Property:CyzChp6-10

From Rangjung Yeshe Wiki Texts
Jump to navigation Jump to search
Showing 1 page using this property.
C
།མ་ཧཱ་ཨ་ནུ་ཨ་ཏི་རྣམ་གསུམ་ཡང༌། །སྣང་སྲིད་སྣོད་བཅུད་ལྷ་དང་ལྷ་མོའི་ཞིང༌། །དབྱིངས་དང་ཡེ་ཤེས་རྣམ་དག་དབྱེར་མེད་པས། །ཆོས་ཉིད་མི་གཡོ་རང་བྱུང་ཡེ་ཤེས་འདོད། །མཆོག་གསང་རབ་འདིར་ཐམས་ཅད་རྣམ་དག་པས། །མ་བྱས་གཞལ་ཡས་ཡེ་ཀློང་བདེ་བའི་ཞིང༌། །ཕྱི་དང་ནང་མེད་ཀུན་ཁྱབ་གདལ་བ་ལས། །བླང་དོར་བྱ་རྩོལ་མཚན་མའི་ཆོས་མེད་པར། །ཐམས་ཅད་ཡེ་འབྱམས་ཆོས་སྐུའི་ཀློང་དུ་གྲོལ། །དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས།   +