དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ་པོ་ལ་གཏོར་བ་འབུལ་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ་པོ་ལ་གཏོར་བ་འབུལ་བ་ནི།[1]

རང་ཡིད་དམ་དུ་བསྒོམ་ལ། ཨོཾ་སྭབྷ་བ་ཤུདྡྷོ་ཧཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་མདུན་དུ་སོང་བ་ལས་མེ་ལོང་གཟུགས་བརྙན་ཤར་བ་ལྟར་པདྨ་དང་ཟླ་བ་དང་གླང་པོའི་གདན་ལ་ཡི་གེ་ཕུ་ནག་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་ཀླུའི་དགེ་བསྙེན་ཆེན་པོ། སྐུ་མདོག་ནག་ལ་འཇིག་པའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེའམ་ནོར་བུ། གཡོན་པས་དབུགས་ཀྱི་རྐྱལ་པ་ཐོགས། ཞལ་ནས་མེ་ལྕེ་དང་དུག་གི་ཁ་རླང་འཐུལ་བ། སྐུ་སྦྲུལ་ནག་པོའི་ཟུར་ཕུད་ལྔ་དང་གདེང་ཁ་བདུན་གྱི་དབུ་ལ་སྤྲས་པ། སྦྲུལ་མགོ་རེ་རེ་ལ་ཡང་མིག་གསུམ་གསུམ་ཡོད་པ། སྨད་ལྟོ་ཕྱེ་ནག་པོས་དཀྲིས་པ། ཡང་བསྒྲུབ་པའམ་ཞི་བའི་དུས་ཐུགས་ཀར་ཐལ་མོ་སྦྱར་བ་གཞོན་ནུ་མཛེས་པའི་རྣམ་པར་བསྒོམ། དེའི་ཐུགས་ཀའི་ཕུ་ལས་འོད་ཟེར་འཕྲོས་ནས་རྒྱ་མཚོའི་ནང་ནས་ཀླུ་ཆེན་པོ་བྲན་འཁོར་བཙུན་མོ་སྲས་འཁོར་དང་པ་ན་ག་ར་ཙ་ས་མ་ཡ་ཛ་ཛ། ཅེས་པ་བསམ། ཡང་ན་ལྕག་ཀྱུའི་ཕྱག་རྒྱ་བཅའ་ལ། ཨོཾ་ན་ག་ར་ཙ་བཛྭ་ར་ཙ་ས་མ་ཡ་ཨ་ཀྵར་ཡ་ཁུག་ཛ་ཛ། ཧཱུྃ་རྒྱ་མཚོ་ཆེན་པོ་གཏིང་རུམ་ནས། །ཀླུ་རྒྱལ་མཐའ་ཡས་ནོར་རྒྱལ་བུ། །འཇོག་པོ་མཐའ་ཡས་སྟོབས་ཀྱི་རྒྱུ། །རིགས་ལྡན་དུང་སྐྱོང་ཧཱུ་ལུ་དང་། །དབྱུགས་འཛིན་བྲམ་ཟེ་པདྨ་དང་། །ལྷ་མོ་ཟླ་བས་སྤྱི་གཙུག་དང་། །དགེ་བསྙེན་སྲས་དང་བཙུན་མོར་བཅས། །རང་རང་གནས་ནས་འདིར་གཤེགས་ཤིག །ཅེས་པས་སྤྱན་དྲངས་ལ་དམ་ཚིག་པ་ལ་བསྟིམས་ལ་ཐུགས་ཀར་ཡི་གེ་མཐར་སྔགས་འཕྲེང་སྐོར་ལ་བཟླས་པ་བྱ། རྦད་པ་ལ་སྔགས་གཤམས་ལ་ཻ་བྷྱོ། གསད་པ་ལ་མ་ར་ཡ་ཕཊ་གདག་སོད། དེ་ནས་གཏོར་མ་འབུལ་བ་ནི། དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་པ་དང་། རིན་པོ་ཆེ་བསྲེས་པའི་དཀར་གཏོར་རྒྱ་ཆེན་པོ་བཤམས་ལ་བ་དམར་ར་ཀར་འོ་མས་བྲན་ལ་སྟེག་གི་ཁར་བཞག་ལ། རང་ཉིད་སྟོང་པར་བསམ་པའི་ངང་ལ། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ་ཧཾ། མདུན་དུ་པདྨའི་སྟེང་དུ་བྷྲུཾ་ཞུ་བ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཨ་མྲི་ཏ་ཧཱུྃ་ཕཊ་རྫས་ཞུ་བ་ལས་བདུད་རྩི་དཀར་ལ་དམར་བའི་མདང་ཆགས་པ་རོ་བཅུད་དང་ལྡན་པར་གྱུར། ཨོཾ་ན་ག་ར་ཙཱ་བཛྭ་ར་ཙ་ཨི་དམ་བྷ་ལིང་ཏ་ཁ་ཁ་ཁ་ཧི་ཅེས་བདུན་བརྗོད་ལ། དགེ་བསྙེན་འཁོར་དང་བཅས་པ་ལ་གཏོར་མ་ལ་ཟུགས་ནས་གསོལ་བས་མཉེས་ནས་ཅི་བཅོལ་པའི་ལས་བྱེད་པར་བསམ་ལ། །ཧཱུྃ་ཀླུ་ཡུལ་ན་བཀྲ་གསེང་སྔོ་ན། །ཀླུ་མཁར་སྔོན་པོས་ནང་གཤེད་ནས། །ཀླུ་རྒྱལ་གདོལ་པ་དབུག་ལེན་ནི། །སྐུ་མདོག་སྔོ་ནག་ཁྲོས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་ཞག་པ་བསྣམ། །དམ་ཉམས་དགྲ་བོ་སྡོམ་ལ་ཤོག །གཡོན་པས་ནད་ཀྱི་རྐྱལ་པ་ཐོགས། །དམ་ཉམ་དགྲ་བོ་ཡུལ་དུ་ཐོང་། །དུག་སྦྲུལ་ནག་པོས་གདེང་ཀ་ཅན། །དམ་ཉམ་དགྲ་ལ་སྦྲུལ་ཐན་ཐོང་། །ཞལ་ནས་ནད་ཀྱི་རླངས་པ་འཐུལ། །དམ་ཉམ་དགྲ་བོ་མཛེ་ནད་ཐོང། དགེ་བསྙེན་ཆེན་པོ་འཁོར་བཅས་ཀྱི། མཐུན་པའི་གཏོར་མ་འདི་བཞེས་ལ། །རིམས་ནད་སྣ་ཚོགས་དགྲ་ལ་ཐོང་། །སྔོན་གྱི་ཁས་བླང་དྲན་པར་གྱིས། །ནད་རིགས་སྣ་ཚོགས་དགྲ་ལ་ཐོང་། །མཛེ་ནག་རླུང་ནག་འཚུབ་འཚུབ་ཐོང་། །མཛེ་སྐྱ་མེ་ལྕེ་མཆེད་མཆེད་གྱིས། །ཤུ་བ་བུ་ཡུག་ལྟར་དུ་ཐོང་། །ཁྱོད་སྔར་ཡང་རང་དམ་རང་གི་བཅས། །ད་ཡང་དམ་ལ་གནས་པར་གྱིས། །རྒྱུད་འཛིན་རྣལ་འབྱོར་བདག་ཅག་ལ། །ཁྱོད་བུ་ལྟར་ཕོ་ཉ་ལས་མཁན་ཡིན། ལས་རྣམས་མྱུར་དུ་གྲུབ་པར་གྱིས། ཅེས་གཏོར་མ་སྐྱལ་ལོ། །རིན་པོ་ཆེ་ཀརྨ་པའི་དམ་ལ་བཏགས་པའི་ཆོས་སྐྱོངས་ལས་མཁན་རྡོ་རྗེ་རྒྱལ་པོའི་གཏོར་མ་སྔགས་འཆང་རང་བྱུང་རྡོ་རྗེས་མཚུར་ཕུའི་གཙུག་ལག་ཁང་དུ་སྦྱར་བའོ། །དགེའོ།།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net