Property:CyzChp5-15

From Rangjung Yeshe Wiki Texts
Jump to navigation Jump to search
Showing 1 page using this property.
C
།མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུ་བསྐྱེད་པའི་དཀྱིལ་འཁོར་དང༌། །སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལས། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན།  +