་སྙིགས་མ་བད་ཀན་ཏེ། ཀླད་པར་བརྟེན་པ་སྟེང་དུ་གནས་ཀྱང་ས་ཆུ་ཡི། རང་བཞིན་ཐུར་ལ་འབྱུང་བ་སྟེ། །ལྟེ་བ་གསང་བ་རླུང་རང་བཞིན། །འོག་ཏུ་གནས་ཀྱང་གྱེན་ལ་འགྲོ། མཁྲིས་ཁྲག་གཉིས་མཆིན་རྟེན་བར་གནས་ཀྱང་། རླུང་ལྡན་མེ་བཞིན་གྱེན་དུ་འབར། །བད་ལྡན་ཆུ་བཞིན་འོག་ཏུ་འགྲོ། བད་ཀན་གཏི་མུག་ལྡན་པ་སྟེ། མཁྲིས་པ་ཞེ་སྡང་ལྷན་ཅིག་ཉིད། རླུང་དང་ཆགས་ལྡན་ཀུན་གྱི་གྲོགས། ཆུ་མེ་རླུང་གསུམ་གྱི་སྙིགས་མ་ནད་ཡིན་ཏེ། ལུས་ལ་ནད་བྱེད་པ་ཡང་སེམས་ཡིན་ལ་སེམས་ལ་ཡང་། བདེ་དང་རྟོག་དཔྱོད་རྟོག་པ་གཡོ། གསུམ་གྱི་བསམ་གཏན་གྱི་ཡང་སྐྱོན་ཡིན་ལ། དེ་ཡི་རྒྱུ་ཡིས་འཇིག་རྟེན་དགའ་བདེ་ཆུ་ལྟ་བུ་ཡོད་པས་ཆུས་འཇིག །རླུང་ཕྱིར་འབྱུང་བ་མཁའ་དང་ས་ཐུར་སེལ་པ་ནི་དེ་དག་གི་གཉིས་ཀྱི། བརྟེན་བྱེད་སྐྱོན་ནི་མེད་པ་ཡིན། ནང་གི་གེགས་ཀྱང་སེལ་བ་དེ་ཕྱིར་མཁས་པས་དེ་གཉིས་ཀྱི། གནད་ཤེས་ནད་གཞི་གསུམ་པོའི་སྐྱོན་གཞོམ་བྱ་སྟེ་དབྱུང་བས་མཁྲིས་ནད། སྟེང་འོག་ཁ་སྦྱར་གཟུང་བས་བད་ཀན་འོག་རླུང་ཁོ་ན་གཟུང་བས་རླུང་ནད་ཀྱི་དེ་ལྟར་རྫས་སྔགས་རླུང་གསུམ་གྱི། ཐིག་ལེ་དེ་ཉིད་མི་ཤེས་པའི་མ་རིག་དང་འབྲེལ་བས། འཁོར་བ་བསྐྱེད་པར་གསུངས་པ་སྟེ། དེ་ཉིད་ཤེས་པའི་ཐབས་ཀྱིས་ཟིན་པས་གཉེན་པོར་བཤད། སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡུན་རིང་ཆགས་ཆེན་དབང་སོང་བས། སྲིད་པ་གསུམ་དུ་སྐྱེས་པ་རྣམས། དེ་དག་གྲོལ་བའི་དོན་དུ་ནི། རྫས་ཐེག་པ་འོག་མ་ལས་ཟློག་སྒོམ་དུ་དཀར་དམར་ཀྱི་ཐིག་ལེ་གསུངས་པ་ཡིན། ཞེ་སྡང་ཆེན་པོའི་དབང་སོང་བས། མི་གང་མི་སྲུན་པ་ཡིད་ལུས། དེ་རྣམས་མྱུར་དུ་གྲོལ་དོན་དུ། ཀུན་རྟགས་སྔགས་ཀྱི་ཐིག་ལེ་གསུངས་པ་ཡིན། གཏི་མུག་ཆེན་པོས་ཀུན་ནས་འཁྲུལ། སྲིད་སྐྱོབ་དངོས་གྲུབ་འབྲས་བུ་མི་སྣང་བ་སོགས་ཀྱི་བརྒྱད། ཐོབ་ཕྱིར་དང་ཡེ་ཤེས་འབྲས་བུ་ཐོབ་ཕྱིར་ནི། རླུང་གི་ཐིག་ལེ་གསུངས་པ་ཡིན། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། སེམས་ཀྱི་སྣང་བ་ཙམ་གྱི་རྟེན་ཅིང་འབྲེལ་བར་སྣང་བ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་ཏུ་གྱུར་པས་དེ་གསུམ་ཚོགས་ལ་རྡོ་རྗེའི་ལུས་ཞེས་གསུངས་མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས། ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའོ།། ༈ །།གཞི་ལ་དེ་ནས་རྣམ་ཤེས་གནས་སྐབས་བཞི་དེའི་རང་བཞིན་ཡེ་ཤེས་བཞི་ལམ་ཕྱག་རྒྱ་བཞི་འབྲས་བུ་སྐུ་བཞི་བརྒྱུད་མར་སོགས་འབྲེལ་བའི་ཚུལ་བཤད་སྒོ་མང་ཡང་། མདོར་བསྡུས་རགས་པ་བརྟག་གཉིས་སུ། ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །བཤད་པར་བྱ། གནས་སྐབས་བཞིའི་རྟེན་ལུས་ཀྱི་ཐོག་མར་བསྐྱེད་ཚུལ་གོང་དུ་བཤད། གནས་དུས་གནས་སྐབས་བཞི་ཡིན་ཏེ། གཉིད་དང་རྨི་ལམ་སྙོམ་འཇུག་དང་། ཐ་མལ་དུས་དང་རྣམ་པ་བཞི། གཞིའི་དུས་མ་དག་སྐུ་བཞིའི་གནས་སྐབས་ཡིན། གཞི་ལམ་འབྲས་བུའི་དབྱེ་བ་རྣམ་པ་མང་བཤད་ཀྱང་། འཐུག་པོའི་གཉིད་དུས་ངེས་དོན་དུས་ཀྱི་འཁོར་ལོར་གནས་སྐབས་བཞི་ཀུན་གཞི་གཙོ་བོ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོར་གནས། ཚོགས་དྲུག་མི་གསལ་གཅིག་ཏུ་བསྡུས་ཏེ་མ་དག་པའི་སྐབས་ཡིན། དེའི་འཁྲུལ་པ་དག་ན་འོད་གསལ་འབྲས་བུ་ནི། འོད་གསལ་དེ་ལ་མེ་ལོང་ཡེ་ཤེས་གཟུགས་བརྙན་འབྱུང་བའི་ཕྱིར་དེ་ལྟ་བུ་ཞེས་ཀྱང་བྱ་ཡང་ན། སྐུ་གསུམ་ལས་ཆོས་སྐུ་སྤྲོས་བྲལ་ངོ་བོ་ཡིན་པས་ཆོས་དབྱིངས་ཡེ་ཤེས་ཉིད། མ་དག་པའི་ཚུལ་ནི་ཀུན་གཞིར་བག་ཆགས་བརྟེན་ཀྱང་མི་གསལ་ཞིང་བའི་ཚུལ། འདུ་བྱེད་ཉོན་ཡིད་གཡོ་བའི་རྐྱེན་མ་སངས་པར་བག་ཉལ་དུ་ཡོད་ཕྱིར། མ་རིག་དྲི་མ་ཅན་ཀུན་གཞིའི་རྣམ་ཤེས་ཞེས་བྱ། དེའི་གཉེན་པོ་ནི་གང་ཟག་ཆོས་ལ་བདག་མེད་པ། ཉན་ཐོས་གཅིག་དང་རང་རྒྱལ་ཕྱེད་དང་གཉིས་དང་བྱང་སེམས་གཉིས། རིམ་པར་གཉེན་པོའི་ཤེས་པ་སྟེ། དེས་སྦྱངས་ཐེག་གསུམ་སོ་སོ་ཡི། རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། དྲི་མ་གསུམ་པོ་བཅོམ་དག་པ་གསུམ་ཐོབ་གསུངས་ཐེག་དམན་གཉིས་ཀྱི་ཀུན་གཞི་མཐོང་བས་དངོས་སུ་མི་སྤོང་ཀྱང་བརྒྱུད་ནས་སྤོང་བ་ཡང་བདག་དེ་དང་དེའི་རྟེན་གྱི་ཀུན་གཞི་ཙམ་བ ཟློག་པའོ། དེ་ཕྱིར་སྔགས་ཀྱི་ཐེག་པ་འདིར་གསལ་བ་རྣམ་པ་ཀུན་ལྡན་ལ་མི་རྟོག་པའི་སྟོང་པ་ཟུང་འཇུག་གི། ཉིན་མཚན་གཉིས་ཀྱི་འོད་གསལ་སྒོམ་ཕྱག་ཆེན། ཤེས་བྱའི་རྣམ་པ་ཀུན་གསལ་བའི་མཆོག་ལྡན་ནམ་ཡང་ན་སྦྱིན་སོགས་ཐབས་ཆའི་རྣམ་པ་ཀུན་ལྡན་སྟོང་པ་ཉིད། ཕྱག་རྒྱ་ཆེ་ལ་རོལ་བར་བྱ། གནས་སྐབས་གཉིས་པ་རྨི་ལམ་ཤེས་པ་ནི། ཀུན་གཞིའི་སྟེང་གི་བག་ཆགས་ལས་ཐོག་མར་ཉོན་མོངས་ཅན་གྱི་ཡིད་དེས་དྲུག་ཡིད་བསླང་བ་སྟེ། ཉོན་ཡིད་ཀྱི་སྲོག་རླུང་འདུ་བྱེད་ལས་དྲུག་ཡིད་བཅས་ཏེ་ལངས། ཡིད་རླུང་དབྱེར་མེད་རྩ་གནས་བརྒྱུད་དེ་གཟུང་དང་འཛིན། གཉིས་སུ་སྣང་ཞིང་འཁྲུལ་བར་བྱེད་པ་ཡིན་ཏེ་མ་དག །དག་ན་ལོངས་སྤྱོད་རྫོགས་པ་སྟེ། རང་ངོ་གསལ་ལ་མ་འདྲེས་སྟོང་པར་གནས། མ་དག་འཁྲུལ་པའི་སྣང་བར་ཡང་། སྙིང་གར་བསྡུས་པ་དེ་ནས་ཡིད་སྟེང་སོང་སྤྱི་བོར་ལྷ་ཡུལ་དང་། མཁའ་སྣང་མཐོར་ཕྱིན་གྱེན་དུ་འགྲོ། མིག་སྣ་སོགས་སུ་འདུས་པས། གཟུགས་སྒྲ་ལ་སོགས་མ་འདྲེས་འཆར། འོག་འགྲོ་དམྱལ་སོགས་སྣང་བ་དང་། ཐུར་འགྲོ་བྲག་རོང་འཐིབས་པོ་དང་། མུན་ཁུང་སོགས་འཆར་སྣང་བ་འབྱུང་། བར་དུ་གླིང་བཞི་པ་སྟེང་སྟེ། མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། སྲོག་གཡས་པར་རྒྱུ་བའི་འཆི་ལྟས་ལས་ལྷོར་ཡང་ཡང་ཕྱིན་པ་ཡོང་ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། རྩ་གནས་ཡངས་ལ་ཡངས་པར་སྣང་། དོག་ལ་དོག་སྣང་དེ་བཞིན་དུ། ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། ཁ་དོག་སོགས་དངོས་པོ་ཐོ་རངས་རླུང་གི་དུས་ཉིད་དེ་རླུང་ལ་རྫས་དང་གོས་སྔོ་ནག །བྱ་ནག་འཕུར་དང་རྟ་ཞོན་དང་། ནོར་བུ་སྔོ་དང་རིག་པ་དང་། ཡང་ན་རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་པར་འགྱུར་བ་ཡད་ཡུད་དུ་མ་འཆར། མཁྲིས་ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད་ཁྲག་གནས་སོང་མེ་དང་ནི། གོས་དམར་ས་དང་གསེར་སྣང་དང་། གོས་སེར་ཅན་བཙུན་པ་དེ་བཞིན་རྫས་སེར་པོ་ཤས་ཆེ་བ་དང་སྣ་ཚོགས་སྣང་དལ་ཞིང་བརྟན་པ་དང་སྐྲག བད་ཀན་སྲོད་ལ་བད་ཀན་ཆ་ཆེ་སྟེ་དཀར་ཆའི་གནས་རིག་ན། ཆུ་དང་ཁ་བ་མུ་ཏིག་དང་། གོས་དཀར་བུད་མེད་གླང་པོ་དང་། དངུལ་སོགས་དཀར་པོའི་དངོས་པོ་དང་རེག་པའི་བདེ་བ་སོགས་བསྟན་པ་དུ་མ་སྣང་བ་འབྱུང་། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ་པ་དག་ལ་སད་དུས་ཀྱི། བག་ཆགས་ལ་བརྟེན་ནས་རྨི་ལམ་བཟང་ངན་སྣང་བ་ནི། རྒྱལ་བས་འཇམ་དཔལ་རྩ་རྒྱུད་རྨི་ལམ་དྲི་བའི་སྐབས་སུ་གསུངས། དེ་ཕྱིར་རྣལ་འབྱོར་བསྒོམ་པ་ན། རྣལ་འབྱོར་པ་གང་གང་རྩ་ཁམས་བག་ཆགས་རྣམས། གང་གང་གིས་དག་དང་མ་དག་འདི་ཤེས་ཤིང་། བར་དོ་དང་རྨི་ལམ་ཅུང་ཟད་མཚུངས་པས་ཕྱི་མའི་འཕོ་བ་སྒོ་དགུར་གང་དུ་འཕོ་བ་སོགས་སྐྱེ་བ་ཕྱི་མ་གར་སྐྱེ་ཡང་ཤེས་པ་ཡི། སྣང་བའི་ཚོད་འཛིན་བྱེད་པ་ཡིན། དེ་ཕྱིར་ཀུན་བརྟགས་བསྐྱེད་རིམ་ཡེ་ཤེས་ཕྱག་རྒྱ་བཅིང་ཞིང་བཟུང་སྦྱང་བསྒྱུར་བ་སོགས་བྱ། དེ་སོགས་རྨི་ལམ་གྱི་རྒྱུ་འབྲས་དུ་མ་རྣམས། འདིར་ནི་རྒྱས་པར་མ་བསྟན་ཏོ། ཉིང་འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། གཉིད་གཞན་འགྱུར་ཡིན་པས་མ་འཁྲུལ་རྨི་ལམ་གཉེན་པོ་ཡིན་དགེ་བ། དེ་ཕྱིར་རྒྱལ་སྲས་ས་བཅུ་པར་གནས་པ་ལའང་། རྨི་ལམ་གྱི་ལྟས་བཅོ་བརྒྱད་བསྟན་པ་མདོ་ས་བཅུ་པ་ལས་གསུངས། རླུང་མཁྲིས་བད་ཀན་དུག་གསུམ་གྱིས་བསྐྱེད་པའི་རྨི་ལམ་གྱི་རྒྱུ་མེད་ཀྱང་དེ་རྒྱུ་ཟག་མེད་ཀྱི་ལས་བསྐྱེད་པའི་ཕུང་ཁམས་གཟུང་ཕྱིར། བཅོམ་ལྡན་རྨི་ལམ་བྲལ་བ་སྟེ། ཟག་མེད་འདུ་བྱེད་རྐྱེན་དེ་དང་ཡང་བྲལ་ཕྱིར། ཆགས་པའམ་བཞི་པའི་གནས་སྐབས་ནི་ཐ་མལ་ཕོ་མོ་སྙོམ་འཇུག་ཆགས་བཅས་དེ་ཚེ་རྣམ་ཤེས་ཇི་ལྟ་ལྡན་ནི། གཞི་དུས་ཀྱི་དགའ་བཞི་གོ་རིམ་ལྟར་རྣམ་ཤེས་དེ་དང་དབྱེར་མེད་དུ་ལྡན། འདོད་སྲེད་སྐད་ཅིག་དང་པོ་སྤྱི་བོ་རྣམ་ཤེས་འདུས་སྟེ་གཡོ་བའི་ཚན་ཉིད་ཅན་ནོ། །གཉིས་པ་མགྲིན་པར་དགའ་བ་དང་གསུམ་པ་ན། ལྟེ་བར་རྣམ་ཤེས་འདུས་པ་ཡིས་མཆོག་དགའ་དང་། མར་སྣའི་མེ་དང་ཟླ་བ་ཡར་སྣའི་གཉིས་འདྲེས་ཚེ། དུང་ཅན་ནང་དུ་ལྷན་སྐྱེས་མྱོང་དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། ལུས་ཚོར་བདེ་བ་སྟོང་ཉིད་མངོན་སུམ་དུ་བྱེད་པ་སྔགས་ལམ་གྱི་ཁྱད་ཆོས་ཡིན་ལ། ཚོར་བ་བདེ་བས་སྡུག་བསྔལ་ཅན་སྐྱོབ་པས་སྙིང་རྗེའི་དོན་རྫོགས་པའོ། དེ་ལའང་ཙམ་ཁྱད་གཉིས་ལས་ཕྱི་མ་དེ་ནི་དུས་མཐར་སྐད་ཅིག་ཤེས་པ་སྟེ། དེ་ཡང་ཚོགས་བརྒྱད་ཀ་མ་འགགས་སོ་སོར་གསལ། ཉམས་བདེ་ལ་ངོ་བོ་མི་རྟོག་པ་སྟེ་ཆོས་གསུམ་ལྡན་སྐད་ཅིག་མ་དེའི་རང་ངོ་ཉོན་མོངས་མིན། དེ་ཕྱིར་གཞི་དུས་ཀྱི་ཡེ་ཤེས་སྐུ་ཞེས་བརྗོད་ཅིང་དེ་མ་ཐག་ཏུ་མ་རིག་པ་དགའ་བྲལ་འབྱུང་བའོ། དྲི་མ་དག་ན་ཐམས་ཅད་དེ་ཉིད་ཡིན་པའི་ཕྱིར། ཚོགས་དྲུག་འགག་མེད་སྤྲུལ་སྐུ་བདེ་ཆེན་འཛག་བྲལ་ལོངས་སྐུ་མི་རྟོག་སྟོང་པ་ཆོས་སྐུ་དང་ལྡན་ཏེ། ཀུན་འགྲོ་ཞིང་ཀུན་ལ་ཁྱབ་བདག་འདི་མངོན་དུ་བྱ་བའི་ལམ་ལ་གནད་དུ་བསྣུན། མ་དག་འཁྲུལ་པའི་སེམས་ཅན་རྣམས་ཀྱི་གནས་སྐབས་འདི་མ་དག་པ་ཡིན་ཏེ། སྐད་ཅིག་ལྷན་སྐྱེས་བདེ་ཆེན་མི་ཤེས་པས། ཇི་ལྟར་རང་ལ་གནས་པ་རང་རིག་ཡིན་པ་ལ་གཞན་དུ་གཟུང་ཞིང་ཀུན་ཏུ་རྟོག་བྱང་སེམས་ཉམས་པས། བདེ་ཉམས་དུག་གསུམ་སྐྱེད་བྱེད་ཅིང་། མི་འདོད་བཞིན་དུ་འཁོར་བར་རྒྱུ། དང་པོ་དགའ་ལྡན་འདོད་ཆགས་ཡིན། བར་མ་མ་གཏོགས་གཏི་མུག་སྟེ། རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། སླར་ཡང་བདེ་འདོད་སྲེད་པ་དང་རང་ལ་ཆགས་པ་དང་ཆགས་ཡུལ་བཏང་མི་བྲ་བའི་སེར་སྣ་དང་། དེ་བརྟེན་ཕྲག་དོག་ཀུན་བསྐྱེད་མི་དགེ་སྤྱོད། དེ་ཡིས་ངན་འགྲོ་ཀུན་སྐྱེད་བྱེད། དེ་ལས་ཅུང་ཟད་ལོག་བྱས་ན། ཅུང་ཟད་རང་གཞན་ལ་ཕན་འདོད་བཏང་མི་བྲ་བའི་སེར་སྣ་དང་། གཞན་གྱི་ཕུན་ཚོགས་མི་འདོད་པའི་ཕྲག་དོག་ཆགས་པ་དོར་བྱས་ནས། སྦྱིན་དང་ལྡན་ཞིང་ཁྲོ་བ་དོར། དགེ་བཅུའི་ཚུལ་ལྡན་གཙོ་བོར་རང་བདེ་འདོད་པས་མཐོ་རིས་ལྷ་མི་ཏེ། འདོད་སྲེད་དེ་བཅད་ནས་ཚོར་མེད་དང་འདུ་ཤེས་ལ་ཡིད་འབྱུང་བའི་བསམ་གཏན་གྱི། བདེ་ཚོལ་གཟུགས་དང་གཟུགས་མེད་ལེན། དེ་ཡང་སྔར་འདོད་པའི་བདེ་བ་ལ་ཞེན་པ་ལྟར་བསམ་གཏན་གྱི་བདེ་བ་ལའང་རོ་མྱོང་ནས། ཆགས་ལྡན་དེས་ཉོན་མོངས་གཞན་དྲངས་ནས་དུག་གསུམ་དབང་གིས་འཁོར་ཁམས་གསུམ་པོ་སེམས་སུ་ཤེས་ནས་ཁམས་གསུམ་གྱི། ཆགས་སོགས་མཐོང་སྒོམ་གྱིས་བཅོམ་ནས་མྱང་འདས་ཐོབ་ཀྱང་། མྱ་ངན་འདས་ལ་ཕྱོགས་གཅིག་ཏུ་སྲེད་པ་དེ་ཐོབ་པ། དེར་གནས་ཉན་རང་ཞེས་བརྗོད་དོ། །སྲིད་དང་ཞི་བ་ལ་སྲེད་པ་དེ་ཡང་སྤངས་ནས་གཉིས་ཀ་ལ། སྲེད་སྤངས་དུང་ཅན་དང་ལྕིའུ་ཆུང་སྟེ་སྟེང་འོག་གཉིས་བ་སྤུའི་བུ་ག་དབང་པོ་གཞན་སྟེ་ལུས་ཀྱི་ཟག་སྒོ་འདོད་སྲིད་མ་རིག་ལྟ་བ་སྟེ་སེམས་ཟག་བཞི། འཛག་མེད་དབང་ཐོབ་པ། རྡོ་རྗེ་ཐེག་པར་གསུངས་པ་ཡིན། དཔེ་དང་དོན་གྱི་དགའ་བཞི་དང་པོ་དགའ་བ་ཙམ་ཉིད་དེ། གཉིས་པའི་གྲངས་ལ་མཆོག་དགའ་ཉིད་ངོ་བོ་ཉེར་ཤིག་བཙུན་ལོ་ཤེས་རབ་ཡིན། གོ་རིམ་དང་། རེ་རེ་ལ་སྐུ་གསུང་ཐུགས་བཞི་རེར། དབྱེ་བ་འཛག་སྐྱོན་བཅིང་དངུལ་ཆུ་ལྟར་དབབ་བཟུང་སོགས་ཐབས་དང་། ཕན་ཡོན་རྣམ་པར་དག་པ་དང་། རྒྱུ་འབྲས་ལུགས་འབྱུང་ལུགས་ལྡོག་ཀུན། གསུམ་པ་ལ་ནི་དགའ་བྲལ་བཤད། དགའ་བྲལ་གྱི་དགའ་བ་ཟེར། བཞི་པ་ལྷན་ཅིག་སྐྱེས་དགར་བརྗོད། དུས་འཁོར་ལས་གསུམ་པ་ཁྱད་དགར་གསུངས་སོ། རྒྱལ་བས་བླ་མེད་རྒྱུད་ཀུན་གསུངས། ནང་དམ་ཚིག་གི་ཕྱག་རྒྱ་ལས་སུ་རུང་པར་བྱ་བ་དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིངས། འདིར་ནི་རྒྱས་པར་མ་བྲིས་སོ། །ཐ་མལ་དུས་ཀྱི་ཤེས་པ་ནི། །ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེ་སྦྱོར་བས། །མིག་སོགས་རྣམ་ཤེས་དྲུག་པོ་རྣམས། །དབང་པོ་དྲུག་དང་འབྲེལ་བྱས་ཏེ། །གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་། བདེ་སྡུག་བཏང་སྙོམས་ཚོར་བ་གསུམ། ཆགས་དང་ཞེ་སྡང་བཏང་སྙོམས་མ་གཏོགས་པའི་གཏི་མུག་བསྐྱེད། དེ་མ་ཐག་པའི་ཡིད་ཀྱིས་ཁྱེར། ཀུན་གཞིའི་སྟེང་བཞག་ཡང་འདུ་བྱེད་ཅིང་བསྐྱེད། དེ་ཉིད་དག་པ་ཡེ་ཤེས་གསུམ། ཉོན་ཡིད་ནི་མི་གཡོ་མཉམ་ཉིད་དེ། དྲུག་ཡིད་ཀུན་རྟོག་དག་པ་སོ་སོར་རྟོག །སྒོ་ལྔའི་འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར་ཡུལ་རྣམས་བྱ་བ་གྲུབ། ཡིད་སྒོ་ལྔ་དང་བཅས་པས་ཡེ་ཤེས་ལ་སྒྲིབ་པའི་དབང་དུ་བྱས་ནས་སྒྲིབ་པ་མཐོང་སྤངས་སྒོམ་སྤངས་ཏེ་གཉིས་སུ་ཕྱེ་བ་དང་ཚོགས་བརྒྱད་ཀས་སྒྲིབ་པའི་དབང་དུ་བྱས་ཏེ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་བཞག །གཉེན་པོ་ཐེག་ཆེན་ཆོས་ལ་མོས་པ་དང་བདག་མེད་གཉིས་དངས། ཡང་དག་ཆོས་རབ་སྟོན་ཕྱིར་དང་། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། ཡེ་ཤེས་བཞི་པོ་ཡང་དག་འབྱུང་། ནམ་མཁའ་མཛོད་སོགས་ཏིང་འཛིན་སྙིང་རྗེ་ཆེན་པོ་དང་རྣམ་པ་བཞི། དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཡིད་དང་རྨི་ལམ་གཅག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། དེ་ཕྱིར་ཆོས་ཀྱི་ཚོགས་དྲུག་གི་སྟེང་དུ་གཟུགས་སོགས་དངོས་པོ་རྣམས་ལ་དང་པོར་དགའ་བ། དེ་ལ་རྟོག་པ་མཆོག་དགའ། ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོགས་པའི་ལྷན་ཅིག་སྐྱེས་པས་བསྒོམ། ཞེས་གསུངས་པ་ལྟར་གསལ་བཞག་མེད་པར་ཕྱག་རྒྱ་བཅིངས། གནས་སྐབས་བཞི་དང་འཁྲུལ་བ་དང་། མ་འཁྲུལ་ཡེ་ཤེས་ལམ་རིམ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། གཞི་ལམ་འབྲས་བུར་རྒྱུད་མར་འབྲེལ་བའི་རྟེན་དང་བརྟེན་པའི་རྟེན་འབྲེལ་ལས་ཡིན། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རྣམ་ཤེས་དང་། ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་སྟེ་དྲུག་པའོ།། ༈ །།དེ་ནས་ཇི་ལྟར་ནང་གི་ལུས་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སྤྲོ་བསྡུ་བྱ་བའི་ཆེད་དུ། ཕྱི་རོལ་གྱི་རྟེན་གཡོ་ཇི་བཞིན་གནས་པའི་རྒྱུ་མཚན་གཉིས་ཀ་སེམས་ཀྱི་སྣང་བ་ཡིན་པའི་རྒྱུ་མཚན་ནི་གཉིས་ཏེ་སེམས་ཀྱི་སྣང་བ་ཡིན་ལ། ཡིག་ཆུང་ནི། ཁམས་གསུམ་ནང་གི་བདག་ཉིད་དེ་ཕུག་ཁྲུ་ལྔ་པའི་ནང་དུ་འཁོར་བསྒྱུར་དཔུང་བཅས་གནས་པའི་ཚེ་གཉིས་ཀ་དེར་སྣང་གི་ཚད་མ་ཡོད་ཅིང་དོན་ལ་མ་གྲུབ་པ་ལྟར་མངོན་པ་དང་རྟ་མགྲིན་གནམ་ས་བཀོད་པའི་མདོ་དང་། དུས་འཁོར་ལས་གསུངས་པ་ཐམས་ཅད་ལ་དེར་སྣང་གི་ཚད་མ་ཡོད་པས་མི་འགལ་ཞིང་། སྤྱི་བོ་ནས་ནི་སོར་བཞི་པོ། གཟུགས་མེད་གནས་ཏེ་དེ་འོག་ཏུ། སོར་ནི་བཅུ་དྲུག་གཟུགས་ཁམས་ཉིད། དེ་འོག་ལྟེ་འོག་ཐུག་གི་བར་འདོད་ལྷ་མིར་བཅས་པ། ལྟེ་བ་ནས་ནི་རྐང་མཐིལ་བར། ལྟེ་བ་ནས་སུམ་མདོའི་བར་ས་དཀྱིལ་གྱི་ཕྱེད་གོང་མ་ལ་ལྷ་མིན་ཀླུ་དང་ཡི་དྭགས་དང་། ཕྱེད་འོག་མ་ནས་དམྱལ་བ་བརྒྱད་ས་གཅིག་ཆུ་ལ་གཉིས་མེ་ལ་གཉིས་རླུང་ལ་གཉིས་རྐང་མཐིལ་དུ་བརྒྱད་པ་རྡོ་རྗེའི་དམྱལ་བ་ཀྱི་གནས་རིམ་གསུངས། རྐང་ལག་ཚིགས་གསུམ་རིམ་པ་ལྟར། རླུང་མེ་ཆུ་ཡི་དཀྱིལ་འཁོར་དང་སུམ་མདོ་དཀྱིལ་ཡིན། ལག་པའི་སུམ་རིམ་བཞིན་བྲང་ནི་ས་སྟེ་རྒལ་ཚིགས་ནི། རི་རབ་དེ་བཞིན་རི་བདུན་ནི། སྣང་པའི་བརླ་དང་རྗེ་ངར་དེ་འོག་བོལ་གོང་རུས། དཔུང་པ་ལག་ངར་ལག་པ་མགོ་དང་། སེན་མོའི་བར་དུ་རིམ་པ་ལྟར། ཕྱིར་འོད་སྔོན་པོ་མནྡྷ་ར་མཚན་མོ། །ནོར་བུར་བྱེ་དང་བྲེ་བོ་དང་། ཁ་བ་ཅན་དང་རྡོ་རྗེའི་རི། །གླིང་དྲུག་ནང་ན་བད་ཀན་དང་། །རྒྱུ་མ་ཚིལ་སྙིང་མཆིན་པ་ཤ །ཕྱིར་ཟླ་བའི་གླིང་དཀར་པོ་ཀུ་ཤ་དང་། །མིའམ་ཅི་དང་ཁྲུང་ཁྲུང་གླིང་། །དྲག་པོའི་གླིང་རྣམས་རིམ་པ་སྟེ། །རྐང་ལག་དུམ་བུ་བཅུ་གཉིས་ནི། །འཛམ་བུའི་གླིང་གླིང་བཞི་གླིང་ཕྲན་བརྒྱད་སོགས་གླིང་ཕྲན་བཅས། སྲ་བ་རླན་དང་དྲོད་དང་དབུགས། ས་ཆུ་མེ་རླུང་ཁམས་བཞི་ནང་གི་བུ་ག་ནམ་མཁའ་ཡིན། ཁུ་བ་ཞག་དང་ཀླད་པ་དང་། སྐྱེས་པ་ལ་བད་ཀན་བུད་མེད་ལ་འོ་མ་མཆིལ་མ་རྔུལ། དྲི་ཆུ་ནང་གི་རྒྱ་མཚོ་བདུན། ཕྱིར་སྦྲང་རྩི་མར་ཞོ་འོ་མ་ཆུ། ཆང་དང་བ་ཚྭའི་རང་བཞིན་ནོ། །དབང་པོ་བཟའ་དགུའི་སྣ་བུག་གཉིས་རླུང་གཟའ་ཉི་དང་མིག་གཉིས་མེ་གཟའ་མིག་ཕུར་ཁ་དང་དྲི་ཆུའི་སྒོ་ཆུ་གཟའ་པ་སངས་དང་གཟའ་ལྷག་བཤང་ལམ་དང་སྤྱི་གཙུག་གཉིས་གཟའ་ལྷ་སྤེན་མཇུག་སྣ་བ་གཉིས་མཁའ་གཟའ་སྒྲ་དུས་རང་བཞིན་ཏེ། སོ་གཉིས་སོ་ནི་རྒྱུ་སྐར་ཉེར་བརྒྱད་དང་དབྱུག་གུ་བཞི་རྩ་ཆུ་ཁམས་འབབ་པའི་འོ། །རྒྱུ་མ་ལས་རོ་འབབ་པ་སྤྲིན་ལས་ཆར་འབབ་པ་དང་ནང་གི་རླུང་ཕྱིའི་རླུང་། སྙིང་གའི་གཞོམ་མེད་ཀྱི་སྒྲ་ནི་ཐོག་ཡིན་ཏེ། ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས། སྙིང་ག་མེ་མགྲིན་པ་མེས་ཟས་དགུག་འདྲེན་ལྟེ་བ་ན་མེས་ཟས་སྲེག །གློག་དང་ཉི་མ་ཁྱིམ་བགྲོད་དྲོད་སྲེག་བྱེད་མེ། གཞན་ཡང་པགས་པ་དྲོད་དང་སྤུ། མེ་དང་རླུང་གི་རང་བཞིན་ནོ། ལུས་སྐྱེས་སྲིན་བུ་སྐྱེས་གནས་བཞི། ཆར་ནི་ལྕེ་ཆུང་བདུད་རྩི་སྟེ། ཐུན་ཆེན་པོ་བཞི་ནས་སྐ་ཅིག་བར་གྱི་ནི། དུས་སྦྱོར་ཐམས་ཅད་ཕྱིའི་ལོ་དང་ནང་གི་ཞག་གཅིག་སོགས་སྔར་བསྟན་པའི། རྩ་རླུང་ཐིག་ལེ་སེམས་བཅས་སོ་ལས་སྣང་བའོ། སྲོག་དང་རླུང་དཀར་དམར་ཕྲད་པ་སྦྱོར་བ་ན། ཟླ་ཉི་འཛིན་པར་སྣང་བ་དང་། དེ་སོགས་རྣམ་བཤད་དུ་མ་རྣམས། འཇིག་རྟེན་ཕྱི་ནང་ལུས་གཞན་དཀྱིལ་འཁོར་གསུམ་པོའི་ཡེ་ཤེས་སུ། སྦྱོར་ཕྱིར་དཔག་ཏུ་མེད་པ་གསུངས། ཕྱི་ནང་སྦྱོར་བ་དེ་སོགས་རྟེན་འབྲེལ་གྱི་གནས་ལུགས་རྟོགས་པ་ན། ཐབས་དང་ཤེས་རབ་ལུས་རྣམ་ཤེས་ཡེ་ཤེས་བདེན་གཉིས་སྦྱོར་ཤེས་པས། གནས་སྐབས་དང་མཐར་ཐུག་གི་སྣ་ཚོགས་ཡོན་ཏན་འགྱུར་ཕྱིར་རོ། །འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའོ།། ༈ །།དེ་ནས་སེམས་ཅན་ཀུན་རྟོག་ལ། བདེན་པར་མེད་བཞིན་དུ་ཀུན་བརྟགས་ལྷ་རྣམས་བསྒོམ་པའི་དོན་དེ་ལ་དགོས་པ་གསུམ་ཡོད་དེ། ལས་དང་རྣམ་བཞི་གནས་ལ་སེམས་འཛིན་ལམ་དུ་ཕྱི་ནང་སྦྱོར་བའི་དོན་ཤེས་དང་། འབྲས་བུར་གཟུགས་སྐུ་ལ་དབང་འབྱོར་གཞན་དོན་དུ་གཟུགས་སྟོན་ཕྱིར། དཔའ་བོ་གཅིག་ནས་མཐའ་ཡས་བར། གསུངས་པའི་ངེས་པ་རྒྱུ་མཚན་འདི་ལྟ་སྟེ། དབུ་མ་དང་ཀུན་གཞི་དང་རང་བཞིན་ཡང་དག་སྙིང་པོའི་དོན་དང་། ཡེ་ཤེས་རླུང་དང་ཐིག་ལེ་ནི། དཔའ་བོ་གཅིག་པ་ཧེ་རུ་ཀའོ། །འབྲས་བུ་སྐུ་གཉིས་ལམ་ཐབས་དང་ཤེས་རབ་དང་། རྟེན་སྟེང་འོག་དཀར་དམར་སྤྱིའི་མཚན་ཉིད་བདེན་གཉིས་དང་། དེ་སོགས་ཡབ་ཡུམ་གཉིས་པའོ། །ལུས་ངག་ཡིད་དང་ཟླ་ཉི་སྒྲ་གཅན་གྱི་ཐིག་ལེ་རྩ། སའི་སྟེང་འོག་བར་གསུམ་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ། རོ་རྐྱང་དབུ་མའི་རླུང་གསུམ་སོགས་ཕྱིར་ལྷ་གཙོ་འཁོར་གསུམ་སྟེ། ཁམས་བཞི་ས་ཆུ་མེ་རླུང་སོགས་ལྡན་ཁྱབ་བྱ་བཞི། ཡེ་ཤེས་ལྔ་དང་ཕུང་པོ་ལྔ། འཁོར་ལོ་རླུང་དང་ཁམས་བཞི་ཁྱབ་བྱེད་ནམ་མཁའ་དང་བཅས་ལྔ། ལྷ་ལྔ་བསྟན་ལྔ་ཆོ་འདི་བརྒྱུད་ཏེ་དུ་མར་གསུངས། ཁམས་བཞིའི་སྟེང་དུ་ནམ་མཁའ་ཡེ་ཤེས་གཉིས་དང་དྲུག་རྣམ་ཤེས་དྲུག་ཚོགས་དྲུག །དག་པ་ཆོས་ཀྱི་སྤྲུལ་པ་ནི་ཕག་མོའི་གཟུགས་ཀུས་སྟོན་པའོ་ལྷ་དྲུག་དེའི་སྟེང་དུ་ཉོན་ཡིད་དང་བཅས་བདུན། ཚོགས་བརྒྱད་དག་པ་ལས་སོགས་ཕྱིར་དག་པ་ལས་བརྒྱད་པ་དང་། སྙིང་གའི་རྩ་དགུ་རླུང་བཅུ་ས་བཅུ་སྟོབས་བཅུ། དེ་སོགས་དགུ་དང་བཅུ་པ་དང་། ཕུང་པོ་ལྔ་ཁམས་ལྔ་དང་བཅུ་དབང་པོ་ལྔ་ཡུལ་བཅས་ཏེ་བཅོ་ལྔ། དྲུག་དྲུག་དེ་བཞིན་ལས་བྱེད་པ། དེའི་བྱ་བ་དྲུག་དབང་པོ་དྲུག་པོ་དེའི་ཡུལ་དྲུག་སྟེ་སོ་དྲུག་ལས་ནང་གསེས་ཀྱི་རིགས་སྦྱར་བས། དབང་དྲུག་དང་བཅས་དཀྱིལ་འཁོར་ནི། ལྷ་ལྔ་དགུ་དང་བཅུ་གསུམ་དང་། ཉེར་ལྔ་སོ་གཉིས་སོ་བཞི་པ། སོ་བདུན་རིགས་ལྔ་ལྔ་ཉེར་ལྔ་ལ་ཐབས་ཤེས་གཉིས་ཀྱིས་ཕྱེ་བས་ལྔ་བཅུ་དེ་ལ་ལུས་དང་བསམ་པས་རིགས་བརྒྱ་དུ་མའི་བར། རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས་དང་། མདོར་ན་རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། ཞལ་དང་ཕྱག་མཚན་དེ་དང་མཚུངས། ལྟོས་བཞག་གི་ལུས་ལ་འཇིག་རྟེན་ཇི་ལྟར་དཀྱིལ་འཁོར་ཀྱང་ཚང་བར་བཤད་པ་ནི། རྐང་མཐིལ་ཆོམ་བྱེད་རླུང་ནས་སུམ་མདོའི་བར་ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་གྲུ་བཞི་ལུས་འདོམ་གོང་གྲུ་བཞི་སྟེང་འོག་གི་བུ་ག་བཞི་སྒོ་སྣ་རྩེ་བཞི་རྩེ་བཞི་རྟ་བབས་སོགས་ལུས་འདོམ་གང་གྲུ་བཞི་དང་བཅས་པ་བསྡུས་པ་ནི། ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། ཕན་ཚུན་ཐབས་དང་ཤེས་རབ་དང་། གཡས་ཐབས་གཡོན་ཤེས་རབ་ནི་རྟེན་འབྲེལ་གྱི་ཐབས་ཤེས་ལུས་སེམས་ནི་རྟེན་བརྟེན་པའི་དཀར་ཐབས་དམར་ཤེས་རབ་དང་། རྟེན་འཇིག་རྟེན་ཐབས་དང་བརྟེན་པ་སེམས་ཅན་ཤེས་རབ་མ་ལུས་པ། ཐབས་དང་ལྔ་པོ་དེ་གོ་ཟློག་ལྔ་དང་བཅུ་ཤེས་རབ་རང་བཞིན་དེ་དག་ཐམས་ཅད་ཀྱང་ཐབས་ཤེས་སུ་གནས་ཏེ་ཕ་རི་དང་ཚུ་རི་ལྟར་གསུངས། ཤེས་རབ་བརྗོད་བྱའི་གཙོར་བསྟན་ཤེས་རབ་མ་རྒྱུད། ཐབས་གཙོར་བསྟན་པ་ཕ་རྒྱུད་དེ། ཀུན་ཀྱང་དོན་ལ་ཟུང་འཇུག་སྟོན་པ་གཉིས་མེད་རིམ་པ་འདི་ལ་རྟེན་རྒྱས་གདབ་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། རང་བཞིན་ཡིན། མིག་སོགས་ནི་ཐབས་ཏེ་གཟུགས་སོགས་ཤེས་རབ། གཟུགས་ནི་ཐབས་གྱུར་མིག་ཤེས་རབ། །རོ་མ་ཐབས་ཏེ་རླུང་ཤེས་རབ། །རྐྱང་མ་ཤེས་རབ་རླུང་ནི་ཐབས། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་འོད་གསལ་ཐབས་ཏེ་ཀུན་རྫོབ་རྒྱུ་ལུས་ནི། ཤེས་རབ་དེ་བཞིན་གོ་བཟློག་པའང་ཡིན། དེ་སོགས་ཐབས་ཤེས་ཀྱི་དབྱེ་སྒོ་དཔག་མེད་ཤེས་པར་བྱ། ཁ་དོག་ཡོན་ཏན་རིམ་པ་ལ་ཐབས་ཤེས་སུ་བཞག་པ་རྣམས། རླུང་དུ་ཇི་སྐད་བསྟན་བཞིན་གསུངས། བསྐྱེད་རིམ་གྱི་གདགས་གཞི་དབྱིབས་ནི་རྩ་ལ་སྐུ་རླུང་ལ་ནི་བརྗོད་པ་སྔགས། ཡིད་ནི་ཐིག་ལེ་རྫོགས་རིམ་རྩ་ཐིག་རླུང་དང་འབྲེལ་བས་ཐབ་མོའི་བསྐྱེད་རིམ་ཞེས་ཀྱང་བྱ་བསྐྱེད་པའི་རྫོགས་པ་ཞེས་ཀྱང་བྱ་བརྗོད་དེ་མངལ་དུ་ལུས་རྫོགས་པ་ལྟར་ལྷ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་སྟེ་བསྙེན་པ། ངག་རྫོགས་པ་ལྟར་ལས་རྒྱལ་མཆོག་སྟེ་ཉེར་སྒྲུབ། ཐིག་ལེ་རྫོགས་པ་ལྟར་ཐིག་ལེའི་རྣལ་འབྱོར་ཏེ་སྒྲུབ་པ། ཁུ་བ་འཛག་པའི་བདེ་བ་བསྐྱེད་པ་ལྟར་ཕྲ་མོའི་རྣལ་འབྱོར་ཏེ་སྒྲུབ་པ་ཆེན་པོ། དོན་དུ་རྩ་རླུང་ཐིག་ལེ་བཅིངས་པས་ལྷ་མཐོང་བ་ནི་རྫོགས་རིམ་དངོས་ཡིན་ནོ། སྐྱེ་བ་བསྐྱེད་རིམ་བསྟན་པ་སྟེ། འཆི་བ་རྫོགས་རིམ་ཉིད་སྦྱང་གཞིའི་དབང་ཡིན་ནོ། ཀུན་ཏུ་རྟོག་པ་ཀུན་བརྟགས་བསྐྱེད་པའི་ཞལ་ཕྱག་རྣམས་ཞེས་བྱ་སྟེ། གཞན་དབང་འབྲེལ་བ་རྫོགས་རིམ་བཤད་རྣམ་པ་བསྡུས་ནས་ཐིག་ལེ་དང་ནཱ་ད་སོགས་རྣམ་ཤེས་ཙམ་ལ་སེམས་འཛིན་བསྐྱེད་པའི་རྫོགས་པ། སྣང་བ་ལ་འཛིན་པ་བྲལ་བའི་ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ་གཟུགས་སྐུ་འགྲུབ། སྤྲོས་མཚན་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་རྫོགས་རིམ་བཤད་དེ་ཐམས་ཅད་དེ་ལ་རྫོགས་པའི་ཕྱིར། བདེན་གཉིས་ཟུང་འཇུག་ལ་འཇུག་པའི་ཐབས་རྣམས་ཡོན་ཏན་རིམ་པས་སྐྱེ་བས་བསྐྱེད་རིམ་ཏེ། དབྱེར་མེད་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་ཉིད་རྫོགས་རིམ་གསུངས་ཞེས་པའི་དོན། དེ་ལ་སོགས་པ་ཐམས་ཅད་ཀྱང་། ཕྱི་དང་ནང་དང་གཞན་གྱི་རིམ། ཟུང་འཇུག་ཡེ་ཤེས་རོ་གཅིག་ཏུ་སྦྱོར་བ་ནི། རྒྱུད་ཐམས་ཅད་ཀྱི་རྩ་བ་མདོར་བསྡུས་བརྗོད་པ་ཡིན། ཇི་ལྟར་ཐབས་ཤེས་ཟུང་འཇུག་ཨེ་ཝཾ་སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་ཝཾ་རྣམ་པར་རབ་ཏུ་གནས། གཞི་ལམ་འབྲས་བའི་སྡོམ་པ་གསུམ་ཡོད་པར་འདོད་བཤད་པ་བཞིན། ཤེས་བྱ་ལ་གཉིས་འཛིན་མེད་པའི་ངང་དུ་སྦྱངས། ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་ཀུན་བརྟགས་ཀྱི་ལྷ་དམ་ཚིག་བསྐྱེད་པ་བསྙེན་པ། སྐྱེ་མཆེད་གནས་གསུམ་བྱིན་རླབས་ཉེར་སྒྲུབ་ཡེ་ཤེས་གཞུག་པ་སྒྲུབ་པ་དབང་བསྐུར་རིགས་བདག་རྒྱས་གདབ་སྒྲུབ་ཆེན་ཏེ་བསྐྱེད་རིམ་ཡན་ལག་བཞི་རྫོགས། ལྷ་ཁྲོ་ཆགས་རྨོངས་གསུམ་གྱི་རྣམ་པར་ཡོད་པ་སྒོམ་པ་ནི་ཟབ་པའི་བསྐྱེད་རིམ། དེ་མེད་པ་མི་ཟབ་པའི་ཡིན་གསུང་། ས་བོན་ཉེ་སྙིང་སྙིང་པོ་རྩ་སྔགས་པ་གཞི་ཡེ་ཤེས་ཐུགས་གསུང་སྐུའི་སྔགས་སུ་བཤད། དང་པོ་གཉིས་སྒོམ་བྱ། ཕྱི་མ་གཙོ་བོར་བཟླ་བྱ། ས་བོན་གྱི་ཡེ་ཤེས། ཉེ་སྙིང་ནི་ཐུགས་སྔགས་མིང་ཡིག །སྙིང་པོ་ནི་མཚན་སྔགས། དེ་ལས་མང་བ་ཆ་ལུགས་སོགས་སྟོན་པ་སྐུ་རྡོ་རྗེའི་སྔགས་སོ། །རྒྱས་པ་ནི་རྐང་བརྒྱད་ལྟ་བུའོ། །སྦྲུལ་དང་བརྔུལ་མཐའ་དང་མེད་དང་། མགོ་མེད་ཡོངས་སུ་དབྱེ་བ་ཡིན། ཞེས་སོ། །བསྙེན་པའི་སྒྲ་དོན་ནི། རྒྱུད་བསྐུལ་བའི་ཕྱིར། ཀུན་ཏུ་འབོད་པ་སྟེ་མཆན་འབྱུང་བའི་ཚུལ་བསྟན་པ་སྟེ་བརྒྱད་པའོ།། ༈ །།དེ་ནས་འཁོར་འདས་ཆོས་རྣམས་ཐམས་ཅད་སེམས་དག་མ་དག་གི་སྣང་བར་སྔར་བསྟན་ཀྱི། སྦྱང་གཞི་ལྷ་སྒོམ་པའི་སྐབས་ལྟར་སྦྱོང་བྱེད་གསུངས་པ་ཡི། རྒྱུ་མཚན་ངེས་པ་འདིར་ནི་བསྟན་པར་བྱ། སེམས་ཅན་ཁམས་རྡོ་རྗེ་ཐེག་པ་འདིར་འབྲས་བུ་ལམ་དུ་བྱེད་པས་འབྲས་བུ་སངས་རྒྱས་དང་དབྱེར་མེད་པའི་ནི་སངས་རྒྱས་ཀྱི་ཆོས་དབྱིངས་བསྟོད་པར་ཡང་། དེ་དག་ཀུན་གྱི་ཉོན་མོངས་ཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། ཞེས་སྙིང་པོ་བསྟན་པར། སྙིང་པོ་རང་བཞིན་དྲི་མ་མེད་མོད་འོན་ཀྱང་དེའི་གནས་ཚུལ་བདེན་གཉིས་དབྱེར་མེད་པ་རྟོགས་པས་འཁྲུལ་འཁོར་ལྡན། བདེན་གཉིས་འདི་ནི་ཡེ་ཤེས་རྡོ་རྗེ་རྒྱུད་ཀུན་ལས་བཏུས་པ་རུ། ཀུན་རྫོབ་མི་བདེན་པའི་སྒྲ་གཟུང་བ་དང་འཛིན་པས་ཀུན་བརྟགས་པའི་རྒྱུ་འབྲས་སྤང་ཐོབ་འཁོར་འདས་དུས་གསུམ་བྱ་བྱེད་སོགས་སྣང་བ་སྟེ། འོ་ན་དེའི་བདེན་པ་ནི་ཆུ་ཟླ་ལྟ་མེད་བཞིན་དུ་སྣང་བ་བུའོ། །དོན་དམ་ནི་དག་པའི་སེམས་སངས་རྒྱས་ཀྱི་སྙིང་པོ་སྟེ། ཆོས་བདག་མེད་པ་མཉམ་པ་ཉིད། རང་སེམས་གདོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་ནོ་སྟོང་ཉིད་བཅོ་བརྒྱད་དེ། བདེན་པ་གཉིས་པོ་དང་ཡང་དེ་ཉིད་གཞན་གཅིག་དང་ཐ་དད་སོགས་གཉིས་ཆོས་གཉིས་མེད་ཡེ་ཤེས་ཟུང་འཇུག་བརྗོད། དོན་དམ་རྟོགས་པའི་ཐབས་སུ་ཐ་སྙད་དགོས་པས་དོན་དམ་དེ་རྟོག་པར་བྱེད་པའི་ཡང་དག་པའི་རྟོག་པས་བསྐྱེད་ཡང་དག་པའི་ལྟ་བ་ཟུང་འཇུག་མཐའ་བྲལ་ཆེན་པོ། དེ་ནི་གཉེན་པོ་འཁོར་འདས་སྦྱོང་བྱེད་ཡིན་པར་བཤད། སྙིང་པོ་དང་དྲི་མ་མ་ཕྱེ་བ་སྦྱང་གཞི་ཡིན་ལ་དྲི་མ་ནི་སྦྱང་བྱ་ཡིན་དེས་ན་དྲི་བཅས་ཡོན་ཏན་དྲུག་ཅུ་རྩ་བཞི་སྐུ་གསུང་ཐུགས་ཡེ་ཤེས་ལྔ་སོགས་སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། ཚངས་སོགས་འདིའི་ཚུལ་མ་རྟོགས་པའི་ལོག་རྟོག་ནི་གྲུབ་མཐའ་ཐམས་ཅད་ཀྱང་། རྣམ་རྟོག་གིས་བྱས་པའི་ཤེས་བྱ་ཡིན་ཞིང་། རྒྱུ་རྐྱེན་ལྡན་དང་མེད་འཛིན་གཉིས་སུ་འདུས་སོགས། སྣ་ཚོགས་ལྟ་བ་ཐམས་ཅད་ཀྱང་ལུས་སེམས་ཀྱི། གཟུང་འཛིན་ལ་བརྟེན་ནས་འབྱུང་བར་ཚངས་པ་དྲ་བའི་མདོ་ལས་གསུངས། བྱེ་མདོ་རྣམས་ཕྱི་རོལ་རྡུལ་ཕྲན་སེམས་ལས་གཞན་པར་མངོན་སུམ་དང་ཕག་ན་མོ་སོགས་འདོད་པ་ནི། ཀུན་གཞི་ཡིད་བཅས་ཡུལ་སྣང་གི། ནུས་པ་མ་རྟོགས་དབང་གིས་སྟེ་སེམས་ལས་གཞན་དུ་མེད་དོ། །འོན་ཀྱང་བདག་དང་སོགས་བྱེད་པ་པོ་སོགས་ཡོད་རྟོག །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད་བྱང་ཆུབ་སེམས་འགྲེལ་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། ཕུང་པོ་ཁམས་སོགས་བསྟན་པ་ཡིན། ཉན་ཐོས་སྡེ་པ་འགའ་ཞིག་གིས་བདག་དང་གང་ཟག་ཁས་ལེན་པ་དེ་ཡང་བཏགས་པར་བརྗོད། བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། གལ་ཏེ་ཡོད་ན་དེ་མྱང་འདས་ཀྱི་ཆོས་སུ་ཡོད་ན་འབད་མེད་ཐར་པའམ། འཁོར་བའི་ཆོས་སུ་ཡོད་ན་ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། དེ་སོགས་སེམས་ལ་སྣང་བ་ཡིན། སེམས་ཙམ་པ་ལ་གནས་ནས་ནི། སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤང་དང་སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། རྡོ་རྗེ་ཐེག་པ་འདིར་ནི་སེམས་ཀུན་གཞིའི་ཡུལ་སྣང་ཀུན་གཞིའི་རྟེན་ལུས་འདི་ལ་ལུས་རྟེན་ནས་ནི་གཡོ་བ་ཡིན། རྩ་རླུང་ཐིག་ལེའི་དག་པ་དང་མ་དག་པའི་ངེས་པ་ཡི་ལས། སྤང་གཉེན་དེ་བཞིན་གཤེགས་པས་གསུངས། ཁྱད་པར་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ལྡན་པའི། སྐྱེས་བུ་ལོ་བརྒྱའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་བྱས་པའི་ལོ་ཡིན། ཕྱིའི་ཉིན་ཞག་བགྲང་བའི་ལོ་མིན། ཤིན་ཏུ་ཕྲ་བ་ལུས་སྐྱེས་ཀྱི་སྲིན་བུ་ནི་མིའི་ཞག་གཅིག་ལ་ལོ་བརྒྱད་རྫོགས། ཆེ་བ་འོག་མིན་གྱི་ལྷའི་དབུགས་ཁུག་གཅིག་ལ་མིའི་ལོ་གཅིག་འདིའི་ལོ་བརྒྱ་གཟུགས་མེད་གོང་མའི་དབུགས་གཅིག །དེ་ལྟར་སེམས་ཅན་ཐམས་ཅད་རང་དབུགས་ཀྱི་ལོ་བརྒྱ་པར་གསུངས། རླུང་ཇི་སྙེད། བསྡོམས་ན་བྱེ་བ་བདུན་ཅུ་བདུན། ས་ཡ་བདུན་དང་འབུམ་ཕྲག་དྲུག །ཡོད་པས་སྦྱང་གཞི་དེ་སྦྱོང་བའི། །ཆོས་སྒོ་དེ་དང་མཉམ་པ་ཡིན། བརྒྱད་ཁྲི་བཞི་སྟོང་རགས་རིམ་གྲངས། དེ་ལ་ཡེ་ཤེས་རླུང་ཞག་རེར་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཇི་སྙེད། རྒྱུ་བ་བསྡོམས་པས་ས་ཡ་ཉི་ཤུ་རྩ་བཞི་འབུམ་ཕྲག་གསུམ་མྱང་འདས་ལམ་ལྡན་པ། གཉེན་པོའི་མཆོག་སྟེ་བླ་མེད་རྒྱུད། དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་། སྡེ་ཚན་དུ་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། ལོ་གསུམ་ཞག་ནི་སྟོང་བརྒྱད་ཅུ། ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ། བགྲོད་པ་གཉིས་རེ་ཐབས་ཤེས་དབྱེ་བས་རིགས་དྲུག་རྒྱུད་དུ་བཤད། ལོ་གསུམ་པོ་དེ་ལམ་ཟླ་བའི་སོ་དྲུག་འབྱུང་བའི་དབྱེ་བའི་རིགས་རྣམས་ནི། སུམ་ཅུ་སོ་དྲུག་རྒྱུད་དུ་བཤད་དེ་དེ་དག་ནི་བསྡུས་བརྒྱུད་དོ། །སོ་དྲུག་སོ་སོས་གཡས་གཡོན་ཐབས་དང་ཤེས་རབ་ཀྱི། དབྱེ་བས་ཐབས་དང་ཤེས་རབ་རྒྱུད། རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། ཕྱག་གྲངས་དག་པར་གསུང་པ་ཡིན། ཨ་སོགས་དབྱངས་ནི་ཨ་ཨེ་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ྄། ཧ་ཡ་ར་ཝ་ལ་བཅོ་ལྔ། རིང་པོ་བཅོ་ལྔ་དང་སུམ་ཅུ་སྟོང་ཆེན་ཡིག་ལྔ་རྗེས་སུ་ང་རོ་དང་སུམ་ཅུ་དྲུག །ཀ་སོགས་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་དྷ་ཎ། པ་ཕ་བ་བྷ་མ། པ་ཉྥ་ཥ་ཤ་ྈྐ། གསལ་བྱེད་དེ་དག་མཉམ། སུམ་ཅུ་ཧ་མ་ར་ཝ་ལ་ཀྵ་དང་དྲུག །བརྗོད་བྱེད་ཡི་གེ་གཙོ་བོར་གསུངས། གསལ་བྱེད་རེ་རེའང་དབྱངས་སུམ་ཅུས་བསྒྱུར་བས་རྒྱུད་ཕྲན་སུམ་ཅུ་སྟེ། དེ་ལ་དབྱངས་གསལ་གཉིས་ཕྱེ་ན་སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད་དེ་དུས་སྦྱོར་གཅིག་གི་རླུང་དང་གྲངས་མཉམ་པས་རྒྱུད་སྡེའི་དབྱེ་བ་ཡང་དེ་དང་མཉམ། དེ་ཞག་ཏུ་ལོངས་པ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི་ཡོད་པས། རྒྱུད་ཀྱི་ཡན་ལག་གི་གྲངས་ཀྱང་ལྡན་པ་སྟེ། དེ་རེ་རེ་ཡང་ཐིག་ལེ་སྐུ་ཚེག་དྲག་གསུང་གྲི་གུག་ཐུགས་གི། དབྱེ་བས་ཐུང་རིང་ཤིན་ཏུ་རིང་རིང་པོ་གསུམ་ཡི་དབྱེ་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ལོ་གཅིག་གི་ཞག་གྲགས་ལ་སྦྱར་བ། གསལ་བྱེད་སུམ་ཅུ་དབྱངས་དྲུག་གི་བསྒྱུར་བརྒྱ་བརྒྱད་ཅུ་དེ་ཡང་དབྱངས་གསལ་སོ་སོར་ཕྱེ་བས་སུམ་བརྒྱ་དྲུག་ཅུ་རྩ་བའི་དབྱངས། ཞག་གཅིག་གི་ཆུ་ཚོད་དྲུག་ཅུའི་ཉིན་མཚན་དབྱངས་ཀྱང་དྲུག་ཅུ་སྟེ། དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། ལོ་གཅིག་ཆུ་ཚོད་གཉིས་དབྱངས་མཐུན་གྲངས་ཕྱིར། གསལ་བྱེད་དེ་དང་མཚུངས་པ་ཡིན། ཞིབ་ཏུ་རྩིས་ཀྱི་དབྱངས་འཆར་ནང་དུ་ལྟོས། བླ་ན་མེད་པའི་རྒྱུད་ཀྱི་ཚོགས་ཀྱི། རྣམ་དབྱེ་བསྡུས་པར་བསྟན་པ་ཡིན། དེ་ནི་རྒྱུད་ནས་བསྟན་པའི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་ཐབས་ཤེས་གཉིས་མེད་རྒྱུད་དུས་འཁོར། དེ་དག་གཙོ་བོ་ཅུང་ཟད་བརྗོད། ལོ་གསུམ་ཕྱོགས་གསུམ་གྱི་ལོ་གསུམ་ཞག་སྟོང་བརྒྱད་ཅུ་ལ་རེས་གཟའ་བདུན་གྱིས་བགོས། བརྒྱ་དང་ལྔ་བཅུ་རྩ་བཞི་སྟེ། དུས་འཁོར་ཉུང་ངུའི་ཐུགས་དཀྱིལ་གྱི་པད་གདན་ཅན་གྱི་ལྷ་གྲངས་སྟེ། ལྷག་གཉིས་ཐབས་ཤེས་གཙོ་བོ་ཡབ་ཡུམ་བདག་ཉིད་གསུངས། ལོ་གསུམ་གྱི་ཟླ་བའི་ཆ་ནི་བཅོ་ལྔ་སྟེ། དེས་ཕྱེ་བགོས་པས་བདུན་ཅུ་རྩ་གཉིས་ཐོབ་ཏེ། བདག་པོ་འཁྲིག་ཐབས་གཙོ་བོ་དང་ལྷག་གི་བཅས་པའི་རྣལ་འབྱོར་མའི་བདུན་ཅུ་རྩ་གཉིས། ངེས་བརྗོད་དམ་མངོན་བརྗོད་འབུམ་པའི་རྒྱུད་ཀྱི་སྡོམ་པ་ཆེན་པོའི་ལྷ་རུ་བཤད། དེ་ལས་གཉིས་གཉིས་བསྡུས་ན་དཔའ་མོ་སུམ་ཅུ་བདུན། ཐབས་དཔའ་བོ་གཅིག་དང་བཅས་སྡོམ་པ་ཆུ་ངུའི་ལྷ་དེ་ཡེ་ཤེས་ཀྱི་རླུང་ལུས་ལ་ལྷ་དཔའ་བོ་གཅིག་ལས་མི་ཡོང་བ་ནི་བདེ་ཆེན་རིས་མེད་དང་སྟོང་ཉིད་རྣམ་བཅས་དུ་མར་འགྱུར་བས་དཔའ་མོར་བཞག་པའོ་གནས་པའི་དབང་ལས་བྱུང་། ཟླ་ཕྱེད་ཕྱོགས་གསུམ་གྱི་ཞག་དེ་དག །ཁྱད་པར་ཐབས་ཀྱི་རྒྱུད་ཀྱི་ལྷ་ཡིན་པས། དུས་སྦྱོར་ཕྱོགས་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་ལ་རྒྱུ་བ་བཅུ་གཉིས་ཀྱིས། དབྱེ་བས་བསྒྱུར་བ་ལས་ལྔ་བརྒྱ་བཞི་བཅུ་ཡིན། དེ་ལ་སྒྱུ་འཕྲུལ་དྲ་བ་ནི། རྣམ་གསུམ་ཞེ་དགུའི་དཀྱིལ་འཁོར་དང་། ཞེ་ལྔ་ཞེ་གསུམ་དེ་དག་ཟུང་ཡིན་པས་ནང་སེས་སུ་རྣམས་སོ། །ཉིས་བརྒྱ་བདུན་ཅུ་རྩ་བཞི་ཡིན། སྒྱུ་དྲའི་ལྷག་མ་ནི་དཔལ་ལྡན་གསང་བ་འདུས་པ་རྣམ་དྲུག་སྟེ། དགུ་དང་བཅུ་གསུམ་དང་བཅུ་དགུ་དང་། ཉེར་ལྔ་སོ་གཉིས་དང་སོ་བཞི་སྟེ། དགེ་ཐབས་དང་ཤེས་རབ་དབྱེ་བ་ཡིས། ཉིས་བརྒྱ་བདུན་ཅུ་རྩ་བཞིའོ། ཕ་རྒྱུད་ཐབས་ཤེས་མ་རྒྱུད་དང་བཅས་གྲངས་རྣམས་སོ། ཐོད་པ་ཉེ་ལྔ་མ་དང་རྡོ་རྗེ་བདུད་རྩི་དང་། དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི། སྡོམ་པའི་ཆེ་ཆུང་ནང་དུ་འདུས་པར་གསུངས། གཤིན་རྗེ་གཤེད་དང་རྟ་མགྲིན་སོགས་གསང་བ་འདུས་པར་བར་བསྡུ། ངག་དབང་ཆོས་དབྱིངས་གསུང་དབང་དུས་ཀྱི་འཁོར་ལོར་འདུས་སོགས། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཡང་དུས་འཁོར་དུ། རྣལ་འབྱོར་རྒྱུད་ཀུན་ཀྱང་ཕ་རྒྱུད་དུ་འདུས་ཏེ། བྱ་སྤྱོད་རྣམས་ནི་དེ་ཡི་ཡན་ལག་ཡིན། དེ་ནི་ཡེ་ཤེས་རླུང་ལྷ་ཐམས་ཅད་སྦྱར་བ་བཤད་དོ། རྩ་ཡང་དེ་ལ་ཡང་སྦྱར་ཞིང་ཐིག་ལེ་དཀར་ཆ་རླུང་དང་དམར་ཆ་རྩ་དང་ཆོས་མཐུན་པས་འདིར་འདུ་བའོ་བཞིན་གསུངས་པ་ཡིན། སྙིང་ག་སྲོག་རྩ་དབུ་མ་ནི་དུས་འཁོར་ལོ། རོ་རྐྱང་ཞབས་ཀྱི་རང་བཞིན་ཏེ། སྙིང་གར་འཁོར་ལོ་དྲུག་གི་ལྟེ་བའི་མི་ཤིགས་པ་ནི་སངས་རྒྱས་དྲུག་སྙིང་གའི་རྩ་བརྒྱད་དུ་སོགས་ལྷ་མོ་བརྒྱད། ཡེ་ཤེས་ཀྱི་རང་བཞིན་བདུད་བྲལ་མ་སྣ་ཚོགས་ཡུམ་དུ་བརྗོད། བུམ་པ་བརྒྱད་ནི་བཤང་བ་གཅི་བ་ཤ་དང་རྐང་། ཁུ་ཁྲག་རྣམས་ཀྱི་རྩ་ཡིན་ཏེ་གཙུག་ཏོར་རྩ་བཞི་ནི། ནོར་བུ་གཎྜྻི་ཤིང་དང་དུང་། ཕུང་པོ་དྲུག་ཁམས་དྲུག་གི་རྩ་རྣམས་སངས་རྒྱས་དྲུག་དང་དེའི་ཡུམ། མིག་སོགས་དབང་པོ་དྲུག་དང་གཟུགས་སོགས་ཡུལ་དྲུག་གི་རྩ་རྣམས་ནི། བྱང་ཆུབ་སེམས་དཔའ་དྲུག་ལྷ་མོར་སེམས་མ་དྲུག་བཅས། རྐང་པ་སོགས་ལས་དབང་ཁྲོ་བོ་དྲུག་དེའི་བྱ་བ་དྲུག་གི་ཁྲོ་བོ་དྲུག་ཁྲོ་མོ་དྲུག་བཅུ། ལྟེ་བའི་རྩ་དོན་གཉིས་རྣམས་འཇིགས་མ་སོགས། གསུང་གི་དཀྱིལ་འཁོར་ལྷའི་རང་བཞིན་ཡིན། ཚིགས་ཆེན་བཅུ་གཉིས་ནི་ལྷ་ཆེན་བཅུ་གཉིས་རྩའི་འཁོར་ལོ་རྩ་སུམ་བརྒྱ་དྲུག་ཅུ་ནི་སྐུ་ཡི་དཀྱིལ་འཁོར་གནས་པ་ཡིན། སོར་ཚིགས་ཀྱི་རྩ་རྣམས་ཀླུ་དང་གཏུམ་མོ་སྟེ། བ་སྤུའི་རྩ་རྣམས་འབྱུང་པོའི་རང་བཞིན་སྐྲ་ས་བླ་མཆན་བུ་ས་སྟེང་གསང་བའི་སྤུ་ས་འོག་གི་གྲུབ་པ་དང་སྦྱར་བའོ་ནོ། །འདོད་དང་མི་འདོད་རྟོག་པ་ཀུན། མཆོད་པའི་ལྷ་མོ་དང་བཅས་པ། དེ་དག་ཀྱང་རྩ་ཤེས་རབ་ཁམས་ཐབས་དང་ཤེས་རབ་ཀྱི། དབྱེ་བས་ཕྱེ་བ་སྟོང་དང་བརྒྱད་ཅུའོ། །དཔལ་ལྡན་འཁོར་ལོ་སྡོམ་པ་ནི། གཙོ་བོ་དབུ་མ་རོ་རྐྱང་ཞབས་རྩ་གསུམ་བདུད་བྲལ་མ་ཕག་མོ་བཅས་པ་དང་། སྙིང་གར་ཕྱོགས་རྩ་བཞི་ཡུམ་བཞི་མཚམས་རྩ་བཞི་མཆོད་པ་བཞི། རྩ་ཆེན་ཉེར་བཞི་རྣལ་འབྱོར་མ། རབ་གཏུམ་མ་སོགས་ཉེར་བཞི་ཡིན་དེ་ནང་ཁམས། ཐོད་པའི་དུམ་སོགས་དཔའ་བོར་ཉེར་བཞིར་གསུངས། ཁྭ་གདོང་མ་ལ་སོགས་བརྒྱད་ཁྲོ་བཅུར་གསུངས། ཉིས་འགྱུར་གྱི་སྡོམ་ཆེན་ནི་རྩ་ཉེར་བཞི་ལ་ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། ལྷ་ནི་བདུད་ཅུ་གཉིས་རང་བཞིན། འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ། ལྷ་རུ་མངོན་བརྗོད་དང་རྡོ་རྗེ་མཁའ་འགྲོར་གསུངས། དཔལ་ལྡན་འདུས་པ་བཤད་བྱ་བ། ཕུང་པོ་རྩ་སངས་རྒྱས་ལྔ་ཡིན་ཏེ། ས་སོགས་ཁམས་བཞི་རེག་བྱ་དང་བཅས་ལྷ་མོ་ལྔ། མིག་རྩ་གཉིས་ས་ཡི་སྙིང་པོ་སྟེ། རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། ལྕེ་ལ་བཞུགས་པ་འཇིག་རྟེན་དབང་ཕྱུག །ཡིད་ནི་འཇམ་དཔལ་ཆོས་ཁམས་རྣམས་ལ། སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། རྩ་རྒྱུས་བྱམས་པ་ཉིད་ཡིན་ནོ། །ཡན་ལག་ཚིགས་མཁྲིག་མ་དང་ལོང་བུ་མི་ཐེ་བ་བརྒྱད་དང་ཁ་དང་གསང་བ། །ཁྲོ་བོ་བཅུ་ཡི་རང་བཞིན་ཏེ། །ལྟེ་བར་ས་ལས་ཀྱི་རིགས་སྐྱེས་པ། མཁྱེན་མ་དང་གཏུམ་མོ་སོགས་ལྷ་མོ་ནི། དྲུག་ཅུ་རྩ་བཞི་གསུངས་པ་ཡིན། རྡོ་རྗེ་དབྱིངས་སོགས་སྙིང་གར་ཆུ་དགུ །རྡོ་རྗེའི་རིགས་སུ་གསུངས་པ་སྟེ། །པདྨའི་སྒྲོལ་མ་སོགས་བཅུ་དྲུག །མགྲིན་པར་མེ་པདྨའི་རང་བཞིན་ལ། །སྤྱི་བོར་རླུང་རབ་ཏུ་པད་མ་ལ་སོགས། །འཁོར་ལོ་རིགས་ལྡན་སུམ་ཅུ་གཉིས་ཡོད་པ་སོགས། །རྒྱས་པར་རྡོ་རྗེ་ཕྲེང་བར་གསུངས། །དེ་སོགས་དཀྱིལ་འཁོར་དུ་མ་རྣམས། རྐྱང་པ་ཕྱོགས་རེ་ཆ་ལྡན་པ། གསུངས་པ་ཐམས་ཅད་འདིར་འདུས་ཏེ། དཔེར་ན་རྐྱང་པའི་དབང་དུ་དགྱེས་རྡོར་ལྷ་དགུ་ནི། སྙིང་གའི་འཁོར་ལོ་རྐྱང་པ་ལ་བཞག་པ་ཡིན་ཞིང་། ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན་ལས་བྱུང་སྟེ་སྤྱི་བོ་ནས་འཇམ་དཔལ་སྐུ་དང་གཤིན་རྗེ་གཤེད་སོགས་ནས་ཡན་མན་ནས་མ་མོ་ཉིང་ལག་ནས་འཇིག་རྟེན་མཆོད་བསྟོད་སྨོད་པ་དྲག་སྔགས་ཀྱི་ལྷ་ཚོགས། མདོར་ན་རྩ་ནི་སྐུ་ཡིན་ཏེ་ལམ་དུ་བསྐྱེད་རིམ། རླུང་ནི་སྔགས་དང་ཡི་གེའོ། །ཐིག་ལེ་ཕྲ་མོའི་བདེ་བ་ཡིན་ཏེ་ལམ་དུ་རྫོགས་རིམ་སྒོམ་མོ། དེ་བཞིན་སྦྱིན་སྲེག་སོགས་ལས་རྣམས་ཀུན། ནང་གི་སྦྱང་གཞི་སྦྱོང་བྱེད་ཡིན། འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ས་དང་ལམ་དང་གཟུངས་དང་། ཏིང་འཛིན་རབ་འབྱམས་སོགས་ཕར་ཕྱིན་ནས་གསུངས་པའི་ཡེ་ཤེས་ཐམས་ཅད་ལྷ་དང་སྔགས་ཀྱི་རིམ་པར། ལུས་སེམས་སྣང་བའི་དབྱེ་བ་ལས། བརྟེན་ནས་ཐམས་ཅད་གཟིགས་པས་གསུངས། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་སྟེ་དགུ་པའོ།། ༈ །།དེ་ལྟར་རྩ་རླུང་བྱང་སེམས་གནས་སྐབས་བཞི་ཕྱི་སྣོད་ལུས་ལ་སྦྱར་བ་རྣམས་ཤེས་པར་བྱ་བའི་གཞི་ཡིན་ལ། ཀུན་བརྟགས་ཀྱི་ལྷ་སྒོམ་བདེན་གཉིས་ཀྱི་གནས་ལུགས་སྦྱང་གཞི་སྦྱོང་བྱེད་སྦྱར་བཤད་ཀྱིས་ནི་འཆིང་བར་བྱེད་པའི་ཐབས་བརྗོད་ནས་དེ་ལ་བརྟེན་པའི་ལམ་བགྲོད་ཚུལ་རྩ་རླུང་ཐིག་ལེ་གསུམ། སེམས་ཀྱི་ཆ་ལས་སྣང་བ་སྟེ། སེམས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་ཁྱད་མེད་ཀྱང་སེམས་ཀྱི་རྟེན་རྩ་རླུང་ཐིག་ལེ་དག་མ་དག་གི་འཁོར་འདས་སུ་སྣང་བ་དེ་ཕྱིར་རྡོ་རྗེའི་ལུས་འདི་དོན་ལྕགས་གསེར་དུ་བསྒྱུར་བ་ལྟར་གནད་འཆིང་བ། ཉན་རང་ཕར་ཕྱིན་གྱི་ལམ་རིམ་ཀུན་ལས་ཁྱད་པར་འཕགས་སྟེ་སངས་རྒྱ་བ་ངེས་པར་སྔགས་ལམ་ལ་བརྟེན་དགོས་པས་སོ། གཉན་ཐོས་ནི་ལྟ་བ་གང་ཟག་བདག་མེད་བསམ་པ་དང་ཞི་བ་ཙམ། འབྲས་བུ་ཤིན་ཏུ་མྱུར་བས་ཚེ་གཅིག་མྱུར་བ་ཙམ་སྲིད་པ་ལན་གསུམ་སྟེ། རྒྱུན་ཞུགས་འགོར་ནའང་ལན་བདུན་མིའི་སྐྱེ་བ་བདུན་ལྷའི་སྐྱེ་བ་བདུན་དེ་གཉིས་ཀྱི་བར་སྲིད་བདུན་ཡིན། དེ་ནི་རང་དོན་ཞི་བ་ཙམ། རང་རྒྱལ་ཚོགས་སྤྱོད་ཆུང་ངུ་བསྐལ་པ་ཉི་ཤུ་ནས། བསེ་རུ་ལྟ་བུའི་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་འགྲུབ། སེམས་ཅན་ཐམས་ཅད་ཕན་བྱེད་པ། བྱང་ཆུབ་སེམས་དཔའ་སྲིད་ཞིའི་མཐའ་ལ་མི་གནས་ཤིང་སྐྱོ་བ་མེད་པར་བསྐལ་པ་གྲངས་མེད་གསུམ། འདིར་ནི་ལམ་གྱི་དངོས་གཞི་ཕར་ཕྱིན་དག་མཚུངས་ལ། དྲུང་རང་གི་རྟག་གཉིས་འགྲེལ་པར། སྔགས་ཀྱི་སྒྲུབ་མཐའ་ནི་ལྟ་བ་དབུ་མ་པ་ལ་ཐབས་ཁྱད་པར་འཕགས་ཏེ། ཁག་ཅིག་ཐབས་བཞིན་ལྟ་བ་ཡང་ལྷག་ཟེར་སྟེ་དཔྱད་དགོས་ཐབས་ཀྱི་ཁྱད་པར་གྱིས། ཕ་རོལ་ཕྱིན་པའི་དེ་ལ་ཁྱད་འཕགས་ལམ་དེ་ལ། བྱ་སྤྱོད་རིགས་གསུམ་གྱི་ལྷ་དང་ལྷའི་སྙིང་པོ་གསང་སྔགས་རིགས་རང་རང་གི་སྔགས་རྣམ་རྒྱལ་སོགས་གཟུངས་སྔགས་ཀྱིས་རང་གཞན་གྱི་དོན་སྒྲུབ་པའི་ཚུལ་གྱི་ཐབས་མཁས་ཙམ། ལྡན་ཡང་ལོ་བརྒྱ་པའི་མི་ཚེ་ལོ་དྲུག་སྟོང་དྲུག་ཅུ་སྟེ། རྣལ་འབྱོར་རྒྱུད་ཀྱི་སྔགས་དང་ཕྱག་རྒྱ་ལྡན་ན་མི་ཚེས་བཅུ་དྲུག་ལོ་དྲུག་སྟོང་དྲུག་བརྒྱས་ཡིན། བླ་ན་མེད་པ་ཚེ་གཅིག་གིས། བརྩོན་ལྡན་ལོ་གསུམ་ཕྱོགས་གསུམ་དུ་ས་ལམ་བགྲོད་ནས་ངེས་པར་འགྲུབ་པར་འགྱུར། དང་པོར་བླ་མ་མཚན་ལྡན་ལ་དབང་དོན་ངོ་འཕྲོད་ཐོབ་བསྐྱེད་རྫོགས་ནི། ལེགས་ཤེས་ཉམ་ཀྱི་རྒྱུ་བདེ་གཤེགས་སྙིང་པོ་རྐྱེན་བླ་མ་ལ་མོས་མོས་སྒྲུབ་ཀུན་གཞིའི་སོགས་བར་མ་ཆད་རྒྱུན་སྦྱོར་གྱི་བརྩོན་འགྲུས་སྒྲུབ་ཚོགས་ལམ་སྟེ་རྒྱུད་ལ་ཡིད་ཆེས་སློབ་དཔོན་ལ་ཡིད་ཆེས་རང་གི་མྱོང་བ་ལ་ཡིད་ཆེས་པ་ལུང་རྗེས་དཔག་མངོན་སུམ་ཚད་མ་གསུམ་ཡི་སྒོ་ནས་ཚོགས་ལམ་ཆེན་པོར་རྒྱུན་ཆོས་ཀྱི་ཏིང་འཛིན་ནི་འདིར་སྒྲུབ་པ་ལ་རྩེ་གཅིག་པ་སངས་རྒྱས་ལས་གདམ་ངག་ནོད་པ། དེ་བཞིན་དུ་དྲན་ཉེ་བཞི་འདིར་བདེ་མཆོག་ལྟ་བུར་མཁའ་འགྲོ་མ་བཞི་སྒོམ་པ་ཡིན་ཏེ། ལུས་གཙང་འཛིན་ནི་སེམས་ཡིན། སེམས་དེ་བསྐྱེད་པའི་བརྟེན་རླུང་ཐིག་ཡིན་པས་ས་བོན་ལམ་ལྟ་བུ་ལས་མཁའ་འགྲོ་མ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པ་དང་གཟུངས་དཀྱིལ་ཀྱང་རུང་། དེས་ན་གཞི་འགྱུར་ལམ་ཞེས་རྣམ་པ་རྟོག་པས་ལྷར་བསྒྱུར་ལམ་ཡིན་ཏེ། རྟོག་པས་བརྟགས་པ་དེ་ཡང་དངོས་དང་མཐུན་པར་བརྟགས་པས་སོ། གཞི་དངོས་པོའི་ལམ་ནི་རྫོགས་རིམ་སྟེ་རགས་པ་དང་ཕྲ་ལུས་ཀྱི་གནད་བཅིངས་པས་ཤིན་ཏུ་ཕྲ་ལུས་སྟོང་གཟུགས་མཐོང་བ་ནི་ལུས་དྲན་ཉེ་ཚོར་བ་བདེ་ཆེན་དུ་ཤར་བ་ཚོར་དྲན་སེམས་སོ་སོ་རང་གིས་རིག་པ་སེམས་དྲན། སེམས་ཐམས་ཅད་ཟུང་འཇུག་ཏུ་རྟོགས་པ་ཆོས་དྲན། ཡང་ན། ལུས་ལྷ་ལྷ་སེམས་སྟོང་པ་སྟོང་པ་བདེ་ཆེན་དུ་ཤར་བ་ལ་ལུས་སེམས་ཆོས་ཚོར་བ་དྲན་ཉེར་ཡང་བཞེད། དེ་བཞིན་བྱང་ཕྱོགས་མཐའ་དག་ལ་རིགས་འགྲེལ། རྩ་རླུང་ཐིག་ལེའི་གནད་འཆིང་ཚུལ་ཤེས་ནས། རྫོགས་རིམ་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་སྐྱོང་བ་ནི་ཀུན་ཏུ་བཟང་པོའི་སྤྱོད་པར་གནས་ནས་དྲོད་ཐོབ་པ་ནི་ནས། སྦྱོར་ལམ་དུས་སོགས་ཀྱིས་མཚོན་པའི་བདེ་གསལ་མི་རྟོག་པའི་ཏིང་འཛིན་ཐོབ་པ་ཉིད་ལ་གནས་པ་ཡིན་ནོ། །དྲོད་ཆུང་འབྲིང་ཆེ་གསུམ་སྟེ་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་དང་རྫུ་འཕྲུལ་གྱི་ཆ་གྲུབ་པ་ཕར་ཕྱིན་གྱི་སྦྱོར་ལམ་དང་པོ་གསུམ་མོ་གནས་པ་ཡིན། དེ་ཚེ་སྦྱོར་ལམ་སྦྱོང་ལུགས་རིག་པས་བརཏལ་ཞུགས་སྤྱོད་པ་ཡིས་སྤྲོས་བཅས་རྐྱེན་སྣ་ཚོགས་དང་བསྲེ་བ་འདོད་ན་བྱ་མི་འདོད་ན་ཕྱག་རྒྱ་གསུམ་དོར་ནས་ཕྱག་ཆེན་དང་སྦྱར་བ་སྤྲོས་མེད་ཀྱི་སྤྱོད་པས། སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། འདིའི་མཚན་གཞི་ནི་སོ་སོར་དབང་ཡུལ་གྱི་འབྲེལ་པ་གཅོད་པ་སྡུད་ཡུལ་ལྔ་ལ་མི་རྟོག་པའི་དོན་པ་དང་། ཡིད་ཆོས་ཀྱི་འབྲེལ་བ་གཅོད་པ་བསམ་གཏན་རྩེ་གཅིག་པ་བསྟན་གྱི་དབྱེ་གཞིར་བྱས་པའི་རྟོགས་དཔྱོད་དགའ་བདེ་སྟེ་ཡན་ལག་སྟོང་གཟུགས་ལ་རྟོག་པ། དེ་ཤེས་བྱ་ཐམས་ཅད་ལ་སྦྱར་ནས་དཔྱོད་པ། དེ་ལས་ལུས་བདེ་སེམས་དགའ། རྩེ་གཅིག་པ་ངོ་བོ། འདི་ནི་གཙོ་བོར་རྩ་འཆིང་བས་རྩ་ནི་སྦྱང་བ་ཞེས་ཀྱང་བཤད། བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པ་ཡིས་འབྲས་བུ་ནི། མངོན་པར་ཤེས་པ་ལྔ་ཐོབ་གསུངས། ལུས་ཀྱི་རྩ་ཐམས་ཅད་དག་པར་འགྱུར་བས་སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ་ལམ་དུས་ཀྱི་སྐུ་རྡོ་རྗེ། སོར་བསམ་གྲུབ་པ་དེ་ནས་དེའི་སྟེང་དུ་སྲོག་སྟེང་འོག་དབྱུང་རྔུབ་གཡས་གཡོན་གང་ལའང་འཇུག་པ་འདྲ། སྒྲ་དོན་ནི་ཚེ་སྲོག་གི་རྟེན་འབྱུང་འཇུག་གི་རྩོལ་བ་ཅན་ནོ། རྩོལ་སྦྱོར་ལྡན་པས། སྲོག་རྩོལ་གྱི་རོ་རྐྱང་གི་རླུང་དབུ་མར་བཀག་ཅིང་འཛིན་པས་འཁོར་ལོ་སོ་སོའི་ལྟེ་བའི་མི་ཤིགས་པ་སྲོག་ཐུར་གྱིས་བཅིངས་པ་ལས། ལས་རླུང་སྟོང་བརྒྱད་བརྒྱ་འགག་ཅིང་དེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་འཕོ་བ་འགག །དེ་ལ་བརྟེན་པའི་རྣམ་རྟོག་ཀྱང་སྟོང་བརྒྱད་བརྒྱ་འགགས་ཏེ་འཇིག་རྟེན་གྱི་ཁམས་མཐོང་ལམ་ལ་སྟེ་འཛིན་པ་ནི་སྦྱོར་བར་འཛིན་པ་དང་སེམས་དབེན་པའི་མཐར་བདེན་པ་མཐོང་སྟེ་བྱེད། དུས་འཁོར་རྩ་རྒྱུད་ལས་རྟག་ཏུ་རྟེན་ལུས་དང་བརྟེན་པ་སེམས་ཀྱི་བྱང་སེམས་འཛིན་པའི་སྟོབས་ཀྱིས་ནི། རྡོ་རྗེ་སེམས་དཔར་ཡང་དག་འཇུག་ཅེས་གསུངས་སོ། །འདི་ནི་གཙོ་བོར་རླུང་གི་རྣལ་འབྱོར་ཞེས་བྱའོ་ལ་ལམ་དུ་གསུང་རྡོ་རྗེ། སྒོམ་ལམ་ནི་སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་ཤིན་ཏུ་སྤྲོས་མེད་མཉམ་བཞག་རྣམ་པར་མི་རྟོག་པ་གཉིས་ཀྱིས། ཤེས་རབ་ཀྱི་སེམས་ཅན་ཐམས་ཅད་ལ་ཆགས་པ་རྗེས་སུ་དྲན་པའི་ཡན་ལག་ཞེས་གསུངས་ཏེ་བདེ་བ་དང་སྙིང་རྗེ་གནད་གཅིག་པ་ཤེས་རབ་ཀྱི་བྷ་གར་ཐབས་ཀྱི་ལིངྒ་བཞག་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་རྗེས་སུ་དྲན་པ་སོགས་དྲུག །ཡང་ན་འཁོར་ལོ་དྲུག་གི་ལྟེ་བའི་བྷ་གའི་པདྨར་ཡེ་རླུང་གི་ཐིག་སེམས་འདུ་འཕྲོད་བདེ་བའི་ལིངྒ་བྱང་སེམས་ཉམས་སྤྲོ་མེད་པར་ཁམས་གསུམ་བསྐྱེད་པའི་རྩ་རླུང་ཐིག་སེམས་ཐམས་ཅད་དག་པས་བདེ་ཆེན་སངས་རྒྱས་གཟུགས་སུ་བསྒོམ་པའོ། དགའ་བ་དང་སྙིང་རྗེ་མིང་གི་རྣམ་གྲངས་ཐོད་པའི་ཀ་བདེ་བ་པཱ་ལ་སྐྱོང་བར་བཤད་པ་སྙིང་རྗེ་དང་བདེ་བའི་སྒྲས་ཞི་བའི་མཐའ་འགོག་པའོ། ཕྱག་བཅུ་དྲུག་ལ་ཐོད་པ་གནས་པ་སྟོང་པ་ལ་བདེ་བ་གནས་པའི་དོན་དོ། དེ་སྐད་དུ།གཟུགས་ནི་སྲིད་པར་མི་འོང་སྟེ། འགྱུར་མེད་མྱ་ངན་འདས་མི་འགྲོད། ཞེས་གསུངས་སོ། མཆན་གྱི་མཆན། སྦྱང་བྱས་ལུགས་འབྱུང་དུ་ལྷན་སྐྱེས་ནས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་འཛིན་པ་ཏིང་འཛིན་དུ་ལུགས་བཟློག་འཛག་མེད་ཡེ་ཤེས་སྦྱོར་བ་ཡིན་ལ་ནི། འདི་ནི་བདུད་དང་ཐེག་དམན་གྱི་ཕྱོགས་ལས་རྣམ་རྒྱལ་གྱིས་སྤྱོད་པ་སྤྱད་པས་འགྲུབ་སྟེ། གཞན་དོན་ཕུན་ཚོགས་དང་འབྲེལ་བས་ཚོགས་ཀྱི་སྤྱོད་ཡང་དང་བཅས། དང་པོ་དུས་སྦྱོར་བརྒྱ་ཕྲག་བཅོ་བརྒྱད་ཀྱི། ལས་རླུང་དང་རྟོག་པ་མངོན་འགྱུར་བ་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། དུས་སྦྱོར་གཉིས་པ་རླུང་དང་ཐིག་ལེ་ལྷན་ཅིག་ཏུ། གསང་བར་འགགས་པ་མཐོང་བའི་ལམ། དེ་ཡིས་རྟེན་འབྲེལ་བཅུ་གཉིས་རེ་རེ་ལ་ལུས་ངག་ཡིད་ཡེ་ཤེས་བཞིར་ཡོད་པའི་ལུས་ཀྱི་ཆ་རྣམས་མཐོང་ལམ་དུ་འགགས་པས་མ་རིག་པ་སོགས་ལུགས་འབྱུང་དུ་འགག་ཡང་པ་རེ་བཞིན་སྐྱེ་བ་རྒ་ཤི་སོགས་རིམ་གྱིས་ལུགས་བཟློག་ཏུ་ངག་ཐུགས་ཡེ་ཤེས་ཀྱི་རྣམས་འགག། དུས་སྦྱོར་གསུམ་པར་ཡང་གསང་བ་དེ་ཉིད་དུ་དག་པ་སྟེ་ས་གཉིས་པ། ལྟེ་བར་དེ་བཞིན་དུས་སྦྱོར་བཞིན་དང་ལྔ་ས་གསུམ་པ་དང་བཞི་པ། དུས་སྦྱོར་དྲུག་དང་བདུན་པ་སྙིང་ག་སྟེ་ས་ལྔ་པ་དང་དྲུག་པ། དུས་སྦྱོར་བརྒྱད་དང་དགུ་པ་མགྲིན་པ་ལ་ས་བདུན་བརྒྱད། དུས་སྦྱོར་བཅུ་དང་བཅུ་གཅིག་སྤྱི་བོར་བཤད་ས་དགུ་བཅུ། མི་སློབ་པའི་ལམ་ནི་དེ་ནས་གཙུག་ཏོར་དུ་དུས་སྦྱོར་བཅུ་གཉིས་པའི་རླུང་རྟོག་འགགས་པས། དེ་ཚེ་སངས་རྒྱས་ཐོབ་པར་གསུངས་ལས་རླུང་ཐིག་ལེའི་འཕོ་བ་རྟོག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའོ། ངག་ཡིད་ཡེ་ཤེས་ཀྱི་རྟེན་འབྲེལ་བཅུ་གཉིས་ལུག་བཟློག་འགགས་པ་དང་། དུས་སྦྱོར་འགགས་པ་ཡང་མས་བརྟན་དགའ་བ་བཅུ་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རིམ་པས་ཚེས་གཅིག་ནས་ལྔའི་བར་ཕུང་ལྔ་འགགས་པའི་དགའ་བ་ལྔ་དེ་བཞིན་ཁམས་ལྔའི་ལྔ་དབང་པོ་ལྔའི་ལྔ་བཅུ་དྲུག་པ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆ་རྣམས་འགགས་པའི་དགའ་བའོ་ཕྱི་སྟོང་པོ་ཉིད་སོགས་ཡིན། སྟོང་དང་སྙིང་རྗེ་ཟླ་བའི་ནག་ཕྱོགས་དང་མཐུན་པར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ་ཆོས་ལ་དམིགས་པའི་ལྔ་དམིགས་མེད་ལྔ་བཅུ་དྲུག་པ་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་དགའ་བ་སྟོང་པ་སྙིང་རྗེ་གསུམ་དབྱེར་མེད་ནི་མི་སློབ་ལམ་གྲུབ། ས་དེ་རྣམས་བགྲོད་པའི་དུས་ནི་དབུ་མའི་རླུང་ལོ་གསུམ་ཟླ་ཕྱེད་གསུམ་འཛག་མེད་དུ་དག་པས། དེས་འབྲས་བུ་ཡེ་ཤེས་སྐུ་ཉིད་འགྲུབ་པ་ཡིན་ལ་ཡེ་ཤེས་དེ་ཡང་ཕུང་ལྔའི་རིམ་པར་ལྔའོ་ཉིད། རྩ་རླུང་ཐིག་ལེ་མ་བཅིངས་པར་འཁོར་བར་འགྱུར་ལ་བཅིང་ན་མྱང་འདས་ཐོབ་པས་བཅིང་ཐབས་རྣམ་གསུམ་གྱི། སྦྱོར་དྲུག་སོར་བསམ་གྱིས་ལུས་འཆིང་སྲོག་འཛིན་གྱི་ངག་རྗེས་གཏིང་གིས་སེམས་དང་ཡེ་ཤེས་བཅིངས་པས་མཐར་ཕྱིན་འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཡིན། དབྱེ་བ་དཔག་མེད་ཡོད་ཀྱང་འདིར་མ་བརྗོད། ཡེ་ཤེས་ཕྱོགས་གསུམ་དུ་མོས་སྤྱོད་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུར་མཐོང་བསྒོམ་མི་སློབ་ལམ་བགྲོད་དེ་ཁྱིམ་རྩ་དྲུག་ཅུ་པ་རེ་རེར་ཡེ་རླུང་ཞག་བཅོ་བརྒྱད་པ་དྲུག་ཅུ་ལ་སྟོང་བརྒྱད་ཅུའོ། །རིམ་པ་ཐམས་ཅད་ཀྱང་། སྔ་མའི་སྦྱང་གཞི་དང་མཚུངས་འཐོབ། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་བཤད་པ་ལས་ལམ་བསྐྱེད་རིམ་བསྟན་ནས་རྫོགས་རིམ་ལ་འཇུག་པ་ན་བརྒྱུད་པ་འདིའི་ལུགས་དབང་གོང་མས་སྨིན་རྗེས་ཡེ་ཤེས་ཀྱི་མཁའ་འགྲོས་རྗེས་སུ་འཛིན་པ་ལ་རག །དམན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མི་མ་སོགས་གྱུར་པ་དང་། འབྲིང་ལ་དེ་རྩ་རླུང་ཐིག་ལེར་གྱུར་པས་དང་། རབ་ལ་རྣམ་ཀུན་སྟོང་གཟུགས་བདེ་ཆེན་ཡེ་ཤེས་མཁའ་འགྲོར་གྱུར་པས་རྗེས་སུ་འཛིན་དགོས་དང་རིམ་པར་སྦྱར་བ་སྟེ་བཅུ་པའོ།། ༈ །།དེ་ནས་རྩ་རླུང་ཐིག་ལེ་རྣམས། བསྡུད་པའི་རིམ་པ་གསལ་བཤད་བྱ། བསམས་བཞིན་དུ་སྐྱེ་བ་ལེན་པའི་ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། ངེས་མེད་སེམས་ལ་ཇི་ལྟར་འདོད་པ་བཞིན་ལ་དབང་ཐོབ་ཕྱིར་བསམ་བསྟན་མ་དང་རྫས་སྔགས་ཀྱི་སྟོབས་གྲུབ་པ་རྣམས་ལའང་ངེས་པ་མེད་དོ། སོ་སྐྱེ་ཐ་མལ་ས་ཁམས་དྲུག་ལྡན་གྱིའི་དབང་དུ་བྱས་པ་རྡོ་རྗེའི་ལུས་འདི་ལ། སྐྱེས་ནས་ལོ་གཅིག་ལ་ཕྱོགས་གསུམ་མ་ཚང་བ་ཟླ་བ་ཕྱེད་དང་བཅུ་གཅིག་བར་དུ་ནི། རྩ་ཁམས་ཐམས་ཅད་སྐྱེ་བར་བྱེད་པ་སྟེ། རྫོགས་མ་ཐག་ཕྱི་ཉིན་དེ་ནས་ཞག་རེ་ཐབས་ཤེས་རྩ་གཉིས་གཉིས་ཀྱི། ནུས་པ་སྐམས་པར་བཤད་པ་ཡིན། ལོ་བརྒྱ་ལ་རྩ་སྟོང་ཕྲག་བདུན་ཅུ་གཉིས། སྡུད་པ་རགས་པའི་རིམ་པའོ། དུས་འཁོར་དང་སྦྱར་ནས་ཞིབ་པར་ན་ལོ་ནི་དགུ་བཅུ་དྲུག་དང་། ཟླ་བ་གོང་གི་ཕྱེད་དང་བཅུ་གཅིག་བར། སྟོང་ཕྲག་དོན་གཉིས་ཀྱི་རྩ་ནང་ནས་ཕྲ་བའི་རྩ་ཀུན་སྡུད་པ་སྟེ། དེའི་གྲངས་ནི་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་། ལྔ་བཅུ་བསྡུད་འགྱུར་ཉིན་ཞག་རེ་ལ་ཆ་གཉིས་གཉིས་སུ་སྡུད་པས་སོ། །དེ་འོག་ལོ་གསུམ་ཕྱོགས་གསུམ་ལ། རྩ་དེའི་ལྷག་མ་ཚིགས་ཀྱི་རྩ་བདུན་བརྒྱ་ཉི་ཤུ་འཁོར་ལོའི་རྩ་བརྒྱ་བཅུ་བཞི་ཉེར་བཞི་ལས་ཕྱེ་བའི་སྟོང་བཞི་བརྒྱ་བཅུ་དྲུག་སྟེ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་དག །དེའི་ཚུལ་ཡང་ཚིགས་ཆེན་བཅུ་གཉིས་ཀྱི་རྩ་སུམ་བརྒྱ་དྲུག་ཅུའི་རྩ་རྣམས་ནི། ཞག་ནི་གསུམ་གསུམ་རེ་རེ་ན་རྩ་སྐབས། སུམ་བརྒྱ་དྲུག་ཅུ་སོར་ཚིགས་རྩ་ཡང་དེ་དང་གྲངས་མཉམ་བར་ཞག་གསུམ་གསུམ་ལ་རེ་རེ་སྐམས་ཏེ་ཚིགས་ཆེན་གྱི་ཚིགས་ཕྲན་གྱི་རྩ་བདུན་བརྒྱ་ཉི་ཤུ་སྐམས་ལ་ལྟེ་བའི་དྲུག་ཅུ་རྩ་ཁྱིམ་ནི། རླུང་གི་ནུས་དང་མཚུངས་པར་སྡུད་ལོ་གསུམ་གྱི་ནང་དུ། སྤྱི་བོའི་རྩ་བཅུ་བཞི་ཞག་ནི་བཅོ་ལྔའི་ནང་དུ་སྡུ་སྟེ། མགྲིན་པའི་རྩ་ཉི་ཤུ་རྩ་བརྒྱད་ནི་ཟླ་གཅིག་གི་ནང་དུ་སྡུད་གསང་གནས་རྩ་ཡང་དེ་དང་མཚུངས་པས་ལོགས་སུ་མི་བགྲང་། སྙིང་གའི་རྩ་བརྒྱད་ནི་ཞག་བརྒྱད་ནང་དུ་འདོར། དེ་ལྟར་འཁོར་ལོ་བཞིའི་རྩ་བརྒྱད་དང་བཅུ་བརྒྱ་དྲུག་ཅུ་ནོར་བ་ཡིན་གསུང་། གཙུག་ཏོར་རྩ་བཞི་དང་བཅས་ཡིན་པས་བརྒྱ་དང་བཅུ་བཞི་རྣམས་ནི་དབུ་མའི་ཆ་མ་གཏོགས་པའི་དོར་ཚུལ་རྩ་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལའང་། རྩ་ཆེན་དྲུག་ཅུ་ཡོད་པས་སྟོང་བཞི་བརྒྱ་བཞི་བཅུའི་རྩ་ཉེར་བཞི་མ་གཏོགས་པའི་སྟོང་བཞི་བརྒྱ་བཅུ་དྲུག་པོ་དྲུག་ཅུ་ནི། ལྟེ་བའི་ཁྱིམ་གྱི་འཁོར་ལོ་དང་ནུས་པ་དང་མཚུངས་པས་ལོ་གསུམ་ནང་དུ་བསྡུད། རྩ་ཉེར་བཞི་པོ་ལ་ཡང་ཐིམ་དང་ལོངས་སྤྱོད་དཀར་ཆ་འབབ་པ་བདག་པོ་ཁྲག་རྒྱུ་བ་གསུམ་གྱི་ཕྱེ་བ་ཡི། རྩ་བའི་རྩ་བདུན་ཅུ་རྩ་གཉིས་པོའི་ནང་དབུ་མའི་ཆ་རླུང་རྒྱུ་བ་ཉེར་བཞི་མ་གཏོགས་པའི་དཀར་དམར་གྱི་ཆ་ཞེ་བརྒྱད་ནི། ཕྱོགས་གསུམ་ནང་དུ་སྡུད་པ་ཡིན། དེ་ལྟར་འཁོར་ལོ་རྩ་ཆེན་རྣམས། བསྐམས་ཏེ་རླུང་དང་བྱང་སེམས་རྣམས་མི་རྒྱུ་བ། དེ་ནས་མུན་པ་ཆེན་པོའི་རླུང་ཞག་གཅིག་རྒྱུས་ནས་འཕོའོ་ལ་ཞག་གཅིག་པོའི་རིང་ལ་དབུ་མའི་ཆའི་རྩ་སོ་དྲུག་སྡུད་དེ། རླུང་རྒྱུ་བ་ར་བཞི། སྤྱི་བོའི་གཉིས། མགྲིན་པའི་གཉིས། སྙིང་གའི་སྟེང་འོག་གི་ཆ་གཉིས། ལྟེ་བའི་རྩ་བཞི། དབུ་མའི་མར་སྣ་དུང་ཅན་དང་ཡར་སྣ་ཚངས་བུག་གཉིས་ཏེ་སོ་དྲུག་གོ། གཞན་དག་མུན་པ་ཆེན་པོའི་རླུང་ཞག་གཅིག་པ་དབུ་མ་རང་དུ་རྒྱུ་བར་འདོད། དྲུང་གི་བཞེད་པ་རྩ་སོ་དྲུག་པ་ཐམས་ཅད་དུ་རྒྱུ་བར་བཞེད་དེ། ཞག་ཕྱེད་ནས་འཆི་བ་ལ་ཡང་ཡན་ལག་གི་འཕར་རྩ་མཐོང་བ་དང་ཡན་ལག་གི་དབུ་མའི་རྩ་ལ་གནད་པས་ཡུད་ཙམ་ནས་འཆི་བར་ཡང་མཐོང་བས་སོ། །རླུང་གི་སྡུད་རིམ་བསྟན་པ་ནི། དབུ་མ་སྐྱེས་ནས་བཟུང་རླུང་བཅུ་ཟླ་བཅུ་ནས་རྫོགས་ཏེ། སྐྱེས་ནས་དུས་སུ་འཆི་བ་གང་། ལོ་ནི་བཅུ་བཅུ་རིམ་པ་ལྟར། ནོར་རྒྱལ་ལྷ་སྦྱིན་རྩངས་རུས་སྦལ། ཀླུ་དང་ཁྱབ་བྱེད་མཉམ་གནས་དང་། གྱེན་རྒྱུ་ཐུར་སེལ་སྲོག་རླུང་གི། སྟོབས་ནུས་གཙོ་ཆེ་རྣམས་ཕྱི་མ་གཅིག་ལ་སྔ་མ་གཅིག་ཐིམ་པར། འགྱུར་ཞིང་དེ་དང་དེའི་ཚེ་ཡན་ལག་དང་དབང་པོ་ཉམས་པར་མངོན་ཞེས་རྡོ་རྗེ་ཕྲེང་བར་གསུངས། རྒྱས་པར་དུས་ཀྱི་འཁོར་ལོ་ལས། དིང་སང་ཚེའི་ཚད་བྲི་བས་འདིའི་རིམ་པ་ཡང་མི་མཚུངས་སྐྱེས་བུ་ཚེ་ལོ་བརྒྱ་པ་གང་། སྐྱེས་ནས་ལོ་གཅིག་ལ་ཕྱོགས་གསུམ་མ་ཚང་བ་ཟླ་བ་ཕྱེད་བཅུ་གཅིག་རིང་རླུང་རྣམས་ཀྱི། དུས་སྦྱོར་ལྷག་པ་མེད་པས་གྲངས་ཀུན་མཉམ་པར་རྒྱུ། དེ་ནས་ལོ་རེ་ལ་བགྲོད་པ་གཉིས་རེ་བགྲོད་པ་རེ་ལ་ཟླ་བ་དྲུག་རེ་ཡོད་པས་ལོ་གཉིས་བགྲོད་པ་གསུམ་པ་ལ་གཡོན་དུ། ནམ་མཁའི་རླུང་རུ་རླུང་ཁུག་གཅིག་རྒྱུ་བ་ལྷག་པོར་འཕེལ། བགྲོད་པ་བཞི་པར་འཕེལ་འགྲིབ་མེད། ལོ་དང་པོ་མི་ཐེ་བའི་ལོ་གཉིས་པ་ལ་བགྲོད་པ་ལྔ་པ་ལ་སའི་རླུང་དུ། གཡས་པར་རླུང་ཁུག་གཅིག་སྟེ་སྔ་མ་དག་རླུང་ཁུག་གཉིས་ལྷག་པོར་འཕེལ་བ་ཡིན། དེ་ལྟར་བགྲོད་པ་དྲུག་པ་ལ་བ་མེད་བདུན་ལ་གཡོན་དུ་གཅིག་སྟེ་སྔ་མ་གཉིས་དང་གསུམ་འཕེལ་བ་སོགས་གཡས་གཡོན་རེ་མོས་རེ་རེ་འཕེལ་བས། ཕྱོགས་གསུམ་མ་ཚང་ལོ་བདུན་ལོ་རིལ་པོ་ལྔ་དད་ཟླ་བ་དྲུག་ན་འཆི་རླུང་དབུགས་དྲུག་སྟེ། ཆུ་སྲང་གཅིག་འགྱུར་གཡས་སུ་རྒྱུ་དེ་ནས་ཀྱང་ལོ་དྲུག་ཅུའི་རིང་ལོ་དང་པོ་ལ་ནི། སྣ་བུག་གཡོན་དང་དུ་ཆུ་སྲང་གཅིག་དང་ལོ་གཉིས་པར་གཡས་སུ་ཆུ་སྲང་གཅིག་སྔ་མ་དང་གཉིས་སོགས་རིམ་པ་བཞིན། ལོ་རེ་གྲངས་ཡ་ལ་གཡོན་ནས་ཆུ་སྲང་ཡ་དང་ཟུང་ལ་གཡས་ནས་གཟུང་རེ་རེ་འཕེལ་བས་ལོ་སྔོན་མོ་བདུན་ཐེ་བའི་ལོ་དྲུག་ཅུ་རྩ་བདུན་ལོ་ནས་ནི་འཆི་རླུང་ཆུ་སྲང་དྲུག་ཅུ་སྟེ། ཆུ་ཚོད་གཅིག་ཏུ་འགྱུར་ཞིང་གཡོན་ནས་གཡས་ཟེར་རྒྱུ། དེ་ནས་ཡང་ལོ་སུམ་ཅུའི་བགྲོད་པ་དྲུག་ཅུ་ལ་བགྲོད་པ་དང་པོ་ལ་གཡོན་ནས་ཆུ་ཚོད་གཅིག་དང་གཉིས་པ་ལ་གཡས་ནས་ཆུ་ཚོད་གཅིག་སྟེ་སྔ་མ་དང་གཉིས་རྒྱུ་བ་སོགས་རེ་རེ་བཞིན། ལོ་ནི་སུམ་ཅུར་འི་བགྲོད་པ་རེར་དབྱུག་གུ་འཕེལ། གཡོན་གཡོན་ནས་ཆུ་ཚོད་ཡ་དང་གཡས་པ་ནས་ཟུང་རིམ་པ་བཞིན་འཕེལ་བ། གཡོན་དུ་མཁའ་དང་གཡས་སུ་ས་རླུང་གི་གནས་དེར་འབྱུང་། ལོ་རིལ་པོ་དགུ་བཅུ་གོ་དྲུག་དང་ཟླ་བ་ནི། ཕྱེད་དང་བཅུ་གཅིག་ལོན་ནས་གཡོན་གཡས་སུ་ཟེར་དུ་ནི། ནམ་མཁའི་སའི་ཟེར་རང་བཞིན་ཆུ་ཚོད་དྲུག་ཅུ་ཞག་གཅིག་རྒྱུ། དེ་ནས་ལོ་གསུམ་ཕྱོགས་གསུམ་ན། འཕོ་བར་འགྱུར་བས་ལོ་བརྒྱ་ཐམས་པ་ཡིན། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི། དབུ་མའི་འཆི་ལྟས་ངེས་པ་ནི། ཟླ་བ་ལོ་གསུམ་ཕྱོགས་གསུམ་དེ་ལ་ཟླ་བ་རིལ་པོ་སོ་བདུན་དང་ཟླ་བ་ཕྱེད་བཅས་ཡོད་པ་ལ། དེའི་ནང་ན་ཟླ་བ་སོ་བཞི་ཕྱེད་བཅས་རིང་ལ་ཞག་སུམ་ཅུ་འཕེལ་ཏེ་ཞག་སོ་བཞི་ཕྱེད་བཅས་ན་གཡོན་པས་ནམ་མཁའི་དཀྱིལ་འཁོར་དུ་འཆི་ཞག་གཅིག་ཕྱེད་དང་སོ་བཞི་ནས་གཡས་གསུམ་རླུང་དུ་ཞག་གཅིག་ལྔ་མ་དང་བསྡོམས་པས་སོ་གཉིས་སོགས་ཞག་གྲངས་ལ་འཆི་ཞག་གཡས་གཡོན་རེ་མོས་སུ། རེ་རེ་འཕེལ་འགྱུར་མཐར་ཞག་ཕྱེད་དང་དྲུག་ནས་གཡས་སུ་ནམ་མཁར་འཆི་ཞག་སུམ་ཅུ་འབབ་པ་དང་ལྟེ་བའི་གཡས་ཀྱི་ནམ་མཁའི་རྩ་དྲུག་སྐམས་པ་སུམ་ཅུའི་བར། ལྟེ་བའི་ཁྱིམ་གྱི་རྩ་གཡོན་དང་གཡས་སུ་སུམ་ཅུ་སུམ་ཅུ་དྲུག་ཅུ། ཐོག་མར་སྣ་བུག་གཡོན་དུ་མཁའ་ལྟེ་བ་རྩ་ནས་རིམ་པ་ལྟར། འཆི་ཞག་གཅིག་གསུམ་ལྔ་རེ་ཚན་པ་གསུམ་སོགས་གསུམ་གསུམ་གྱིས་ནི་རྩ་ལྟེ་བའི་གཡོན་གྱི་ནམ་མཁའི་རྩ་དྲུག་སྐམས་པ་སོགས་དྲུག་དྲུག །སྐམས་ཤིང་མི་མཉམ་རྒྱུ་བས་འཕེལ། དེ་བཞིན་སྣ་བུག་གཡས་ནས་མཉམ་པ་རུ། གཉིས་བཞི་ལ་སོགས་ལྟེ་བའི་ས་རླུང་ནས། སྡུད་རིམ་གྱིས་འགག་ཅིང་ཁྱིམ་གཉིས་བཞི་དྲུག་སྟེ་ཚན་པ་གསུམ་གྱིས་སའི་རྩ་དྲུག་སྟོངས་པ་སོགས་དྲུག་སྟོངས། དེ་ཟླ་བ་སོ་བཞིར་ཕྱེད་བཅས་སོང་ཞིང་ལྟེ་བའི་ཕྱི་རིམ་ཀྱི་རྩ་བསྐམ་པའི་རྗེས་ཟླ་བ་གསུམ་དང་ཞག་བདུན་པོ་ལ། སྣ་བུག་གཡོན་ནས་འཆི་ཞག་སོ་གཅིག་བབ་པས་ལུས་ཀྱི་བད་ཀན་སྙིང་སྟོབས་ཟད་ཅིང་གཡོན་གྱི་འཕོ་བའི་རྩ་དྲུག་བསྐམས་ཏེ་ཟླ་བའི་འཕོ་བ་ཟད། གཡས་ནས་སོ་གཉིས་བབ་པས་ལུས་ཀྱི་མཁྲིས་པ་དང་རྡུལ་ཟད་བྱེད་ཅིང་རྩ་དྲུག་སྐམས་ཏེ་ཉི་མའི་འཕོ་བ་ཟད། རྩ་བའི་རྩ་ཆེན་དྲུག་དྲུག་འགག །དེ་རྗེས་སྣ་བུག་གཉིས་ཀ་ནས་མཉམ་རྒྱུ་ཞག་སོ་གསུམ་གྱིས་ལུས་ཀྱི་རླུང་ཀུན་ཟད་ཅིང་འཁོར་ལོ་དྲུག་གི་ནུས་པ་འཛིན་པའི་རྩ་དྲུག་བསྐམས་ཏེ་སྒྲ་གཅན་གྱི་འཕོ་བ་མཐར་ཐུག །དེ་ནས་མུན་པ་ཆེན་པོ་ཟད་བྱེད་རླུང་། དེ་ལ་ཞག་གཅིག་རྒྱུ་བས་དབུ་མའི་ཆ་རྩ་སོ་དྲུག་དང་འཁོར་ལོའི་ལྟེ་བ་རྣམས་བཅད་རླུང་རྣམས་འགགས་ཁམས་ཐམས་ཅད་དོར་ནས་སྲིད་པ་གཞན་དུ་ཞིང་འཕོ་བར་བྱེད། ལོ་བརྒྱ་པོ་དེ་ཟླ་བ་ཞག་ཆུ་ཚོད་ཆུ་སྲང་དབུགས་ཀྱི་བར་དུ་བསིལ་ནས་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས་སོ་གཉིས་རང་གིས་བགོས་པས་ལོ་གསུམ་ཕྱོགས་གསུམ། སོ་གཉིས་ཕྱེད་བཅས་ཀྱི་བགོས་ན་ལོ་གསུམ་ཞག་ཉེར་བདུན་ཆུ་ཚོད་བཞི་བཅུ་ཞེ་གཅིག་ཆུ་སྲང་སོ་གཉིས་དབུགས་གཅིག །བགོད་མ་ཐུབ་པའི་ལྷག་ལྔ་བཅུ་ང་ལྔ་ཡང་ལོ་གསུམ་ཕྱོགས་གསུམ་དང་ཕྱེད་བཅས་སོ། །གཉིས་ཀྱིས་བགོས་པས་འཆི་ཞག་སོ་གསུམ་ཐོབ། དབུ་མའི་འཆི་ལྟས་ངེས་པ་ཡིན། དེ་ནས་དུས་མིན་ཉི་མ་ཡི། འཆི་ལྟས་ངེས་པ་འདི་ལྟ་སྟེ། གཡས་ཁོ་ན་སུ་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ན་འཆིའོ། །གཡས་སུ་ཞག་ལྔ་རྒྱུ་ན་གླང་གི་རྩ་ལྔ་བསྐམས་ལོ་གསུམ་ཚེ་ཡིན་ཏེ། དེའི་སྟེང་དུ་ལོ་གཅིག་ན་ལྔ་ཏེ་བཅུ་རྒྱུ་ལོ་གཉིས་ཚེ་ཡིན་ནོ་ཁྱིམ་གཉིས་པའི་རྩ་བསྐམས། ཡང་ལྔ་སྟེ་བཅོ་ལྔ་རྒྱུ་ན་ལོ་གཅིག་ཚེ་ཁྱིམ་གསུམ་བསྐམས། ཡང་ལྔ་སྟེ་ཉི་ཤུ་རྒྱུ་ན་ཟླ་དྲུག་ཚེ་ཁྱིམ་བཞི་བསྐམས། ཡང་ལྔ་སྟེ་ཉེར་ལྔ་རྒྱུ་ན་ཟླ་བ་གསུམ་ཁྱིམ་ལྔ་བསྐམས། དེ་རྣམས་ལྔ་ཚན་འཕེལ་བ་སྟེ། ཁྱིམ་ལྔ་སྟོངས་པར་འགྱུར་བ་ཡིན། དེ་ནས་འཚོ་ཞག་ཟླ་གསུམ་གྱི་རིང་འཆི་ཞག་རེ་རེས་ཁྱིམ་རེ་འདོར་ཏེ་གཡོན་ནས་ཞག་བཞིའི་རྗེས་སུ་གཡས་ཀྱི་ཞག་གཅིག །ཉེར་དྲུག་པ་རྒྱུ་བས་ཟླ་གཉིས་ཚེ་ཁྱིམ་དྲུག་བསྐམས། གཡོན་པས་ཞག་གསུམ་ནས་གཡས་ཀྱི་གཅིག་ཉེར་བདུན་རྒྱུ་བས་ཟླ་གཅིག་ཐུབ། ཁྱིམ་བདུན་མ་འདས་གོང་འཆི་བསླུ་ནུས་འདས་ནས་འཆི་ལྟས་རྒྱས་པ་སྟེ། དེ་ནས་སུས་ཀྱང་འཆི་བ་བཟློག་མི་ནུས། དེ་ནས་ཞིབ་པར་ན་ཞག་ནི་སོ་གསུམ་ན་འཆི་བ། འཆི་ཞག་བཅོ་ལྔ་ཁྱིམ་བརྒྱད་པ་བཅུ་དགུ་པ་དང་ལྔ་བཅུ་པ་དང་གསུམ་བཅུ་གཅིག་བསྐམས། ཁྱིམ་བཞི་འདོར་བྱེད་བཅུ་གཅིག་སྟོངས། དེ་ལྟར་ཉི་མའི་སྟོབས་ཟད་དེ་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་། གཡོན་པས་ཞག་གཉིས་རྒྱུ་བར་བྱེད། ཁྱིམ་ནི་བཅུ་གཉིས་པའི་རྩ་ལྔ་ཡང་སྟོངས། དེ་ནས་དབུ་མར་ཞག་གཅིག་མུན་པའི་རླུང་མཉམ་རྒྱུ། རྣམ་ཤེས་ཕ་རོལ་འགྲོ་བར་བྱེད། གཡོན་གྱི་དུས་མིན་ཟླ་བའི་རྟགས་བཤད་པ། གཡོན་ནས་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ནང་འཕོའི་རྟགས། དེ་ནས་ཟླ་བ་དྲུག་པོ་ལ། ཟླ་བ་གཉིས་རེར་འཆི་ཞག་རེ་འཕེལ་བས་ཟླ་དྲུག་ལ་འཆི་ཞག་གསུམ་རྒྱུ། དེ་ནི་ཟླ་བ་སུམ་ཅུའི་ཚེ། ལྟེ་བའི་ལུག་གེ་ཁྱིམ་གཅིག་སྟོངས་པ་ཡིན། དེ་ནས་ཟླ་བ་སུམ་ཅུའི་ཟླ་བ་རེ་རེ་བཞིན། འཆི་ལྟས་ཞག་ནི་རེ་རེ་འཕེལ་བས། ཟླ་བ་གསུམ་གསུམ་གྱིས་ཁྱིམ་གཉིས་པ་སོགས་རེ་འདོར། གཡོན་རླུང་ཞག་གྲངས་དྲུག་སོགས་འཕེལ་བ་བཞིན། འཚོ་བའི་ཟླ་བ་ཉེར་བདུན་སོགས་འབྲི་བ་ཡིན་ཁྱིམ་གཉིས་པ་བསྐམས་པ་སོགས། གང་ཚེ་གཡོན་དུ་ཞག་ནི་སོ་གསུམ་རྒྱུ། ངེས་པར་ཞག་ནི་གསུམ་ན་འཆི། ཁྱིམ་ནི་བཅུ་གཅིག་སྟོངས་པ་ཡིན། དེ་ནས་ཞག་གཉིས་ཉི་མའི་ཁམས། ཟད་པར་བྱེད་པ་གཡས་ནས་རྒྱུ་ཁྱིམ་བཅུ་གཉིས་པ་བསྐམས། དེ་འོག་དབུ་མར་མཉམ་རྒྱུ་ཞག་གཅིག་གནས། རྣམ་ཤེས་གཞན་དུ་འཕོ་བ་ཡིན། དེ་ལྟར་ཉི་ཟླའི་རྟགས་འབྱུང་བ། ལྟེ་བའི་མཉམ་མི་མཉམ་ཟེར་པ་ལུགས་སོགས་ཀྱི། ཁྱིམ་ནས་ཐོག་མར་རླུང་རྒྱུ་བ། ཟླ་བའི་འཆི་རྟགས་གཙོ་བོ་སྟེ། གླང་སོགས་མི་མཉམ་མཉམ་པའི་ཟེར་ཁྱིམ་རྣམས་ལས། རླུང་འབྱུང་ཉི་མ་གཙོ་བོ་ཡིན། སྔ་མ་ལོ་བརྒྱ་ཐུབ་པ་ནས། སྐྱེས་ནས་ཞག་གཅིག་ཐུབ་པའི་བར། རྩ་ཀུན་རྒྱུ་དང་དབུ་མ་རྐྱང་། རྒྱུ་བའི་རིམ་པར་གསུངས་པ་ཡིན། གང་ཚེ་དུག་དང་མཚོན་དང་ནད། དྲག་པོས་རྩ་རྣམ་གཅིག་ཅར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས། ཇི་ལྟར་ལྟེ་བ་འགགས་པ་བཞིན། ཐུན་དང་རྒྱུ་སྐར་ཟླ་རྐང་གི། རིམ་པས་འཁོར་ལོ་གཞན་ཡང་མཚུངས། ལྟེ་བ་མ་གཏོགས་པའི་འཁོར་ལོ་ལྔ་དང་ཚོགས་ཀུན་ཀྱང་ཁམས་ལྔ་ལ། དབྱུག་གུ་བཅུ་གཉིས་བཅུ་གཉིས་ཀྱིས་ཕྱེ་བའི་དྲུག་ཅུ་ཡོད་ལ་ནི། ཞག་དྲུག་རྒྱུས་ནས་ཟད་པ་ཡིན། རླུང་གི་འཆི་ལྟས་བསྟན་པའོ། །དེ་ནས་ཐིག་ལེ་འགག་པ་ནི། ལོ་གཅིག་ནང་གི་ཁམས་འཕེལ་ནས། རླུང་གི་ནུས་པ་ཕྱིར་ཤོར་བས། ཐབས་ཤེས་དཀར་ནག་རྩ་འགྲིབ་སྔ་མ་བཞིན་ཐིག་ལེ་འགག །དེ་ནས་སྤྱིར་ནི་ལོ་ནི་བཅུ་དྲུག་བར། ཐིག་ལེ་འཕེལ་ཏེ་དེ་ནས་ནི། དཀར་བ་འགྲིབ་ཅིང་འདོར་བར་བྱེད། དེ་ནས་ལོ་བཅུ་དྲུག་ཁྲག་ནི་འཕེལ་བ་ཡིན། སོ་གཉིས་ནས་ནི་དེ་ཡང་འདོར། དེ་ནས་རླུང་དང་མེ་དང་ཆུ་སའི་སྟོབས། ལོ་བཅུ་དྲུག་རེ་ནས་འགྲིབ་པ་སྟེ། རགས་པ་དགུ་བཅུ་གོ་བདུན་པ། སྟོབས་ཀུན་དོར་ནས་ལོ་གསུམ་ན། འཆི་བའི་ངེས་པ་ཤེས་པར་བྱ། ལྟེ་བའི་ཁྱིམ་གྱི་རྩ་གཅིག་ཆད་པ་དང་། སྣ་བུག་གཡས་གཡོན་གང་རུང་གི་ཞག་གཅིག་དུས་སྦྱོར་ཆད་པ་མཉམ། ལུས་ཀྱི་ཟུངས་མི་ཐུབ་པ་གཅི་བ་ཉམས་པར་འགྱུར་བ་ཟླ་དྲུག་སྟེ། རྣ་བའི་རླུང་སྒྲ་དོར་ཞག་དྲུག་སྟེ། ལྕེ་ཡི་ཟས་ཀྱི་རོ་དོར་ཞག་ལྔ་ཡིན། མིག་དབུས་ཚངས་པའི་རི་མོ་གསར་བྱུང་རི་མོ་སྐྲ་རྩེའི་ཚད་ཀྱི་རི་མོ་དམར་ནག་ཞག་བཞིའི་ཚེ། སྣ་ཞོམ་དྲི་འཛིན་དོར་ཞག་གསུམ་མོ། ལུས་ཀྱི་རེག་བྱ་དོར་བ་ཞག་གཉིས་ཡིན། ཆོས་ཁམས་ཁུ་བ་ཉམས་པ་ནི། ཞག་གཅིག་ནས་ནི་ཕ་རོལ་འགྲོ། དེའི་ཚུལ་ནི་དཀར་ཆ་སྤྱི་བོ་ནས་འོག་ཏུ་ལྟུང་བ་སྟེ། དམར་ཆ་ལྟེ་བ་ནས་གྱེན་དུ་འགྲོ་བ་ཡིན། དཀྱིལ་འཁོར་གྱི་རླུང་རྣམས་སྣ་སྒོ་ནས་ཕྱིར་འགྲོ་སྟེ་ནང་དུ་མི་ལྡོག། དེ་ནས་ཕུང་ཁམས་ཐམས་ཅད་རྣམ་ཤེས་ཀུན་གཞི་ལ་ཐིམ་རྣམ་ཤེས་ནི། ཚངས་བུག་ནས་སྒོ་དགུ་ནི། སྒོ་ལྔ། ཚང་བུག །འོག་གི་བུ་ག་ག་གཉིས། ལྟེ་བ་དང་དགུའོ། གསུམ་གྱི་སྒོ་བཞི་རོ་རྐྱང་གི་ཡར་མར་སྣ་བཞིའོ། ཐུགས་ཀྱི་སྒོ་གཉིས་ནི་དབུ་མའི་སྣ་ཡར་མར་རོ། ནི་གཟུགས་མེད་དེ། སྨིན་མཚམས་གྱི་ཐིག་ལེ་ལས་ནི་ལྷ་མོ་ཆེ་གཟུགས་ཁམས། ལྟེ་བ་ལས་ནི་འདོད་ཁམས་ལྷ་རིགས་དྲུག །མིག་ལས་འདོད་པའི་མི་དབང་པོ། སྣ་ལས་གནོད་སྦྱིན་གནས་སུ་སྟེ། རྣ་བ་ལས་ནི་གྲུབ་པའི་ལྷ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པ་དང་སྐལ་མཉམ་གྱི་རིགས་འཛིན། སྲིད་པའི་ཁ་ཞེས་པའང་ཡོད་ཁུ་ལམ་སྒོ་ལས་ཡི་དྭགས་བཤད། དྲི་ཆུ་ཡི་ལམ་ནས་དུ་འགྲོར་འགྱུར། འོག་སྒོ་ལས་ནི་དམྱལ་བ་བརྒྱད་གང་རུང་། དེ་ནས་འཕོས་ནས་ཉིང་མཚམས་མ་སྦྱར་བར་དེར་བར་དོ་འབྱུང་བ་ཡིན། རྣམ་ཤེས་སྡུ་ཚུལ་ཚོགས་དྲུག་སྣང་བྱེད་ཡིད་གཉིས་ཐོབ་ཀུན་གཞི་གསུམ་ཐིམ་འོད་གསལ་པ་ནི། དེ་གསུམ་སྐུ་གསུམ་རང་བཞིན་ཉིད་ཡིན་པ་མ་ཤེས། སངས་རྒྱས་ཀྱི་སྙིང་པོ་འོད་གསལ་དེ་ཡང་སྔགས་ཀྱི་ཚུལ་དང་རྒྱལ་པོ་ལ་གདམས་པའི་མདོ་ལས། ཚེ་འདིའི་སྣང་བ་ཤས་ཆེར་འབྱུང་ཞིང་ཕྱི་མའི་སྣང་བར་ཡང་ཡད་ཡུད་འབྱུང་བར་གསུངས་པ་ལྟར་བཞེད་སྣང་དང་མུན་པ་དེ་ལ་སྒྲིབ་པའི་མ་རིག་བག་ཆགས་པ་ཡི། ཚོགས་དྲུག་ཡུལ་བཅས་བདེན་མེད་སྟོང་དང་སྟོང་པ་ཆེན་པོ་ཡིད་ཀྱི་འདུ་བྱེད་བདེན་མེད་རྣམས་ཀྱི་སྒྲས་ཤིན་ཏུ་སྟོང་པ་ཀུན་གཞི་ཉིད་མིག་ཡོར་ལྟ་བུ། དེ་ལྟར་ངོ་བོ་ཉིད་འབྱེད་པའི་རྟེན་འབྲེལ་མ་རྟོགས་པས་འཁོར་བའི་འཁོར་ལོ་འཁྱམས། དེ་ཉིད་སྦྱངས་པ་ཡེ་ཤེས་ཏེ། རྣམ་པར་དག་པས་མྱ་ངན་འདས། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས། རྩ་རླུང་ཐིག་ལེ་སྡུད་པའི་ཚུལ་བསྟན་པ་སྟེ་བཅུ་གཅིག་པའོ།། ༈ །།རྒྱལ་བས་རྒྱུད་རྣམས་ཐམས་ཅད་དུ། ཕྱི་རོལ་ཐུན་མོང་རྣམ་རིག་ཙམ་གྱི་སྣང་བ་དང་བཅས། ནང་དུ་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་དང་། གཞན་ལམ་དུ་ཀུན་རྟགས་ལྷ་དང་སྔགས་རྣམས། སྒྲིབ་གཉིས་ཀྱི་དྲི་མ་དང་བཅས་རྟོག་པའི་ཚེ་གཞི་དང་། དྲི་མ་མེད་པའི་འབྲས་བུ་ཡེ་ཤེས་རྣམ་པ་གཉིས། དྲི་མ་སྦྱང་བའི་ཐབས་ལམ་དང་ཐམས་ཅད་དོན་དམ་རང་བཞིན་དང་ཐ་སྙད་ཀུན་རྫོབ་ལས་བརྩམས་ནས་གསུངས་ཏེ་ཚུལ་ནི་དང་། སྤྲོས་དང་བཅས་མིང་ཚིག་ཡི་གེ་སྤྲོས་མེད་གསུངས་པ་ལ། ཕྱིའི་མངོན་པ་ནི་ཕྱི་རོལ་དོན་བྱེད་པོ་གཞན་མེད་པར་བསྟན་པ་དང་པ། རྟེན་ཅིང་འབྲེལ་པའི་སྣང་བ་སེམས་ཀྱི་རང་སྣང་སྟེ་སེམས་སེམས་བྱུང་སྤང་གཉེན་གྱི་རྣམ་གཞག་དང་། རྟོག་པས་བརྟགས་པའི་ལྡན་མིན་འདུ་བྱེད་ཀྱི་རྣམ་བཞག་དང་། སྣོད་བཅུད་ཕྲ་རགས་དང་མིང་ཚིག་དང་། ཡི་གེ་དང་ཕྱོགས་དང་དུས་ལ་སོགས་པའི་རྣམ་གཞག གསུངས་པ་ཕྱི་རོལ་མངོན་པ་སྟེ། ནང་གི་མངོན་པ་ཇི་ལྟར་ཕྱི་འཇིག་རྟེན་ཁམས་སོགས་བཞིན་ནང་ན་གནས་ཏེ། རྩ་དང་ལུས་དབྱིབས་འཇིག་རྟེན་གྱི་ཚད་དབྱིབས་ལ། ནང་གི་རླུང་གིས་ངག་དང་དུས་སྦྱོར་ཡི་གེ་བསྐྱེད། ཐིག་ལེ་གཟའ་དང་རྒྱུ་སྐར་དང་། ཁམས་འབབ་པ་ཆུ་བོ་མེ་ནང་གི་མེ་གསུམ་སོགས་ངེས་པ་སྔར་བསྟན་པ་ལྟར་རོ། ནང་གི་ཐབས་མཁས་པའི་ཁྱད་པར་ཤེས་པར་བྱ་བ་ནི་ཇི་ལྟར་མིག་བརྩུམ་གཟུགས་མི་མཐོང་། ཕྱེ་བས་ཟླ་བ་སོགས་གཟུགས་སྣང་བར་འགྱུར་བ་དང་། མིག་བཙིར་ན་ཟླ་བ་གཉིས་མཐོང་ལྟར། རྩ་རླུང་བྱང་སེམས་རྟེན་གྱི་གནད་འཆིང་མ་ཤེས་པས། སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མིན། གནད་ཤེས་ནས་བརྟེན་བཅིངས་ལམ་གྱི་རྟགས་བཅུས་མཚོན་པའི་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་སྟེ་མིག་བཙུམ་ཕྱེའི་ཁྱད་ལྟ་བུའོ། །ཕྱི་རོལ་དུ་གྲུབ་པ་མེད་ཀྱང་གདུལ་བྱ་གཞན་སྣང་ལ། སྤྲུལ་པ་ཀུན་བརྟགས་ལྷ་དང་དཀྱིལ་འཁོར་སྟོན་པ་ནི་མིག་བཙིར་བས་ཟླ་གཉིས་མཐོང་བ་ལྟ་བུ། དེ་ཕྱིར་སྔགས་གཞུང་ཐམས་ཅད་ནང་དོན་མངོན་པ་ཡིན། གཞན་བསྐྱེད་རིམ་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་དང་ཡང་། ནང་གི་གནས་སོགས་ས་དང་ལམ་དང་ཕ་རོལ་ཕྱིན། གཟུངས་སྔགས་དང་རིགས་སྔགས་ལྷ་དང་བཅས་བྱང་ཆུབ་ཕྱོགས་སོ་བདུན། བསྐྱེད་རྫོགས་ཀྱི་ཡན་ལག་ཟད་པར་ཟིལ་གནོན་ལ་སོགས་པ། རང་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་དང་ཟབ་དང་རྒྱ་ཆེའི་ཕྱིར། སྔགས་ཀྱི་ཐེག་པ་ནི་ནང་གི་མདོ་དང་ཕ་རོལ་ཕྱིན་པར་བརྗོད། འདུལ་བར་གསུངས་པ་བཞིན་ཕྱི་རོལ་ལུས་ངག་བསྲུང་སྡོམ་དང་། རང་བཞིན་བཅས་པའི་ཁ་ན་མ་ཐོ་བ་བསྲུང་བའི་ཚུལ་ལྡན་འདུལ་བ་ནི། ནང་དུ་རང་དང་གཞན་དོན་ལ། མ་རྨོངས་པར་ཀུན་རྫོབ་དང་དོན་དམ་དང་རྟེན་བརྟེན་པའི་བྱང་ཆུབ་སེམས་སྐྱེད་སྡོམ་པའི་ཚུལ་ཁྲིམས་ཐབས་མཁས་ཁྱད་པར་གྱིས། ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་བསྒྱུར་བྱེད་པ། དེ་ཕྱིར་སྔགས་ཀྱི་ཐེག་པ་ནི་ནང་གི་འདུལ་བར་གསུངས་སྡེ་སྣོད་གསུམ་ག་དང་མཐུན་པའི་ཕྱིར་འདི་ལ་རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱའོ། །འདུལ་དང་མདོ་སྡེ་མངོན་པ་ཕྱིར་ཤེས་པས། ཉན་རང་གི་ཐེག་པ་ཤེས་ཤིང་འབྲས་བུ་ཐོབ་བྱེད་དེ། ཟབ་མོའི་ཟབ་པ་དང་རྒྱ་ཆེ་བའི་མདོ་འདུལ་མངོན་པ་རྣམས་ཤེས་ཤིང་དེ་དག་ལ། སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། དེའི་སྟེང་དུ་ཐབས་མཁས་པའི་ཁྱད་པར་གཞུང་འདི་ནས་གསུངས་པ་ལྟ་བུ་ནང་དོན་རྒྱས་པར་ཤེས། སངས་རྒྱས་སྙིང་པོའི་ཚུལ་ཕྱི་ན་ཅི་མ་ལོག་པར་རྟོགས་ནས། འབྲས་བུ་རྟོག་པ་ལམ་དུ་བྱེད་པ་ནི། བླ་མེད་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས་ཟབ་མོའི་དོན་རྣམས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །དབང་པོ་ཡིད་རང་རིག་མངོན་སུམ་ཐམས་ཅད་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པ་ན་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་རང་བཞིན་ཏེ། དེ་སྒྲིབ་ཉོན་ཡིད་ལྟར་བདག་འཛིན་འཁྲུལ་རྟོག་རང་གཞན་ཟུང་འཛིན་གྱི། ཤེས་པ་གློ་བུར་བར་སྐྱེད་ནས་དུག་གསུམ་གྱིས། འདུ་བྱེད་པས་མངོན་པར་འདུ་བྱས་ནས། གནས་ལུགས་གདོད་མ་ནས་ཡོད་པ་མ་མཐོང་མིག་རྒྱུ་ལ་ཆུ་ལྟར་མེད་པ་མཐོང་། རྣམ་རྟོག་འདམ་དུ་བྱིང་གྱུར་པས། བྱིས་པ་འཁྱོར་བའི་འདམ་དུ་བྱིང་ཞེས་སྨོས་དེ་ལ་འཁྲུལ་བྲལ། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྔར་བསྟན་པ་ལྟར། རྟོགས་པས་སངས་རྒྱས་རང་བཞིན་ཏེ། ཀུན་རྫོབ་གཉིས་སུ་སྣང་བ་རྣམས། སྣང་ཙམ་གྱི་ཆུ་ཟླ་ལྟ་བུར་དོན་དུ་གཟིགས། དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། དབྱེར་མེད་གཅིག་ཏུ་བདེན་གཟིགས་པས། སེར་སྒོ་སོགས་ཉོན་མོངས་ཤེས་བྱ་འཁོར་ལོ་གསུམ་དུ་རྟོགས་སྙོམས་འཇུག་གི། སྒྲིབ་གསུམ་དང་བྲལ་རང་བདེན་གཉིས་ཀྱི་གནས་ལུགས་ཇི་ལྟ་བར་སོ་སོར་རང་རིག་གིས་རིག་པ་ཉིད་ལ། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སུ་གསུངས། དེ་བས་གོང་དུ་བསྟན་པའི་རྒྱུན་རྡོ་རྗེ་ཐེག་པ་རུ། གསུངས་པའི་གནས་ལུ་རྟོགས་བྱའི་ཕྱིར། གཞུང་འདི་ནི་ཕྱོགས་ཙམ་བསྡུས་པ་ཡིན། རྒྱས་པར་བསྟན་པ་དཔག་མེད་ཡོད་ཀྱང་། བློ་གྲོས་རྒྱ་ཆེ་བ་རྣམས་ཀྱིས་རྒྱལ་སྲས་རྣམས་ཀྱི་བསྟན་པ་ཡི། རྒྱུད་འགྲེལ་རྣམས་ལ་གསལ་བས་དེ་རྣམས་སུ་ལྟ་བར་གྱིས། དེ་རྣམས་ཀུན་ལ་འཇུག་པའི་སྒོ། ཟབ་མོ་ནང་གི་དོན་བཤད་པ། འདི་ནི་རང་བཟོ་ར་བཤད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། རྒྱལ་བས་གསུངས་པ་ཁོ་ན་བྲིས། གསང་བའི་བདག་པོ་སྤྱན་རས་གཟིགས། མཁས་གྲུབ་རྣམས་དང་བླ་མ་རྣམས་ཀྱི། རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། རྡོ་རྗེ་ཐེག་པའི་ནང་གི་དོན། ཕྱིན་ཅི་མ་ལོག་རྙེད་པ་ཡིན། མི་མཐུན་ཕྱོགས་ལོས་རྒྱལ་བ་ནམ་མཁའི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་སྐུ་ཅན་ཀུན་གཞིའི་རྣམ་ཤེས་འགགས་པའི་ཡེ་ཤེས་དེ་ལ་ཉི་མའི་དཀྱིལ་འཁོར་ཞེས་བརྗོད་ལས། དེའི་ཕྲིན་ལས་ན་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་མ་སྟོངས་བར་ཇི་སྲིད་སྟོན་སྐུའི་གསང་། ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་ངག་གི་རྩོལ་བའི་འདུ་མི་འཛད་པར་ཡང་། ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོས་པར་མཛད་གསུངས་གསང་། ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་དང་ལྷན་ཅིག་ཏུ། སྤྲོས་པ་མི་མངའ་སྤྲོས་ལྡན་གདུལ་བྱ་རྣམས་ལ་ཡིད་བཞིན་རེ་བ་ཐམས་ཅད་སྐོང་ཐུགས་གསང་། སེམས་ཅན་ཇི་སྙེད་པའི་ཉོན་མོངས་དང་ལྷན་ཅིག་འཇུག་ཅིང་མཁྱེན་ཀྱང་ཁྱོད་སྐུ་གསུང་ཐུགས་ལ་ཉོན་མོངས་པ་ཅུང་ཟད་གོས་པ་མེད་པ་འདི་ལ་ངེས་ཤེས་སྐྱེས་པས། དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཟབ་མོ་ནང་དོན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་བཤད་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པས་བཤད་པ་ལ། དགེ་བའི་མཐུ་ཡང་ཅི་ཡོད་པས། ནམ་མཁའ་མཉམ་པའི་འགྲོ་བ་ཀུན། དེ་བཞིན་གཤེགས་པའི་ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཅུང་ཟད་འགལ་བར་གྱུར་སྲིད་ན་བསྟན་པ་ལ་བརྙས་པར་འགྱུར་བས། མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད་དེ་བས་གཞུང་འདི་ལྟ་བ་དང་འཆད་པ་རྣམས་ཀྱིས་ཀྱང་ཉེས་པས་མ་གོས་པར་བྱ་དགོས་སོ། །ལྟ་བ་བདེན་གཉིས་དབྱེར་མེད་ལ་རྩ་རླུང་བྱང་སེམས་འཆིང་བའི་སྒོམ་པས་བརྒྱན་པ་དོན་གཉིས་འགྲུབ་པའི་སྤྱོད་པ་སངས་རྒྱས་སྙིང་པོའི་འབྲས་བུ་མངོན་སུམ་སྣང་བྱེད་ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའོ། །རྫོགས་སོ། །མཁས་པར་རློམ་པ་དང་བསྒོམས་ནས་ཉམས་མྱོང་དང་། མངོན་ཤེས་ཤར་བར་འདོད་པ་ཀུན་ཀྱིས་ཀྱང་ཕྱོགས་རེ་ལས་མ་གོ་བར་འདུག་པས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །དབེན་གནས་བདེ་ཆེན་སྟེང་དུ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མཆན་བུ་ཞྭ་དམར་བ་ལྔ་པ་དཀོན་མཆོག་ཡན་ལག་གིས་སོ། །སྙིགས་དུས་རྒྱལ་བའི་བསྟན་ལ་རབ་བྱུང་ནས། །སྡེ་སྣོད་རབ་འབྱམས་སྐད་གཉིས་སྨྲ་བ་ལ། །མི་འཇིགས་སྤོབས་པ་ཐོབ་པ་ཁོ་བོ་ཙམ། །དགེ་བ་རྫོགས་པའི་བྱང་ཆུབ་རྒྱུ་རུ་བསྔོ། །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net