Difference between revisions of "དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ཚིགས་བཅད་མ་བཞུགས།"

From Rangjung Yeshe Wiki Texts
Jump to navigation Jump to search
m (1 revision: 3rd Karmapa Collected Works)
 
(No difference)

Latest revision as of 10:39, 18 February 2013

{{{1}}}

༄༅། །དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ཚིགས་བཅད་མ་བཞུགས། །[1]

༄༅། །ན་མ་ཤྲི་ཀ་ལ་ཙཀྲ་ཡེ། །བཅོམ་ལྡན་བསྒོམ་པར་འདོད་པ་ཡིས། །སྔར་བཤད་སྔགས་ཀྱིས་ཁ་ལག་སྦྱང་། །སྙིང་ཁར་པད་མ་ཟླ་བའི་དཀྱིལ། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། །འོད་འཕྲོས་རྒྱལ་བ་སྤྱན་དྲངས་ལ། །ཕྱག་རྒྱ་སྔགས་ཀྱི་མཆོད་པ་སྤྲོ། །ཨོཾ་ཙྪུབཛྭ་གྷན་དྷེ་གྷན་དྷ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭ་ཧཱ། ཨོཾ་ཙྪུབཛྭ་མ་ལེ་མ་ལ་ཨར། ཨོཾ་དྷཱུབཛྭ་དྷུཔེ་དྷུཔ། ཨོཾ་དྷཱུབཛྭ་ཌི་པེ་ཌི་པ། ཨོཾ་སུ་བཛྭ་ཨ་མྲི་ཏ་ནེ་པེ་ཏེ་པུ། ཨོཾ་སུ་བཛྭ་ཨག་ཀྵ་ཏེ་ཨ་ཀྵ་ཏ་ཕ་ལ། ཨོཾ་ཏུ་བཛྭ་ལ་ཀྵྼེེ་སྟ་ཨ་བྷ་ར་ན། ཨོཾ་ཏུ་བཛྭ་ཧ་ཀྵྼེེ་གྷན་དྷ་བཛྭ་ཨ་དརྴ། ཨོཾ་ཀུ་བཛྭ་བྷད་ཏྱཻ་བཱད་ཏྲུ་པུ་ཙ། ཨོཾ་ཀུ་བཛྭ་རྣི་ཏེ་ནྲེ་དྱ་པུ་ཙ། ཨོཾ་པྤུ་བཛྭ་གྷི་ཏེ་གྷ་ཏེ། ཨོཾ་་བཛྭ་ཀ་མེ་སརྦ་བྷུད་དྷ་བྷོ་དྷེ་ས་ཏ་ནཾ་བཛྭ་པུ་ར་ཏ་སུ་ཛེ་ཀུ་རུ་ཀུ་རུ་སྭཱ་ཧཱ། །མཆོད་ཅིང་སྡིག་པ་གཤགས་སོགས་བྱ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །མ་ལུས་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །སླན་ཆད་ནམ་ཡང་མི་བགྱིད་དོ། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །སྣ་ཚོགས་དགེ་བ་གང་མཛད་པ། །རྙོག་བྲལ་བྱང་ཆུབ་རྗེས་མཐུན་ལ། །ཀུན་ལ་དགའ་བས་ཡིད་རང་ངོ་། །མྱ་ངན་མི་འདའ་བཞུགས་ནས་ཀྱང། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྲིད་པའི་འཇིགས་པ་འཕྲོག་བྱེད་པ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བསམ་པ་ཡོངས་སུ་དག་པ་ཡིས། །བྱང་ཆུབ་སེམས་ནི་རབ་བསྐྱེད་དེ། །བདག་དང་བདག་གིར་འཛིན་པ་དོར། །ཕ་རོལ་ཕྱིན་པ་བཅུ་སྤྱད་ཅིང་། །ཚད་མེད་བཞི་ལ་གནས་པ་དང་། །བསྡུ་བ་རྣམ་བཞིས་ཡོངས་སུ་བསྡུ། །ཉོན་མོངས་སྒྲིབ་པ་བཅུ་སྤངས་ནས། །ལྟ་སོགས་ཟག་པ་བཞི་དོར་སྟེ། །སྟོང་ཉིད་མཚན་མེད་སྨོན་པ་བྲལ། །མངོན་པར་འདུ་མི་བྱེད་བསྒོམས་པས། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དེ་ཧཱུྃ་ལས་བསྡུས་ནས། །དངོས་པོ་མེད་པ་བསྒོམ་པ་མིན། །དངོས་པོའང་བསྒོམ་པར་བྱ་བ་མིན། །དེ་བཞིན་དངོས་པོ་དངོས་མེད་མིན། །བསྒོམ་པ་དམིགས་སུ་མེད་པའོ། །ཨོཾ་ཤུ་ནྱ་ཏ་ཛྙྱ་ན་བཛྭ། ཨོཾ་ཨ་ནི་མི་ཏཱ་ཛྙྱ་ན་བཛྭ། ཨོཾ་ཨ་པྲ་ཏི་ཧ་ཏ་ཛྙྱ་ན་བཛྭ། །ཨོཾ་ཨ་ན་བྷི་སང་སྐ་ར་ཛྙྱ་ན་བཛྭ། སྭ་བྷ་ཝཱ་ཨཏྨ་ཀཱོ་ཧཾ། དེ་ནས་སྔོན་གྱི་སྨོན་ལམ་ལས། །ཡྃ་ལས་རླུང་གི་དཀྱིལ་འཁོར་ནག །རྃ་ལས་མེ་ཡི་དཀྱིལ་འཁོར་དམར། །བྃ་ལས་ཆུ་ནི་དཀར་པོ་ཟླུམ། །ལྃ་ལས་ས་ནི་གྲུ་བཞི་སེར། མྃ་ལས་རི་རབ་པད་མ་དང་། ཟླ་ཉི་སྒྲ་གཅན་དཀྱིལ་འཁོར་ལྡན། །དེ་དབུས་རྡོ་རྗེའི་གུར་གྱི་ནང་། །བྷྲུྃ་ལས་བྱུང་བའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་ནི་བཞི་བཞི་སྟེ། །རྟ་བབས་རྒྱན་རྣམས་ཀྱིས་མཛེས་པ། །རེ་ག་གསུམ་དང་ལྔ་པ་སྟེ། །ལྷ་སྣམ་ཕ་གུ་དྲ་ཕྱེད་ནི། །དཀར་དམར་ནག་པོ་གོ་རིམས་བཞིན། །རྔ་ཡབ་རིན་ཆེན་ལ་སོགས་རྒྱན། །དབུས་ནི་སྔོ་དང་ལྗང་བ་ལ། །ཕྱོགས་མཚམས་ཞལ་གྱི་ཁ་དོག་མཚུངས། །ས་ཆུ་མེ་རླུང་རྡོ་རྗེ་འོད། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཟླ་བ་ཉི་མ་རྟག་ཏུ་འཆར། །དེ་དབུས་ཀྵ་ལས་པད་མ་ལྗང་། །ཟླ་བ་ཉི་མ་སྒྲ་གཅན་ཏེ། །གཡས་སུ་འདོད་ལྷ་དམར་པོ་ནི། །མདའ་ལྔ་ཞགས་པ་གཞུ་ལྕགས་ཀྱུ། །འཛིན་པ་དགའ་མོ་དང་བཅས་པའོ། །གཡོན་ན་དབང་ཕྱུག་དཀར་པོ་ནི། །རྩེ་གསུམ་ཅང་ཏེའུ་ཐོད་པ་དང་། ཁ་ཊྶཱྃ་འཛིན་པ་དབུ་མར་བཅས། །ཨ་ལི་ཟླ་བ་མེ་ལོང་ལྷ། །ཀ་ལི་ཉི་མ་མཉམ་པ་ཉིད། །ཧཱུྃ་ཡིག་སོ་སོར་རྟོག་པ་སྡེ། །སྲོག་རླུང་ཧི་ཡིག་བྱ་བ་གྲུབ། །འཕྲོ་འདུས་རྡོ་རྗེ་ཧཾ་གིས་མཚན། །སྐུ་རྫོགས་ཆོས་དབྱིངས་ཡེ་ཤེས་ཏེ། །དུས་ཀྱི་འཁོར་ལོ་སྐུ་མདོག་མཐིང་། །ཞལ་བཞི་མགྲིན་པ་གསུམ་པ་ལ། །རྩ་ཞལ་སྔོན་པོ་ཁྲོ་འཛུམ་པ། །གཡས་ཞལ་དམར་པོ་སྒེག་ཅིང་ཆགས། །གཡོན་ཞལ་དཀར་པོ་ཞི་བའོ། །རྒྱབ་ཞལ་སེར་པོ་བསམ་གཏན་ཚུལ། །སྤྱན་གསུམ་ཅོད་པན་རྡོ་རྗེས་མཚན། །སྔོན་དམར་དཀར་བའི་དཔུང་པ་གསུམ། །གྲུ་མོ་བཅུ་གཉིས་ཕྱག་མགོ་ནི། །སྔོན་དམར་དཀར་བ་བཞི་བཞིའོ། །ཕྱག་འཛུབ་ས་ཆུ་མེ་རླུང་དང་། །ཡེ་ཤེས་མདོག་ཅན་ཚིགས་རྣམས་ནི། །སྔོ་དམར་དཀར་བ་རིམ་བཞིན་ནོ། །རྡོ་རྗེ་རལ་གྲི་རྩེ་གསུམ་དང་། །གྲི་གུག་མདའ་དང་ལྕགས་ཀྱུ་དང་། །རྔེལ་ཆུང་ཐོ་བ་འཁོར་ལོ་མདུང་། །དབྱུག་པ་དགྲ་སྟ་གཡས་ན་བསྣམས། །གཡོན་ན་དྲིལ་བུ་ཕུབ་ཁ་ཊྶཱྃ། །ཐོད་ཁྲག་གཞུ་ཞགས་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་དང་། །ལྕགས་སྒྲོག་ཚངས་པའི་མགོ་བོ་བསྣམས། །ཞབས་གཡས་དམར་པོ་བརྐྱང་པས་བདུད། །གཡོན་བསྐུམ་དམར་པོ་དྲག་པོ་མནན། །དབུ་ཡི་ནོར་བུ་རྣ་ཆ་དང་། མགུལ་རྒྱན་ཕྱག་གདུབ་སྐེ་རགས་དང་། ཞབས་གདུབ་དར་དཔྱང་ཕྲེང་བས་བརྒྱན། །སྟག་གི་ལྤགས་པའི་ཤམ་ཐབས་འཕྱང་། །ཐལ་བ་མགོ་འཕྲེང་བརྒྱན་པའོ། །དེ་ཡི་པང་དུ་སྣ་ཚོགས་ཡུམ། །ཞལ་བཞི་ཕྱག་བརྒྱད་གསེར་གྱི་མདོག །གཡས་དཀར་གཡོན་དམར་རྒྱབ་ཞལ་ནག །སྤྱན་གསུམ་ཕྱག་གཡས་གྲི་གུག་དང་། །ལྕགས་ཀྱུ་ཁ་ཊྶཱྃ་ཀ་ཕྲེང་བ། །གཡོན་གྱི་ཉ་ཕྱིས་ཞགས་པ་དང་། །པད་མ་དཀར་པོ་རིན་ཆེན་ནོ། །ཕྱག་རྒྱ་ལྔས་བརྒྱན་སྙོམས་པར་འཇུག །ཅོད་པན་རྡོ་རྗེ་སེམས་དཔས་བརྒྱན། །འདབ་བརྒྱད་ཨ་ཧའི་ས་བོན་ལས། །ཤར་དང་མེ་རུ་ནག་མོ་འབར། །གཡས་དམར་གཡོན་དཀར་རྒྱབ་སེར་བ། །ཕྱག་གཡས་སྤོས་དང་ཙན་དན་དང་། གུར་གུམ་གླ་རྩིའི་སྣོད་འཛིན་པ། །གཡོན་ན་དྲིལ་བུ་པད་མ་དང་། །མེ་ཏོག་དམར་པོ་མེ་ཏོག་ཕྲེང་། །ལྷོ་དང་བདེན་བྲལ་དམར་མོ་འབར། །གཡས་སེར་གཡོན་ནག་རྒྱབ་ཞལ་དཀར། །ཕྱག་གཡས་མར་མེ་དོ་ཤལ་དང་། །དབུ་རྒྱན་གདུ་གུ་འཛིན་པའོ། །གཡོན་ན་གོས་དང་སྐེ་རགས་དང་། །རྣ་ཆ་རྐང་བརྒྱན་འཛིན་པར་མཛད། །ནུབ་དང་རླུང་དུ་སེར་མོ་འབར། །གཡས་དཀར་གཡོན་དམར་རྒྱབ་ཞལ་ནག །ཕྱག་གཡས་དུང་དང་གླིང་བུ་དང་། ནོར་བུ་དྷ་རུ་བསྣམས་པའོ། །གཡོན་པས་པི་ཝང་རྔ་ཟླུམ་དང་། མཁར་ཁོལ་ཟངས་དུང་འཛིན་པའོ། །བྱང་དང་དབང་ལྡན་དཀར་མོ་འབར། གཡས་ནག་གཡོན་སེར་རྒྱབ་ཞལ་དམར། །ཕྱག་གཡས་འོག་མ་ཆུ་བོ་དང་། །ལྷ་ཡི་སྨན་དང་ཆང་སྣོད་འཛིན། །གཡོན་ན་བདུད་རྩི་དངུལ་ཆུ་དང་། །བདུད་རྩིའི་འབྲས་བུ་འབྲལ་ཕྲོལ་འཛིན། །མཚམས་བཞི་རྔ་ཡབ་བརྒྱད་འཛིན་ཏེ། །ཀུན་ཀྱང་ཟླ་བར་མཉམ་པར་གནས། །ཕྱག་རྒྱ་ལྔ་དང་ལྡན་པར་བསྒོམ། །ནོར་བུ་གྷན་དྷེ་ཤིང་དང་དུང་། །རྡོ་རྗེ་བཞི་ཡི་རང་བཞིན་ནོ། །རྒྱུའི་ཧེ་རུ་ཀའོ། །དེ་ནས་གཙུག་གཏོར་ཧྃ་ཡིག་དང་། །ཨོཾ་ཨཱཿཧཱུྃ་ཧོ་ས་གནས་ལྔར། །ཧཱུྃ་ལས་རྡོ་རྗེ་ཕཊ་ཀྱིས་མཚན། །ཆོས་འབྱུང་པད་མ་ཨ་ལིས་མཚན། །བྱིན་བརླབས་གཉིས་མེད་སྙོམས་ཞུགས་པས། །གནས་ལྔའི་ས་བོན་ལས་འོད་འཕྲོས། །ཕྱོགས་བཅུའི་རྒྱལ་སྲས་མཆོད་ཅིང་བསྡུས། །ཡབ་ཡུམ་མཁར་ཕབ་ལྷ་རྣམས་བསྐྱེད། །རིམ་པ་དང་པོའི་རེ་མིག་ལ། །ཕྱོགས་བཅུ་ཉི་མ་འཚམས་ཟླ་བར། །ཨི་རི་ཨུ་རི་རིང་ཐུང་ལས། །ཤར་དུ་དོན་གྲུབ་སྤྱན་མས་འཁྱུད། མེ་རུ་སྒྲོལ་མ་རྣམ་སྣང་འཁྱུད། ལྷོ་རུ་རིན་འབྱུང་མ་མ་ཀིས། །ལྷོ་ནུབ་གོས་དཀར་འོད་དཔག་མེད། །བྱང་དུ་དཔག་མེད་གོས་དཀར་འཁྱུད། བྱང་ཤར་མ་མ་ཀི་ལ་ནི། །རིན་ཆེན་འབྱུང་བས་འཁྱུད་པའོ། །ནུབ་ཏུ་སྣང་མཛད་སྒྲོལ་མས་མཁྱུད། །རླུང་དུ་སྤྱན་མ་དོན་གྲུབ་ཅན། །རེ་མིག་འཚམས་སུ་བུམ་པ་སྟེ། །ཧྃ་ལས་དབྱངས་ཀྱིས་བསྒྱུར་ལས་བྱུང་། །རིམ་པ་གཉིས་པར་སེམས་དཔའ་རྣམས། །ཨེ་ཨར་ཨེ་དང་ཨལ་ལས་བྱུང་། །ཤར་སྒོའི་གཡས་སུ་མཁའ་སྙིང་དང་། །མེ་རུ་རེག་བྱ་རྡོ་རྗེ་མ། །ལྷོ་སྒོའི་གཡས་སུ་ས་ཡི་སྙིང་། །བདེན་བྲལ་རོ་ཡི་རྡོ་རྗེ་མ། །བྱང་སྒོའི་གཡས་སུ་འཇིག་རྟེན་དབང་། །དབང་ལྡན་གཟུགས་ཀྱི་རྡོ་རྗེ་མ། །ནུབ་གཡས་སྒྲིབ་པ་རྣམ་སེལ་ཏེ། །རླུང་དུ་དྲི་ཡི་རྡོ་རྗེ་མ། །ཤར་ནུབ་ལྷོ་བྱང་རོ་མཉམ་འཁྱུད། །སྒོ་བཞིར་ཡ་ར་ཝ་ལ་ལས། །ཤར་སྒོར་བགེགས་སྒྲ་རེངས་བྱེད་མ། །ལྷོ་རུ་རྨོངས་བྱེད་ང་རྒྱལ་མ། །བྱང་དུ་པད་མཐའ་རྨོངས་བྱེད་མ། །ནུབ་ཏུ་གཤིན་རྗེ་མཐར་བྱེད་ལ། །ཤིན་དུ་སྟོབས་མས་འཁྱུད་པའོ། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ནི། །སྟེང་འོག་སྣ་ཚོགས་མཁའ་དབྱིངས་ལྡན། །ཕྱག་རྡོར་རྗེ་རྗེ་སྒྲ་མ་ལྗང་། །ཆོས་དབྱིངས་རྡོ་རྗེ་བཟང་པོས་འཁྱུད། །ལྷོ་དང་ནུབ་སྒོའི་གཡོན་དུའོ། །ཀུན་བཟང་སྔོན་པོ་ཆོས་དབྱིངས་མས། །རྡོ་རྗེ་སྒྲ་མ་ཕྱག་རྡོར་བཅས། །ཤར་དང་བྱང་སྒོའི་གཡོན་དུ་དགོད། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །རླུང་ཁམས་འདུ་བྱེད་རིགས་བྱུང་རྣམས། །གཡས་དམར་གཡོན་དཀར་དབུས་ཞལ་ནག །རལ་གྲི་གྲི་གུག་རྩེ་གསུམ་གཡས། །ཕུབ་དང་ཐོད་པ་ཁ་ཊྶཱྃ་གཡོན། །སྒྲོལ་མའི་ཐ་མ་ཨུད་དཔལ་ལོ། །ཚོར་བའི་ཕུང་པོ་མ་རིག་ཀུན། །གཡས་དཀར་གཡོན་ནག་དབུས་དམར་ཞལ། །མདའ་དང་ལྕགས་ཀྱུ་ཅང་ཏེལ་གཡས། །གཞུ་དང་ཞགས་པ་ནོར་བུ་གཡོན། །འདུ་ཤེས་ཆུ་ཁམས་ལས་བྱུང་རྣམས། །གཡས་ནག་གཡོན་དམར་དབུས་ཞལ་དཀར། །ཐོ་བ་མདུང་དང་རྩེ་གསུམ་གཡས། །པད་དཀར་མེ་ལོང་ཕྲེང་བ་གཡོན། །གཟུགས་ཕུང་ས་ཁམས་རིན་འབྱུང་ཀུན། །གཡས་དཀར་གཡོན་ནག་དབུས་སེར་ཞལ། །འཁོར་ལོ་དབྱུག་པ་རྡོ་རྗེ་གཡས། །དུང་དང་ལྕགས་སྒྲོག་དྲིལ་བུ་གཡོན། །ནམ་མཁའ་ཡེ་ཤེས་རིགས་བྱུང་རྣམས། །གཡས་དམར་གཡོན་དཀར་དབུས་ལྗང་སྔོ། །རྡོ་རྗེ་གྲི་གུག་དགྲ་སྟ་གཡས། །དྲིལ་བུ་ཐོད་པ་ཚངས་འོག་གཡོན། །ཀུན་བཟང་ཐ་མ་ཨུད་པ་ལའོ། །ཀུན་ཀྱང་རྡོ་རྗེའི་རྒྱན་ལྡན་བསྒོམ། །ཕྱི་རོལ་མཆོད་པའི་སྣམ་བུ་ལ། །ཤར་དུ་དྲི་དང་ཕྲེང་པ་ཙ། །ལྷོ་རུ་སྤོས་དང་མར་མེ་ཌ། །ནུབ་ཏུ་སྒེག་དང་བཞད་མ་ཏ། །བྱང་དུ་བདུད་རྩི་ཟད་མེད་པ། །གར་དང་སིལ་སྙན་ཀ་ལས་བྱུང་། །གླུ་དང་འདོད་མ་པ་སྡེ་ལས། །ཤར་ནུབ་ལྷོ་བྱང་རྟ་བབས་ཏེ། །ཐུགས་ཀྱི་དཀྱིལ་འཁོར་ཕྱག་འཚལ་ལོ། །གསུང་གི་དཀྱིལ་འཁོར་སྣམ་བུ་ལ། །ཕྱོགས་དམར་མཚམས་དཀར་འདབ་བརྒྱད་སྟེང་། །ཤར་དབུས་ཡི་དྭགས་དམར་བའི་སྟེང་། །ཧ་ལས་ཙར་ཙི་ཀ་ནག་མོ། །ཕྱག་གཡས་གྲི་གུག་རྩེ་གསུམ་དུ། །གཡོན་ན་ཐོད་པ་ཁ་ཊྶཱྃ་ཅན། །དབང་པོ་སེར་པོའི་ཐབས་དང་བཅས། །འདབ་མར་ཧི་ཧཱི་ཡ་ལས་བྱུང་། །འཇིགས་མ་ལ་སོགས་བརྒྱད་ཀྱིས་བསྐོར། །མེ་རུ་མཁའ་ལྡིང་སྟེང་དུ་། །ཁྱབ་འཇུག་མ་ནི་གཡས་འཁོར་ལོ། །དབྱུག་ཐོ་གཡོན་ན་པད་མ་དུང་། །ཚངས་འཁྱུད་འདབ་མར་ཀྵི་ཡ་བསྒྱུར། །དཔལ་ལ་སོགས་པ་བརྒྱད་ཀྱིས་བསྐོར། །ལྷོ་རུ་མ་ཧེའི་གདན་ལ་ཧ། །ཕག་མོ་དབྱུག་པ་རལ་གྲི་གཡས། །གཡོན་ན་ལུ་གུ་རྒྱུད་དང་ཕུབ། །དྲག་པོ་དཀར་པོས་འཁྱུད་པའོ། །འདབ་བརྒྱད་ཧྲི་དང་ར་བསྒྱུར་ལས། །ཀེང་རུས་མ་སོགས་བརྒྱད་ཀྱིས་བསྐོར། །ལྷོ་ནུབ་རྨ་བྱའི་སྟེང་དུ་ཀྵ། །གདོང་དྲུག་མ་ནི་གཡས་ན་དུང་། །ལྕགས་ཀྱུ་གཡོན་ན་རིན་ཆེན་ཞགས། །ཚོགས་བདག་དཀར་པོའི་ཐབས་དང་རོལ། །འདབ་བརྒྱད་ཀྵི་ར་བསྒྱུར་ལས་བྱུང་། །པད་མ་ཅན་སོགས་རྣམ་པ་བརྒྱད། ནུབ་ཏུ་གླང་པོའི་སྟེང་དུ་ཧ། །དབང་མོ་གཡས་ན་རྡོ་རྗེ་མདའ། །གཡོན་ན་དྲིལ་བུ་གཞུ་འཛིན་མ། །སྲིན་པོ་ནག་པོས་འཁྱུད་པའོ། །འདབ་བརྒྱད་་ལ་བསྒྱུར་ལས་བྱུང་། །རྡོ་རྗེ་འོད་སོགས་བརྒྱད་ཀྱིས་བསྐོར། །རླུང་མཚམས་ངང་པའི་སྟེང་དུ་ཀྵ། ཚངས་མ་ཕྱག་གཡས་པད་མ་དང་། །དབྱུག་གུ་སྤྱི་བླུགས་པར་བུ་གཡོན། །ཁྱབ་འཇུག་ནག་པོའི་ཐབས་དང་བཅས། །འདབ་བརྒྱད་ི་དང་ལ་བསྒྱུར་ལས། །མཆོད་སྦྱིན་འདོད་མ་ལ་སོགས་བརྒྱད། །བྱང་དུ་ཁྱུ་མཆོག་སྟེང་དུ་ཧཾ། །དྲག་མོ་རྩེ་གསུམ་ཅང་ཏེའུ་གཡས། །གཡོན་ན་ཁ་ཊྶྃ་ཁ་དང་སྦྲུལ། །གཤིན་རྗེ་དམར་པོས་ཡང་དག་འཁྱུད། །འདབ་བརྒྱད་ཧུ་ཧཱུ་བ་སྒྱུར་ལ། །དཀར་མོ་ལ་སོགས་བརྒྱད་ཀྱིས་བསྐོར། །དབང་ལྡན་སེང་གེ་སྟེང་དུ་ཀྵཾ། །དཔལ་མོ་པད་མ་ཕྲེང་བ་གཡས། །གཡོན་ན་པད་མ་རིན་ཆེན་འཛིན། །གདོང་དྲུག་དམར་པོའི་ཐབས་ཀྱིས་འཁྱུད། །འདབ་བརྒྱད་ཀྵུ་ད་བ་བསྒྱུར་ལས། །དཔལ་དཀར་ལ་སོགས་རྣམ་པ་བརྒྱད། །ཐམས་ཅད་ཕྱོགས་ཀྱི་ཁ་དོག་སྟེ། །ཚངས་མ་ཞལ་བཞི་གདོང་དྲུག་དྲུག །གཞན་རྣམས་ཞལ་ཅིག་ཕྱག་བཞི་མ། །གཙོ་མོ་ས་གའི་སྟབས་ཀྱིས་བཞུགས། །འཁོར་རྣམས་རོལ་པའི་རྣམས་པར་མཚུངས། །ལྟེ་བའི་རྩ་དང་རླུང་དག་པའོ། །ཕྱི་རོལ་མཆོད་པའི་རྣམ་བུ་ལ། །འདོད་མ་སུམ་ཅུ་སོ་དྲུག་སྟེ། །གསུང་གི་དཀྱིལ་འཁོར་ཕྱག་འཚལ་ལོ། །གསུམ་པ་སྐུ་ཡི་དཀྱིལ་འཁོར་ནི། །བཅུ་གཉིས་ཁྱིམ་སྟེ་པད་མའི་གདན། །བཞི་དང་བརྒྱད་དང་བཅུ་དྲུག་རིམས། །ཤར་སྒོའི་གཡོན་དུ་བྱ་ཁྱུང་སྟེང་། །ཁྱབ་འཇུག་དཔལ་མོས་འཁྱུད་པ་སྟེ། །གཡས་ན་འཁོར་ལོ་དབྱུག་པ་དང་། །གཡོན་པ་པད་མ་དུང་འཛིན་པ། །ཀཾ་སྟེ་ཕྲག་གཡས་ཆུ་སྲིན་ཁྱིམ། །ལྷོ་སྒོའི་གཡོན་དུ་མ་ཧེའི་སྟེང་། །གཤིན་རྗེ་ཡབ་ཡུམ་ངམ་ལས་བྱུང་། །ཕྱག་གཡས་དབྱུག་པ་རལ་གྲི་དང་། །ལུ་གུ་རྒྱུད་དང་ཞགས་པ་གཡོན། །བུམ་པའི་ཁྱིམ་དང་ཕྲག་པ་གཡོན། །ཤར་གཡས་ཡི་དྭགས་དམར་མོའི་སྟེང་། །ཙ་ལས་བདེན་བྲལ་སྲིན་མོས་འཁྱུད། །ཕྱག་གཡས་རལ་གྲི་གྲི་གུག་དང་། །གཡོན་ན་ཕུབ་དང་ཐོད་པ་ཅན། །གྲུ་མོ་གཡས་དང་ཉ་ཡི་ཁྱིམ། །མེ་འཚམས་ཤ་བའི་སྟེང་དུ་ནི། །ཉྃ་ལས་རླུང་ལྷ་རབ་གཏུམ་འཁྱུད། །ཕྱག་གཡས་པད་མ་ལྷ་ཤིང་དང་། །ཨིན་ཏྲ་ནི་ལ་ཨུད་དཔལ་གཡོན། །གྲུ་མོ་གཡོན་དང་ལུག་གི་ཁྱིམ། །ལྷོ་སྒོའི་གཡས་སུ་ར་ཡི་སྟེང་། །ཊྶཱྃ་ལས་མེ་ལྷ་ཆུ་མོས་འཁྱུད། །གཡས་ན་ཤག་ཏི་དང་ནི་མདུང་། །གཡོན་པས་པད་མ་སྤྱི་བླུགས་འཛིན། །གླང་གི་ཁྱིམ་དང་ཁྲིག་མ་གཡས། །བདེན་བྲལ་རྨ་བྱའི་སྟེང་དུ་ནི། །ཎྃ་ལས་གདོང་དྲུག་དཔལ་མོས་འཁྱུད། །ཕྱག་གཡས་ཤག་ཏི་མདུང་ཐུང་དང་། །གཡོན་པ་རིན་ཆེན་མེ་ལོང་འཛིན། ཁྲིག་མའི་ཁྱིམ་དང་ཁྲིག་མ་གཡོན། །བྱང་སྒོའི་གཡས་སུ་ཆུ་སྲིན་སྟེང་། །སྃ་བྱུང་ཆུ་ལྷ་ཕག་མོས་འཁྱུད། །གཡས་ན་ཞགས་པ་རིན་པོ་ཆེ། །གཡོན་ན་སྦྲུལ་ཞགས་ཆུ་ཤེལ་འཛིན། །དཔྱི་གཡས་ཀར་ཀ་ཏ་ཡི་ཁྱིམ། །དབང་ལྡན་བྱི་བའི་སྟེང་དུ་ནི། །མྃ་བྱུང་ཚོགས་བདག་གཞོན་ནུ་མ། །ཕྱག་གཡས་དགྲ་སྟ་རྡོ་རྗེ་སྟེ། །གཡོན་ན་ཞགས་པ་རིན་ཆེན་འཛིན། །དཔྱི་གཡོན་སེང་གེའི་ཁྱིམ་རང་བཞིན། །ནུབ་སྒོའི་གཡས་སུ་གླང་ཆེན་སྟེང་། །ཏྃ་ལས་བརྒྱ་བྱིན་རླུང་མོས་མཁྱུད། །གཡས་ན་རྡོ་རྗེ་མེ་ཡི་མདའ། །གཡོན་ན་དྲིལ་བུ་གཞུ་འཛིན་མ། །བུ་མོའི་ཁྱིམ་དང་པུས་མོ་གཡས། །རླུང་མཚམས་ངང་པའི་གདན་སྟེངས་སུ། །ནྃ་ལས་ཚངས་པ་གློག་མས་འཁྱུད། །གཡས་པས་ཁབ་དང་བགྲང་ཕྲེང་སྟེ། །གཡོན་ན་པད་མ་སྤྱི་བླུགས་འཛིན། །པུས་མོ་གཡོན་དང་སྲང་གི་ཁྱིམ། །བྱང་སྒོའི་གཡོན་དུ་ཁྱུ་མཆོག་སྟེང་། །པྤྃ་ལས་དབང་ཕྱུག་དཀར་མོས་འཁྱུད། །གཡས་སུ་ཏྲི་ཤུ་ལ་དང་མདའ། །གཡོན་ན་སྦྲུལ་དཀྲིས་ཁ་ཊྶྃ་གཞུ། །ལོང་བུ་གཡས་དང་སྡིག་པའི་ཁྱིམ། །ནུབ་སྒོའི་གཡོན་དུ་གླང་གི་སྟེང་། །ཀྐྃ་ལས་གནོད་སྦྱིན་ནོར་བཟང་མ། །ཕྱག་གཡས་རིན་ཆེན་དབྱུག་ཏོ་ཅན། །གཡོན་པ་ནེའུ་ལེ་པད་མ་འཛིན། །གཞུ་ཡི་ཁྱིམ་དང་ལོང་བུ་གཡོན། །ཐམས་ཅད་ཕྱོགས་ཀྱི་ཁ་དོག་ཅན། །ཚངས་པ་གདོང་དྲུག་ལས་གཞན་ཀུན། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །དཀྱིལ་དཀྲུང་པད་མའི་འདུག་སྟངས་དང་། །འཁོར་ཀུན་རོལ་པའི་ཚུལ་གྱིས་བཞུགས། །ཤར་སྒོར་ཕག་བདུན་ཤིང་རྟའི་སྟེང་། །ཡ་ལས་དབྱུག་སྔོན་དོན་གྲུབ་བཞིན། །འོད་ཟེར་ཅན་མ་གཡས་འཁོར་ལོ། །དབྱུག་པ་དུང་དང་རིན་ཆེན་གཡོན། །ལྷོ་རུ་རྟ་བདུན་ཤིང་རྟ་ལ། །ར་ལས་འདོད་རྒྱལ་རིན་འབྱུང་བཞིན། །བསྐུལ་བྱེད་གཡས་ན་ཐོ་བ་མདུང་། །གཡོན་པ་པད་མ་མེ་ལོང་འཛིན། །ནུབ་ཏུ་གླང་བདུན་ཤིང་རྟའི་སྟེང་། །ལ་ལས་སྟོབས་ཆེན་རྣམ་སྣང་འདྲ། །ལྕགས་སྒྲོག་རལ་གྲི་རྡོ་རྗེ་གཡས། །གཡོན་པ་ཕུབ་དང་སྦྲུལ་འཛིན་པའོ། །བྱང་དུ་སེང་གེ་བདུན་ཤིང་རྟ། །བ་ལ་མི་གཡོ་འོད་དཔག་འདྲ། ཁྲོ་གཉེར་མ་གཡས་མདའ་ལྕགས་ཀྱུ། །གཡོན་ན་གཞུ་དང་ཞགས་པ་འཛིན། །སྟེང་དུ་བྱ་ཁྱུང་བདུན་ཤིང་རྟ། །ཧཾ་ལས་གཙུག་གཏོར་ཕྱག་རྡོར་འདྲ། །ཤིན་དུ་སྔོན་མོ་གཡས་གྲི་གུག །རྡོ་རྗེ་གཡོན་ན་ཐོད་དྲིལ་འཛིན། །ས་འོག་རྐང་བརྒྱད་ཤིང་རྟ་ལ། །ཧ་ལས་གནོད་མཛེས་ཀུན་བཟང་བཞིན། །གཏུམ་མོ་དགྲ་སྟ་རྩེ་གསུམ་གཡས། །གཡོན་ན་སྦྲུལ་དང་ཁ་ཊྶཱྃ་འཛིན། །ཉི་མར་གཡས་གཡོན་བརྐྱང་པས་བཞུགས། །སྐུ་ཡི་རྟ་བབས་ཀ་བའི་རྩར། །ཧ་ལ་ཡ་ར་བ་ལས་བསྒྱུར། །ཤར་དུ་པད་མ་སྟོབས་ཀྱི་རྒྱུ། །ལྷོ་རུ་ནོར་རྒྱས་དུང་སྐྱོང་སྟེ། །ནུབ་ཏུ་འཇོག་པོ་པད་མ་ཆེ། །བྱང་དུ་མཐའ་ཡས་རིགས་ལྡན་ཏེ། །སྟེང་དུ་རྒྱལ་དང་རྣམ་པར་རྒྱལ། །ཞལ་ཅིག་ཕྱག་བཞི་རབ་གཏུམ་འཁྱུད། །བདུད་རྩིའི་བུམ་པ་རྡོ་རྗེ་གཡས། །གཡོན་དུ་པད་མ་རིན་ཆེན་འཛིན། །འབྱུང་བའི་དཀྱིལ་འཁོར་ལ་བཞུགས་སོ། །ཕྱི་རོལ་མཆོད་ལྷ་སོ་དྲུག་སྟེ། །མི་འདོད་རྟོག་པ་རྣམ་དག་པ། །སྐུ་ཡི་དཀྱིལ་འཁོར་ཕྱག་འཚལ་ལོ། །མེ་རླུང་དབུས་སུ་དུར་ཁྲོད་བརྒྱད། ཁྱི་གདོང་ཁྭ་གདོང་ཕག་བྱ་རྒོད། །ལྕེ་སྤྱང་ཁྱུང་དང་སྟག་འུག་པ། །ཤར་ནས་གཡས་བསྐོར་རིམ་པས་དགོད། །ཤིན་དུ་སྔོན་མོ་རྡོ་རྗེའི་མིག །སྟེང་འོག་ཀླུ་བཅུའི་ཐབས་དང་བཅས། །གྲི་གུག་ཐོད་པ་ཕྱག་ན་འཛིན། །རྩེགས་མའི་སྔགས་དང་ཧྃ་ཧ་བྱུང་། །མཆོད་རྟེན་མེ་ཆུ་ཤིང་དང་སྤྲིན། །གཟའ་དང་རྒྱུ་སྐར་ཁྱིམ་དྲང་སྲོང་། །གྲུབ་པ་རོ་ལངས་ནག་པོ་ཆེ། །དགའ་བྱེད་འཕྲོག་མ་བུམ་རྣ་ཅན། །བྱེ་བ་ཕྱེད་བཞི་འབྱུང་པོ་རྣམས། ཐར་པའི་གྲོང་ཁྱེར་ཕྱག་འཚལ་ལོ། །དེ་ལྟར་དཀྱིལ་འཁོར་ཡོངས་རྫོགས་ནས། །འོད་འཕྲོས་འགྲོ་ཀུན་དཀྱིལ་འཁོར་བཞུགས། །ཡེ་ཤེས་དཀྱིལ་འཁོར་ལུས་ལ་དགོད། །རང་རང་ཞིང་དུ་ལྷར་སྤྲོས་ནས། །ཡེ་ཤེས་ཆགས་པའི་མེས་བཞུ་ནས། །ཐིག་ལེ་ཧྃ་བཅས་མཁའ་འདྲར་བལྟ། །ལྷ་མོས་ཚད་མེད་གླུ་ཡིས་བསྐུལ། །སྤྱན་མ་དག་ནི་འགྲོ་བའི་མ། །རྒྱུ་མཐུན་རྣལ་འབྱོར་མར་གནས་སོ། །བདག་ནི་དཀྱིལ་འཁོར་རང་བཞིན་ཏེ། །དུས་འཁོར་བདག་ལ་འདོད་པ་སྤྱོད། །སྟོང་པའི་དཀྱིལ་འཁོར་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། །འཁོར་བ་རྟོགས་པའི་བསམ་པ་ཡིས། །འགྲོ་བའི་མགོན་པོ་རང་གིས་སྤྲོས། །མ་མ་ཀྲི་ནི་སྲིང་མོ་བདག །རྣམ་སྨིན་རྣལ་འབྱོར་མར་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ཏེ། །དུས་འཁོར་མན་འདྲའོ། །གོས་དཀར་བུ་མོ་རུ་ནི་བདག །སྐྱེས་བུའི་རྣལ་འབྱོར་མར་གནས་པ། །དཀྱིལ་འཁོར་ལྔ་ཡི་རང་བཞིན་ཏེ། །དུས་འཁོརྎ སྒྲོལ་མ་ཚ་མོ་ཡི་ནི་བདག །དྲི་མེད་རྣལ་འབྱོར་མ་རུ་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་ཏེ། །དུས་འཁོར་བཞེངསྎ གླུ་ཡི་རྡོ་རྗེ་སྤྱན་སད་ནས། །སྲིད་གསུམ་སྒྱུ་མ་ལྟ་བུར་གཟིགས། །ས་བོན་ཕྱག་མཚན་ཡོངས་རྫོགས་བསྒོམ། །ཐུགས་ཁར་རྡོ་རྗེ་ཧཾ་ཧཱུཾ་ཧོ། །ཨོཾ་ཨཱ་སྭ་ཧཱ་དང་བཅས་པས། །འོད་འཕྲོས་ཁྲོ་བོ་རྡོ་རྗེ་ཤུགས། །གཉིས་ལྷག་ཕྱག་ཅན་སྤྲོས་ནས་ཀྱང་། །དཀྱིལ་འཁོར་སངས་རྒྱས་རྣམས་བཀུག་སྟེ། །ཛ་ཧཱུྃ་བྃ་ཧོ་ཧི་ཞེས་པས། །དགུག་གཞུག་བཅིང་དགྱེས་རོ་མཉམ་བྱ། །སླར་ཡང་གནས་གསུམ་ཡི་གེ་ལས། །འོད་འཕྲོས་རྡོ་རྗེ་གསུམ་བཀུག་སྟེ། །སྐུ་ནི་ཞལ་གསུམ་ཕྱག་དྲུག་པ། །གཡས་ནག་གཡོན་དམར་དབུས་དཀར་མོ། །འཁོར་ལོ་རྡོ་རྗེ་པད་མ་གཡས། །གསུང་ནི་གཡས་དཀར་གཡོན་ཞལ་ནག །པད་མ་རྡོ་རྗེ་འཁོར་ལོ་གཡས། །ཐུགས་ནི་གཡས་དམར་གཡོན་ཞལ་དཀར། །རྡོ་རྗེ་འཁོར་ལོ་པད་མ་གཡས། །གཡོན་ཀུན་དྲིལ་བུ་རིན་ཆེན་དང་། །རལ་གྲི་འཛིན་པ་ཡུམ་དང་བཅས། །གནས་གསུམ་བྱིན་བརླབས་དབང་བསྐུར་བསམ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཕྱོགས་བཅུར་གནས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །དེང་བདག་བྱིན་གྱིས་བརླབས་ནས་ཀྱང་། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཨཿདཔལ་ལྡན་རྡོ་རྗེ་གསུང་། །ཧཱུྃ་དཔལ་ལྡན་རྡོ་རྗེ་ཐུགས། །ཨོཾ་སརྦ་ཏ་ཐ་ག་ཏ་ཀ་ཡ་ཝཱཀ་ཙི་ཏྟ་བཛྭ་སྭ་བྷ་ཝཱ་ཨཏྨ་ཀཱོ་ཧཾ། །དེ་ལྟར་དབང་བསྐུར་བྱིན་བརླབས་ནས། རིགས་ཀྱི་བདག་པོས་དབུ་བརྒྱན་ལ། །གཙོ་བོ་བདེ་སྟོང་རང་བཞིན་ཏེ། །སྐུ་ལ་ཐུགས་ཏེ་གསུང་ལ་སྐུ། །མེ་ལ་ཆུ་སྟེ་རླུང་ལ་མེ། །ཕྱོགས་རྣམས་རང་རང་བདག་པོ་ཡིན། །དབྱིབས་ཀྱི་དཀྱིལ་འཁོར་ཕྱག་འཚལ་ལོ། །ངག་གི་བཟླས་པ་བྱེད་པ་ན། །ཁ་དོག་ལྔ་ལྡན་སྤྲོ་བསྡུ་དང་། །འགོག་པ་རྡོ་རྗེ་བཟླས་པ་ནི། །ཨོཾ་ཨཿཧཱུྃ་ཧོ་ཧཾཿཀྵ་མ་ལ་ཝ་ལ་ར་ཡ་ཧཱུྃ་ཕཊ་སྭ་ཧཱ། །ཨོཾ་ཧྲྃ་ཧྲིང་ཧྲྃ་ཧྲུྃ་ྃ་ཧྲཿཞེས་འདོན་པའི་རིམ་པས་བཟླས་སོ། །ཐིག་ལེའི་རྣལ་འབྱོར་ནི། མཁའ་གསང་ཧོ་ཧྃ་བདེ་ཆེན་ལ། །མི་འགྱུར་ལྷན་སྐྱེས་བདེ་བ་བསྒོམ། །དེ་ནས་ཕྱི་ནང་གསང་བ་ཡིས། །མཆོད་དེ་བསྟོད་ལ་མཉམ་པར་བཞག །ལས་ཀྱི་བྱ་བ་ཡོངས་རྫོགས་ནས། །རྣམ་དག་དྲན་བྱས་བསྡུ་བའི་ཚེ། །འཁོར་ལོ་བཞི་དང་ལྟེ་བ་དང་། །ཚིགས་ལ་དཀྱིལ་འཁོར་གསུམ་པོ་བསྡུ། །རྒྱུན་དུ་བསྒོམ་པའི་ཕྱིར་རང་བྱུང་རོལ་བའི་རྡོ་རྗེས་བསྡུས་པའོ།། །། ཱ།།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net