གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་འོད་གསལ་གཉུག་མའི་ཐིག་ལེ་བཞུགས། །
ངུྃ༔ སིདྡྷི་ པྲཱཔྟ མཧཱ སར ཧསྱ ཙིཏྟ སཱདྷན ཨཱབྷཱ སྭརཱ ཨདྱ ཏིལཀ ཏིསྨ༔ ངུ༔ གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་འོད་གསལ་གཉུག་མའི་ཐིག་ལེ་བཞུགས༔
སྣང་སྲིད་འོད་གསལ་ཆོས་སྐུར་གྲོལ༔ རྟག་ཏུ་གཉུག་མའི་ཐིག་ལེར་དགྱེས༔ གྲུབ་པའི་རྒྱལ་ལ་གུས་བཏུད་ནས༔ བྱིན་རླབས་སྣང་བའི་སྒོ་འདི་དབྱེ༔ དབེན་ཞིང་སྐྱེ་བོའི་རྒྱུ་འགྲུལ་བྲལ༔ སྨན་ལྗོངས་ཉམས་དགའི་ནགས་ཚལ་དུ༔ སྲིད་ལས་ངེས་པར་འབྱུང་བའི་བློ༔ གཞན་ཕན་རྩལ་དང་ལྡན་པ་ཡིས༔ ཨཿ སྣང་སྲིད་བླ་མའི་དཀྱིལ་འཁོར་ཏེ༔ གདོད་ནས་དག་པ་ཆེན་པོའི་ཀློང༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ སྣང་ཆ་སྐུ་དང་ཡེ་ཤེས་ཤར༔ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་ཆེ༔ ངོ་མཚར་རང་སྣང་དཔལ་གྱི་རི༔ ལྷུན་སྟུག་ནགས་ཚལ་མེ་ཏོག་རྒྱས༔ ཡན་ལག་བརྒྱད་པའི་ཆུ་རྒྱུན་འབབ༔ དབུས་སུ་རྟོག་མེད་རོ་ཡི་སྟེང༔ སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ༔ བྲམ་ཟེ་ཆེན་པོ་སྔོ་སངས་བརྗིད༔ གཅེར་བུ་ཡེ་ཤེས་གཟི་བྱིན་འབར༔ རབ་དཀར་དབུ་སྐྲའི་ཐོར་ཚུགས་ཅན༔ སྨ་ར་སྨིན་མ་སེ་ཁྱུག་གེ༔ ཞི་བའི་ལྟ་སྟངས་མི་གཡོ་བས༔ ཕྱག་གཉིས་མདའ་རྣོན་གསོར་ཞིང་བསྒྲིལ༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཡས་གཡོན་གསང་བ་ཡེ་ཤེས་དང༔ སྒྲོལ་མཛད་དཔའ་མོ་ཌཱ་ཀི་ཟུང༔ གཅེར་བུ་དར་གྱི་ཨང་རག་ཅན༔ གཞོན་ནུའི་ལང་ཚོ་རྒྱས་པའི་ཉམས༔ བདུད་རྩིའི་བྷནྡྷ་ཡབ་ལ་སྟོབ༔ འཛུམ་བཞད་རོལ་པའི་སྟབས་སུ་འཁོར༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས༔ རབ་འབྱམས་དཔའ་བོ་རྣལ་འབྱོར་མ༔ རྒྱུད་སྡེ་དྲུག་གི་ཡི་དམ་ལྷ༔ གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་སོགས༔ རྡུལ་གཅིག་སྟེང་ན་རྡུལ་ཇི་སྙེད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ གང་འདུལ་སྒྱུ་མའི་གར་དུ་སྟོན༔ སེམས་ཉིད་བླ་མའི་ངོ་བོ་དང༔ གདོད་ནས་འདུ་འབྲལ་མེད་པས་ན༔ སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས༔ རང་གསལ་མཆོད་དང་བསྟོད་པ་སྟེ༔ འགྲོ་འོང་བཟླས་པ་ངང་གིས་ཤར༔ དེ་ནས་རྟག་ཏུ་བདེ་བ་ཆེའི༔ ཐིག་ལེ་གཅིག་ལ་འགྱུར་བ་མེད༔ དོན་དེ་ཚུལ་བཞིན་བསྐྱང་བའི་ངང༔ དུས་གསུམ་དུས་མེད་ལ་བཟླའོ༔ ས་མ་ཡ༔ ཐུན་མཚམས་མི་ཕྱེད་མོས་གུས་ཀྱིས༔ དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ མགོན་བྲམ་ཟེ་ཆེན་པོ་ས་ར་ཧ༔ ཁྱེད་འོད་གསལ་དབུ་མའི་ཕོ་བྲང་ནས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་ལགས་ཀྱང༔ བུ་མ་རྟོགས་འཁོར་བར་འཁྱམས་པའི་ཚེ༔ དོན་ཡིན་ལུགས་འཁྲུལ་པའི་སྣང་བས་བསྒྲིབས༔ གནད་འོད་གསལ་མ་རྟོགས་སྡུག་བསྔལ་མྱོང༔ རྗེ་ཁྱེད་ལས་རེ་ས་མ་མཆིས་པས༔ ཕ་ཐུགས་རྗེ་ཅན་གྱི་བླ་མ་ལ༔ ཡིད་གདུང་བས་འབོད་དོ་བཀའ་དྲིན་ཅན༔ སྟན་འདི་རུ་མཆོག་གི་དངོས་གྲུབ་སྩོལ༔ རྒྱུད་སྨིན་གྲོལ་མཛོད་ཅིག་གྲུབ་པའི་རྗེས༔ ཨོཾ་ཨཱཿམ་ཧཱ་གུ་རུ་ས་ར་ཧ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་སྦྱར་ཏེ་བསྙེན་པ་བཟླས་ཀྱང་རུང་། མཆན། དེའང་སྣང་སྲིད་འཁོར་འདས་ཆོས༔ རང་བཞིན་མ་བཅོས་གཉུག་མའི་དབྱིངས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བ་ཡི༔ གདོད་ནས་ཆོས་སྐུའི་ངོ་བོར་གནས༔ དེ་ཡི་རྩལ་སྣང་རྒྱུ་རྐྱེན་གྱིས༔ སྣ་ཚོགས་སྣང་ཞིང་མེད་བཞིན་ཤར༔ མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟར༔ གོལ་ས་མེད་བཞིན་ཅིར་ཡང་སྟོན༔ ངོ་བོས་དཔྱད་ན་མ་གྲུབ་པའི༔ གཤིས་ནི་རང་གི་སེམས་ཉིད་སྟེ༔ སེམས་ལ་ངོ་བོ་ངོས་བཟུང་བྲལ༔ དབྱིབས་དང་ཡིད་ལས་འདས་པའི་ཕྱིར༔ རང་བཞིན་རྣམ་དག་འདུས་མ་བྱས༔ དུས་གསུམ་རྟོག་པས་མ་བསླད་པས༔ འོད་གསལ་གཉུག་མའི་ངོ་བོ་ཅན༔ གང་གིས་འདི་དོན་མངོན་གྱུར་ན༔ ཚེ་འདིར་སངས་རྒྱས་གདམས་པ་སྟེ༔ ཀུན་ལ་འདུ་འབྲལ་མེད་ན་ཡང༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཙམ༔ དོན་དེ་ཡང་དག་མ་རྟོགས་པའི༔ མཆོད་དང་སྦྱིན་པ་དཀའ་ཐུབ་དང༔ ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་སོགས༔ བཅོས་མའི་ལམ་ལས་གཞན་མིན་པས༔ ཡང་དག་དོན་འདི་རྟོགས་པར་གྱིས༔ ངོ་བོ་ཉིད་ལས་མ་གྱུར་ཡང༔ རྣམ་པ་སྣ་ཚོགས་ཅི་ཤར་ཡང༔ བཟང་ངན་གཉིས་སུ་དབྱེར་བསལ་མེད༔ ཀུན་ཁྱབ་ཆོས་ཉིད་གཅིག་གི་ཚུལ༔ ཆོས་ཉིད་འོད་གསལ་འདུས་མ་བྱས༔ རང་བཞིན་ཆོས་སྐུ་བདེ་བ་ཆེ༔ ཕྱོགས་སུ་མ་ལྷུང་ནམ་མཁའ་ལྟར༔ རང་བཞིན་འཕོ་འགྱུར་མེད་པར་བཞུགས༔ དོན་དེ་ཡང་དག་བསྒོམ་འདོད་ན༔ བཅོས་མའི་བློ་ཡི་འདུ་བྱེད་སྤངས༔ རྒྱུན་ཆད་མེད་པའི་གཤིས་ལ་ལྟོས༔ རེ་དོགས་བཅོས་བསྒྱུར་སྤངས་ལ་ཞོག༔ རབ་ནི་དེ་ཉིད་ཁོ་ནས་གྲོལ༔ འབྲིང་གི་གྲོགས་སུ་ངེས་འབྱུང་དང༔ སྙིང་རྗེ་བློ་བྲལ་སྤེལ་ལ་བསྒོམ༔ ཐ་མ་རིམ་གྱིས་ཁྲིད་པས་ཀྱང༔ ངེས་པར་གྲོལ་བ་མངོན་སུམ་སྟེར༔ ཀུན་ཀྱང་མོས་གུས་སྲོག་ཏུ་བཟུང༔ སྙིང་རྗེའི་དོན་ནི་འབའ་ཞིག་བསྒོམ༔ བསྐྱེད་རྫོགས་རྣམ་གྲངས་མང་པོ་སྐྱུར༔ ཆོས་ཕུང་བརྒྱད་ཁྲིའི་མཐར་ཐུག་སྟེ༔ ངེས་དོན་སྙིང་གི་བཅུད་ཕུར་ཡིན༔ དང་པོ་རྩེ་གཅིག་ཉམས་སྐྱེ་ཞིང༔ མཐར་གྱིས་སྤྲོས་བྲལ་དེ་ཉིད་མཐོང༔ དེ་ལ་བསྐྱངས་པས་བཟང་ངན་ཀུན༔ རོ་གཅིག་གདེང་གི་དྲོད་ཚད་རྙེད༔ མཐར་ནི་མཉམ་བཞག་རྗེས་ཐོབ་ཀུན༔ དབྱེ་བསལ་མེད་པའི་ངང་ལ་གནས༔ བསྒོམ་པ་པོ་དང་བསྒོམ་བྱ་མེད༔ གཉིས་འཛིན་མདུད་པ་རང་སར་གྲོལ༔ ཉོན་མོངས་གང་ཤར་ཡེ་ཤེས་ཡིན༔ སྒྲིབ་པ་བཙལ་ཀྱང་རྙེད་པ་མེད༔ བསལ་བཞག་འདས་པའི་དེ་ཉིད་ལ༔ མ་འབད་ལྷུན་གྱིས་གྲུབ་པར་གནས༔ ཡང་དག་ཆོས་ཉིད་གདེང་ཐོབ་པས༔ གཞི་འབྲས་དབྱེར་མེད་དོན་མཐོང་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྣོད་ལྡན་དབང་གི་རྗེས་འཛིན་ན༔ སློབ་དཔོན་བྲམ་ཟེ་ཆེན་པོར་གསལ༔ དད་གུས་རྩེ་གཅིག་གསོལ་བཏབ་པས༔ རྡོ་རྗེའི་དོ་ཧ་འདིས་སྨིན་བྱ༔ ཀྱཻ་ཧོཿརང་རིག་གཉུག་མ་ཆེ༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ གཉུག་མ་གཤིས་ཀྱི་དེ་ཉིད་དབང༔ རང་ལ་འདུ་འབྲལ་མེད་པར་བཞུགས༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ འཁོར་འདས་ཐམས་ཅད་འུབ་ཀྱིས་ཆུབ༔ སྤང་བླང་མེད་པ་རྒྱ་རེ་ཆེ༔ དབྱེ་བསལ་མེད་པ་བག་རེ་བྲོ༔ བདག་དང་ཁྱོད་ལ་བཟང་ངན་མེད༔ ཐམས་ཅད་སངས་རྒྱས་དག་པ་ཆེ༔ ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས༔ མཐོང་བ་མེད་པའི་གཤིས་ལ་ལྟོས༔ ངོ་བོ་སྟོང་པ་ས་ལེ་བ༔ སྣང་བ་མ་འགགས་ཅིར་ཡང་བཀྲ༔ དབྱེ་བསལ་མེད་པའི་ཆོས་ཉིད་འདི༔ ངེས་པ་དོན་གྱི་བུམ་དབང་ཡིན༔ གཤིས་ལ་སྒྲིབ་པས་མ་གོས་ཤིང༔ རང་རིག་འོད་གསལ་རྒྱུན་ཆད་མེད༔ རང་ངོ་རང་གིས་ཤེས་པ་འདི༔ ཡང་དག་གསང་བའི་དབང་བསྐུར་ཡིན༔ བཅིངས་གྲོལ་མེད་པའི་ཡེ་ཤེས་ལ༔ ཅི་ཤར་བདེ་བ་ཆེན་པོ་སྟེ༔ འདུས་མ་བྱས་པའི་བདག་ཆེན་པོ༔ བརྟེན་པར་གྱིས་ཤིག་གསུམ་པའི་དབང༔ ཐ་མལ་ཤེས་པ་རྒྱ་ཡན་འདི༔ འདུ་བྱེད་བློ་ཡིས་རྟོགས་མི་ནུས༔ དཔེ་དང་ཚིག་ལས་འདས་པས་ན༔ དགོངས་པས་སད་བྱས་བཞི་པའོ༔ རང་སེམས་ལྷར་མཐོང་བསྐྱེད་རིམ་སྟེ༔ བདེ་གསལ་མི་རྟོག་རྫོགས་པའི་རིམ༔ གདམས་པ་གནད་ཀྱི་གཟེར་བུ་འདིས༔ སྨིན་གྲོལ་ཡོངས་སུ་རྫོགས་པའོ༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག༔ སེམས་ཀྱི་དེ་ཉིད་བལྟས་པས་གྲོལ༔ ས་མ་ཡ༔ བདག་ཉིད་ཆེན་པོ་པདྨ་ནི༔ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ སྙིང་རྗེའི་རང་གཟུགས་གྲུབ་ཆེན་ནི༔ བྱིན་རླབས་སྦས་པའི་རྣལ་འབྱོར་ལ༔ ངོ་མཚར་གསང་བ་ཟབ་མོ་འདི༔ ཐུགས་ཀྱི་གཏེར་ལས་བརྡོལ་ནས་ཀྱང༔ སྐལ་ལྡན་དུ་མའི་བཙས་སུ་འགྱུར༔ ས་མ་ཡ༔ བརྡ་ཐིམ༔ ཅེས་པའང་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཕྱི་མས། རབ་ཚེས་མེ་བྱི་དབོ་ཟླའི་དམར་ཕྱོགས་སུ་མདོ་ཁམས་ཤར་དུ་བསྐྱོད་པའི་ཚེ་རྨ་རོང་གྲུ་གུ་དིས་མཁར་ཞེས་འཇམ་མགོན་ལོ་ཙཱ་བ་ཆེན་པོ་བསྟན་གཉིས་གླིང་པས་ཟབ་གཏེར་བཞེས་པའི་གནས་འདབས་སུ་ཞག་གཅིག་འདུག་པའི་ཉིང་འཁྲུལ་གྱི་སྣང་ཆར་འཕགས་ཡུལ་གྲུབ་པ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་མདའ་བསྣུན་པ་ཆེན་པོའི་ཞལ་བཟང་བསྟན་པའི་དགེ་མཚན་གྱི་བྱིན་རླབས་ཐོབ་པས་གདམས་པའི་སྙིང་པོ་འདི་ཡང་རིག་པའི་རང་མདངས་ལས་ཤར་བ་ལྟར། སླད་ནས་དགེ་མཚན་དུ་མས་བསྐུལ་ཏེ་རིམ་གྱིས་ཡི་གེར་བཏབ་པ། རང་གཞན་ཡིད་ཅན་རྒྱ་མཚོ་འོད་གསལ་ཕྱག་རྒྱ་ཆེན་པོའི་གསེང་ལམ་སྒྲ་ཇི་བཞིན་རྟོགས་ནས་བསྒོམ་མེད་ཆོས་ཀྱི་དབྱིངས་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
ངུྃ༔ སིདྡྷི་པྲཱཔྟམཧཱསརཧསྱཙིཏྟསཱདྷནཨཱབྷཱསྭརཱཨདྱཏིལཀཏིསྨ༔ ངུ༔ གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཐུགས་སྒྲུབ་འོད་གསལ་གཉུག་མའི་ཐིག་ལེ་བཞུགས༔
ངུ༔ སྣང་སྲིད་འོད་གསལ་ཆོས་སྐུར་གྲོལ༔ རྟག་ཏུ་གཉུག་མའི་ཐིག་ལེར་དགྱེས༔ གྲུབ་པའི་རྒྱལ་ལ་གུས་བཏུད་ནས༔ བྱིན་རླབས་སྣང་བའི་སྒོ་འདི་དབྱེ༔ དབེན་ཞིང་སྐྱེ་བོའི་རྒྱུ་འགྲུལ་བྲལ༔ སྨན་ལྗོངས་ཉམས་དགའི་ནགས་ཚལ་དུ༔ སྲིད་ལས་ངེས་པར་འབྱུང་བའི་བློ༔ གཞན་ཕན་རྩལ་དང་ལྡན་པ་ཡིས༔ ཨཿ སྣང་སྲིད་བླ་མའི་དཀྱིལ་འཁོར་ཏེ༔ གདོད་ནས་དག་པ་ཆེན་པོའི་ཀློང༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ སྣང་ཆ་སྐུ་དང་ཡེ་ཤེས་ཤར༔ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་ཆེ༔ ངོ་མཚར་རང་སྣང་དཔལ་གྱི་རི༔ ལྷུན་སྟུག་ནགས་ཚལ་མེ་ཏོག་རྒྱས༔ ཡན་ལག་བརྒྱད་པའི་ཆུ་རྒྱུན་འབབ༔ དབུས་སུ་རྟོག་མེད་རོ་ཡི་སྟེང༔ སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ༔ བྲམ་ཟེ་ཆེན་པོ་སྔོ་སངས་བརྗིད༔ གཅེར་བུ་ཡེ་ཤེས་གཟི་བྱིན་འབར༔ རབ་དཀར་དབུ་སྐྲའི་ཐོར་ཚུགས་ཅན༔ སྨ་ར་སྨིན་མ་སེ་ཁྱུག་གེ༔ ཞི་བའི་ལྟ་སྟངས་མི་གཡོ་བས༔ ཕྱག་གཉིས་མདའ་རྣོན་གསོར་ཞིང་བསྒྲིལ༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་ཅན༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ གཡས་གཡོན་གསང་བ་ཡེ་ཤེས་དང༔ སྒྲོལ་མཛད་དཔའ་མོ་ཌཱ་ཀི་ཟུང༔ གཅེར་བུ་དར་གྱི་ཨང་རག་ཅན༔ གཞོན་ནུའི་ལང་ཚོ་རྒྱས་པའི་ཉམས༔ བདུད་རྩིའི་བྷནྡྷ་ཡབ་ལ་སྟོབ༔ འཛུམ་བཞད་རོལ་པའི་སྟབས་སུ་འཁོར༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས༔ རབ་འབྱམས་དཔའ་བོ་རྣལ་འབྱོར་མ༔ རྒྱུད་སྡེ་དྲུག་གི་ཡི་དམ་ལྷ༔ གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་སོགས༔ རྡུལ་གཅིག་སྟེང་ན་རྡུལ་ཇི་སྙེད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ གང་འདུལ་སྒྱུ་མའི་གར་དུ་སྟོན༔ སེམས་ཉིད་བླ་མའི་ངོ་བོ་དང༔ གདོད་ནས་འདུ་འབྲལ་མེད་པས་ན༔ སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས༔ རང་གསལ་མཆོད་དང་བསྟོད་པ་སྟེ༔ འགྲོ་འོང་བཟླས་པ་ངང་གིས་ཤར༔ དེ་ནས་རྟག་ཏུ་བདེ་བ་ཆེའི༔ ཐིག་ལེ་གཅིག་ལ་འགྱུར་བ་མེད༔ དོན་དེ་ཚུལ་བཞིན་བསྐྱང་བའི་ངང༔ དུས་གསུམ་དུས་མེད་ལ་བཟླའོ༔ ས་མ་ཡ༔ ཐུན་མཚམས་མི་ཕྱེད་མོས་གུས་ཀྱིས༔ དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ མགོན་བྲམ་ཟེ་ཆེན་པོ་ས་ར་ཧ༔ ཁྱེད་འོད་གསལ་དབུ་མའི་ཕོ་བྲང་ནས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་ལགས་ཀྱང༔ བུ་མ་རྟོགས་འཁོར་བར་འཁྱམས་པའི་ཚེ༔ དོན་ཡིན་ལུགས་འཁྲུལ་པའི་སྣང་བས་བསྒྲིབས༔ གནད་འོད་གསལ་མ་རྟོགས་སྡུག་བསྔལ་མྱོང༔ རྗེ་ཁྱེད་ལས་རེ་ས་མ་མཆིས་པས༔ ཕ་ཐུགས་རྗེ་ཅན་གྱི་བླ་མ་ལ༔ ཡིད་གདུང་བས་འབོད་དོ་བཀའ་དྲིན་ཅན༔ སྟན་འདི་རུ་མཆོག་གི་དངོས་གྲུབ་སྩོལ༔ རྒྱུད་སྨིན་གྲོལ་མཛོད་ཅིག་གྲུབ་པའི་རྗེས༔ ཨོཾ་ཨཱཿམ་ཧཱ་གུ་རུ་ས་ར་ཧ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་སྦྱར་ཏེ་བསྙེན་པ་བཟླས་ཀྱང་རུང་། མཆན། དེའང་སྣང་སྲིད་འཁོར་འདས་ཆོས༔ རང་བཞིན་མ་བཅོས་གཉུག་མའི་དབྱིངས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བ་ཡི༔ གདོད་ནས་ཆོས་སྐུའི་ངོ་བོར་གནས༔ དེ་ཡི་རྩལ་སྣང་རྒྱུ་རྐྱེན་གྱིས༔ སྣ་ཚོགས་སྣང་ཞིང་མེད་བཞིན་ཤར༔ མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟར༔ གོལ་ས་མེད་བཞིན་ཅིར་ཡང་སྟོན༔ ངོ་བོས་དཔྱད་ན་མ་གྲུབ་པའི༔ གཤིས་ནི་རང་གི་སེམས་ཉིད་སྟེ༔ སེམས་ལ་ངོ་བོ་ངོས་བཟུང་བྲལ༔ དབྱིབས་དང་ཡིད་ལས་འདས་པའི་ཕྱིར༔ རང་བཞིན་རྣམ་དག་འདུས་མ་བྱས༔ དུས་གསུམ་རྟོག་པས་མ་བསླད་པས༔ འོད་གསལ་གཉུག་མའི་ངོ་བོ་ཅན༔ གང་གིས་འདི་དོན་མངོན་གྱུར་ན༔ ཚེ་འདིར་སངས་རྒྱས་གདམས་པ་སྟེ༔ ཀུན་ལ་འདུ་འབྲལ་མེད་ན་ཡང༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཙམ༔ དོན་དེ་ཡང་དག་མ་རྟོགས་པའི༔ མཆོད་དང་སྦྱིན་པ་དཀའ་ཐུབ་དང༔ ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་སོགས༔ བཅོས་མའི་ལམ་ལས་གཞན་མིན་པས༔ ཡང་དག་དོན་འདི་རྟོགས་པར་གྱིས༔ ངོ་བོ་ཉིད་ལས་མ་གྱུར་ཡང༔ རྣམ་པ་སྣ་ཚོགས་ཅི་ཤར་ཡང༔ བཟང་ངན་གཉིས་སུ་དབྱེར་བསལ་མེད༔ ཀུན་ཁྱབ་ཆོས་ཉིད་གཅིག་གི་ཚུལ༔ ཆོས་ཉིད་འོད་གསལ་འདུས་མ་བྱས༔ རང་བཞིན་ཆོས་སྐུ་བདེ་བ་ཆེ༔ ཕྱོགས་སུ་མ་ལྷུང་ནམ་མཁའ་ལྟར༔ རང་བཞིན་འཕོ་འགྱུར་མེད་པར་བཞུགས༔ དོན་དེ་ཡང་དག་བསྒོམ་འདོད་ན༔ བཅོས་མའི་བློ་ཡི་འདུ་བྱེད་སྤངས༔ རྒྱུན་ཆད་མེད་པའི་གཤིས་ལ་ལྟོས༔ རེ་དོགས་བཅོས་བསྒྱུར་སྤངས་ལ་ཞོག༔ རབ་ནི་དེ་ཉིད་ཁོ་ནས་གྲོལ༔ འབྲིང་གི་གྲོགས་སུ་ངེས་འབྱུང་དང༔ སྙིང་རྗེ་བློ་བྲལ་སྤེལ་ལ་བསྒོམ༔ ཐ་མ་རིམ་གྱིས་ཁྲིད་པས་ཀྱང༔ ངེས་པར་གྲོལ་བ་མངོན་སུམ་སྟེར༔ ཀུན་ཀྱང་མོས་གུས་སྲོག་ཏུ་བཟུང༔ སྙིང་རྗེའི་དོན་ནི་འབའ་ཞིག་བསྒོམ༔ བསྐྱེད་རྫོགས་རྣམ་གྲངས་མང་པོ་སྐྱུར༔ ཆོས་ཕུང་བརྒྱད་ཁྲིའི་མཐར་ཐུག་སྟེ༔ ངེས་དོན་སྙིང་གི་བཅུད་ཕུར་ཡིན༔ དང་པོ་རྩེ་གཅིག་ཉམས་སྐྱེ་ཞིང༔ མཐར་གྱིས་སྤྲོས་བྲལ་དེ་ཉིད་མཐོང༔ དེ་ལ་བསྐྱངས་པས་བཟང་ངན་ཀུན༔ རོ་གཅིག་གདེང་གི་དྲོད་ཚད་རྙེད༔ མཐར་ནི་མཉམ་བཞག་རྗེས་ཐོབ་ཀུན༔ དབྱེ་བསལ་མེད་པའི་ངང་ལ་གནས༔ བསྒོམ་པ་པོ་དང་བསྒོམ་བྱ་མེད༔ གཉིས་འཛིན་མདུད་པ་རང་སར་གྲོལ༔ ཉོན་མོངས་གང་ཤར་ཡེ་ཤེས་ཡིན༔ སྒྲིབ་པ་བཙལ་ཀྱང་རྙེད་པ་མེད༔ བསལ་བཞག་འདས་པའི་དེ་ཉིད་ལ༔ མ་འབད་ལྷུན་གྱིས་གྲུབ་པར་གནས༔ ཡང་དག་ཆོས་ཉིད་གདེང་ཐོབ་པས༔ གཞི་འབྲས་དབྱེར་མེད་དོན་མཐོང་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྣོད་ལྡན་དབང་གི་རྗེས་འཛིན་ན༔ སློབ་དཔོན་བྲམ་ཟེ་ཆེན་པོར་གསལ༔ དད་གུས་རྩེ་གཅིག་གསོལ་བཏབ་པས༔ རྡོ་རྗེའི་དོ་ཧ་འདིས་སྨིན་བྱ༔ ཀྱཻ་ཧོཿརང་རིག་གཉུག་མ་ཆེ༔ འོད་གསལ་རྒྱུན་མི་ཆད་པ་ཡི༔ གཉུག་མ་གཤིས་ཀྱི་དེ་ཉིད་དབང༔ རང་ལ་འདུ་འབྲལ་མེད་པར་བཞུགས༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ འཁོར་འདས་ཐམས་ཅད་འུབ་ཀྱིས་ཆུབ༔ སྤང་བླང་མེད་པ་རྒྱ་རེ་ཆེ༔ དབྱེ་བསལ་མེད་པ་བག་རེ་བྲོ༔ བདག་དང་ཁྱོད་ལ་བཟང་ངན་མེད༔ ཐམས་ཅད་སངས་རྒྱས་དག་པ་ཆེ༔ ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས༔ མཐོང་བ་མེད་པའི་གཤིས་ལ་ལྟོས༔ ངོ་བོ་སྟོང་པ་ས་ལེ་བ༔ སྣང་བ་མ་འགགས་ཅིར་ཡང་བཀྲ༔ དབྱེ་བསལ་མེད་པའི་ཆོས་ཉིད་འདི༔ ངེས་པ་དོན་གྱི་བུམ་དབང་ཡིན༔ གཤིས་ལ་སྒྲིབ་པས་མ་གོས་ཤིང༔ རང་རིག་འོད་གསལ་རྒྱུན་ཆད་མེད༔ རང་ངོ་རང་གིས་ཤེས་པ་འདི༔ ཡང་དག་གསང་བའི་དབང་བསྐུར་ཡིན༔ བཅིངས་གྲོལ་མེད་པའི་ཡེ་ཤེས་ལ༔ ཅི་ཤར་བདེ་བ་ཆེན་པོ་སྟེ༔ འདུས་མ་བྱས་པའི་བདག་ཆེན་པོ༔ བརྟེན་པར་གྱིས་ཤིག་གསུམ་པའི་དབང༔ ཐ་མལ་ཤེས་པ་རྒྱ་ཡན་འདི༔ འདུ་བྱེད་བློ་ཡིས་རྟོགས་མི་ནུས༔ དཔེ་དང་ཚིག་ལས་འདས་པས་ན༔ དགོངས་པས་སད་བྱས་བཞི་པའོ༔ རང་སེམས་ལྷར་མཐོང་བསྐྱེད་རིམ་སྟེ༔ བདེ་གསལ་མི་རྟོག་རྫོགས་པའི་རིམ༔ གདམས་པ་གནད་ཀྱི་གཟེར་བུ་འདིས༔ སྨིན་གྲོལ་ཡོངས་སུ་རྫོགས་པའོ༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག༔ སེམས་ཀྱི་དེ་ཉིད་བལྟས་པས་གྲོལ༔ ས་མ་ཡ༔ བདག་ཉིད་ཆེན་པོ་པདྨ་ནི༔ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ སྙིང་རྗེའི་རང་གཟུགས་གྲུབ་ཆེན་ནི༔ བྱིན་རླབས་སྦས་པའི་རྣལ་འབྱོར་ལ༔ ངོ་མཚར་གསང་བ་ཟབ་མོ་འདི༔ ཐུགས་ཀྱི་གཏེར་ལས་བརྡོལ་ནས་ཀྱང༔ སྐལ་ལྡན་དུ་མའི་བཙས་སུ་འགྱུར༔ ས་མ་ཡ༔ བརྡ་ཐིམ༔ ཅེས་པའང་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཕྱི་མས། རབ་ཚེས་མེ་བྱི་དབོ་ཟླའི་དམར་ཕྱོགས་སུ་མདོ་ཁམས་ཤར་དུ་བསྐྱོད་པའི་ཚེ་རྨ་རོང་གྲུ་གུ་དིས་མཁར་ཞེས་འཇམ་མགོན་ལོ་ཙཱ་བ་ཆེན་པོ་བསྟན་གཉིས་གླིང་པས་ཟབ་གཏེར་བཞེས་པའི་གནས་འདབས་སུ་ཞག་གཅིག་འདུག་པའི་ཉིང་འཁྲུལ་གྱི་སྣང་ཆར་འཕགས་ཡུལ་གྲུབ་པ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་མདའ་བསྣུན་པ་ཆེན་པོའི་ཞལ་བཟང་བསྟན་པའི་དགེ་མཚན་གྱི་བྱིན་རླབས་ཐོབ་པས་གདམས་པའི་སྙིང་པོ་འདི་ཡང་རིག་པའི་རང་མདངས་ལས་ཤར་བ་ལྟར། སླད་ནས་དགེ་མཚན་དུ་མས་བསྐུལ་ཏེ་རིམ་གྱིས་ཡི་གེར་བཏབ་པ། རང་གཞན་ཡིད་ཅན་རྒྱ་མཚོ་འོད་གསལ་ཕྱག་རྒྱ་ཆེན་པོའི་གསེང་ལམ་སྒྲ་ཇི་བཞིན་རྟོགས་ནས་བསྒོམ་མེད་ཆོས་ཀྱི་དབྱིངས་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
རྒྱ་གར་སྐད་དུ། སརྦ་བྷཱུ་ཏ་བ་ལིཾ་བི་དྷཱིཿ བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ། །དངོས་ཀུན་རང་བཞིན་བདེ་བ་ཐོབ། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ནས། །བླ་མས་བསྟན་པའི་རིམ་བཞིན་དུ། །སེམས་ཅན་དོན་ཕྱིར་གཏོར་མ་བཤད། །རེ་ཞིག་དང་པོཉིད་དུ་ནི། །ཡུལ་གྱི་ཉེས་པ་སྡོད་བྱེད་སྔགས། །བརྗོད་པས་དངོས་ཀུན་སྟོང་པར་བསྒོམ། །དེ་ནས་རཾ་གྱུར་ཉི་མ་ལ། །ཧཱུྃ་བསམ་ཡོངས་སུ་གྱུར་པ་ལས། །སྣ་ཚོགས་རྡོ་རྗེ་བསྒོམ་བྱས་ནས། །ར་བ་དྲ་བ་ས་གཞི་བསམ། །དེ་ནང་སྐད་ཅིག་ཙམ་ལས་ནི། །འཁོར་ལོ་གསུམ་ག་ལྷ་རྣམས་དང་། །ཁམས་གསུམ་སེམས་ཅན་མ་ལུས་པ། །ཕྱོགས་སྐྱོང་མཁའ་འགྲོར་བཅས་པ་བསྐྱེད། །བདག་ནི་དེ་རྣམས་མདུན་གནས་པ། །ཧེ་རུ་ཀ་ཡི་གཟུགས་བསམས་ལ། །གནས་བདུན་གོ་ཆ་གསལ་བར་དགོད། །དེ་ནས་མདུན་དུ་ཡཾ་ལས་ནི། །རླུང་གི་དཀྱིལ་འཁོར་བསམ་རཔ་བྱ། །དེ་སྟེང་རཾ་ནི་ཡོངས་གྱུར་པས། །མེ་ཡི་དཀྱིལ་འཁོར་བསྒོམ་པའོ། །དེ་སྟེང་ཨ་ལས་ཐོད་པའོ། །ཐོད་པ་དཀར་པོའི་དབུས་སུ་ནི། །བི་མུ་ར་ཤུ་མ་ལྔ་ལས། །བདུད་རྩི་ལྔ་ནི་བསྐྱེད་པའོ། །གོ་ཀུ་ད་ཧ་ན་ལས་ནི། །ལྕགས་ཀྱུ་ལྔ་ཡང་དེ་བཞིན་བསམ། །དེ་ནས་རླུང་གིས་མེ་སྦར་ཞིང་། །ཐོད་པ་དྲོས་པའི་རླངས་པ་ནི། །རྡོ་རྗེའི་རྣམ་པའི་གཟུགས་བརྙན་བྱུང་། །དེ་ཡང་བསིལ་བར་བྱ་བའི་ཕྱིར། །ཐོད་པའི་སྟེང་གི་མཐོ་གང་དུ། །ཨོཾ་གྱུར་ཟླ་བའི་དཀྱིལ་འཁོར་ནི། །བདུད་རྩིའི་རང་བཞིན་ཨོཾ་གྱིས་ནི། །སྟེང་