མཎྜལ་བསྡུས་པ་ནི།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །མཎྜལ་བསྡུས་པ་ནི[1]

། ཨོཾ་ཨཱཿཧཱུྃ། སྐུ་གསུམ་ཞིང་ཁམས་རྒྱ་མཚོ་རྡུལ་གཅིག་གི །ཕྲ་རབ་རེ་རེའི་ཁོངས་སུ་རྡུལ་སྙེད་གྲངས། །དཔག་མེད་བློས་བླངས་སྐྱབས་གནས་རྒྱ་མཚོ་ལ། །འབུལ་ལོ་ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག །ཨེ་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནིརཡཱ་ཏ་ཡ་མི། ཞེས་པ་རྨུགས་སངས་སྒྲུབ་བརྩོན་ངེས་དོན་བསྟན་འཕེལ་གྱིས་ཆེད་དུ་བསྐུལ་བ་དང་གྲངས་བསོག་སོགས་ལ་ཉེར་མཁོ་ཕྱིར་འགྲོ་འདུལ་པས་སྨྲས་པ་དགེ། །།

View PDF Chetsun 14

Notes

  1. Sechen