Ngb-pt-0961-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

་་། །རྒྱ་གར་སྐད་དུ། བཛྲ་ས་ཏྭ་ཛ་ལི་སུ་ཁ་མ་ཡ་ལྷུ་རྒྱ་གསྙེ་ཨ་བ་ཏ་ཤསྟ་མཧྭ་བི་ན་ས་མན་ཏ་ན་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་སྒ་འཕྲུལ་དྲ་བ་ལས། གསང་བའི་སྙིང་པོ་་ང་་་ངཅེ་་་་་་ཇོ་ངང་ཁ་ན་ཉད་བསྟན་པ། རལ་པ་་ན་པ་ཐལ་བའ་རྒྱུད་ ས་བྱའ། །བཅམ་ལྡན་འདས་དཔལ་ཀུན་ཏུ་བཟང་པ་ལ་ཕྱགུ་འཚལ་ལ། །ད་ནས་ད་བཞན་གཤགས་པ་རྣམས་ཀྱ། བདག་ཉད་ན་ཏུ་བཟང་པོའི་གཙོ། །སངས་རྒྱས་ཀུན་གྱི་དབང་བསྐུར་ཞིང་། །ཐམས་ཅད་འདུལ་བའི་བདག་ཉིད་ཀྱི། །རང་ག་དཀྱིལ་འཁོར་རྒྱ་ཆེན་པོས། །ཕྱོགས་བཅུ་སྟོང་ཁམས་ཀུན་ཁྱབ་ཛངངཕྲིཚོང་ང་ཆེ་ངཞིངངང་་ངངད། །རགས་ཀྱ་ ན་ལས་སྣ་ གས་པའ། །དན་ཀུན་དཀྱལ་འཁར་ ན་པ་ཉད། །རང་བ ན་སྤྲུལ་པའ་བདག་ཉད་ཀྱ། །འཁར་ལ་གསང་བའ་བདག་ཉད་བཞུགས། །ཐབས་དང་༄༥། །ཤེས་རབ་རོལ་པའི་དབྱིངས། །མ་ལུས་ཀུན་འདུས་འབྲས་བུའི་མཆོག །ཀུན་ནས་སྤྲུལ་པའི་དཀྱིལ་འཁོར་དང་། །གསང་སྔགས་ཟབ་མོའི་ཐེག་པ་ཀུན། །ཡེ་ཤེས་གསལ་བའི་བདག་ཉད་ཅན། །ཡོན་ཏན་ཀུན་རྫོགས་ཕྲིན་ལས་སྤྱོད། །འདི་དག་དཀྱིལ་འཁོར་སྣ་ཚོགས་པའི། །རོལ་པའི་ཀུན་འཇུག་རྒྱུ་ཡི་གནས། །ཐ་དད་མིན་ལ་ཐ་དད་སྣང་། །དཀྱིལ་འཁོར་ཀུན་ནས་སྣ་ཚོགས་པའོ། །འོག་མིན་ཆོས་ཀྱི་གྲུབ་པའི་གནས། །མཐའ་དང་དབུས་མེད་འཁྱིལ་བའི་བདག །མཛེས་པའི་རིན་ཆེན་ཀུན་གྱིས་བརྒྱན། །ཚད་མེད་ཡེ་ཤེས་འཁོར་ལོའི་གནས། །ཆོས་ཚོགས་མཚན་མའི་གནས་འཇོམས་ཤིང་། །མ་བཀོད་ཡེ་ནས་བརྒྱན་པ་ཡི། །རིགས་ཀྱི་ཡོན་ཏན་ཀུན་འབྱུང་ནས། །ཡང་དག་ཚུལ་གྱིས་ལོ་ཧོག་འཇོམས། །མྱ་ངན་ཀུན་བྲལ་གྲོང་ཁྱེར་ཆེ། ཁང་པ་གྲུ་བཞི་སྒོ་ཁྱུད་བཅས། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའི། །ཡོན་ཏན་དཔག་ཏུ་མེད་པ་ཀླུབས། །ཆོས་ཉིད་སྣང་བའི་བདག་ཉིད་ཅན། །ཡེ་ཤེས་ཉི་ཤུ་རྩ་ལྔའི་བདག །རང་རིག་དོན་མཐུན་རྟགས་ཀྱི་ཚུལ། །རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མ་རྒྱན་དུ་བྱས། །ངོ་བོ་གཉིས་མེད་འཁྱིལ་བའི་བདག །དེ་ལས་བསམ་ཡས་གྲངས་མེད་པའི། །ཐ་དད་སྣ་ཚོགས་འཇིགས་པ་མེད། །དེ་བཞིན་ཉིད་སྣང་དེ་བཞིན་ཉིད། །དབྱིབས་དང་ཁ་དོག་རྣམ་དཔག་པའི། །རྣམ་པ་ཐ་དད་བྱེ་བྲག་མཆོག ཁྱད་པར་ཡོན་ཏན་གནས་ཀྱི་མཛེས། །ལྷ་དང་མི་སོགས་ཚད་འདས་ཤིང་། །དཔག་མེད་རིགས་ཀྱི་རྒྱན་རྣམས་དང་། །ཀུན་ནས་སྤྲུལ་པའི་ལྷ་མོའི་ཚོགས། །ཀུན་ནས་རྒྱ་ཡོངས་མ་ཆད་པའི། །ཕྲེང་བ་འཆུན་འཕྱང་ཤར་བུ་དག །ཡེ་ཤེས་བཀོད་པ་མ་འདྲེས་པའི། །འདོད་ཡོན་ཆོས་ཀྱིས་རྣམ་པར་ཀླུབས། །ཕྱོགས་བཅུ་ཀུན་ནས་འཁྲིགས་པ་ཡི། །རང་བྱུང་ཞི་རྒྱས་དབང་དྲག་ལྡན། །མཐའ་ཡས་མཛད་པ་ཀུན་སྟོན་ཅིང་། །ཐ་དད་དཔག་པའི་ཚུལ་གྱིས་གནས། །སྒྲིབ་མེད་གསལ་བའི་བདག་ཉིད་ཅན། །སྟོང་སྨོན་མཚན་མེད་འོད་གསལ་སྒོ། །སངས་རྒྱས་ཐེག་པ་རྣམ་པར་སྤྲས། །ཕྱི་ནང་གསང་བའི་ཟབ་མོ་ཡི། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཕྱི་དང་ནང་མེད་ཡེ་ཤེས་དངོས། །མཐའ་དབུས་མེད་པའི་བདེ་ཆེན་དབྱིངས། །རྒྱུ་རྐྱེན་ལམ་དང་ཐབས་ཀྱི་ཆོས། །དེ་དག་འབྲས་བུའི་བདག་ཉིད་ཅན། །མི་འཇིགས་རྣམ་བཞི་སྟོབས་བཅུ་དང་། །རྫུ་འཕྲུལ་རྐང་པ་དབང་བཅུ་ཡིས། །ཐོགས་མེད་འབྱོ་བ་ལྔ་ཡི་བདག །མཚན་མ་རྟགས་ནི་གནས་རྫོགས་ ཤིང་། །ཐུགས་རྗེ་བྱང་ཆུབ་སེམས་ཉིད་ལྡན། །ཀུན་ནས་མ་ཆགས་རྣམ་པར་དག །ཀུན་འབྱུང་རིན་ཆེན་བརྩེགས་པའི་ཁྲི་སྟེང་ན། །ཀུན་ཏུ་སྒྲིབ་པ་མེད་པའི་མཆོག །ཐམས་ཅད་རང་གི་དཀྱིལ་འཁོར་ཉིད། །དེ་དག་ཉི་ཤུ་རྩ་ལྔའི་རྒྱན། །རྣམ་པར་བཀོད་པའི་སྐུ་ཆེན་པོ། །ཐམས་ཅད་གསལ་བར་བྱེད་པའི་མཆོག །ཐམས་ཅད་མ་འགགས་ཐེག་པའི་ཚུལ། །ཟབ་མོ་རྒྱ་ཆེན་གསང་བའི་སྔགས། །དོན་ཀུན་ངེས་པར་གཅོད་པ་ཡི། ། རང་རིག་ཡེ་ཤེས་འགྱུར་བ་མེད། །མཚན་མཆོག་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་འཇིགས་མེད་སྙེམས་དང་བྲལ། །ཆོས་ཀུན་སྤྱི་ཡི་བདག་ཉིད་ཅན། །ཉི་ཤུ་ལྔ་ཡི་བདག་རྫོགས་པས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་དག །ཉི་ཤུ་རྩ་ལྔ་མངོན་པར་རྫོགས། །བསམ་གྱིས་མི་ཁྱབ་ཐམས་ཅད་དུ། །སྐུ་དང་གསུང་ཐུགས་བདག་ཉིད་ཆེ། །ཨུ་ལི་ཀུ་ལི་མཉམ་གནས་པའི། །ཞབས་གཉིས་པད་མར་བསྣོལ་བའི་རྒྱ། །བརྟུལ་ཞུགས་དཀྱིལ་འཁོར་ལས་ཀྱི་བདག །ཀུན་ནས་ཐབས་དང་ཤེས་རབ་རྫོགས། །ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བའི་མཚོནརྡོ་རྗེ་རིན་ཆེན་འཁོར་ལོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །མཐིང་ཀ་དཀར་དང་དམར་བའི་མདངས། །རིགས་ཀྱི་རིན་ཆེན་དབུ་རྒྱན་མཛེས། །ཅོད་པན་སངས་རྒྱས་ཀུན་གྱི་བདག །དྲུག་པ་རིགས་རྣམས་ཀུན་གྱི་གནས། །ཞལ་གསུམ་ཕྱག་དྲུག་མཉམ་པའི་ཞབས། །རིན་ཆེན་འབར་བས་བདེ་བར་སྤྲས། །གཙོ་བོ་ཆོས་ཀྱི་མཆོད་མཉེས་པ། །ཀུན་བཟང་ཡུམ་དང་འཁྲིལ་བའི་ཚུལ། །གཉིས་མེད་བྱིན་བརླབས་མ་འགགས་པའི། །གཙོ་དང་སྤྲུལ་པའི་དཀྱིལ་འཁོར་ཉིད། །རྡོ་རྗེ་ཆེན་པོ་ཐུགས་ཀྱི་མཆོག །རིགས་བདག་རྒྱལ་བའི་ངོ་བོ་ཉིད། །བདེ་གཤེགས་འཁོར་ལོ་སྐུ་ཡི་དབྱིག །ཞིང་ཁམས་མཐའ་ཡས་རྒྱལ་བའི་ཚོགས། །ཡོན་ཏན་རིན་ཆེན་ཆེ་གནས་སྦྱོར། །དེ་དག་ཀུན་ནས་ཀུན་རྫོགས་མཛད། །གསུང་གི་པཟློ་རྣམ་པར་དག །ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན། །ཕྲིན་ལས་ལས་ཀུན་མཐར་སྦྱིན་པས། །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་མཛད། །ཆོས་དབྱིངས་མེ་ལོང་མཉམ་པ་ཉིད། །སོ་སོ་ཀུན་རྟོགས་བྱ་བ་གྲུབ། །ཉོན་མོངས་ལས་ཀུན་རྣམ་དག་པའི། །རིགས་ཀྱི་བདེ་གཤེགས་ཐམས་ཅད་མཁྱེན། །བྱང་ཆུབ་སེམས་ཉིད་འགྱུར་བ་མེད། །མ་འདྲེས་ལས་ཀུན་རྣམ་པར་དག །ཡོན་ཏན་སྣ་ཚོགས་ལྷུན་གྲུབ་ཅིང་། །ཆགས་པ་ཆེན་པོ་ཀུན་སྤྱོད་པ། །དེ་དག་ཕྲིན་ལས་སྣ་ཚོགས་དབྱིངས། །རང་རིག་ཞིང་ཁམས་ཆེན་པོར་སྦྱོར། །ཕྱོགས་བཅུ་ཀུན་ནས་འཁྲིལ་བ་ཡི། །འབྱུང་བ་ཆེན་པོ་རྣམ་པར་དག །གསལ་སྣང་ཚེ་གནས་རྣམ་པར་དག །གསལ་སྣང་རྡོ་རྗེ་དབང་ཕྱུག་དབྱིངས། །སྲ་མཁྲེགས་བདེ་གཤེགས་ཕྱག་རྒྱ་སྟེ། །སྡུད་པའི་གཟུགས་མེད་ཡོན་ཏན་དབྱིངས། ། གསལ་དྲི་སྨོན་པསཔདྨའི་ཆོས། །བསྐྱེད་པའི་ཕྲིན་ལས་ལས་ཀུན་རྫོགས། །དོན་མཐུན་རྟགས་ཀྱི་ཕྱག་རྒྱ་ཉིད། །བཙུན་མོ་དམ་པའི་ཆ་ལུགས་ཀྱིས། །དེ་དག་དཀྱིལ་འཁོར་བརྟན་པར་མཛད། །མོ་ཡི་མཚན་མའི་ཚོགས་འཇོམས་བྱེད། །དེར་རྫོགས་གཉེན་པོའི་སྟོབས་དང་ལྡན། །ཕྱོགས་ཀྱི་གདོན་རྣམས་འཇོམས་མཛད་ཅིང་། །ཕྲིན་ལས་རིགས་ཀྱི་ཡེ་ཤེས་རྫོགས། །དམ་པ་ཀུན་དང་སྣ་ཚོགས་པའི། །ཚུལ་རྣམས་ཡང་དག་རྫོགས་པའི་ལུས། ཁམསགསུམ་ཆེ་བ་རྣམ་དག་ཅིང་། །ཟག་མེད་རིགས་ཀྱི་དཀྱིལ་འཁོར་ཉིད། །ཏིལ་གྱི་གང་བུ་ཅི་ལྟ་བུར། །བར་མཚམས་མེད་པར་མཐའ་ཡས་པ། །བྱང་ཆུབ་སེམས་དཔའ་རྣམ་སྤྲུལ་པའི། ། དེ་ཚེ་འཁོར་གྱི་བྱང་ཆུབསེམས། །དཀྱིལ་འཁོར་ཆེན་པོའི་སོགས་ཀུན་ནས། །རྡོ་རྗེ་བཀོད་པའི་གར་དང་ནི། །གླུ་གར་མངོན་པར་འཁོད་འཀྱུར་བ། །རྒྱུ་དང་འབྲས་བུའི་བདག་ཉིད་ཅན། །སྨོན་ལམ་ཐུགས་རྗེའི་སྟོབས་རྫོགས་པའི། །དཀྱིལའཁོར་ཆེན་པོའི་གནས་འཇོམས་པར། །ཡེ་ཤེས་འགྲོ་རྣམས་རྣམ་པར་དག །བྱང་ཆུབ་སེམས་དཔའ་ས་ཆེན་པོ། །ཀུན་ཁྱབ་རྡུལ་བྲལ་ནམ་མཁའ་ཉིད། །ཐུགས་རྗེ་པཟློ་སྣ་ཚོགས་སྟོན། ། ལས་ཀྱི་ཕྲིན་ལས་སྟོབསརྫོགས་གནོན། །དམ་ཤེས་བཞི་ཡི་བདག་ཉིད་ཀྱིས། །དེ་དག་ཡུལ་བཅས་དམ་པར་མཛད། །ཐབས་བཅས་མ་འདྲེས་བྱམས་པའི་སྟོབས། །སྒྲིབ་མེད་མུན་པའི་ཚོགས་སེལ་ཅིང་། །ཀུན་ནས་སྤྱོད་པའི་བཟང་པོ་ཉིད། །ཤེས་རབ་ཆེན་པོའི་ཆོས་མཐར་ཕྱིན། །གསུང་གི་དབང་པོ་རྣམ་དག་པས། །རིགས་ཀྱི་ཡེ་ཤེས་གསལ་བར་སྦྱོར། །མ་ལུས་གཟུགས་སྒྲ་དྲི་རོའི་ཚོགས། །ལྷ་མོའི་དཀྱིལ་འཁོར་རྣམ་པར་དག ། དེ་དག་ཐམས་ཅད་ཤེས་རབ་ཀྱིས། །ཡི་གེ་གནས་ཀུན་མཉམ་པ་ཉིད། །ཀུན་ནས་ཀུན་ཏུ་བསམ་ཡས་པའི། །དུས་རྣམས་ལྷ་མོའི་བདག་ཉིད་དོ། །མི་མཐུན་ལྷ་མོའི་ཚོགས་འཇོམས་བྱེད། །དེར་རྫོགས་གཉེན་པོའི་སྟོབས་དང་ལྡན། །ཕྱོགས་ཀྱི་གདོན་རྣམས་འཇོམས་མཛད་ཅིང་། །ཕྲིན་ལས་རིགས་ཀྱི་ཡེ་ཤེས་རྫོགས། །ལུས་ཀྱི་ཆོས་ཀུན་རྣམ་དག་པའི། ཁྲོ་བོ་ཆེན་པོའི་མཐུ་སྟོབས་ལྡན། །རྟག་ཆད་མཚན་མ་ཡུལ་གནས་རྫོགས། ། ཚད་མེད་བཞི་རྫོགས་རྟོགས་ནས་སེལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྱི་ནང་དཀྱིལ་འཁོར་བརྟན་གནས་ཤིང་ ། །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་མཛད། །སྟོང་ཁམས་ཀུན་ཏུ་མཐའ་ཡས་པར དེ་དག་དཀྱིལ་འཁོར་གསལ་བར་སྣང་། །གཉིས་མེད་མཉམ་པ་ཆེན་པོའི་སྐུ། །གྲངས་མེད་བརྗོད་ཀྱི་མི་ལང་བར། །གཉིས་སུ་མེད་པར་བརྟན་བཞུགས་པའོ། །དེ་ནས་རིགས་ཀྱི་སངས་རྒྱས་ཀུན། །རང་གི་དཀྱིལ་འཁོར་ཇི་ལྟ་བར། །མི་གཉིས་དོན་ཀུན་བསྟན་མཛད་དེ།།མ་འདྲེས་སྟོབས་ཀྱིས་རྣམ་པར་སྦྲས། །དེ་ཚེ་བདེ་གཤེགས་མཐུ་སྟོབས་ཀྱིས། །སྐུ་གསུང་བྱིན་རླབས་མཐའ་ཡས་དང་། །དཀྱིལ་འཁོར་བཀོད་པསཀུན་སྣང་མཛད། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་གྱི། །རོལ་པའི་བྱིན་བརླབས་མཐའ་ཡས་སྟོན། །མཐའ་ཡས་མེད་པའི་འཇིག་རྟེན་འདིར། །ངོ་མཚར་མཐའ་ཡས་ལྟས་ཀྱིས་གང་། །གཡོ་དང་གཡོ་བ་ཆེན་པོ་དང་། །བསྐྱོད་དང་བསྐྱོད་པ་ཆེན་པོ་ཡི། །སྒྱུ་འཕྲུལ་རོལ་པས་མ་ལུས་ཀུན། །རྣམ་དག་དཀྱིལ་འཁོར་གསང་རྫོགས་མཛད། །རིགས་ཀྱི་རྒྱལ་བ་ཐམས་ཅད་དང་། །བྱང་ཆུབ་སེམས་རྣམས་ཡི་རང་སྟེ། །སྣ་ཚོགས་མཆོད་པ་སྤྲོ་མཛད་དེ། །ཡང་དག་དོན་རྫོགས་གསོལ་བ་འདེབས། །རྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ། །སངས་རྒྱས་ཀུན་གྱི་གསང་བའི་གནས། །དེ་ནས་མངོན་འབྱུང་རྫོགས་བྱེད་པའི། །རྒྱུ་དང་འབྲས་བུ་མཚུངས་པའི་རྒྱུ། །རབ་ཏུ་མོས་པས་སྨིན་བྱེད་སྦྱོང་། །ཐབས་སྐྱོ་ཕྱག་རྒྱ་གསང་བའི་ཉིད། །སྟོང་ཕྲག་བརྒྱ་ཡི་རྒྱུད་ཆེན་པོ། །མགོན་པོ་བརྩེ་ལྡན་མཚུངས་པའི་ལམ། །མ་ལུས་ཡུམ་ཀུན་ཐབས་འདི་ཉིད། །ཕྱག་རྒྱའི་དཀྱིལ་འཁོར་བླ་ན་མེད།ཁྱོད་ཉིད་རྒྱལ་བ་ཀུན་གྱི་ཡབ། །དང་པོའི་རྡོ་རྗེ་ཆེན་པོ་ཉིད། །བར་དུ་མི་གནས་སྟོབས་རྫོགས་པ། །བདག་ཆེན་ཆོས་ཀྱི་ཏིང་ངེ་འཛིན། །ཕྲ་རྒྱས་ཟག་མེད་ཀུན་གྲོལ་བའི།།ཡེ་ཤེས་བསྟན་པའི་གནས་འདི་ཉིད། །མཚན་ལྡན་མཚན་རྣམས་ཀུན་ནས་རྫོགས། །ཨེ་མ་བྱང་ཆུབ་སེམས་ཉིད་དོ། །དེ་ནས་ཡུལ་ཀུན་འཇོམས་པའི་དོན། །ཐུགས་རྗེ་ཡེ་ཤེས་དྲི་མ་མེད། །ཐམས་ཅད་ཐམས་ཅད་ལས་བྱུང་བའི། ། བྱང་ཆུབ་སེམས་འདི་རང་བྱུང་གནས། །མི་ཤིགས་དཀྱིལ་འཁོར་བསྟན་པ་ཉིད། །དང་པོ་རང་གི་སྟོབས་རྫོགས་པས། །ཡེ་ནས་ཡུལ་ཀུན་རྣམ་པར་དག །ཐུགས་རྗེ་ཆེ་གནས་སྣང་བའི་ཤུགས། །བྱིན་བརླབས་ཡུལ་བཅས་ཇི་ལྟར་སྣང་། །དེ་དག་རང་གི་ལས་བཞིན་དུ། །གློ་བུར་འཁྲུལ་པས་རྟོགས་འཛིན་ཅིང་། །ཕྱི་ནང་ཡུལ་ཆོས་རྣམ་སྤྱོད་ཅིང་། །ཐུགས་རྗེ་དག་པས་ཇི་ལྟར་བསྒྲལ། །དེ་དག་དཀྱིལ་འཁོར་ཀུན་རྫོགས་པའི། ། རིགས་ཀྱི་གནས་རྣམས་སྦྱོར་མཛད་ཅིང་། །ཕྱག་རྒྱ་གསང་སྔགས་སྟོབས་རྫོགས་པས། །ཚད་མེད་ཡུལ་ཀུན་རྫོགས་པ་ཉིད། །དཀྱིལ་འཁོར་ཆེན་པོའི་རྣམ་གྲངས་ཀྱིས། །བྱེ་བྲག་མཁས་པའི་སྤྱོད་ཡུལ་ལས། །རང་བཞིན་ལྷུན་གྱིས་གྲུབ་པ་དག །དོན་དམ་ཀུན་རྫོབ་རྣམ་པར་སྤྱོད། །སངས་རྒྱས་ཀུན་གྱི་ གསང་བ་འདི། །ཚུལ་བཞིན་དམིགས་པར་བྱ་བའི་ཐབས། །དེ་ལྟར་ལྷག་པའི་དོན་སྣང་ཞིང་། །ཕྱི་རོལ་འབྱུང་ཚོགས་འགྲོ་བར་བཅས། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། ། དཀྱིལ་འཁོར་རྫོགས་པའི་རིགས་མཆོག་ཉིད། ཁེས་རབ་ཆེན་པོས་ཡུལ་མཐར་ཕྱིན། །ཆ་ཤས་ཆ་ཤས་མེད་པ་ཡི། །བྱང་ཆུབ་སེམས་རྣམས་དྲུག་པའི་གཟུངས། །མ་ལུས་ཡུལ་ཀུན་སྦྱངས་མཛད་ཅིང་། །གཉིས་མེད་ཡེ་ཤེས་ཆེན་པོའི་བདག །ཆོས་ཀྱི་གནས་ཀུན་རྫོགས་ལོངས་སྤྱོད། །སྤྲུལ་པའི་སྐུ་རྫོགས་འགྲོ་བའི་མགོན། །དཀྱིལ་འཁོར་བྱིན་བརླབས་མངོན་པར་རྫོགས། །སྒ་འཕྲུལ་སྒྲུབཔའི་དཀྱིལ་འཁོར་དང། །ལྷག་པ་ཁྲོ་བོའི་དཀྱིལ་འཁོར་གྱིས། །རང་བཞིན་མངོན་པར་རྫོགས་པའི་ཤུགས། །ཡེ་ཤེས་དཀྱིལ་འཁོར་ཇི་ལྟ་བར། །རང་བཞིན་ལྷུན་གྱིས་གྲུབ་པ་དང་། །རྟོགས་པས་མརྫིན་པར་ཡུལསྦྱོར་བའི། །ཐུན་མོང་ཁྱད་པར་རིགས་བཅས་རྣམས། །གདུལ་བྱ་ཀུན་གྱི་དོན་བཞིན་དུ། །བྱེ་བྲག་ཇི་ལྟར་འཚམ་པར་སྣང་། །འདིར་ནི་ཏིང་ངེ་འཛིན་དག་དང་། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མ་བཅིངས་པ དེདག་རྒྱུ་དང་འབྲས་བུ་ཡི། །ཚུལ་བཞིན་བསྟན་པས་རྣམ་པར་སྤྱོད། །འགྲོ་བ་འདུལ་བའི་ཏིང་འཛིན་གྱི། །དཀྱིལ་འཁོར་ཕྱག་རྒྱ་སྔགས་རྫོགས་ལ། ཁྲོ་བོའི་དཀྱིལ་འཁོར་མངོན་སྣང་ཞིང་། །རང་གི་ཕྲིན་ལས་བསྟནཔའི་བདག །ཚོགས་སྒྲུབ་ཏིང་འཛིན་རྒྱ་ཆེན་པོ། །བསོད་ནམས་ཡེ་ཤེས་མངོན་རྫོགས་བྱེད། །ཕྲིན་ལས་བྱེ་བྲག་སྟོབས་ཀྱིས་ནི། །ཏིང་འཛིན་དཀྱིལ་འཁོར་དག་སྤྱོད་པ། །བཞི་རྒྱས་མཉམ་པ་ཆེན་པོའི་དབྱིངས། །དེདག་ཕྲིན་ལས་ཇི་ལྟ་བུས། །ཡང་དག་བྱ་བ་རྫོགས་པར་འགྱུར། །གཟུགས་བརྙན་དཀྱིལ་འཁོར་རྒྱ་ཆེན་པོར། །ས་གཞི་ས་བོན་ལྷ་གནས་རྫོགས། །ཕྱོགས་གནས་ཀུན་ཏུ་ཤིས་པའི་ལས། །མངོན་པར་བསྔགས་པ་ཇིལྟ་བུར། །ཡང་དག་དཀྱིལ་འཁོར་ཐིག་བཏབ་ཅིང་། །ཡང་དག་ཚོན་གོང་ལས་རྣམས་དང་། །ཕྱག་རྒྱའི་བྱེ་བྲག་ཀུན་རྫོགས་པའི། །རྒྱན་ཆས་བཀོད་པས་བླ་ན་མེད། །དངོས་གྲུབ་ལྷག་མ་ལྷ་གནས་ཤིང་། །དཀྱིལ་འཁོར་སྒྲུབ་པའི་ཚུལ་དག་གིས། །ལས་ཀྱི་ལྷག་ཆད་རྫོགས་བྱེད་ཅིང་། །མཉེན།ཤང་བཤེས་པས་འདོད་པའི་དོན། །ཡེ་ཤེས་དཀྱིལ་འཁོར་ཇི་ལྟ་བར། །དམ་ཚིག་དཀྱིལ་འཁོར་ཆ་གནས་སྦྱོར། ། ལྷ་གནས་སྟ་གོན་བུམ་པ་དང་། །དཀྱིལ་འཁོར་ཆེན་པོའི་གནས་རྣམས་རྫོགས། །དེ་ནས་བཀྲ་ཤིས་ཆོ་ག་བཟང་། །ཉེ་བར་བསྙེན་པས་གསང་བར་འགྱུར། །འཇུག་པའི་ཆོ་ག་ཚུལ་བཞིན་དུ། །རྣམ་གསུམ་ནུས་པས་མཐུ་དང་ལྡན། །བདེ་གཤེགས་སྤྱིན་བརླབས་བརྒྱུད་པའི་ལམ། །དད་བརྩོན་ཤེས་རབ་ཏིང་འཛིན་སྟོབས། །རྩིན་སྲེག་གསང་བ་ལས་རྫོགས་ཏེ། །འདོད་པའི་ལས་ཀུན་བྱེད་པར་སྒོར། །མཆོད་སྦྱིན་རྒྱ་ཆེན་གཏོར་མའི་ཚོགས། །དེ་དག་ཡུལ་ཀུན་རྣམ་པར་འགྱུར། །སྒྱུ་འཕྲུལ་རྒྱལ་བའ་ཚུལ་གྱིས་ནི། །ལྔ་དང་ཉི་ཤུཛོ་རྩ་ལྔ་དངངོ། །སུམ་ཅུ་རྩ་ལྔ་ལྔ་བཅུ་སོགས། ། བྱེ་བྲག་དཀྱིལ་འཁོར་དག་པ་ཡི།།ཆོ་ག་ཀུན་རྫོགས་མངོན་པར་བསྔགས། །སངས་རྒྱས་ཐེག་པ་བསམ་ཡས་པ། །དེ་།ག་ཚུལ་རྣམས་མཐའ་ཡས་ཤིང་། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ལྡན་རྫོགས་པའི་ཡན་ལག་ཏུ། །སྨིན་པའི་ལམ་མཆོག་བླ་ན་མེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །རང་གི་དམ་བཅས་སྡོམ་པ་རྫོགས། །ཡུལ་མཆོག་ཁྱད་པར་འཕགས་པ་ལ། །བྱིན་རླབས་སྔགས་ཀྱི་ནོར་བུ་བླང་། །ཕན་དང་ནུས་པའི་དབང་ཐྲོབ་ཅིང་རིམ་བཞིན་དམ་ཚིག་བརྟན་པར་གནས། །དེ་དག་ཁྱད་པར་བྱེ་བྲག་གིས། །དོན་ཀུན་གསང་བའི་མངོན་རྫོགས་འགྱུར། །ཐུན་མོང་སྡོམ་པ་ཐམས་ཅད་དང་། །གསང་བའི་དམ་ཚིག་བླ་ན་མེད། །ལྔ་གསུམ་ཉི་ཤུ་རྩ་ལྔ་དང་། །སུམ་བརྒྱ་ལ་སོགས་བྱེ་བྲག་གིས། །ཐབས་ཀྱི་ཐེག་པ་རྣམ་པར་སྤགས། །དེ་དག་གསང་བ་ཆེན་པོའི་ཆོས། ཁྱད་པར་དམ་ཚིག་རྣམ་པ་བཞིས། །ཐམས་ཅད་གཉིས་མེད་མཉམ་པ་ཉིད། །མ་ལུས་ཡུལ་ཀུན་རྣམ་དག་ཅིང་། །ངེས་པའི་དོན་རྟོག་ཟབ་མོ་ཉིད། །གྲོགས་རྟེན་མི་མཐུན་ཕྱོགས་བཅས་པའི། ཁྱད་པར་ཡུལ་ཀུན་ཇི་ལྟ་བུས། །རང་རིག་གནས་རྣམས་བགྲོད་པར་བྱེད། །ཐུན་མོང་ལས་རྫོགས་རྣམ་སྤྱད་པ། །མ་ལུས་རྟེན་ཅིང་འབྲེལ་བའི་ཆོས། །ཐམས་ཅད་ཚུལ་འདིས་རྫོགས་བྱེད་ཅིང་། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །དགུག་དང་བཏང་དང་བཅིངས་དང་དགྲོལ། །གསོ་དང་གསད་དང་འཕམ་དང་རྒྱལ། །གནས་ཀྱི་ཕྱག་རྒྱ་ཀུན་རྫོགས་པས། །དོན་ཀུན་གསང་བ་སྟོན་པར་བྱེད། །བདུད་རྩིར་འབྱུང་ཞིང་འགྱུར་བ་དང་། །བཞི་བརྒྱ་རྩ་བཞིས་ནད་སེལ་དག །ཚེ་དབང་བཀྲ་ཤིས་བྱིན་རླབས་སྟོན། །མ་ལུས་ཀུན་འདུས་རྫོགས་པརའགྱུར། །ཐུན་མོང་རྣམ་པར་བསྔགས་པའི་ཆོས། །ཐམས་ཅད་ལས་འབྱུང་སྟོབས་དང་ལྡན། །དེ་དག་གསང་བ་ཆེན་པོའི་མཐུས། །མ་ལུས་རྫོགས་ཤིང་རྣམ་པར་དག །ནམ་མཁའ་རྡོ་རྗེ་་སྒྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུ་རྒྱུན་འབབ་པའང་དེ་བཞིན་ནོ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོང་ཞིང་ལྷུང་བྱེད་པས། །བྱིན་རླབས་ངོ་མཚར་ཡུལ་འབྱུང་བ། །གསང་སྔགས་ཕྱག་རྒྱ་ཏིང་འཛིན་སྟོབས། །དེ་དག་ཚུལ་རྣམས་ཀུན་རྫོགས་ལས། །འཕགས་པ་ཀུན་གྱི་གནས་རྫོགས་པས། །རིགས་ཀྱི་ཞིང་ཁམས་ཆེ་ནས་སྦྱོར། །སྐུ་དང་ཡེ་ཤེས་སྤྲུལ་པའི་མཆོག །ཟག་པ་མེད་པའི་དངོས་གྲུབ་ཀྱིས། །དོན་རྫོགས་ནོར་བུ་རིན་ཆེན་ཚུལ། ། ཐབས་ཀྱི་བྱེ་བྲག་ཐ་དད་པའི། །བསྙེན་བསྒྲུབ་ཡན་ལག་བཞི་པས་སྐྱེས། །ཡུལ་རྣམས་མངོན་པར་སྦྱོར་བྱེད་པ། །ཐོག་མ་ཐ་མའི་ལས་ཀུན་དང་། །ཆོ་ག་ཕུན་སུམ་ཚོགས་པའི་གནས། །ཕྱག་རྒྱ་བཞི་ཡིས་ཡུལ་སྦྱོར་ཞིང་། །རིམ་བཞིན་བསྒྲུབས་པས་འབྲས་བུའི་མཆོག །ཐམས་ཅད་ཐེག་པས་འདུལ་མཛད་དེ། །བསྟན་པའི་གཟུགས་བརྙན་བསམ་ཡས་དག །རབ་ཏུ་སྣང་བས་སྟོང་པའི་ཚུལ། །སྒྲ་དོན་རྒྱུན་ལས་སྣང་བ་འོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་ཉིད། །དཀྱིལ་འཁོར་གྲངས་མེད་སྣང་བ་སྟོན། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི། །ཡུལ་བཅས་མཛད་པ་བསམ་ཡས་དག །གྲངས་མེད་དཔེ་ལས་དོན་བཞིན་སྤྱོད། །དེ་ལ་སོགས་ཏེ་མཐའ་ཡས་པའི། །ཕྲིན་ལས་ཀུན་ཏུ་མ་འགགས་ཆོས། །ཐབས་མཁས་སངས་རྒྱས་མཛད་པའི་གནས། །དོན་མཐུན་རྣལ་འབྱོར་སྤྱོད་པའི་ཡུལ། །བདག་གཞན་ལས་ཀུན་རབ་ཏུ་རྫོགས། །མཉམ་པ་ཆེན་པོའི་ཕྲིན་ལས་སོགས། །དེ་དག་བསྟན་པ་བླ་མེད་པའི། །ཚུལ་འདི་རྒྱུད་ཆེན་ཟབ་མོ་འདི། །ཉེ་བར་སྤྱོད་པ་ཇི་ལྟ་བུར། །དེ་དག་ཡུལ་དང་སྦྱར་བྱ་བ། །བྱེ་བྲག་ཆ་ཤས་རྫོགས་པ་ཡི། །དོན་ཀུན་སྟོན་པས་བཤད་དུ་གསོལ། །དེ་ནས་ཐེ་ཚོམ་རྟོགས་པའི་ཚོགས། །ངེས་པར་མགོན་པོས་གསལ་བར་མཛོད། །བྱིན་རླབས་བླ་ན་མེད་པའི་ལམ། །འདི་ནས་འཇུག་པའི་ཡན་ལག་དང་། །མཚན་བཅས་མཚན་མ་མེད་པའི་ཆོས། །ཡང་དག་རྒྱ་ཆེན་རྫོགས་པར་སྟོན། །རྣལ་འབྱོར་ཆེན་པོའི་སྤྱོད་པ་དང་། །ས་གནས་ལམ་གྱི་བྱེ་བྲག་དང་། །བསྟན་པའི་བསྡུས་དོན་ཇི་ལྟ་བུར། །ཡང་དག་བཀའ་གསོལ་ཐུགས་རྗེ་ཅན། །ཀྱེ་མ་ཐབས་དང་ཤེས་རབ་སྤྱོད་པའི་མཐུས། །ཕྱི་ནང་དཀྱིལ་འཁོར་རྣམ་དག་ཚུལ་ཆེན་པོ། །རིགས་དང་རིགས་བཅས་རྣམ་པར་སྤྱོད་མཛད་ཅིང་། །དོན་ཀུན་གསང་བ་རྫོགས་པའི་གནས་ཉིད་ཡིན། །རབ་ཏུ་སྦྱངས་པ་རྣམས་ཀྱི་ངེས་དོན་འདི། །ཡང་དག་འབྲས་བུའི་ཚུལ་གྱིས་རྒྱུར་བཅས་སྦྱོར། །མཐའ་ཡས་ཞིང་ཁམས་ཡེ་ཤེས་ཆེན་པོའི་གནས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྣམ་པར་དག །རྡོ་རྗེསེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ཐལ་བ་ཞེས་བྱ་བ་ལས། བསྟན་པའི་ཚུལ་གྱིས་རྒྱུད་བྱུང་བའི་རྒྱུད་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་རང་བཞིན་ཀུན་ཏུ་བཟང་པོ་ཉིད། རང་གི་དཀྱིལ་འཁོར་ལ་བཞུགས་ཤིང་། རང་རིགས་ཀུན་ནས་ལོངས་སྤྱོད་མཛད། །བདེ་གཤེགས་ཀུན་གྱིས་བསྔགས་པ་ཡི། །དཀྱིལ་འཁོར་ཆེན་པོའི་དོན་འབྱུང་བ། །དེ་དག་སྐུ་གསུངས་ཐུགས་རྣམསཀྱི། །རོལ་པ་ཀུན་སྟོན་མཐའ་ཡས་པ། །བྱང་ཆུབ་སེམས་དཔའི་ཚོགས་ཀུན་ལ། །ཚུལ་འདིས་ཡང་དག་སྟོན་མཛད་ཕྱིར། །གསང་སྔགས་བྱིན་རླབས་མཐའ་ཡས་པའི། །ངོ་མཚར་ཡུལ་ཀུན་སྣང་བར་མཛད། །མཚན་ཉིད་སྣ་ཚོགས་ཀུན་སྤྱོད་པ། །དེ་དག་མཚན་མའི་རྒྱུད་ཀྱིས་ཏེ། །མཚན་མ་མེད་པའི་གནས་རྫོགས་པས། །ལྷན་ཅིག་སྐྱེས་པའི་ཡུལ་རྣམས་གསལ། །གཉིས་མེད་མཉམ་པ་ཆེན་པོའི་དབྱིངས། །བྱང་ཆུབ་སེམས་རྫོགས་ཡེ་ཤེས་དོན། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཐམས་ཅད་གཉིས་མེད་རྫོགས་པའི་དབྱིངས། །རང་གི་ཆོས་ཀུན་རྣམ་དག་པས། །ཟབ་མོའི་དཀྱིལ་འཁོར་མཐའ་ཡས་རྫོགས། །ཆོས་ཀྱི་སྐུ་ལས་བཞེངས་མཛད་དེ། །ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་གྱིས། །སྣོད་བཅུད་དཀྱིལ་འཁོར་གསང་བའི་བདག །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་པས། །དེ་དག་དོན་ཀུན་གསལ་མཛད་ཅིང་། །ཐེག་པའི་དོན་འདི་བཀའ་སྩལ་ཏོ། །ཨེ་མའོ་ཐམས་ཅད་རྫོགས་པ་ཡི། ། བྱང་ཆུབ་སེམས་ཉིད་དཀྱིལ་འཁོར་ཆེ། །བྱིན་རླབས་ཡུལ་ཚོགས་འབྱུང་བས་གནས། །རིག་པའི་ཡེ་ཤེས་བསྟན་པ་ཉིད། །ཕྱོགས་དང་ཕྱོགས་ལས་འདས་པ་ཡི། །ཐ་དད་མིང་ལས་ཡུལ་ཀུན་འདས། །དུས་གསུམ་ཀུན་ཏུ་མི་འགྱུར་ཞིང་། །དེ་དག་སྐད་ཅིག་ཅིར་མི་སྣང་། །དེ་ལས་འབྱུང་ཚོགས་རྣམ་དག་ཅིང་། །སྐྱེ་འགྲོ་མཐའ་དག་དེ་ཉིད་དབྱིངས། །ཡོད་མེད་མཐའ་བཞི་ལས་འདས་པའི། །རྒྱུ་རྐྱེན་གནས་སྐབས་མ་སྐྱེས་པས། །འཇིག་ཅིང་འགག་པའི་ངོ་དང་བྲལ། །ཕྱོགས་བཅུ་མཐའ་རྣམས་ཞི་བ་ཉིད། །ཡེ་ནས་མ་བཅོས་དབེན་པར་གནས། །རིགས་ཀྱི་རྒྱལ་པོ་ཐམས་ཅད་དང་། །སྙིང་པོའི་ངང་དུ་འདུ་འབྲལ་མེད། །དེ་ལས་དེ་བྱུང་དེ་སྣང་བའི། །ཐབས་དང་ཤེས་རབ་ཕྱག་རྒྱའི་མཆོག །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེན་ལྡན་གནས། །ཕུང་པོ་ལྔ་ཉིད་རིགས་ལྔའི་གཙོ། །འབྱུང་བའི་ཆོས་རྣམས་རྣམ་པར་དག །ཡུལ་ཀུན་མཉམ་པར་སྦྱོར་བའི་མཐུ། །མ་འདྲེས་དཀྱིལ་འཁོར་མངོན་སངས་རྒྱས། །ཐབས་ཀྱི་ཕྱག་རྒྱ་རྫོགས་པས་ན། །ཐམས་ཅད་དཀྱིལ་འཁོར་བཟང་པོ་ཉིད། །ཞེས་རྒྱ་ཆེར་གསུངསཔའོ། །དེའི་ཚེ་ན་ཞིང་ཁམས་ཆེན་པོའི་མངོན་པར་འཕགས་པའི་སངས་རྒྱས་ཐམས་ཅད་སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་ཡང་དག་པར་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གིས་བཙུན་མོ་དང་མཉམ་པར་སྦྱོར་ཞིང་། རིགས་ཀྱི་དཀྱིལ་འཁོར་མངོན་པར་རྫོགས་པར་ཞེས་བྱ་བའི་ཚུལ་གྱིས་ཀུན་ཏུ་གསལ་བར་མཛད་ནས། སངས་རྒྱས་སུམ་ཅུ་རྩ་དྲུག་གི་བྱིན་གྱིས་རླབས་ཀྱིས། རང་གི་གནས་ཐམས་ཅད་དུ་གསལ་བར་མཛད་དོ། །ནང་གི་གནས་འགྲོ་མ་ལུས་ཀུན། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །གཟུགས་ཕུང་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་དག །འདུ་བྱེད་དོན་ཡོད་གྲུབ་པའི་སྐུ། །རྣམ་ཤེས་རྡོ་རྗེ་མི་བསྐྱོད་པ། །ཡེ་ཤེས་རྣམ་པ་ལྔ་བདག་ཉིད། །བྱང་ཆུབ་སེམས་ཀྱི་སྣང་བ་ལས། །རང་བཞིན་རྫོགས་པས་གནས་ཀུན་སྦྱོར། །ཕྱི་རོལ་འབྱུང་ཚོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པར། །སྲ་བརྟན་རྡོ་རྗེ་པདྨ་སྟེ། །གཤེར་སྡུད་ལྷ་མོ་མྱ་མ་ཀི །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའོ། །སྟོང་གསལ་ནམ་མཁའ་ཀུན་བཟང་མརིག་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །མཚན་ཉིད་མེད་པ་ཤེས་རབ་ཡུམ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །རིགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ། ཁམས་དང་སྐྱེ་མཆེད་རྣམ་དག་པའོ། །བྱང་ཆུབ་སེམས་དཔས་གནས་ཀུན་མཛེས། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །སྟོང་གསུམ་འཇིག་རྟེན་གྲངས་མེད་པའི། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་ཀུན། །ཀུན་བཟང་ཡེ་ཤེས་རྣམ་བཀོད་པས། །ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས། །ཀུན་རྫོབ་སྣང་བ་མཐའ་ཡས་པར། །མེ་ལོང་ཆུ་ཟླ་འཇའ་ཚོན་ལྟར། །སྣང་ལ་མ་འགགས་ཀུན་སྟོན་ཅིང་། །རིགས་ཀྱི་དཀྱིལ་འཁོར་ཀུན་གནས་པའོ། །ཀུན་ཏུ་བཟང་པོའི་ཆོས་རྣམས་ཀུན། །སངས་རྒྱས་བསྟན་པས་རྫོགས་པ་ཉིད། །དེ་ལས་ལྷག་པའི་དོན་སྨྲ་བ། །དམིགས་པའི་ཡུལ་རྟོག་ཀུན་དང་བྲལ། །ཞེས་གསུངས་པས་ཞིང་ཁམས་ཐམས་ཅད་དེ་ལྟ་བུའི་ངོ་བོར་གསལ་བར་གྱུར་ཏོ། །དེ་ནས་གཉིས་སུ་མེད་པའི་ཚུལ་གྱིས། རང་གི་ངོ་བོ་སྟོན་མཛད་དེ། །མ་ལུས་མཐའ་ཡས་བརྟགས་པའི་ཆོས། །ཡེ་ནས་དབྱེར་མེད་རྣམ་པར་དག །སྲིད་པའི་སྡུག་བསྔལ་རྣམ་དག་ཅིང་། །ལས་ཀྱི་ཉོན་མོངས་ཐུགས་རྗེའི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་དངོས། །ཐམས་ཅད་ཡུལ་ཀུན་རྣམ་པར་སྦྱོར། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །བརྩོན་འགྲུས་ཆེན་པོའི་གནས་ཀུན་རྫོགས། །དེ་དག་སྟོང་པའི་རང་བཞིན་དབྱིངས། །ཐ་སྙད་རྟོག་བཅས་རྣམ་པར་དག །གཉིས་མེད་གཉིས་སུ་མེད་སྦྱོར་ཞིང་། །གདོད་ནས་མ་བཙལ་ལྷུན་གྱིས་གྲུབ། །དེ་བཞིན་ཡེ་ཤེས་ཆེན་པོའི་ས། །བྱང་ཆུབ་སེམས་སྤྲིན་རྫོགས་པར་མཛད། །སངས་རྒྱས་ཀུན་གྱི་ཐེག་པ་འདི། །གཞན་ནས་བཙལ་བའི་གནས་མེད་དེ། །རང་བཞེན་བདེ་བའི་ངོ་བོ་ལས། །མི་གནས་ཉམས་སུ་མྱོང་བའི་ཚུལ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྣམ་པར་ཐར་པ་ཆེན་པོའི་མཆོག །སྐྱེ་འགག་གནས་དང་དམིགས་པ་དང་། །འགྲོ་འོང་ཡུལ་ཀུན་རྟོག་བྲལ་ཞིང་། །དེ་དག་གཉིས་མེད་ལྷུན་གྱིས་གྲུབ། །མཉམ་པ་ཆེན་པོའི་རྒྱན་གྱིས་རྫོགས། །གསང་བའི་ཐེག་པ་བསམ་པ་འོ། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས། །ཐམས་ཅད་དོན་ཀུན་རྫོགས་པའི་ལས། །འཁོར་བ་མ་རིག་རྣམ་རྟོག་རྒྱུན། །སྣ་ཚོགས་ཡུལ་བཅས་རྟོག་པས་བསྒྲིབས། །རང་བཞིན་བདེ་གཤེགས་འདུལ་བྱ་བའི། །སྣང་བ་གསུམ་གྱི་ངོ་བོ་ལ། །འཁྲུལ་པའི་རྣམ་རྟོག་འཛིན་བཅས་པའི། །ཐ་དད་རྟོགས་པའི་ཆོས་རྣམས་སྣང་། །རྒྱུ་དང་ལམ་དང་འབྲས་བུ་ཡི། །བྱ་བ་ཆེན་པོའི་གནས་རྫོགས་ཤིང་། །བསྟན་པའི་དོན་ཀུན་བསྡུ་མཛད་དེ། །གསང་བའི་ཚུལ་ནི་བླ་མེད་པའི། །མཚན་ཉིད་རྣམ་པ་གསུམ་དག་གིས། །དེ་དག་ཆོས་ཀུན་མཚོན་པར་བྱེད། །རྒྱུ་ཡི་ཆོས་ཀུན་མཚོན་པར་བྱེད། །རྒྱུ་ཡི་ཆོས་ཀུན་ཤེས་པའི་ཡུལ། །རྐྱེན་རྣམས་འཇུག་པའི་མཚན་ཉིད་ཅན། །འབྲས་བུ་སྨིན་པས་རྣམ་པར་གྲོལ། །ཐེག་པ་རིམ་བཞིན་རྫོགས་སྤྱད་པས། །རིག་འཛིན་ཡེ་ཤེས་དངོས་གྲུབ་ཅིང་། །རབ་ཏུ་མི་གནས་མྱ་ངན་འདས། །མཐར་ཕྱིན་ས་གནས་ལྷུན་གྱིས་གྲུབ། །གསང་བ་བཞི་ཡི་མཚན་ཉིད་ཀྱིས། །ཕྱག་རྒྱ་ཡེ་ཤེས་མངོན་པར་སྦྱོར། །དེ་དག་ཡུལ་ཀུན་གནས་འཇོམས་པས། །མི་མཐུན་ཚོགས་ཀྱིས་འཇིགས་པ་མེད། །ཡེ་ནས་གསང་བ་ཆེན་པོ་ཆོས། །རང་བཞིན་གསང་བ་གཞིར་འགྱུར་ཞིང་། །དོན་དམ་ཀུན་རྫོབ་རྣམ་པར་དག །ཐབས་དང་ཤེས་རབ་ཟུང་འཇུག་གནས། །ངོ་བོ་ཉིད་ཀྱིས་ལམ་གསང་བ། ཁེན་ཏུ་གསང་བས་འབྲས་བུ་རྫོགས། །སྙིང་པོ་གསུམ་གྱི་བདག་ཉིད་ཀྱིས། །དོན་ཀུན་བསམ་པ་གཏན་ལ་ཕེབས། །ཐམས་ཅད་ཀུན་འབྱུང་རྒྱུ་ཉིད་ལས། །རྒྱུ་ཡི་ཐེག་པ་བླ་ན་མེད། །འབྲས་བུའི་ཆོས་ཀུན་རྣམ་དག་ཅིང་། །མ་ལུས་དོན་ཀུན་བསྡུས་པ་ཉིད། །གསང་བའི་བླ་ན་མེད་པའི་རྒྱུད། །འབྲས་བུའི་ཐེག་པ་ཞེས་བཤད་དོ། །ས་མཆོག་ལམ་རྣམས་ཀུན་འདུས་པའི། །ངེས་པའི་ཕྱག་རྒྱ་བླ་ན་མེད། །རྒྱུ་ཡི་དེ་ཉིད་བྱང་ཆུབ་སེམས། །རྣམ་ཉིད་འབྲེལ་བས་ཀུན་བསྐྱེད་རྫོགས། །འབྲས་བུ་སྐུ་མཆོག་ཡེ་ཤེས་ཆེ། །རང་བཞིན་བྱིན་རླབས་ཐུགས་ཀྱི་སྣང་། །ཆོས་རྣམས་ཐམས་ཅད་སྐད་ཅིག་མ། །དེ་ཉིད་ངེས་པར་གཏན་ལ་འབེབས། །བྱ་བ་རྫོགས་པའི་དུས་ཉིད་དུ། །ཡ་མཚན་ཕོ་བྲང་དཀྱིལ་འཁོར་རྫོགས། །ངེས་དོན་གསང་བ་རྨད་དུ་བྱུང་། །སངས་རྒྱས་ཀུན་གྱི་དགོངས་པའི་ཡུལ། །བྱིན་རླབས་ཆོས་རྣམས་ཀུན་གྱི་གཞི། །འདི་ཉིད་བསྟན་པས་རྫོགས་པར་འགྱུར། །ཨེ་མའོ་བདེ་གཤེགས་ངོ་བོ་ཉིད། །རང་བཞིན་རྫོགས་པའི་དཀྱིལ་འཁོར་ལས། ཁམས་གསུམ་འགྲོ་གནས་མ་རྟོགས་པ། །གནས་དང་དེར་བཅས་ཐམས་ཅད་དང་། །བརྟག་པའི་མཐུ་ཡིས་ཀུན་སྣང་ཞིང་། །དེ་ཉིད་སྟོབས་ཀྱིས་དེ་ནས་འཁོར། །སྣ་ཚོགས་ལུས་དང་ལོངས་སྤྱོད་ཚོགས། །མི་མཐུན་བསྐལ་པའི་ཚོགས་རྣམས་ཀྱིས། །རྒྱུ་འབྲས་གནས་ཀུན་སོ་སོ་སྨིན། །གཉིས་སུ་འཛིན་པས་འཆིང་འགྱུར་ཏེ། །རང་གི་རང་རྒྱུད་རྣམ་པར་བཅིངས། །དེ་དག་རྟོག་པའི་གནས་ཆེན་གྱིས། །ཐམས་ཅད་ཀུན་ནས་རྣམ་པར་གཟིར། །ཡང་དག་བསྟན་པའི་དོན་རྣམས་ཀྱིས། །ཐབས་ལྡན་རྒྱུད་རྣམས་གྲོལ་མཛད་དེ། །བསྟན་པ་བྱེ་བྲག་མཐའ་ཡས་པས། །གདུལ་དཀའི་ཚོགས་རྣམས་གྲོལ་བར་འགྱུར། །གདུལ་དཀའ་ཀུན་གྱི་རྨོངས་པ་དང་། །བསྟན་པ་སྒྲོན་མེས་གསལ་མཛད་ཅིང་། །སྟོང་གསུམ་འཇིག་རྟེན་མཐའ་ཡས་པ། །རིགས་བདག་འཁོར་ལོ་སྒར་བའི་སྐུ། །ཀུན་ཏུ་བཟང་པོའི་བདག་ཉིད་ཀྱིས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་རྣམས། །རྣམ་པར་འཕྲུལ་པས་ཀུན་འགྲོ་མཛད། །ཞེ་སྡང་ལས་ཀྱིས་གདུངས་པ་ལ། །རྡོ་རྗེ་རིགས་མཆོག་མི་བསྐྱོད་པ། ་།ཞེ་སྡང་རྒྱུད་ཀུན་གྲོལ་བར་མཛད། །དེ་ལྟར་བཅོམ་ལྡན་ཐུགས་རྗེའི་བདག །དོན་མཐུན་བསྟན་པས་རྣམ་པར་འདུལ། །མ་རིག་རྣམ་རྟོག་མུན་པའི་ཚོགས། །བདེ་གཤེགས་འཁོར་ལོའི་ཚེ་ནས་སྦྱོར། །གཏི་མུག་ཆེན་པོས་དག་མཛད་དེ། །གཏི་མུག་ལས་བཅས་རྣམ་པར་གྲོལ། །ཀུན་ནས་འདོད་པས་གདུངས་པ་ལ བདེ་གཤེགས་པདྨ་གསུང་གི་སྐུ། །འདོད་ཆགས་ཆེན་པོས་འདུལ་མཛད་ཅིང་། །ཡང་དག་མཐར་བཅས་སྦྱོར་བར་མཛད། །ང་རྒྱལ་གནས་ཀུན་སྟོབས་རྫོགས་པའི། །རིན་ཆེན་དཀྱིལ་འཁོར་ཆེ་ནས་སྦྱོར། །ང་རྒྱལ་ཆེན་པོས་ཡོན་ཏན་མཆོག ། སྡེར་བཅས་མཐའ་རྣམས་རྣམ་པར་དག །ཕྲག་དོག་ཉིད་ཀྱིས་འཁོར་བ་ལ། །དེ་ཉིད་རྣམ་དག་ཐུགས་རྗེའི་མཆོག །ལས་ཀྱི་རིགས་མཆོག་དོན་གྲུབ་མཆོག །མཐའ་ཡས་ཡུལ་ཀུན་རྣམ་པར་དག །དེ་ལ་སོགས་པའི་ཉོན་མོངས་ཚོགས། །གྲངས་མེད་ལས་ཀྱིས་མནར་བ་ལས ཐབས་མཁས་ཐུགས་རྗེའི་དཀྱིལ་འཁོར་ཉིད། །མི་མཐུན་སྤྲུལ་པ་བསམ་ཡས་པ། །སྐད་ཅིག་ཡུད་ལ་འདུལ་བར་མཛད། ། མ་ལུས་ཐེག་པ་བསམ་ཡས་ཀྱིས། །མ་ལུས་འགྲོ་རྒྱུད་རྣམ་པར་སྦྱོང་། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རིགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་ཏེ། །རང་རིག་ཞིང་ཁམས་ཚོགས་སྦྱངས་པར། །རྣམ་པར་བཀོད་པའི་གནས་རྫོགས་མཛད། །བདེ་གཤེགས་ཀུན་ཏུ་བཟང་པོ་ཉིད། །རིགས་རྣམས་བསྡུས་པའི་དཀྱིལ་འཁོར་ ནི། །རང་གི་ལོངས་སྤྱོད་ཇི་ལྟ་བར། །དཀྱིལ་འཁོར་རྒྱ་ཆེན་རྣམ་པར་སྤྲུལ། །འཁོར་ལོ་སྒར་རྒྱལ་ཆེ་རྣམས་དང་། །ཕྱོགས་མཚམས་དཀྱིལ་འཁོར་བཀོད་པའི་ཚོགས། །རྡོ་རྗེ་འཁོར་ལོ་ རིན་ཆེན་དང་། །པདྨ་རལ་གྲི་མཐའ་ཡས་པས། །ཕྱོགས་རྣམས་ཀུན་ཏུ་སྤྲོ་མཛད་ཅིང་། །རིགས་ཀྱི་དཀྱིལ་འཁོར་མསྐྱུའ་ཡས་པ མ་ལུས་འགྲོ་བའི་དོན་བསྟན་མཛད། །རབ་ཏུ་སྤྱོད་པ་དྲི་མེད་པའི། །བློ་གྲོས་མཆོག་རྣམས་འདུད་པར་འགྱུར། །དེ་དག་རབ་དགའ་སྦྱངས་པའི་མཐུས། །རང་གི་ཡེ་ཤེས་དྲི་མ་མེད། །དཀྱིལ་འཁོར་འཁོར་ལོ་གཅིག་པ་དང་། ། གསུམ་དང་ལྔ་དང་དགུ་ལ་སོགས། །མཐའ་ཡས་གྲངས་མེད་སྐྱོབ་པའི་སྐུ། །ཞི་དང་དྲག་པོའི་སྣ་ཚོགས་ཀྱི། །ངོ་མཚར་ཡུལ་ཀུན་འབར་བ་བཞིན། །གནས་སྐབས་ཐུགས་རྗེ་ཆེན་པོའི་ཤུགས། །མི་ཤེས་མུན་པའི་རབ་རིབ་སེལ། །ཡང་དག་ལྟ་བས་རྣམ་པར་དགོད། །གཞན་ཡང་ཞི་དང་རྒྱས་པ་དང་། །དབང་དང་དྲག་པོ་སྣ་ཚོགས་པའི། །རིགས་མཆོག་ཐུགས་རྗེ་ཚད་མེད་པའི། །མི་མཐུན་གནས་ཀུན་རྣམ་པར་དག །འགྲོ་བ་དྲུག་པོ་མ་ལུས་ལ། །ཐུབ་པ་ཆེན་པོའི་སྤྲུལ་པ་ཡིས། །ཐུན་མོང་ཁྱད་པར་གནས་སྦྱངས་ཏེ། །འདུལ་བ་རྣམ་པ་བཞི་རྣམས་དང་། །བྱང་ཆུབ་སྤྱོད་པ་མཐའ་ཡས་ཚོགས། །མ་ལུས་དོན་ཀུན་སྟོན་པའི་སྒོ། །དེ་ནས་ཆོས་ཀུན་རྣམ་པར་དག །བྱ་བ་ཆེན་པོ་མཐར་ཕྱིན་ཅིང་། །གཞན་གྱི་འཇུག་པ་རབ་ཏུ་སྟོན། །འདི་ལྟར་འཁོར་བ་མྱ་ངན་འདས། །ཐམས་ཅད་དོན་ཀུན་སངས་རྒྱས་མཆོག །རང་བཞིན་རྫོགས་པའི་དཀྱིལ་འཁོར་ཉིད། །བྱ་བ་ལྷུན་གྲུབ་རྣམ་པར་གྲོལ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། དཀྱིལ་འཁོར་འབྲེལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་གཙོ་བོའི་མཆོག།བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཞིང་། །ཡང་དག་བསྟོད་པས་མཉེས་པར་མཛད། །ཨེ་མའོ་སངས་རྒྱས་ཀུན་ཏུ་བཟང་། །གསང་བའི་སྙིང་པོ་༄༅ ངེས་པའི་མཆོག །དེ་ཉིད་ཁོ་ནའི་དོན་རྫོགས་པས། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པ། །ཐོག་མ་ཐ་མ་མེད་པའི་དངོས། །མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །རོལ་པ་བདེ་བ་གནས་རྫོགས་ཤིང་། །བྱང་ཆུབ་མཆོག་གི་སྙིང་པོའི་གཞི། །སྲིད་དངོས་ཞི་བ་རྣམ་པར་སྦྱོང་། །གསང་བའི་ཐེག་པ་བླ་མེད་མཆོག །རྣམ་གསུམ་སྤྲུལ་པས་བསྐྱེད་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བྱིན་རླབས་དག་པལིམདངས་བཅས་པས། ། ཤེས་རབ་དབྱིངས་དང་སྦྱོར་མཛད་ཅིང་། །དཀྱིལ་འཁོར་རོལ་པས་ཀུན་ཁྱབ་མཛད། །རྒྱུད་ཅེས་གསང་བའི་དོན་རྣམས་ཀུན། །སྦས་བཤད་བརྡ་ཡིས་རྣམ་པར་བཤད། །དེ་ཚེ་གསུང་དབྱ་སྣ་ཚོགས་པས། ། མིག་གཉིས་རྒྱུད་ཆེན་མཚན་མར་སྒྲོགས། །ཇི་སྲིད་སྦས་ཚིག་བརྡ་དོན་རྣམས། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཨེ་བ༷་དབྱིབས་ཀྱི་ལས་བབ་སྟེ། །མ་འདྲེས་ཐམས་ཅད་རྫོགས་པ་ཡི། །འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསང་བའི་ལས་མིང་ཅན། །བ༷་ཞེས་ཐིག་ལེར་བཅས་པ་ཡི། །མ་དང་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བར་བཤདཔརའདོད། །པ་སྒྲདོན་དམམཉེས་པའི་རྒྱུད། །ཐེག་པ་ཆེན་པོ་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །དེ་མིང་ཀུན་ཏུ་ཚིམ་པར་བྱེད། །ཐམས་ཅད་རང་རང་ལས་ཅན་གྱི། །དཀྱིལ་འཁོར་གསང་བ་མཐའ་ཡས་ཅིང་། །མ་ལུས་ཐེག་པ་བླ་ན་མེད། །དོན་དམ་རྫོགས་པའི་ཐིག་ལེ་ཉིད། །ཡེ་ཤེས་ཆེན་པོས་བསྐྱེད་མཛད་ཅིང་། །ལས་ཀྱི་རྟོག་པ་རྣམ་པར་དག །བཅུད་འདུས་ཐིག་ལེ་ཆེན་པོ་ཉིད། །སྣང་དང་སྟོང་ལ་སོགས་པ་ཡི། །བརྗོད་བྱ་མ་ལུས་རྫོགས་པའི་ཡུལ། །རྟོགས་ཚོགས་སངས་རྒྱས་ལྔ་བཅུ་ལྔ། །སྣང་བས་ཕྱེ་ཕྱིར་གཉིས་སུ་མེད། །དེ་ནས་པདྨ་རིགས་གསུམ་པའོ། །གཉིས་གསུམ་བརྒྱད་ཀྱི་རྣམ་པ་ཅན། །ཐ་མ་གནས་དང་ཡོན་ཏན་གྱིས། །མངོན་པར་མཐོ་བས་འོག་མིན་ཏེ། །ལས་དང་བཅུད་ཀྱི་མཐའ་བྲལ་བས། །ཡེ་ཤེས་བཞི་ལ་དབང་མི་རིག །དགོས་པ་འབྱུང་ལྡན་རིན་པོ་ཆེ། །ཡེ་ཤེས་ལྔ་ཡི་འཁོར་ལོ་བསྐོར། །སངས་རྒྱས་ངོ་བོ་བཅུད་སྡུད་ཀྱིས། །སྦྱི་བོར་ཤིན་ཏུ་འཁྱིལ་བར་གནས། །ཉུངས་ཀར་སོར་གྱིས་སྦགས་པར་ནི། །ས་ཡ་བཅུ་གསུམ་བདེ་བས་བརྒྱན། །འདོད་ཡོན་ཁྱད་པར་ཅན་གྱིས་མཛེས། །གང་ཡང་བདེ་བྱེད་ཕྱི་ནང་བྲལ། །བདེ་བ་ཆེན་པོའི་ངང་ཉེད་ལ། །འབྲས་བུ་ཆོས་རྣམས་རྫོགས་པར་སྣང་། །བྱང་ཆུབ་མཆོག་ཏུ་ཉི་ཟླ་འཆར། །དེ་ཉིད་བཞུགས་གནས་ཡིན་པར་གནས། །དཀྱིལ་འཁོར་ཀུན་འབྱུང་རྒྱ་ཆེན་པོ། །རང་གི་ངོ་མཚར་ཡུལ་གྱིས་འཁོད། །ཀུན་དང་གཉིས་དང་གཉིས་སྦྱོར་བའི། །ཆ་ལུགས་དཀྱིལ་འཁོར་དེ་བཞིན་ཉིད། །མང་པོའི་ཚོགས་པ་མཐའ་ཡས་སྒོ། །དེ་དག་བྱེ་བྲག་གྲངས་ལས་འདས། །སངས་རྒྱས་ཀུན་གྱི་གསང་བ་འདི། ། བརྟུལ་ཞུགས་ཆེན་པོའི་བདག་ཉིད་ཅན། །བཅུད་ལྡན་ཡེ་ཤེས་ཁོ་ནའི་ཕྱིར། །དྭངས་སྙིགས་མེད་པར་ཀུན་ཞུགས་པ། །སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བ་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་འགྱུར་བ་ཡིན། །ས་ཡ་བཅུ་གསུམ་ལ་སོགས་པར། །སྐྱེ་གནས་མེད་པའི་ངོ་བོ་ལ། །རྟེན་ཅན་དེ་བཞིན་རྟེན་དེ་བཞིན། །ཉི་ཟླ་ཐབས་དང་ཤེས་རབ་ཀྱིས། ། རོ་གཉིས་མཉམ་པར་འདུས་གསུམ་བཞུགས། །དྭངས་མའི་ཐིག་ལེ་ཆེན་པོ་ཡི། །བདེ་བ་དངོས་པོ་ཡེ་ཤེས་སྣང་། །མ་འདྲེས་རང་གི་དོན་བཞིན་དུ། །ས་གསུམ་དབང་ཕྱུག་མཆོག་ཏུ་འགྱུར། །འཛིན་པ་ཁ་ཡི་ཚོགས་བྲལ་ཞིང་། །སྟོང་པའི་མཚན་ལྡན་བྱང་ཆུབ་ཉིད། །རབ་ཏུ་ཞི་བས་གྲོལ་བ་ཡི། །བཅོམ་ལྡན་འདས་ནི་གུད་ན་མེད། །མཚན་ཉིད་བཅོམ་ལྡན་བདེ་ཆེན་པོ། །རང་གི་ངོ་བོ་མ་གྲུབ་ན། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །བཅོམ་ལྡན་དེ་བཞིན་གཤེགས་ཞེས་བྱ། ། གཟུགས་སོགས་ལྷག་པའི་ཡེ་ཤེས་ནི། །ལས་དང་ཡོན་ཏན་སྔོན་ལྡན་ཕྱིར། །རིགས་ཀྱི་རྒྱལ་པོ་ཉིད་དུ་བརྗོད། །བཅུད་ལྔ་ཁུ་བའི་ཐིག་ལེ་ནི། །རྒྱུ་དང་ལས་ཀྱི་ཁ་དོག་ལྔ། །རོ་དང་ལས་དང་དེ་བཞིན་ཏེ། །རང་གི་མཚན་ཉིད་ཀུན་ཏུ་སྣང་། །མཁའ་སོགས་ནང་གི་འབྱུང་བ་དང་། །ཡེ་ཤེས་འབྱུང་ལྔའི་ལས་དག་གིས། །བསྐྱེད་ཕྱིར་དབྱིངས་སུ་བརྗོད་པ་ཡིན། །བཙུན་མོའི་དངོས་པོར་དེ་འདོད་དོ། །ཐིག་ལེ་སྣོད་ཀྱི་ཁྱད་པར་གྱིས། །ཏིལ་གང་ལྟ་བུར་མཁའ་གང་བའི། །དཀྱིལ་འཁོར་ཚོགས་ཆེན་བརྗོད་མི་ལང་། །མ་སྐྱེས་མི་ཤིགས་སྙིང་པོ་ཅན། །སྔོན་མེད་རོལ་མོ་སིལ་སྙན་གར། །མ་ལུས་ཀུན་འདུས་རྣམ་པར་དག ། གཉིས་མེད་ཐིག་ལེ་བཅུད་འདུས་པས། །བྱང་ཆུབ་སེམས་གནས་རང་བཞིན་ཉིད། །མིག་སོགས་རང་གི་ཐིག་ལེ་ནི། །ལས་དང་ངོ་བོ་འབྲས་བུའི་ཕྱིར། །སེམས་དཔའ་ཆེན་པོ་ཉིད་དུ་བརྗོད། །ཉེས་པ་ཟད་ཕྱིར་རྡོ་རྗེ་སྟེ། །རང་གི་གནས་ཀྱིས་པྱེ་བ་ཡིས། །གཟུགས་སོགས་ནང་ཕྱིར་སྣང་བ་ཡི། །རང་གི་རྩ་བཅུད་བཅས་པ་དང་། །བདེ་བ་སྐྱེད་ཕྱིར་བཙུན་མོ་ཡིན། །དུས་རྣམས་རླུད་གི་གོ་བྱས་ཏེ། །བྱམས་པ་ལ་སོགས་ཡེ་ཤེས་བཞི། །དེ་བདེརིམ་པར་སྐྱེ་བ་མང། ། ཏིང་འཛིན་དབང་དུ་ཉེ་བར་གསུངས། །མཐའ་རྣམས་ཡུལ་ལ་ཞེན་པ་ཡི། །མ་ལུས་ཆོས་ཀུན་རྣམ་པར་དག །ཐམས་ཅད་ཡུལ་དང་དབང་བཅས་པ། །བདེ་བ་བསྐྱེད་པའི་ཐིག་ལེ་སྟེ།ཁམས་གསུམ་ཀུན་གྱི་གནས་རྫོགས་པ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །རྣམ་ཤེས་ལས་འབྱུང་དམིགས་པའི་ཚོགས། །མཚན་ཉིད་རྣམ་པ་བཞི་དག་གིས། དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པ་དང་། ། ཀུན་རྫོབ་ལུགས་སུ་འབྱུང་བ་དང་། །དོན་དམ་ལུགས་ལས་བཟློག་པ་ཡིས། །ཡན་ལག་ཉིས་བརྒྱ་རྒྱས་འགྱུར་ཏེ། །ཡེ་ཤེས་ཆེན་པོའི་ཡུལ་མཐའ་ཕྱིན། །མཆོག་གི་བླ་མ་ཞེས་བྱ་བ། །ཚད་མེད་བཞི་གནས་སྙོམས་འཇུག་པ། །དེ་དག་ཐམས་ཅད་མཁྱེན་པ་ཡི། །ཚུལ་རྣམས་རྫོགས་པས་བརྟན་པར་འགྱུར། ། ཐབས་ལམ་བདེ་བའི་གཉེར་དག་གིས། །རྟག་པར་རང་གི་རྟོག་པ་བཟློས། །དངོས་པོ་རྣམས་ཀྱི་ངོ་བོ་ལ། ། བཟློག་བྱ་རྒྱལ་བས་མི་གཟིགས་སོ། །ཐིག་ལེ་ཟུང་འཇུག་བདེ་བ་ནི། །སེམས་མཐའ་ལོག་པས་གོ་ཕྱེ་ནས། །ཡེ་ཤེས་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེ་རང་ཤར་བའོ། །སྣང་བ་མཛད་པ་བསམ་མི་ཁྱབ། ། ཆགས་སོགས་ཉོན་མོངས་ལས་རྟོགས་ནས། །འདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད། །སྒྲ་དབྱངས་གསུང་གི་བསྟན་པ་ལ། །ཉེས་པར་བསྒྲགས་པ་ཁོ་ན་ཉིད། །ཕུང་སོགས་རྟོག་པ་འཇིག་རྟེན་ཀུན། །ལོག་རྟོག་རྒྱུ་ལས་སྣང་ཙམ་ལས། །ཉི་ཟླ་བདེན་གཉིས་ལས་ཉིད་ཀྱིས། །མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་། །ཕུང་སོགས་ལྷ་ཡི་དཀྱིལ་འཁོར་དུ། །རང་སྣང་རིག་པའི་མངོན་སུམ་གསལ། །དུས་གསུམ་དག་ཏུ་མི་འགྱུར་ཞིང་། །ཐེག་འདི་ཐབས་ཀྱི་རྡོ་རྗེར་བཤད། །དེ་དག་ཡུལ་རྣམས་མཐའ་ཡས་པས ཐབས་ལས་ཐབས་བྱུང་འཕྲུལ་པའི་ཚུལ། །ངོ་བོ་ཉིད་ཀྱིསའགྲུབ་བྱེད་ཅིང་། །ཡང་དག་སྤྱོད་པས་རྣམ་པར་གྲོལ། །སངས་རྒྱས་ཀུན་གྱི་གསང་བ་ཉིད། །རྣམ་པར་རྟོག་པར་མདོར་བསགས་ཤིང་། །ལས་ཀྱི་ཁམས་རྣམས་དག་བྱེད་པའི། །སེམས་དང་སེམས་པའི་སྤྱོད་ཡུལ་ཉིད། །སྙིང་པོའི་དོན་ཀུན་རིན་ཆེན་འདས། ཁ་དོག་ལྔ་ཡི་བདག་ཉིད་ལས། །སྲོག་དང་རྩོལ་བས་ཆེར་འཛིན་ཅིང་། །ཕྱི་ནང་ཡུལ་ཀུན་སྤྲོ་བར་མཛད། །སངས་རྒྱས་ཀུན་གྱི་ཐེག་པ་འདི། །བདེ་སྟོང་སྦས་པས་མངོན་སྟོན་ཅིང་། །གྲངས་ཅན་བྱེ་བྲག་གདོན་རྣམས་ལ། །དེ་དག་དེ་ཉིད་གྲོལ་བྱེད་པའི། །དོན་མཐུན་བསྟན་པས་བཤད་པ་ཡིན། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མ་གཡོས་རང་གི་ངང་ལས་བྱུང་། །དེ་དག་རིམ་པར་རྫོགས་འགྱུར་ཏེ། །རྣམ་པར་ཤེས་མ་གཟུངས་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་སྦས་པའི་ཚུལ་འདི་ཡིས། །རབ་ཏུ་རྟོག་བཅས་གྲོལ་འགྱུར་ཞིང་། །རང་བཞིན་ངང་ཚུལ་བཟང་པོའི་གནས། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། ཕྱག་རྒྱ་ཡེ་ཤེས་རྗེས་སུ་བཟུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་བ་ཐམས་ཅད་ཀྱིས། །བྱིན་རླབས་ངོ་མཚར་བླ་ན་མེད། །ཀུན་ནས་མི་སྒྲིབ་དྲི་མེད་ཅིང་། །ཡང་དག་ཡེ་ཤེས་ཆེན་པོས་གྲོལ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །སྒ་འཕྲུལ་དྲ་བའི་གནས་ཆེན་པོ། །རྒྱ་ཆེན་གྲངས་མེད་རིགས་ཀྱི་ཚོགས། །གཉིས་སུ་མེད་པའི་དོན་གྱིས་ནི། །གསུང་གཅིག་ཚུལ་གྱིས་བཀའ་སྩལ་ཞིང་། །ངོ་མཚར་བཤད་པའི་གནས་ལ་འཇུག །སྤྲུལ་པའི་རང་བཞིན་་འོད་གསལ་སྐུ། །ཀུན་ནས་སྐུ་འདི་དཀྱིལ་འཁོར་ཚོགས། །ཚུལ་ལྔ་རྫོགས་པས་འབྲས་བུ་ཉིད། །དེ་ཉིད་རྒྱུ་མཐུན་རྐྱེན་གྱི་གཞི། །དོན་ཀུན་གསོལ་བས་རྣམ་དག་པས། །ངོ་མཚར་ཡུལ་འདི་རྨད་དུ་བྱུང་། །ཆོས་སྐུ་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་རང་བཞིན་འོད་གསལ་སྐུ། །ངོ་བོ་ཉིད་མཆོག་ཀུན་གྱི་གཞི། །དེ་དག་རྣམ་པར་མཚོན་བྱེད་པ། །ཟབ་མོ་རྒྱ་ཆེན་སྔགས་ཀྱི་ཚོགས། །ཡི་གེ་མེད་དང་རིག་པའི་སྲུང་། །ལོངས་སྤྱོད་རྫོགས་དང་རྡོ་རྗེ་དང་། །ཡན་ལག་བསམ་ཡས་ཚངས་པའི་དབྱངས། །ཚུལ་ལྔ་ཐམས་ཅད་དོན་བརྗོད་འདི། །ཡངདག་མཆོད་པའི་དཔལ་ལས་འདས། །རྣམ་པར་མི་རྟོག་ཡེ་ཤེས་ཆེ། །ཀུན་རྫོབ་ཅིར་ཡང་མ་འགགས་པའི། །ཐམས་ཅད་མཁྱེན་པའི་དོན་ཀུན་སྤྱོད། །ཆོས་དབྱིངས་མེ་ལོང་ལྟ་བུ་དང་། །མཉམ་ཉིད་སོ་སོར་ཀུན་ཏུ་རྟོགས། །བྱ་བ་ཡེ་ཤེས་ལས་ཆེན་པོས། །དུས་གསུམ་སྒྲིབ་མེད་གསལ་མཛད་ཅིང་། །བྱང་ཆུབ་སེམས་ཀྱི་གནས་རྫོགས་མཛོད། །རྣམ་གསུམ་བྱིན་བརླབས་སྦྱོར་བའི་མཐུས། །ཡོན་ཏན་ཚོགས་རྣམས་ཀུན་ལ་སྦྱོད། །ཞིང་དང་ཕོ་བྲང་ཡོན་ཏན་དང་། །ལོངས་སྤྱོད་རྒྱན་དང་བཙུན་མོའི་ཚོགས། །གདན་དང་རྒྱན་ཆ་ལ་སོགས་པ། །མི་སྒྲིབ་ལོངས་སྤྱོད་རྣམ་པ་ལྔ། །ཕྱོགས་བཅུ་ཀུན་ཏུ་མ་འགགས་པ། །རང་གི་དཀྱིལ་འཁོར་རྗོ་གས་ལོངས་སྤྱོད། །ཐབས་མཁས་ཕྲིན་ལས་མཛད་པ་ཡི། །མ་འདྲེས་ཀུན་ཏུ་སྤྱོད་པའི་ཚོགས། །ཞིང་དང་རྒྱས་མཛད་དབང་དྲག་པོ། །མཉམ་པ་ཆེན་པོའི་ལྷུན་གྲུབ་རྫོགས། །དེ་དག་ཕྲིན་ལས་རྣམ་ལྔ་ཡིས། །དོན་ཀུན་བསྟན་པས་འདུལ་མཛད་ཅིང་། །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་པའི། །མི་བཟད་བརྒྱན་གྱི་འཁོར་ལོ་ཡི། །ཀུན་ནས་སྐུ་གསུང་ཐུགས་ཀྱི་བདག །ཡོན་ཏན་ཕྲིན་ལས་རྫོགས་པའི་སྟོབས། །ཉི་ཤུ་ལྔ་ཡི་བདག་ཉིད་ཅན། །རིགས་ཀྱི་ཞིང་ཁམས་ཀུན་སྦྱོར་ཞིང་། །སངས་རྒྱས་ཐོབ་མ་བསམ་ཡས་ཀྱིས། །དོན་དམ་སྤྲོས་པ་ཆེན་པོ་རྫོགས། །འདི་ནི་དཀྱིལ་འཁོར་རྒྱ་ཆེན་པོ། །བྱང་ཆུབ་སེམས་ཀྱི་དངོས་ཉིད་ལས། །རོལཔ་སྣ་ཚོགས་ཅིར་ཡང་སྣང་། །རང་བཞིན་ཡེ་ནས་མ་བཅོས་པའི། །རིགས་ཀྱི་དཀྱིལ་འཁོར་མངོན་པར་རྫོགས། །ཡང་དག་ཇི་བཞིན་རྫོགས་པའི་མཐུས། །ཞིང་ཁམས་ཆེན་པོ་གྲངས་མེད་པར། །རིན་ཆེན་སྣ་ཚོགས་བཀོད་པའི་གནས། །ས་དང་ཐེག་པའི་བདེན་རྣམས་ལ། །རིགས་ཀྱི་གཙོ་བོ་སངས་རྒྱས་མཆོག །རྣམ་པར་འཕྲུལ་ནས་ཀུན་འཛེམ་ཞིང་། །དོན་ཀུན་བསྟན་པས་རྫོགས་པའི་ཡུལ། །སྒྱུ་འཕྲུལ་དཀྱིལ་འཁོར་མཐའ་ཡས་རྣམས། །དྲ་བའི་དཀྱིལ་འཁོར་མཐའ་ཡས་རྫོགས། །ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོས། །ཀུན་ནས་ཞིང་ཁམས་ཆེན་པོའི་བདག །དེ་ནས་སྤྲུལ་པའི་སྐུ་རྣམས་དང་། །མཉམ་རྫོགས་འཁྲུལ་པས་འཇིག་རྟེན་སྦྱོང་། །ཐུབ་པ་ཆེན་པོའི་སྐྱེས་བུ་མཆོག །དྲུག་གི་གདུལ་བྱ་མ་ལུས་དག ཐབས་ཀྱི་ཐེག་པ་སྣ་ཚོགས་ཀྱིས། །ཀུན་ནས་ཕྲིན་ལས་རྒྱ་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རང་གི་ལས་བཞིན་རྣམ་པར་སྟོན།ཡན་ལག་ཕན་ཚུན་སྣྲེལ་ཞི་དང་། །སྤྱི་གཙུག་འཇིག་རྟེན་དྲུག་རྣམས་སུ། །བཅོམ་ལྡན་ཐུབ་སྐུ་བསམ་ཡས་པས། །སྟོང་གསུམ་ཞིང་ཁམས་གསལ་མཛད་དེ། །འདུལ་བ་རྣམ་པ་བཞི་དག་གིས། །འགྲོ་བ་ཀུན་གྱི་དོན་རྫོགས་མཛད། །ཀུན་ནས་སྐུ་ཡི་ཕྲིན་ལས་དང་། །གསུང་ཐུགས་ཡོན་ཏན་བསམ་ཡས་པ། །དེ་དག་སྣང་བའི་སྒོ་མཐའ་ཡས། །ཐུན་མོང་ཁྱད་པར་མཛད་པའི་ཚོགས། །བཅུ་གཉིས་ལ་སོགས་བརྟེན་པར་བཅས། །མངོན་པར་ཤེས་པའི་མཐའ་ཡས་པ། །རབ་ཏུ་ཞི་བ་མ་འདྲེས་པའི། །ཐེག་པའི་བྱེ་བྲག་བསམ་ཡས་པའི། །སོ་སོའི་དོན་བཞིན་མཐའ་ཡས་རྣམས། །རབ་ཏུ་སྤྱོད་པ་རྣམ་པར་གྲོལ། །མི་དགེ་བཅུ་ལས་ཟློག་བྱེད་ཅིང་། །ཚད་མེད་བཞིར་བཅས་བསམ་གཏན་བཞི། །ལྷ་དང་མི་དང་རྫོགས་པ་ཡི། །རྒྱ་ཚོགས་ཀུན་ནས་མ་བསྒྲིབས་པ། །ལེགས་བཅས་སྡོམ་པ་བཟང་ལས་འབྱུང་། །ལས་ཀྱི་བག་ཆགས་དག་བྱེད་པའོ། །འཁོར་དང་མྱ་ངན་འདས་པའི་ཆོས། །སྡུག་བསྔལ་ཀུན་འབྱུང་འགོག་པའི་ལམ། །རྒྱུ་དང་འབད་པ་རྣམ་དག་པའི། །རྒྱུན་ཞུགས་ལན་ཅིག་འོང་བ་དང་། མི་ལྡོག་དགྲ་བཅོམ་བརྟུལ་ཞུགས་མཆོག །རང་རྒྱལ་བྱང་ཆུབ་རྫོགས་པའི་ལམ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས། །དེ་ནས་འཁོར་བའི་མཐའ་འགོག་ཅིང་། །མྱ་ངན་འདས་པ་མངོན་པར་གཉེར། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་ཚོགས་གཟུགས་དང་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་པ་དང་། །ལེན་པ་སྲིད་པ་སྐྱེ་རྒ་འཆི། །ཆོས་རྣམས་མངོན་པར་དགའ་བའི་མཐུས། །འཕགས་པའི་ཡེ་ཤེས་ཟད་པའི་པ་མེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །ཆ་ཤས་རྒྱུན་གྱི་ཡུལ་ལས་འདས།།ཡང་དག་དགྲ་བཅོམ་ཆེན་པོའི་སྐུ། །དངོས་མེད་ནམ་མཁའ་དྭངས་བའི་མཆོག །ཤེས་རབ་སྙིང་སྟོབས་ལས་ཀྱི་མཐུ། །སྦྱིན་དང་ཡང་དག་སྦྱངས་པའི་མཐུས། །རྣམ་པར་གྲོལ་བས་གཞན་རྒྱུད་སེལ། །ཐེག་པ་ཆེན་པོའི་མཚན་ཉིད་ཅན། །བདག་གཞན་རྒྱུད་རྣམས་གྲོལ་བའི་གྲོས། །ཡང་དག་ཡེ་ཤེས་སྤྱོད་པའི་སྤྱོད། །ཕ་རོལ་ཕྱིན་པ་རྣམ་བཅུ་ཡིས། །ས་བཅུ་ཡེ་ཤེས་རྫོགས་མཛད་ཅིང་། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དག །མ་འདྲེས་གཟུགས་ཀྱི་སྤྱད་བྱ་སྟེ། །ཡང་དག་ཐེག་པའི་གནས་རྫོགས་པས། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །ཚད་མེད་བསྡུ་བའི་དངོས་པོ་ཡིས། །སྦྱོད་པ་རྒྱ་ཆེན་འཛིན་དང་བྲལ། །ཡང་དག་བསོད་ནམས་ཡེ་ཤེས་དག །ཐམས་ཅད་རྫོགས་པས་འབྲས་བུ་ཉིད། །རྒྱུ་ཡང་གསང་ལ་འབྲས་བུའང་གསང་། །སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །སྐུ་དང་གསུང་དང་ཐུགས་ཀྱི་བདག །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཉིད། །ཕྱག་རྒྱའི་དཀྱིལ་འཁོར་སྣང་བའི་བདག །རྡོ་རྗེ་ཐིག་ལེ་བླ་མེད་པ། རྣམ་དག་སྒྱུ་མའི་ཚུལ་གྱིས་ནི། །མ་ལུས་ཀུན་འདུས་རྫོགས་པར་འགྱུར། །རང་བཞིན་རྣམ་དག་དེ་བཞིན་ཉིད། །ཐམས་ཅད་གཉིས་མེད་མཉམ་པར་རྒྱུད། །ཟུང་དུ་འཇུག་པ་མཚན་ཉིད་ཅན། །ཕྱོགས་རྣམས་གང་གིས་བརྟགས་བྱས་ཀྱང་། །ཡང་དག་དོན་ཀུན་དམིགས་དང་བྲལ། །མ་ལུས་བདེ་བ་ཆེན་པོའི་དབྱིངས། །རང་བཞིན་གཅིག་ཏུ་རྫོགས་པ་ལ། །རྣམ་པར་བཀོད་པ་ཅི་ཞིག་འགྲུབ། །བྱ་བ་མེད་ལས་བྱ་བའི་ཚུལ། །བདེན་པ་གཉིས་སུ་དབྱེར་མེད་པར། །འདི་དག་སངས་རྒྱས་ཐེག་པའི་ཆོས། །ལྷ་མི་སྟོབས་ལྡན་ལ་སོགས་ཀྱིས། །རྒྱུར་བཅས་ལམ་ལས་རྣམ་གྲོལ་བས།།འབྲས་བུ་རིག་པ་འཛིན་པའི་མཆོག །ཆོས་རྣམས་ཀུན་གྱི་རྒྱུ་ཉིད་དེ། །དེ་དག་འབྲས་བུ་བཟང་པོའི་ཚུལ། །སྙིང་པོའི་དོན་ཀུན་རྫོགས་པས་ན། །མ་ལུས་ཀུན་འདུས་གཏན་ལ་འབེབས། །ཇི་སྙེད་ཐེག་པ་བསམ་ཡས་པ། ། དེ་དག་གསང་བ་སྙིང་པོའི་གཞི། །དོན་ཀུན་ངོ་བོ་དག་པ་ཡི། །དེ་ཉིད་ངེས་པར་རྨད་དུ་བྱུང་། །དེ་ལྟར་བསྟན་པ་སྣ་ཚོགས་པས། །མ་ལུས་ཆོས་རྣམས་ཡང་དག་རྫོགས། །རང་བཞིན་ཡེ་ཤེས་དཀྱིལ་འཁོར་གནས། སྔོན་འབྱུང་འཁྲུལ་པའི་ཚུལ་དུ་གནས། །དུས་གསུམ་ཀུན་ཏ་འགྱུར་མེད་ཅིང་། །ཡང་དག་མཐར་ཐུག་གནས་རྫོགས་པས། །དཀྱིལ་འཁོར་བསྟན་པའི་ངོ་བོ་ཉིད། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའི་སྒ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། རང་བཞིན་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཏིང་འཛིན་ཆེན་པོ་ཡི། །དགོངས་པའི་དོན་ཀུན་མཉཟློ་པས་ན། །ཆོས་རྣམས་ཇི་ལྟར་གནས་པ་ཡི། །ཏིང་འཛིན་ཡེ་ཤེས་བསྟན་རྫོགས་མཛད། །དེ་ཚེ་འཁོར་གྱི་གཙོ་བོ་དག །རབ་ཏུ་གུས་པས་གསོལ་འདེབས་ཤིང་། །སྔ་མའི་དོན་ཆེན་ལས་བྱུང་བས། །རང་གི་ཡེ་ཤེས་འདྲི་བར་བྱེད། །རྒྱལ་བ་ཐམས་ཅད་མཁྱེན་པའི་གཙོས། །དགོངས་པའི་དོན་ཀུན་མཉམ་རྫོགས་པར། །ཐུགས་རྗེ་ཆེན་པོའི་རྐྱེན་སློང་ཞིང་། །མ་ལུས་འཇུག་པའི་དོན་བཞིན་བསྟན། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཉིད་ཡེ་ཤེས་དག་པའི་དངོས། །ཡུལ་དང་དབང་པོ་རྣམ་ཤེས་དངོས། །ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པ་ཉིད། །ཐམས་ཅད་དངོས་ཀུན་རྣམ་པར་དག །བྱང་ཆུབ་སེམས་ཀྱི་ཏིང་འཛིན་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །དེ་དག་རང་གི་ཆོས་རྣམས་ཀྱིས། །སྤྲུལ་པའི་ཡུལ་ལས་རྣམ་པར་འདས། ཁ་དོག་དབྱིབས་སོགས་མ་སྐྱེས་པར། །དེ་དག་མཚན་བཅས་དཔག་ཏུ་མེད། །ཏིང་འཛིན་རྒྱལ་པོ་ཆེན་པོ་ཡི། །ཕ་རོལ་ཕྱིན་མཆོག་སྟོབས་རྫོགས་པར། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཏེ། །དེ་ནས་ཆོས་ཀུན་ལམ་ལས་སྐྱེས། །དངོས་དང་འཇུག་པའི་མཐའ་བྲལ་བར། །ཐིག་ལེ་མི་ཤིགས་བརྟན་པའི་དངོས། །རིན་ཆེན་སྣ་ལྔའི་འོད་ཟེར་ཅན། འབྱུང་འཇུག་གནས་ལས་ཀུན་སྐྱོབ་ཅིང་། །གཡས་གཡོན་ཕྲེང་བའི་ཚུལ་བཞིན་བསྟེན། །ལམ་གྱི་ཡན་ལག་བརྒྱད་རྫོགས་བསྐྱེད། །མཁའ་དབྱིངས་སྤྲིན་ལས་ཆར་གྱི་རྒྱུན། །གློག་གི་ཕྲེང་བ་འོད་དང་་་་་་་་་་བཅས། ། སངས་རྒྱས་ཐེག་པ་བླ་མེད་པའི། །བྱེ་བྲག་ཅན་གྱི་ཚུལ་འཇུག་པ། །དེ་དག་དོན་ཀུན་རྫོགས་གནས་པའི། །རང་རིག་སྟོབས་སྐྱེས་གྲོལ་བར་འགྱུར། །གང་དུ་དྲི་མ་མེད་པ་ཡི། །ངེས་པའི་མཛོད་ནས་སྙིང་པོ་ལས། །འོད་ཟེར་སྣ་ལྔའི་རྒྱུན་འཇུག་པ། །ཐབས་ཀྱི་ཡན་ལག་རྣམ་བདུན་གྱིས། །མེ་ཏོག་ཕྲེང་བའི་ཚུལ་བཞིན་དུ། །བསྐོར་བའི་ཕྱག་རྒྱ་ཡན་ལག་བཞི། །གཉིས་སྦྱོར་ཐབས་དང་ཤེས་རབ་སྟེ། །དབྱངས་དང་གསལ་བྱེད་ལས་འཕྲོས་པས། ཁམས་གསུམ་ཡི་གེའི་དཀྱིལ་འཁོར་ཉིད། །ཐིག་ལེ་རྒྱལ་པོ་མི་ཤིགས་པས། །ཡང་དག་བརྟན་པའི་ངོ་བོར་བརྟག །འོད་འབར་ཡི་གེ་འབྲུ་ལྔ་ཡི། །རང་གི་མཚན་མའི་གནས་རྒྱས་ཤིང་། ཁམས་གསུམ་སྤྱད་པས་རྣམ་གྲོལ་མཛད། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །ཐབས་འདི་སྒྱུ་འཕྲུལ་དག་པའི་དངོས། །ཡན་ལག་བདུན་གྱི་སྣང་བ་ལས། །ཡན་ལག་བདུན་གྱི་འབྲས་རྫོགས་འགྱུར།།རང་གི་ཡེ་ཤེས་བརྟན་བྱས་པའི། །ཕྱག་རྒྱ་སྔགས་ཀྱི་རྒྱུད་ལྡན་པས། ། ཕྱོགས་མཚམས་བླ་འོག་ཀུན་གསལ་ཞིང་། །དཀྱིལ་འཁོར་གནས་རྣམས་བརྟན་པར་འགྱུར། །ཡང་དག་བསོད་ནམས་ཡེ་ཤེས་ཚོགས། །རབ་ཏུ་སྦྱངས་པས་སྟོབས་རྫོགས་ཏེ། །དམ་པ་རྒྱ་ཆེན་མཐའ་ཡས་པ། ཁྱད་པར་སྔགས་པའི་རྒྱུད་ཀྱིས་འཇུག །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་པ། །ཉེ་རེག་འཐོར་འཐུང་སྔགས་ཀྱི་ཆུ། །རིག་པའི་ཁྲོ་བོ་ཁྲོ་མོ་བཅས། །བྱིན་རླབས་ཕྱག་རྒྱ་སྔགས་ཀྱིས་སྦྱང་། །ཐམས་ཅད་རྣམ་པར་དག་པ་ཉིད། །མཚན་བཅས་མཚན་མ་མེད་པའི་དངོས། །ཨོ་མཧྭ་ཀྲོ་ཏི་ཤོ་རི་སརྦ་དྲ་བྱ༷་ཤྭ་དྷ་ཡ་ཨཱོཾ་ཨུ༷༷ཧུ༷། རིགས་ཀྱི་མེ་ཏོག་སྔགས་དང་བཅས། །རིགས་ཀྱི་ཙན་དན་བདུག་པའི་སྤོས། །ཕྱོགས་བཅུར་རྣམས་པར་སྤྲོར་བྱས་ཏེ། །བརྟན་པར་བཀྲ་ཤིས་བྱིན་རློབས་འགྱུར། །བདེ་གཤེགས་ཀུན་གྱི་སྦྱོར་བ་ཡིས། །ལྷག་པའི་དཀྱིལ་འཁོར་བརྟན་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་། །རིགས་ཀྱི་དབུ་བརྒྱན་མཚན་བཅས་པས། །རྣམ་གསུམ་སེམས་དཔའ་འཁོར་ལོ་ཡིས། །ཐམས་ཅད་ཀུན་རྒྱུད་རྣམ་པར་དག །མ་ལུས་དཀྱིལ་འཁོར་ཚོགས་བཅས་པ། །ཐུགས་རྗེ་སྔགས་ཀྱིས་བསྐུལ་མཛད་པ། །ཡང་དག་སྤྱན་འདྲེན་བརྟན་པར་གནས། །ཨོ་ཨུ༷༷ཧུ༷་བཛྲ་ས་མ་ཡ་གྲྭ་ཧྭ། ཏ་ཐུ་ག་ཏ་ས་མན་ཛ་ཧུ༷། ཐུགས་རྗེ་ཆེན་པོའི་བདག་ཉིད་ཀྱི། །དཀྱིལ་འཁོར་ཀུན་ནས་བརྟན་པ་དག །དམ་ཚིག་ཕོ་བྲང་གནས་པ་བོར རིམ་པར་གདན་བྱས་བརྟན་པར་བཞུགས །ཨོ་ཐུགས་རྗེ་ཆེན་པོའི་བྱིན་རླབས་གྱིས། །གསང་བའི་ཐེག་པ་བླ་ན་མེད། །དོན་འདི་ཡང་དག་སྦྱོར་བའི་མཐུས། །མགོན་པོ་ཉེ་བར་བརྩེར་དགོངས་མཛོད། །ཨེ་ཧ་ཡ་ཧི་བ་ག་བན་མ་ཧ་ཀ་རུ་ནི་ཀདྲོ་ཁེ་ཧོ། ས་མ་ཡ་སྟ༷། རྡོ་རྗེ་ཁྲོ་བོ་རྣམ་སྤྲོས་པས། །ཕྱོགས་བཅུའི་བགེགས་རྣམས་བཅོམ་མཛད་དེ། །མཚོན་ཆ་མེ་ལྟར་འབར་བའི་ཚོགས། །མངོན་པར་འདོད་པའི་་་་་་གནས་སུ་སྤྲོ། །བསྐལ་པའི་མཐར་ཐུག་ཚར་བཅད་ཅིང་། །མ་རུང་པ་རྣམས་གཤེགས་པའི་མཐུས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་མཐོང་། །རྡོ་རྗེ་ལ་སོགས་ས་གཞི་ལ། །ར་བ་གུར་དང་དྲ་བར་འགྱུར། །ཡང་སྤྲུལ་མཚོན་ཆའི་ཚོགས་དང་བཅས། །མེ་འོད་འབར་བ་འཁྲིགས་པ་ཡི། །ཨོ་བཛྲ་ཛ་ལ་རཏྣ་མཎྜལ་ལ་སྒྲུ༷། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །མགོན་པོ་དཀྱིལ་འཁོར་བརྟན་པའི་དངོས། །ཡང་དག་སྐུའི་དཀྱིལ་འཁོར་ཉིད། །མཚན་མའི་འོད་ཕྲེང་རྒྱན་གྱིས་བརྗིད། །རིགས་གཅིག་རིགས་གསུམ་རིགས་ལྔ་དང་། །རིགས་དྲུག་རིགས་དགུ་ཉི་ཤུ་ལྔ། །རྒྱ་ཆེན་ཕྱི་ཡི་ནམ་མཁའི་དབྱིངས། །རྣམ་པར་སྣང་མཛད་འཁོར་ལོ་མཚོན། །གསེར་མདོག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་ནི་དམར་བའི་མདངས། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །དྲིལ་བུ་པདྨ་རལ་གྲིས་མཚན། །རིགས་ཀྱི་དཀྱིལ་འཁོར་གཞན་རྫོགས་པར། །རྣམ་གསུམ་སེམས་དཔའི་བདག་ཉིད་ལ། །འཁོར་ལོ་ཨོ་ཡིག་གསང་ལྡན་པ། །གསང་སྔགས་ཕྲེང་བས་མཛེས་པ་ཡིན། །བཟླས་བརྗོད་ཐིག་ལེ་ཕྲ་མོ་ཡི། །ཚོགས་དང་རིགས་སྐུ་སྤྲོ་ཞིང་སྡུད། །དེ་བཞིན་གཤེགས་པའི་གནས་ཆེན་པོར།།ཡན་ལག་ལྔ་ཡིས་རྫོགས་བྱས་ཏེ། །དངོས་གྲུབ་དཀྱིལ་འཁོར་བརྟན་པར་གནས། །འདོད་ཆགས་ཆེན་པོའི་གནས་འཇུག་པའི། །གསུང་གི་པདྨ་གསལ་ལྡན་པར། །པདྨ་རྭ་གའི་འོད་གསལ་ཞིང་། །དམ་ཚིག་འཁོར་ལོ་རྣམ་པར་བསྒོམ། །ཞལ་གསུམ་ཕྱག་དང་དྲུག་པ་སྟེ། །སྔོ་དང་དཀར་པོ་བཞིན་རྒྱས་པ། །ཀུན་ནས་འོད་ཟེར་ཕྲེང་བས་བཀླུབས། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །གསང་སྔགས་ཕྲེང་བས་འཁྲིགས་པ་ཡི། །འོད་འཕྲོ་འབར་བའི་དཀྱིལ་འཁོར་ཉིད། །གཅིག་དང་གསུམ་ལ་སོགས་པའི་བདག །ལྷག་པར་མོས་པའི་གནས་བསྒོམ་སྟེ། །པདྨ་ཨ་ཡིག་མཚན་ལྡན་པར། །ཐབས་དང་ཤེས་རབ་ཕྲེང་བའི་གནས། །དབང་པོ་ཐིག་ལེ་རྫོགས་པ་ཉིད། །འོད་ཕྲེང་སྔགས་ཀྱི་རྣམ་པ་ཡིས། །ཕྲ་མོ་རྫོགས་པའི་བར་དུ་བསྒོམ། །གཉིས་མེད་ཡེ་ཤེས་རྣམ་གྲོལ་བས། །གསུང་གི་དཀྱིལ་འཁོར་བརྟན་པར་འགྱུར། །ཐུགས་མཆོག་རྡོ་རྗེ་སེམས་དཔའ་ཉིད། །དཀྱིལ་འཁོར་རྒྱས་པའི་གནས་སུ་སྟེ། །མཐའ་ཡས་དཀྱིལ་འཁོར་རྒྱས་པའི་བར། །རྟེན་དང་བརྟེན་གནས་མཉམ་སྦྱོར་ཞིང་། །ཕྱག་རྒྱ་མཚན་མ་སྣ་ཚོགས་དབུལ། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ།།མཐིང་ཀ་དཀར་དང་དམར་བའི་འོད། །རྡོ་རྗེ་ལ་སོགས་མཚན་པའི་ཚོགས། །སེམས་དཔའ་གསུམ་གྱི་མཚན་ཉིད་ཅན། །ཐིག་ལེ་ཕྲ་མོའི་ཆ་རྫོགས་པར།་།་བཟླས་པའི་ཡན་ལག་མ་ཉམས་པར། རིགས་ཀྱི་དཀྱིལ་འཁོར་བསྟན་པར་མཛད། །ཀུན་ནས་ཡོན་ཏན་རྫོགས་པར་མཛད། །རིན་ཆེན་གནས་ཀུན་མངོན་པར་རྫོགས། །དེ་ནས་ཕོ་བྲང་བརྟན་པའི་དབུས། །དཀྱིལ་འཁོར་བྱེ་བྲག་མཐའ་ཡས་ཀུན། །མ་ལུས་འདུལ་བ་གཙོ་བོ་ཉིད། །ཞལ་གསུམ་ཕྱག་དྲུག་རྒྱན་གྱིས་མཛེས། །སྔོ་དང་དཀར་དང་དམར་བའི་འོད། །རིན་ཆེན་ལ་སོགས་མཚན་མས་བརྒྱན། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །རིན་ཆེན་གནས་འབར་ས་ཡིག་ལ། །འོད་བཅས་ཕྲེང་བའི་རྒྱན་གྱིས་བརྗིད། །ཕྱག་རྒྱ་ཆེན་པོའི་སྙོམས་ཞུགས་པའི། །ཡང་དག་ཆོས་སྐུ་བདེ་བ་སྤྲོ། །ཐིག་ལེ་ཕྲ་མོའི་གནས་རྫོགས་པས། །གྲངས་བཅས་མཚན་མ་རྫོགས་བྱས་ཏེ། །བཟླས་བརྗོད་རྣམ་པར་སྦྱངས་པའི་མཐུས། །རིན་ཆེན་དཀྱིལ་འཁོར་བརྟན་པར་འགྱུར། །ཡོན་ཏན་ཆེན་པོའི་བདག་ཉིད་དུ། །མ་ལུས་ཀུན་འདུས་རྫོགས་པར་གནས། །ཕྲིན་ལས་མཐའ་ཡས་ཁྱབ་པའི་ཚོགས། །ལས་ཀྱི་རིགས་ཀུན་རྫོགས་པ་ཡི། །གཙོ་བོ་དོན་ཡོད་གྲུབ་པ་ཉིད། །རང་གི་དཀྱིལ་འཁོར་གནས་བཞུགས་ཏེ། །ཞལ་གསུམ་ཕྱག་དྲུག་བརྗིད་པའི་སྐུ། །ལྗང་སྔོ་གཡས་གཡོན་དཀར་དང་དམར། །རྒྱ་གྲམ་ལ་སོགས་མཚན་མས་མཛེས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་པ། །སེམས་དཔའ་རྣམ་པ་གསུམ་ལྡན་ཞིང་། །སྣ་ཚོགས་རྡོ་རྗེ་ཧ་ཡིག་ལས། །གཡས་གཡོན་ཐབས་དང་ཤེས་རབ་རྒྱས། །ཕྱག་རྒྱའི་དཀྱིལ་འཁོར་ཀུན་སྟོན་པའི།།ཐིག་ལེ་འཕྲོ་མ་ཆ་རྫོགས་པའི། །ཇི་སྲིད་དཀྱིལ་འཁོར་བརྟན་བྱེད་པའི། །མཚན་མའི་ཏིང་འཛིན་རྟགས་ལྡན་པས། །བཟླས་བརྗོད་ལ་སོགས་བརྟན་པའི་ཚོགས། །དོན་ཀུན་མཚན་མ་མེད་པའི་ཚོགས། །ཆོ་ག་སྟོབས་རྫོགས་དཔའ་བོ་ཆེ། །མི་ཤིགས་ཡན་ལག་བརྟན་བྱས་པས། །དངོས་གྲུབ་དོན་དུ་གསང་བའི་མཐུས། །མདུན་གྱི་དཀྱིལ་འཁོར་ལ་བསྟན་ཏེ། །ཀུན་ནས་ཕྱག་འཚལ་མཆོད་འབུལ་ཞིང་། །རྒྱུན་བཤགས་རྗེས་སུ་ཡི་རང་དང་། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་དེ། །མྱ་ངན་མི་འདའ་བརྟན་པར་གནས། །ཡང་དག་བྱང་ཆུབ་ལམ་ལ་གནས། །ཕྱོགས་རྣམས་ཀུན་ནས་ལུས་འབུལ་ཞིང་། །རྗེས་སུ་གནང་བའི་བཀའ་ཐོབ་ནས།།དེ་དག་སྤྱོད་པ་རྒྱ་ཆེན་པོ། །མ་ལུས་འགྲོ་གནས་ལ་ལྟ་སྟེ། །སྡུག་བསྔལ་ཐམས་ཅད་གསལ་བྱེད་ཅིང་། །བདེ་བའི་ཚོགས་རྣམས་བསྒྲུབས་བྱས་ནས། །ཐར་པ་མྱ་ངན་འདས་པའི་དོན། །དོན་རྫོགས་བཏང་སྙོམས་ཆེན་པོའི་དབྱིངས། །ཡང་དག་བསོད་ནམས་རྒྱ་ཆེན་པོས། །མི་དམིགས་རྟོགས་པའི་ཡེ་ཤེས་ནི། །འཁོར་གསུམ་ཡོངས་སུ་དག་པ་ཉིད། །ཡེ་ཤེས་ཚོགས་ཀྱི་གནས་ཡིན་ཏེ། །གཞི་རྩ་མཚན་མ་ཀུན་དང་བྲལ། །ཕྱི་ནང་ཡུལ་ཀུན་མ་སྐྱེས་པའི། །ཐམས་ཅད་གཉིས་མེད་བྱང་ཆུབ་སེམས། །མ་ལུས་དོན་མཆོག་གསང་བའི་གནས། །འགྲོ་བ་ཁྱབ་པའི་ཐུགས་རྗེ་ཉིད། །རང་བཞིན་རང་གིས་རྣམ་པར་དག །ཐམས་ཅད་མཚན་ཉིད་རྫོགས་པ་ཡི། །རྟོག་གསལ་རིག་པའི་ཡེ་ཤེས་ཉིད། །མུན་ལ་སྣང་འགྱུར་འོད་ཀྱི་ཚུལ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ཡེ་ཤེས་སྟོབས་རྫོགས་ཀུན་ཏུ་བཟང་། །གློ་བུར་སྤྲིན་གྱི་ཚོགས་དྭངས་པས། །ནམ་མཁའི་འོད་བཅས་གསལ་བར་སྣང་། །དཀར་པོ་ཞལ་གསུམ་ཕྱག་དྲུག་པའོ། །གཡས་དང་གཡོན་གྱི་སྔོ་དང་དམར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །དྲིལ་བུ་པདྨ་རལ་གྲིས་མཚན། །དབུ་རྒྱན་མགུལ་ཆུན་དོ་ཤལ་དང་། །སྙན་ཆ་ཕྱག་ཞབས་གདུ་བུའི་ཕྲེང་། །རལ་པ་འབར་བའི་ཐོར་ཚུགས་ཅན། །ན་བཟའི་འོད་ཟེར་མཚན་དཔེ་མཛེས། །ཉི་ཟླའི་དཀྱིལ་འཁོར་བརྟན་པ་ལ། །རིགས་བཅས་ཡུམ་སྦྱོར་བརྟན་པའི་གནས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །ཐུགས་ཀའི་འོད་ཟེར་ཕྲེང་བ་ཡིས། །མ་ལུས་དཀྱིལ་འཁོར་རྒྱ་ཆེན་ཚོགས། །སྟོང་གསལ་ནམ་མཁའི་རང་བཞིན་ལས། །རླུད་གི་དཀྱིལ་འཁོར་རྒྱ་ཆེན་གདམས། །དེ་ཡི་དབུས་སུ་རྒྱ་ཆེན་ཉིད། །འབྱུང་ཆེན་གསེར་གྱི་ས་གཞིར་བཅས། །ཀུན་ནས་མེ་འོད་འཁྲིགས་པའི་དབུས། །འོག་མིན་གནས་མཆོག་རིམ་བཞིན་ཆགས། །འཁོར་ལོ་ཆེན་པོའི་ས་གཞི་ལ། ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཕྱི་རིམ་ར་བ་བཞིན་འཁྲིགས་པ། །ཐེག་པ་ཀུན་གྱིས་བརྒྱན་པ་ཡི། །རྟ་བབས་བཟང་པོ་རིམ་གྱིས་བརྩིགས། །རྣམ་ཐར་བརྒྱད་ཀྱི་བདག་ཉིད་ཅན། །སངས་རྒྱས་ཐེག་པ་བསམ་ཡས་པའི། །པྲ་ཏི་ཕྲེང་བས་བསམ་ཡས་པ། །ཐེག་པ་བཞི་ཡི་འཇུག་སྒོ་ནས། །ཚད་མེད་བཞི་བཅས་ཕྲིན་ལས་རྫོགས། །རིན་ཆེན་དྲ་བ་དྲ་ཕྱེད་དང་། ཁྲར་བུ་ཕྱེ་མའི་ཕུང་པོས་བརྒྱན། །གདུགས་དང་བ་དན་རྒྱལ་མཚན་སོགས། །རྡོ་རྗེ་རིན་ཆེན་མཚན་མའི་ནང་། །ཟླ་ཕྱེད་རྡོ་རྗེའི་མི་འཇིགས་སྟོབས། །འདོད་ཡོན་ལྷ་མོ་ཕྱོགས་བཅུར་འཁྲིགས། །ལྷག་པའི་ཡེ་ཤེས་རིན་པོ་ཆེ། །ཉི་ཤུ་རྩ་ལྔའི་རྟགས་རྣམས་ཀྱིས། །རང་གི་དཀྱིལ་འཁོར་མཛེས་བྱས་པས། །ཕྱི་དང་ནང་མེད་གསལ་བའི་མཆོག །དབུས་ཀྱི་ཕོ་བྲང་ངོ་བོ་ཉིད། །ཡེ་ཤེས་ལྔ་ཡི་དོན་རྫོགས་ཤིང་། །ཐེག་པ་ཆེན་པོའི་ཚུལ་ཉིད་བརྙེས། །རྡོ་རྗེ་འཁོར་ལོ་ཕྱག་རྒྱའི་ཚོགས། །ཀ་བ་གདུང་བཅས་དྲ་བ་དང་། །དབུ་རྩེ་ནོར་བུ་བཟང་པོས་མཛེས། །རྡོ་རྗེ་ལ་སོགས་མཚན་མ་ལ། །ཟླ་ཕྱེད་རྡོ་རྗེ་མི་འཇིགས་སོགས། །འོད་ཀྱི་དཀྱིལ་འཁོར་འབར་བས་བརྒྱན། །མངོན་པར་འཕགས་པའི་གནས་རྣམས་སུ། །རིན་ཆེན་འབར་བའི་ཁྲི་སྟེང་ལ། །མི་འཇིགས་བཞི་དང་སྟོབས་བཅུ་དང་། །རྫུ་འཕྲུལ་བཞི་གནས་དབང་བཅུས་བརྒྱན། །ཐོགས་མེད་གྲངས་ཆེན་ཚོན་རྩི་ལྔ། །འོད་གསལ་ཐབས་དང་ཤེས་རབ་ལ། །མ་ཆགས་ཆུ་སྐྱེས་རྣམ་པར་དག །ཕྱི་རོལ་བྱང་ཆུབ་སེམས་དཔའི་གནས། །རྣམ་གསུམ་འོད་ཀྱི་དཀྱིལ་འཁོར་ལྡན། ཁྲོ་བོ་རྡོ་རྗེ་བྲག་ཆེན་རྣམས། །ཐུགས་ཀྱི་ཉི་མའི་དཀྱིལ་འཁོར་ཉིད། །རང་གི་དཀྱིལ་འཁོར་ས་གཞི་ལ། །འོད་འབར་ཕྲེང་བས་འཁྲིགས་པའོ། །གཙོ་བོ་ཆོས་ཀྱི་སེམས་དཔའ་ཉིད། །དབུས་ཀྱི་དཀྱིལ་འཁོར་གནས་བཞུགས་ཏེ། །ཕྱོགས་བཅུའི་རྒྱལ་བས་མཉེས་མཛད་ཅིང་། །ཀུན་གྱི་བྱིན་རླབས་བརྟན་པར་གནས། །ཆོས་་་་་་་་་རྣམས་ཐམས་ཅད་རྣམ་དག་པའི། །ཏིང་འཛིན་ཡེ་ཤེས་རྒྱ་ཆེན་པོ། །མ་ལུས་མཐའ་དག་ཉིད་ཀྱི་དབྱིངས། །བྱང་ཆུབ་སེམས་ཉིད་གཟུགས་བསྟན་ཏེ། །དང་པོའི་ཡི་གེ་ལས་བྱུང་བ། །འོད་གསལ་ཀུན་ནས་རྒྱལ་བ་དག །དབྱངས་ཀྱི་ཕྲེང་བས་ཉེ་བར་བརྙེས། །ཀུན་ཏུ་རྣམ་པར་འཕྲོས་པའི་མཐུས། །དེ་དག་ཕྲིན་ལས་བསྟན་མཛད་ཅིང་། །མཚན་བཟང་སུམ་ཅུ་རྩ་གཉིས་རྫོགས། །ཕྱོགས་བཅུའི་དབྱིངས་རྣམས་བསྡུས་བྱས་ཏེ། །རང་གི་དཀྱིལ་འཁོར་བརྟན་པར་གནས། །གཉིས་འགྱུར་ཕྲེང་བས་རྣམ་པར་དག །འོད་ཟེར་རྒྱུན་གྱི་མཛེས་པ་འོ། །ཐུགས་རྗེ་ཆེན་པོ་འོད་གསལ་བ། །གཉིས་པའི་ཡི་གེ་སྡེར་བཅས་ནས། །རྟེན་དང་བརྟེན་པའི་གཙོ་འཁོར་ཚུལ། །འོད་འབར་ཁ་དོག་ལྔ་ཡི་མདངས། །མ་ལུས་སྤྲོས་པ་སྔོན་བཞིན་དུ། །སངས་རྒྱས་དཔེ་བྱད་བཟང་པོའི་ཚོགས། །གཉིས་འགྱུར་ཐབས་དང་ཤེས་རབ་སྟེ། །གཡོ་བའི་ཚུལ་བཅས་གོང་བུ་ཉིད། །སྣ་ལྔའི་ཕྲེང་བས་ཀུན་ནས་འཁྲིགས། །གསུང་གི་ས་བོན་རྫོགས་པ་ལས། །ཐུགས་ཀྱི་ཕྱག་རྒྱ་འབར་བའི་ཚུལ། །གསང་སྔགས་ཡི་གེ་ཕྲེང་བ་དག །ཐམས་ཅད་ཀུན་ནས་གནས་རྒྱས་པས། །དེ་དག་དཀྱིལ་འཁོར་རྫོགས་པར་མཛད། །གསང་བ་གསུམ་གྱི་འོད་ཟེར་གྱིས། །སྙིང་པོའི་དཀྱིལ་འཁོར་བརྟན་པར་འགྱུར། །རབ་ཏུ་རྫོགས་པའི་ཡེ་ཤེས་ཉིད། །རང་གི་སྔགས་ཀྱིས་བརྟན་བྱས་པའོ། ། ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེ། །ཐམས་ཅད་གནས་ཀུན་སྙོམས་འཇུག་པས། །གཙོ་བོ་ཐུབ་པ་ཆེན་པོའི་སྐུ། །རབ་ཏུ་རྫོགས་པའི་བཞིན་རྒྱས་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་། །རབ་ཏུ་རྫོགས་པའི་ཡེ་ཤེས་ཉིད། །ཐིག་ལེ་ལ་གནས་ཐིག་ལེའི་མཆོག །ཐིག་ལེ་ཆེན་པོ་མཉམ་ལྡན་པས། །བྱང་ཆུབ་ཡན་ལག་རྣམ་པར་འཕྲོ། །ཚུལ་རྣམས་བགྲོད་པ་མེད་པའི་ལམ། །ཐབས་དང་ཤེས་རབ་རྒྱས་པ་ཡི། །རྡོ་རྗེ་རྣམ་བཞི་དག་པའི་ཚུལ། །རབ་ཏུ་སྦྱངས་པས་སངས་རྒྱས་མཆོག །དེ་ལྟར་བསྙེན་པའི་དཀྱིལ་འཁོར་གྱིས། །རིགས་ཀྱི་དཀྱིལ་འཁོར་ཆེ་གནས་སྦྱོར། །སངས་རྒྱས་ཀུན་དང་གཅིག་པའི་བློས། །ཉེ་བར་བསྙེན་པའི་རྒྱུན་ལྡན་ཞིང་། །བྱང་ཆུབ་སེམས་ཀྱི་ཡི་གེ་ཉིད། །རང་གི་གནས་སུ་རྫོགས་བྱེད་པའོ། །དེ་དག་གོམས་པར་གསལ་བ་དང་། །མི་ཤིགས་ཐིག་ལེ་བརྟན་པར་འགྱུར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་རྣམས་སྒྲུབ་པའི་ཕྱག་རྒྱ་ཉིད། །མངོན་སུམ་རིགས་ཀྱི་སྐུ་སྦྱོར་ཞིང་། །ས་གཞི་ཁྱད་པར་སྦྱོར་མཛད་པས། །རྫུ་འཕྲུལ་ཐེག་པ་གཞན་རྒྱུད་སེལ། །ཡང་དག་སྒྲུབ་པ་ཆེན་པོའི་མཆོག །རྟགས་ཀྱི་ཕྱག་རྒྱ་གཉིས་མེད་ཚུལ། ཁམས་གསུམ་གནས་རྣམས་རྫོགས་བྱེད་པའི། །ཕྱག་རྒྱ་ཆེན་པོའི་རིགས་ཀྱི་བདག །ཐེག་པའི་མཐའ་རྣམས་མ་འགགས་པར། །ཀུན་འབྱུང་གནས་ཀྱི་ཆོ་འཕྲུལ་ཉིད། །ཡིད་བཞིན་ནོར་བུ་རིན་ཆེན་མཆོག །ཕྱོགས་བཅུ་ཀུན་ནས་བསྔགས་པའོ། རྒྱལ་བ་ཀུན་གྱི་གནས་རྫོགས་པའི། །སྣ་རྩེའི་ཐིག་ལེ་རིན་ཆེན་ལྔ། །དབང་པོ་དྲུག་གི་ཡུལ་དང་ལྡན། །ཡན་ལག་གྲངས་དང་བགྲང་འདས་པར། །མཚན་མ་རྣམ་པ་བཞི་ལྡན་ཞིང་། །ཇི་སྲིད་བརྟན་པའི་གནས་སུ་གཞག །བྱང་ཆུབ་སེམས་ཀུན་རྫོགས་པས་ན། །བཅུ་དྲུག་ཆ་ཤས་གྲངས་ལས་འདས། །མི་ལྡོག་གནས་ཀྱི་ཏིང་ངེ་འཛིན། །ཉི་ཟླའི་དཀྱིལ་འཁོར་ཁ་སྦྱར་བའོ། །རིམ་བཞིན་དབང་པོ་དྲུག་གི་ཡུལ། །སྤྲོ་དང་བསྡུ་བའི་ཡན་ལག་གིས། །གསང་སྔགས་ཕྱག་རྒྱ་ཀུན་རྫོགས་པར། །རིགས་གཅིག་གསུམ་དང་ལྔ་ལ་སོགས། །ཐབས་ཀྱི་ཡན་ལག་བསམ་ཡས་ཞིང་། །ཞིང་ཁམས་གནས་ཀུན་དག་པར་བྱེད། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་།།པརློ་མཚན་བཅས་རལ་གྲིར་བཅས། །འོད་ཟེར་སྣ་ལྔའི་ཕྲེང་བ་ཉིད། །ཀུན་ནས་འཁྲིགས་པས་སྔགས་དང་བཅས། །གསང་གསུམ་དམ་ཚིག་ཡེ་ཤེས་ཆེ། ཁ་སྩོར་ཐིག་ལེ་ལ་རྫོགས་པའི། །ཕྱག་རྒྱ་གསང་བའི་ཡི་གེ་མཆོག །བདུན་འགྱུར་དྲག་པོའི་གསང་ཚིག་བཅས། །མ་ནི་གནས་ལས་གྲོལ་བ་ཡིས། །རང་གི་ཕྱག་རྒྱ་ཐམས་ཅད་པས། །རིན་ཆེན་གའུའི་བཅུད་རྫོགས་ཏེ། རྙ། ་ཟླའི་དཀྱིལ་འཁོར་དབབ་་པར་འགྱུར། །གནས་དང་གནས་མིན་གསང་བའི་ཡུལ། །ཕྲ་མོ་སེམས་ཀྱི་ཏིང་འཛིན་གྱིས། །ཐ་སྙད་ཐམས་ཅད་འགོག་བྱེད་ཅིང་། ཁམས་གསུམ་སྐྱེ་འགྲོ་རྣམ་པར་དག །ཡང་དག་འབྲེལ་པས་རྣམ་པར་དག །ཡང་དག་འབྲེལ་པས་གོམས་པ་དང་། །བརྡའ་ཡི་མིང་ཚིག་སུམ་ཅུ་གཉིས། །ཐིག་ལེ་འོད་ཟེར་སྣ་ཚོགས་དང་། །རབ་ཏུ་ཞུགས་པས་བདེ་ཆེན་དབྱིངས། །ཇི་སྲིད་བརྟན་པར་གནས་པའི་དུས། །ཀུན་འཛིན་ཡི་གེ་སྡོམ་བྱེད་ཅིང་། །དབབ་དང་བསྐྱིལ་དང་སྤྲོ་བ་དང་། །སླར་བསྡུ་ཡང་དག་ཡེ་ཤེས་གནས། ། ཐབས་དང་ཤེས་རབ་སྙོམས་ཞུགས་རྣམས། །ཉི་ཤུ་རྩ་ལྔའི་བྱེ་བྲག་རྫོགས། །དོན་ཀུན་གསང་བའི་དེ་བཞིན་ཉིད། །བྱམས་པ་ཆེན་པོས་གཞན་རྒྱུད་སེལ། །གཅིག་པུར་རུས་སྒྲལ་སྐམ་སོགས་བཞིན། །གཉིས་མེད་འཁྲིལ་བའི་ཆ་ལུགས་དག །གནས་མཐར་དབང་པོས་གཞན་དུ་བསྐུར། །རིགས་ཀྱི་དཀྱིལ་འཁོར་རང་ཉིད་ཀྱིས། །ཕྱག་རྒྱ་བདེ་བ་མཚན་མ་བཅས། །ཉོན་མོངས་གནས་ཀུན་གྲོལ་བྱེད་པ། །སྒྱུ་མའི་དཔེ་བརྒྱད་ཡེ་ཤེས་ཉིད། །དངོས་པོ་སངས་རྒྱས་བཟང་པོ་ལ། །རིགས་རྣམས་རྫོགས་པས་དབུ་བརྒྱན་ཅིང་། །ཐུགས་ཀྱི་དཀྱིལ་འཁོར་རྣམ་པར་བཀོད། །མེ་༷རླུད་སྦྱོར་བས་བསྐྱལ་བྱས་ཏེ། །ཐིག་ལེ་འོད་ཟེར་གྱེན་འབར་བས། །སྨིན་བྱེད་ཁྱབ་པར་བདེ་བའི་མཆོག །རང་གི་གནས་སུ་རྣམ་པར་འཁྲིལ། །སྤྲུལ་པའི་འཁོར་ལོ་ཆ་རྒྱས་པ། །འོད་འབར་ཆགས་པའི་རི་མོ་ཅན། །ཨོ་ཡིག་སྔགས་ཀྱི་ཕྲེང་བས་མཛེས། །དྲུག་ཅུ་རྩ་ལྔ་གནས་རྣམས་སུ། །བདེ་ཆེན་ཐིག་ལེའི་ཚུལ་བཞུགས་ཤིང་། །དེ་མིང་བདེ་བའི་སྒྲ་དང་བཅས། །ཐབས་ཀྱི་ཚུལ་ནི་རྣམ་པར་དབབ། །ཆོས་ཀྱི་འཁོར་ལོ་ཧུ༷་ཡིག་རྫོགས། །དཀར་་་་་་སེར་འོད་ཟེར་སྣ་ལྔའི་མདངས། །གནས་བརྒྱད་ཡི་གེའི་ཕྲེང་བས་མཛེས། ཁྲེས་རབ་བརྒྱད་གནས་ཡེ་ཤེས་རྫོགས། །བྱམས་པ་ཆེན་པོའི་དོན་ཀུན་སྟོན། །དེ་དག་སྐྱེ་དང་འགག་པ་དང་། །ཡང་དག་སྦྱངས་པས་ཀུན་གྲོལ་ཞིང་། །གཉིས་མེད་ཡེ་ཤེས་རྟོན་པའི་ཚུལ། །སྒྲ་རྣམས་བརྗོད་པའི་ཚུལ་འདས་པས། །གསང་གསུམ་དམ་ཚིག་སྔགས་ཀྱི་གནས། །བཅུ་དྲུག་བདུད་རྩི་འཛག་པ་ཡི། །དཀར་དམར་འོད་ཟེར་ཕྲེང་བ་ ཅན། །ཨོ་ཡིག་སྔགས་ཀྱི་ཡི་གེས་བརྒྱན། །ཀུན་འབྱུང་རྫོགས་པའི་ཡི་གེ་སྟེ། །སྤྲོ་དང་བསྡུ་བ་དག་གི་ཚུལ། །མི་འགྱུར་བརྟན་པའི་ཐིག་ལེ་ཉིད། །ཧ༷་ཡིག་སྔོན་པོ་བྱང་ཆུབ་སེམས། །ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་། །ཀུན་ད་དུང་གི་འོད་གསལ་མདངས། །སུམ་ཅུ་རྩ་གཉིས་ཡི་གེའི་ཚོགས། །འཁོར་ལོའི་གནས་ལ་སྙོམས་འཇུག་ཅིང་། །རང་གི་དཀྱིལ་འཁོར་བརྟན་བྱེད་པའོ། །དགའ་དང་རྗེས་སུ་དགའ་བ་དང་།།དགའ་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཡན་ལག་ཆ་ཤས་ཀུན་རྫོགས་པའོ། །གནས་སྐབས་ཆོས་ཀྱི་བྱེ་བྲག་གིས། །དངོས་གྲུབ་ཕྲིན་ལས་བརྟན་བྱེད་ཅིང་། །འདོད་པའི་ཡུལ་ཀུན་རྣམ་པར་སྒྲོར། ཐ་དད་ཚོགས་རྣམས་དག་པ་ཡི། །ཡེ་ཤེས་བཅུ་དྲུག་རིམ་གྱིས་རྫོགས། །གཡས་དང་གཡོན་གྱི་སྦྱོར་བ་ལས། །ཨུ་ལི་ཀྭ་ལིའི་གནས་རྫོགས་ཏེ། །ཉི་ཟླའི་འོད་ཟེར་སྤྲོ་བ་དང་། །རབ་ཏུ་གོམས་པས་དཀྱིལ་འཁ་ར་རྫོགས། །བདེ་ཆེན་སྡིག་བྲལ་གཟུངས་སུ་གནས། །མཚན་ཉིད་ཇི་བཞིན་ཚུལ་འཇུག་པས། །ཕྱག་རྒྱའི་ཐིག་ལེའི་འབེབས་པར་བྱེད། །ཉི་དཀྱིལ་རྡོ་རྗེ་ལ་གནས་པའི། །ཧུ༷་ཡིག་འོད་འབར་རིན་པོ་ཆེ། །ཆ་ཤས་རྫོགས་པའི་སྐུ་ཡི་དབྱིག །སྙིང་པོ་ས་བོན་གསང་བས་མཚན། །པདྨ་ཨ་ཡིག་ལས་བྱུང་བའི། །གྲུ་གསུམ་ཆོས་ཀྱི་བྷ་ག་བཟང་། །གེ་སར་ཟེ་འབྲུའི་སྙིང་པོ་ཅན། །རྟེན་འབྲེལ་ཧོ་ཡིག་མཛེས་པར་གནས། །གཡས་དང་གཡོན་གྱི་སྦྱོར་བ་ལས མ་ལུས་ཆགས་པ་ཆེན་པོའི་དངོས། །དམ་ཚིག་ཆགས་པའི་བརྡས་བསྐུལ་ཞིང་། །ཕྱག་རྒྱ་བཞི་ཡིས་སྙོམས་འཇུག་པས། །ཡང་དག་ཡེ་ཤེས་རྫོགས་པར་སྦྱོར། །ཉི་ཟླ་དུས་གཅིག་འཆར་བ་ཡི། །རིགས་ཀྱི་དཀྱིལ་འཁོར་གསལ་བར་རྫོགས། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །ཡང་དག་རྫོགས་པའི་གཉིས་སུ་མེད། །འགྲོ་རྣམས་རྒྱ་ཆེན་མ་ལུས་དག །དབང་བསྐུར་རྣམ་པར་དག་པའི་མཐུས། །རིགས་ཀྱི་དཀྱིལ་འཁོར་རྒྱས་པ་ཉིད། །རྣལ་འབྱོར་ཆེན་པོ་གསལ་བར་མཛད། །ཕོ་བྲང་བདུན་བཅས་ཡང་དག་རྫོགས། ཁོ།ས་རབ་ཐབས་ནི་ཕྱག་རྒྱ་ལས། །རིགས་རྣམས་དཀྱིལ་འཁོར་བརྟན་གནས་ཤིང་། །ཆོ་ག་རྣམ་པ་གསུམ་དག་གིས། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །རང་བཞིན་རིགས་མཆོག་ལྷུན་གྱིས་གྲུབ། །ཕྱི་རོལ་འགྲོ་བའི་གནས་སྤྲོས་ཏེ། །ཞིང་ཁམས་ཆེན་པོ་རྣམ་པར་དག རིགས་ཀྱི་བདག་པོ་དེ་ཉིད་བཞིན། །འབྲས་བུ་རྫོགས་པས་དཀྱིལ་འཁོར་ཆེ། །ཐམས་ཅད་གཅིག་ཏུ་བསྡུས་པ་ཡི། །ཆོ་ག་རྡོ་རྗེ་བརྟན་པའི་བདག །གསལ་བྱེད་ཨཱོཾ་ཡིག་ལས་འཕྲོས་པ། །སྣ་ཚོགས་སྐུ་ཡི་དཀྱིལ་འཁོར་རྣམས། །བདེ་བཤེགས་ཀུན་གྱིས་གནས་འཇུག་ཅིང་།།རིགས་ཀྱི་སྐུ་གནས་རྫོགས་པར་མཛད། །རྣམ་དག་པདྨའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་མཉེས་མཛད་ཅིང་། །བྱང་ཆུབ་སེམས་ཚོགས་རྣམས་བསྡུས་ཏེ། །གསང་བའི་ཕྱག་རྒྱ་དཀྱིལ་འཁོར་ཉིད། །འདོད་ཚོགས་གསུང་གི་དཀྱིལ་འཁོར་ལས། །ཐུགས་རྗེའི་ཉི་མ་རྣམ་པར་འཕྲོ། །རིག་པའི་དངོས་གྲུབ་བཟང་པོ་དག །བྱང་ཆུབ་སེམས་ཀྱི་བརྟན་པར་བྱེད། །གནས་ལྔའི་དཀྱིལ་འཁོར་རྫོགས་པ་ལས། །མཚན་མ་ལགས་སོ་འོད་བཅས་ལ། །མིང་གཉིས་བརྟན་པའི་སྔགས་ཀྱིས་བརྒྱན། །རིགས་ལྔའི་དམ་ཚིག་བརྟན་པར་འགྱུར། །བྱིན་རླབས་ཀུན་ནས་རྫོགས་པ་ཡི། །ཡེ་ཤེས་ལྔ་ཡི་དོན་མཚོན་ཅིང་། །རྣམ་པར་གྲོལ་བས་བརྟན་བྱེད་པ།།དེ་དག་སངས་རྒྱས་ཐེག་པའི་མཆོག །རང་ཉིད་ཆོས་ཀྱིས་རྫོགས་པར་འགྱུར། །ཇི་སྲིད་དཀྱིལ་འཁོར་རྣམ་གཉིས་དག །ཕྱོགས་ཀྱི་ཆ་ཤས་རྣམ་ཕྱེ་སྟེ། །བྱེ་བྲག་ཡུལ་ཀུན་སྦྱོར་བྱེད་པས། །རྣམ་པར་གྲོལ་བའི་དངོས་གྲུབ་ཉིད། །ཏིང་འཛིན་རྣམ་པ་ལྔ་དག་གིས། །སངས་རྒྱས་ཀུན་གྱི་ཡུལ་བཅས་སྦྱོར། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ཏེ། །རིགས་ཀྱི་བདག་པོས་ཉེ་བར་མཛེས། །ཐུན་མོང་བཟླས་པའི་ཡན་ལག་ཉིད། །དཀྱིལ་འཁོར་ཀུན་ཏུ་བྱིན་བརླབས་པའི། །དེ་དག་སེམས་དཔའ་གསུམ་གྱི་མཛེས། །ཡི་གེ་དཔའ་བོ་འརྒྱུ་ལྔའི་སྔགས། །འོད་བཅས་འཁོར་ལོའི་རྣམ་པ་བཞིན། །ཇི་སྲིད་མཚན་མའི་རྟགས་ལྡན་པར། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་གཟུང་། །བརྟན་པར་མ་འགྱུར་མི་གཏང་ཞིང་། །གསལ་ཞིང་རྫོགས་པས་ཀུན་ཏུ་སྒྲོ། །ཇི་ལྟར་འདོད་པའི་ཡུལ་རྣམས་ཀུན། །ཆོ་ག་འདི་ཡི་རྫོགས་པར་འགྱུར། །དེ་དག་ལྷ་རྣམས་ཀུན་གྱི་གནས། །རབ་ཏུ་རྫོགས་པའི་འཁོར་ལོའི་ཚུལ། །གསང་སྔགས་རྒྱལ་པོ་ཕྲེང་བའི་བདག །གནས་གསུམ་ཕྱག་རྒྱའི་གནས་རྫོགས་པར། །མྱུར་དང་བུལ་བ་ལ་སོགས་སྤངས། །དོན་བཞིན་བརྩམས་པས་དངོས་གྲུབ་མཆོག །རང་གི་ལྷག་པའི་ལྷ་གནས་དག །ཡང་དག་སྦྱོར་བས་བསྟན་པ་ཉིད། །སྐུ་དང་གསུང་ཐུགས་རྡོ་རྗེའི་མཆོག །ཡོན་ཏན་ཕྲིན་ལས་གནས་རྒྱས་པར། །ཕྱག་རྒྱ་བཟང་པོ་གནས་ལྔ་ལ། །ས་བོན་སྔགས་ནི་ཕྲེང་བས་བརྒྱན། །རིགས་ལྔའི་བཟླས་བརྗོད་བརྩོན་ལྡན་པས། །རིགས་བསམ་གཅིག་པར་རྫོགས་བྱས་ཏེ། །ནོར་བུ་གང་བར་གྱུར་པ་དག །པདྨའི་གནས་སུ་ཡང་དག་སྤྲོ། །སྤྱི་གཙུག་ལ་སོགས་གནས་ལྔ་དག །འཁོར་ལོ་ཕྲེང་བ་ཇི་བཞིན་པར། །ཡང་དང་ཡང་དུ་སྦྱོར་བ་བྱ། །ལས་ཀུན་དང་པོ་ལས་སྦྱོར་བ། །དང་པོའི་སེམས་ཙམ་སྤྱད་པ་སྟེ། །དང་པོའི་མཚན་མ་རྫོགས་ཀྱི་བར། །ཡང་དང་ཡང་དུ་བསླབ་པར་བྱ། །རིམ་གྱི་ཡེ་ཤེས་ལས་སྦྱར་ཏེ། །ཅི་ཞིག་དབང་དང་ཡང་དག་དབང་། ཁེན་ཏུ་རྣམ་པར་གྲོལ་བའི་མཐུས། །རང་གི་བསམ་གཏན་ལས་སྤྱད་ཅིང་། །ཡུལ་གྲོགས་རྟེན་གྱི་བྱེ་བྲག་ཀུན། །རིམ་གྱིས་སྦྱོར་བའི་སྟོབས་ཀྱིས་གསལ། ། མཚོན་པའི་བཟླས་པ་སྣ་ཚོགས་དག །མཚན་བཅས་རྒྱུད་ཀྱི་རིམ་བཞིན་ཏེ། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །ཐམས་ཅད་གཉིས་མེད་སྦྱོར་བས་གྲོལ། །དེ་དག་ཆ་ཤས་ལས་འདས་པའི། །མིང་གཉིས་བསྟན་པའི་ཏིང་ངེ་འཛིན། །འབྱུང་འཇུག་གནས་པའི་རྩོལ་བ་ལས། །རིན་ཆེན་སྣ་ལྔའི་ཕྲེང་བ་དག །འཁོར་ལོ་རྒྱུན་གྱི་མཉམ་རྫོགས་པས། །ལྔ་དང་བཅུ་དང་ཉི་ཤུ་དང་། །ཉི་ཤུ་རྩ་ལྔ་སུམ་ཅུ་སོགས། །ཉི་ཁྲི་ཆིག་སྟོང་བྱེ་བའི་བར།།གྲངས་ལྡན་གྲངས་ལས་འདས་པ་ཡི། །ཆ་ཤས་ཐིག་ལེ་མཚན་མ་ཉིད། །འབྱུང་བ་རྣམ་ལྔ་ཡེ་ཤེས་ཆེ། །དྲུག་པ་རྫོགས་པ་སྐུ་གཅིག་ཏུ། །གནས་དང་ཁ་དོག་ཉི་ཤུ་ལྔ། །རྟེན་དང་གྲོགས་ཀྱི་བྱེ་བྲག་གིས། ། དུས་ཚོད་ཁ་དོག་དབྱིབས་དང་བརྒྱན། །ཉིན་དང་མཚན་མོའི་བྱེ་བྲག་བཞིན། །འབྲེལ་དང་འཁྲིལ་བའི་ཆ་ཤས་ཀྱིས། །འཁོར་ནས་མྱ་ངན་འདས་པ་བསྐྱེད། །དེ་དག་བར་དུ་རྫོགས་པའི་མཐུས། ཁམས་གསུམ་ཡུལ་ནི་གསལ་མཛད་ཅིང་། །གསོ་དང་སྤྲུལ་པ་སྣ་ཚོགས་པས། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཟག་པ་མེད་པའི་ཡེ་ཤེས་ཉིད། །མ་ལུས་ ཡུལ་ཀུན་རྣམ་དག་རྫོགས། །དེ་ནས་ཕྱག་རྒྱ་ཆེན་པོའི་སྐུ། །འཁོར་དང་མྱང་འདས་གཉིས་སུ་མེད། །རབ་ཏུ་གྲོལ་བའི་བདེ་ཆེན་མཆོག །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། ཁེས་རབ་ཆེ་དང་ཐབས་ཆེན་པོ། །ཆ་ཤས་རྫོགས་པས་གཉིས་མེད་པར། །འོད་གསལ་ཐིག་ལེ་མཉམ་པའི་དབྱིངས། །འགོག་པའི་ཆ་ཤས་རྣམ་པར་དག །ཟུང་དུ་འཇུག་པའི་མཚན་ཉིད་དོ། །དངོས་ཀུན་རང་གི་ངོ་བོ་ལས། །རབ་ཏུ་བརྟགས་པས་གཞན་གནས་འཇོམས། །དེ་དག་ཐ་དད་གཉིས་མེད་སེམས། །བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན།ཞི་བ་ཆེན་པོའི་རྒྱལ་བ་རྣམས། །དེ་དག་ཡུལ་བཅས་ལས་འདས་ཞིང་། །དོན་འདི་བསྟན་པའི་བདག་ཉིད་ཀྱིས། །ཕྱོགས་དུས་མ་ལུས་ཉེ་བར་སྦྱོར། །རང་བཞིན་དཀྱིལ་འཁོར་རྫོགས་པ་དང་། །ཡེ་ཤེས་ཆེན་པོ་གསལ་འགྱུར་ཞིང་། །ཕྱག་རྒྱ་སྔགས་བཅས་ཏིང་འཛན་གྱིས། །བསྐུལ་ཞིང་གནས་ནས་སྤྱན་འདྲེན་ཏེ། །དམ་ཚིག་ཕྱག་རྒྱ་བརྟན་པར་བྱེད། །མཉེས་པའི་མཆོད་པ་སྣ་ཚོགས་དག །ཕྱོགས་རྣམས་ཀུན་ཏུ་རབ་སྤྲོས་ཏེ།།དཀྱིལ་འཁོར་གནས་སུ་བརྟན་བཞུགས་གསོལ། །མ་ལུས་ཡུལ་ཀུན་རྫོགས་བྱས་ཏེ། །སྐུ་ཁྲུས་གདན་བཅས་བཀྲ་ཤིས་མཆོག །གཉིས་མེད་འདུད་པས་ཕྱག་འཚལ་ཞིང་། །ཕྱག་རྒྱ་བཞི་གནས་བརྟན་པར་བྱེད། ། ཕྱི་ནང་གསང་བའི་མཆོད་པ་དང་། །ལྷ་མོ་རོལ་བཅས་གཉམ་པར་སྦྱོར། །བསྟོད་ཚིག་དབྱངས་ཀྱིས་གསོལ་གདབ་ཅིང་། །དངོས་གྲུབ་ཚོགས་གཉིས་རྫོགས་པར་བསྐུལ། །ཡེ་ཤེས་དཀྱིལ་འཁོར་རྫོགས་བྱས་ཏེ། །གཉིས་སུ་མེད་པར་མཉམ་པར་སྩོར། །ཕྱག་རྒྱ་ཆོ་ག་བརྟན་པར་བྱ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །སྐུ་དང་གསུང་ཐུགས་བསམ་ཡས་ཀུན། །སོ་སོའི་ཞིང་ཁམས་རྫོགས་པའི་མཆོག །ཕྱག་རྒྱའི་ཏིང་འཛིན་བསྟན་པ་འོ། །རང་སྣང་སྐུ་ཡི་དཀྱོལ་འཁོར་ལ། །རང་བཞིན་གསུང་གི་དཀྱིལ་འཁོར་ཉིད། །གཡས་དང་གཡོན་གྱི་དབྱེ་བ་ཡིས། །སྡེ་ཅན་བརྒྱད་དུ་ཕྱེ་བ་དང་། ཁྱབ་འཇུག་ལ་ཡང་དེ་བཞིན་ཏེ། །རིམ་པར་བགྲོད་པ་རང་སྣང་བས། ། འཇིག་རྟེན་དག་ནི་མ་འདས་པའི། །ཇི་སྙེད་བསྒྱུར་བའི་སྒྲ་རྣམས་འབྱུང་། །རྒྱལ་བ་བཞི་བཅུ་རྩ་ལྔ་ཡི། །ངོ་བོ་ཉིད་དུའང་ངེས་པས་ན། ཁུ་བ་རྩ་ཡི་གཟུགས་དག་གིས། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །མ་བཙལ་ལྷུན་གྱིས་གྲུབ་པ་ཡི། །གྲུ་དབྱིབས་བྷ་གར་སྣ་ཚོགས་འདུས། ། ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་བརླབ་སྐྱོབ་ཕྱིར་སྔགས་སུ་བརྗོད། །རིག་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །རང་བཞིན་མེད་པས་ཤེས་རབ་ཡིན། །ཐམས་ཅད་མི་འགྱུར་རྒྱས་འདེབས་པ། །ཡུལ་ཀུན་གསང་བའི་ཕྱག་རྒྱས་འདེབས། །བདག་གཞན་ངོ་བོ་མི་དམིགས་པས། །ཐམས་ཅད་ཡུལ་ཀུན་རྣམ་པར་གྲོལ། །རང་བཞིན་མེད་པས་ཤེས་རབ་ཡིན། །རང་འབྱུང་ཡེ་ཤེས་རྫོགས་པར་འགྱུར། །དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིད་སོགས་བཞི་པ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་བརྗོད་པས་རབ་དགའ་བརྗོད། །ལས་ཀྱི་བདེ་བས་བསྤྱིངས་པ་ནི། །ཆགས་པའི་དམ་ཚིག་ཚུལ་བཞིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉི་ག་དགེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གིས་ཆགས་པ་ཐོབ་པ་ཡི། ཁྲེན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པས་རླུ་་ཞེས་བྱའོ། །ཐམས་ཅད་གསལ་བ་རྣམ་པར་ཉོན། །མ་ལུས་མཉེས་པའི་སྔགས་དང་བཅས། །ཀུན་ཏུ་ཚོར་བས་རྟོག་བྱེད་ཅིང་། །ཡང་དག་མྱོང་བ་ཆེན་པོའི་ཡུལ། །དོན་ཀུན་སྟོན་པའི་གནས་རྫོགས་པར། །རབ་ཏུ་སྙན་པའི་སྒྲ་དང་བཅས། །དྲི་ཞིམ་ཡུལ་ཀུན་གསལ་བ་ཡི། །མྱོང་བའི་དབང་པོ་དངོས་བདག་ཉིད། །གཉིས་འདྲེས་འཛིན་པར་བྱ་བ་སྟེ། །དེ་ཉིད་ཕྱེ་བ་ལས་ཕྱུང་བ། །མི་རྟོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་འགྱུར། །ཤིན་ཏུ་བསྡམས་པའི་རིམ་བྱུང་བ། །གསལ་བའི་ཡེ་ཤེས་བདེ་བ་ཡི། །ཀུན་གསལ་བརྗོད་པ་སྒྲ་ཡི་ཚུལ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། ། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དེ། །དབྱིངས་གསུམ་ཡན་ལག་འདུས་མ་བྱས། །རབ་ཏུ་དེ་བཞིན་གནས་མ་གྱུར། །མ་རྫོགས་པ་ཡི་ཏིང་ངེ་འཛིན། ཤེས་རབ་དབྱིངས་ལ་ཕྱག་རྒྱའི་སྐུ། །གྲགས་པ་ཀུན་བདག་གསང་སྔགས་ཏེ། །མི་ཤིགས་ཐིག་ལེ་བརྟན་པའི་མཆོག །རང་གི་དཀྱིལ་འཁོར་ཀུན་རྫོགས་པས། །ཕྱག་རྒྱ་གསང་སྔགས་བསྡུ་བའི་ཚུལ། །བྱང་ཆུབ་སེམས་སོགས་བདེ་བའི་རྒྱུན། །གཉིས་སུ་མེད་པར་བསྟན་པ་འོ། །མ་ལུས་དགུག་ཅིང་གཞུག་པ་དང་། །མཉེས་བསྡེབས་བརྟན་པའི་ལས་དག་གིས། །སྐུ་གསུང་ཐུགས་མཆོག་རྫོགས་བྱས་ཏེ། །ཕྱག་རྒྱའི་དོན་ཀུན་གཉིས་སུ་མེད། །མི་བསྐྱོད་བྱེད་པའི་ཡུད་ཙམ་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པས་སྙིང་པོ་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱསྟེ། །གཤིནརྗེགཤེད་ལ་རྟག་པར་བཤད། །ཐུགས་རྗེ་རྡོ་རྗེ་འཛིན་འཆང་བ། །ཟླ་དང་སྤར་བས་དབང་པོ་ཆེ། །གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཡེ་ཤེས་ལས། ཁམས་གསུམ་བྱིན་བརླབས་གཟི་བྱིན་བསྡུ། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའི། །ལྟེ་བ་རྣམ་གཉིས་ཟླ་བ་ལས། །སྔོ་ལྗང་ཡི་གེ་ཧ་ས་གཉིས། །རྗེས་མཐུན་འོད་བཅས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །མཐའ་དང་དབུས་མེད་དེ་བཞིན་ཉིད། །བསམ་ཞིང་བརྗོད་བྲལ་རིག་པའི་གསུངས། །རྣམ་པ་ལྔ་ཡི་སྔགས་དག་གིས། །བྱང་ཆུབ་རྡོ་རྗེ་གནས་སུ་ཞི། །མིང་ཚིག་ཡེ་ཤེས་མངོན་པར་སྟོན། སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་མངོན་རྫོགས་འགྱུར། །རིགས་ཀྱི་འཁོར་ལོ་མ་ལུས་པ། །ཕྱག་རྒྱ་ཆེན་པོའི་ཆ་ལུགས་དང་། །རང་གི་རྟགས་ཀྱི་མེ་འབར་མཛེས། ཁམས་གསུམ་རྣམ་པར་རྫོགས་པར་བྱེད། །དེ་དག་ཡུལ་ཀུན་རྣམ་པ་ཡི། །སྐུ་ཡི་དཀྱིལ་འཁོར་རྒྱ་ཆེན་པོ། །འདུལ་བའི་རིགས་ཀྱི་འཁོར་ལོ་སྒྱུར། །བརྗོད་པའི་གསང་སྔགས་ཕྲེང་བ་རྒྱུན། །གསུང་གི་ཕྱག་རྒྱ་ཆོས་ཀྱི་གནས། །རྩ་སྔགས་སྙིང་པོའི་སྔགས་རྣམས་དང་། །ཉེ་བའི་སྙིང་པོ་རིག་པ་བཅས། །དམ་ཚིག་ཕྱག་རྒྱ་སྟོན་བྱེད་པའི། །རྡོ་རྗེ་བཅིངས་པའི་ཁྱད་པར་ལས། །རིགས་ཀྱི་ཡེ་ཤེས་འཕྲོ་ཞིང་འདུ། །བརྟེན་བྱེད་ཡེ་ཤེས་ཀུན་གྱི་བདག །ཀུན་ཏུ་ལས་རྣམས་ཐོགས་མེད་པའི། །དེ་དག་ཕྲིན་ལས་ཀུན་གྱི་གནས། །ལས་ཀྱིས་ཚོགས་རྣམས་རྫོགས་བྱེད་པའི། །ཐམས་ཅད་ཤེས་རབ་འཁྲིལ་བྱེད་པའི། །ཕྱག་རྒྱ་ཡེ་ཤེས་རྫོགས་པ་ཉིད། །བྱང་ཆུབ་སེམས་ཀྱི་སྤྱིན་དག་ལས། །མ་ལུས་ཀུན་འབྱུང་རོལ་པའི་ཚུལ།།མི་བསྐྱོད་རྡོ་རྗེ་རྩེ་ལྔ་པ། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །རིན་ཆེན་འབར་བའི་ཉི་ཟླ་ལྔ། །ཟླ་བའི་ཐིག་ལེ་ཡི་གེ་ཉིད། །ཐིག་ལེ་ཐབས་ལྔའི་བདག་ཉིད་རྣམས། །སྤྲད་པའི་དུས་ལས་རང་སྣང་བའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ཨོ་དང་མུར་དུར་ད་བཞིན་གནས། །རྩ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་སུ་བསྣོལ་མར་འགྱུར། །རབ་ཏུ་འདྲེས་པར་འགྱུར་བ་ལ།།རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཐིག་ལེ་བཞི་བསྡུས་གཅིག་ཏུ་འགྱུར། །རླུད་གི་བསྡུས་པས་བཀན་བརྗོད་པས། །ཞལ་གྱི་ལམ་དག་གང་རྒྱས་པ། །ཕྱག་རྒྱ་འབར་བ་ཞེས་པའི་རྒྱུད། །བཟླས་པ་ཉི་མ་བསྒྲིབས་པ་ཡིས། །ཆུ་སྐྱེས་རབ་ཏུ་རྒྱས་པ་ནི། །དྲིལ་བུའི་སྒྲ་དང་ལྡན་པ་ཡི། །ཕྱིར་འབྱུང་ཚུལ་དུ་གང་འབྱོར་བ། །ལྷུང་བ་མེད་ཕྱིར་བརྟན་པར་བཤད། །ཟླ་བའི་ཐིག་ལེ་རྗེས་མཐུན་པར། །དྲིལ་བུ་ཕྱེད་ཀྱི་སྦྱོར་དགེས་པ། །མཐའ་གཉིས་ནོན་པའི་བྱང་ཆུབ་སེམས། །ཕྱག་རྒྱ་ཆེན་པོར་འདིར་བརྗོད་དོ། །རབ་ཏུ་བསྟན་པས་ཡེ་ཤེས་ཉིད། །ཡེ་ཤེས་གནས་སུ་རྣམ་པར་ཁྱབ། །རྟེན་འབྲེལ་རྒྱུན་གྱི་བདེ་བ་ཡིས། །དབང་བསྐུར་གསང་བ་རྨད་དུ་བྱུང་། ཁེས་རབ་ཐབས་ཀྱི་རྩ་གནས་སུ། །དྲ་བའི་ཐིག་ལེ་ཡི་གེ་གཉིས། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །བྷ་ག་འདུས་པའི་ཉུངས་འབྲུ་མྲ ཁམས་གསུམ་འགྲོ་རྣམས་བསྡུས་བྱས་ཏེ། །རྟོག་ཚོགས་དཀྱིལ་འཁོར་མངོན་དུ་བྱས། །ཕྱོགས་དུས་དཀྱིལ་འཁོར་སྤྱན་དྲངས་ཏེ། །རིག་པ་སོ་སོའི་གནས་སུ་བསྟིམ། །བསྐྱོད་པ་ཧ་སིའི་སྒྲས་གང་བའི། །བདག་ཉིད་ཆེན་པོ་ལྔ་ཡིས་བརྒྱད། །སྟེང་སྒོ་ནས་འབྱུང་བདེ་བའི་བཅུད། །སོ་སོའི་གཞིར་གནས་ལ་ཐིམ་པ། །ཀུན་ནས་བདེ་བའི་ཡེ་ཤེས་ཆེ། །རྒྱལ་བ་མཆོད་པའི་མཆོག་ཏུ་གསུངས། །བཅོ་བརྒྱད་ཕྲག་གཉིས་བུམ་པ་དང་། །དྲུག་གཉིས་ཟེར་གྱིས་སྦྱངས་ནས་ནི། །དབང་བསྐུར་བྱིན་རླབས་དེ་ཐོབ་པ། །ཐེག་པ་ཆེན་པོར་དབུགས་ཕྱུང་བའོ། །ཞེས་ཀུན་ནས་དགའ་བའི་གསུང་གིས་ཐམས་ཅད་དུ་སྟོན་པར་མཛད་དོ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། གཉིས་མེད་ཡེ་ཤེས་མངོན་རྫོགས་པར། །ཐེག་པ་ལམ་མཆོག་སྦྱད་པའི་ཚུལ། །བསོད་ནམས་ཡེ་ཤེས་རྒྱ་ཆེན་པོས། །སངས་རྒྱས་ཀུན་གྱི་གསང་བ་འདི། །མ་འོངས་འགྲོ་བ་སྨིན་བྱེད་པ། །དེ་ནས་ཡང་དག་འཁོརལོའི་མཆོག།ཐོག་མའི་གནས་འགྱུར་རྫོགས་པ་ཉིད། །ཅི་འདྲ་གང་གིས་མངོན་པར་བསྔགས། །ཐམས་ཅད་བྱེད་པའི་གནས་རྣམས་ནི། །འཁོར་ལོ་ཆེན་པོ་ཇི་ལྟ་བུ། །ཐབས་མཁས་བྱང་ཆུབ་སེམས་བཅས་པ། །རབ་ཏུ་བརྩེ་བར་བཤད་པར་མཛོད། །དཀྱིལ་འཁོར་ས་གཞི་བཟང་པོ་འདིར། །ཕོ་བྲང་མངོན་པར་རྒྱས་པ་ཉིད། །སྟོན་པས་དགོངས་པའི་དོན་བཞིན་དུ། །ཐབས་ཀྱི་ཕྱག་རྒྱ་གསལ་བར་མཛད། །མངོན་པར་བསྔགས་པའི་གནས་མཆོག་ནི། །ཀུན་ནས་མེ་ཏོག་ཕྲེང་བས་བརྒྱན། །དབྱིབས་ལེགས་ཆུ་བོ་འཁྱིལ་བའི་རྒྱུན། །སྨན་དང་ཡོ་བྱད་ཕུན་སུམ་ཚོགས། །ཕྱི་ནང་གཉིས་པའི་འཚེ་བྲལ་བ། །དེ་དག་མངོན་པར་བསྔགས་པའི་གནས། །དགོན་པ་ཆེན་པོའི་ས་རྣམས་ནི། །ཕྱོགས་མཚམས་ཆ་ཡིས་རྣམ་ཕྱེ་བ། །རབ་ཏུ་གྲོལ་བར་དབེན་འགྱུར་ཞིང་། །དངོས་གྲུབ་ཕྲིན་ལས་མཐུན་པའི་ཕྱོགས། །དེ་ཉིད་རིགས་ཀྱི་མཚན་ལྡན་པས། །དངོས་གྲུབ་མཐའ་་་་་་་༄༅ ཡས་ལས་རྣམས་འགྲུབ། །གྲོང་ཁྱེར་ཡུལ་འཁོར་བཟང་པོ་དང་། །སྐྱེད་ཚལ་བ་གླང་ལྷས་དག་དང་། །རི་བོ་ནགས་སྤང་གཤོང་ཉིད་དང་། །རྒྱ་མཚོའི་ངོགས་དང་ལུ་མའི་ཕུག །སྦྱོར་བ་བཀོད་པའི་གནས་རྣམས་སུ། །དཀྱིལ་འཁོར་བཟང་པོ་བརྩམ་པའི་ཕྱིར། །ཕུན་སུམ་ཚོགས་པའི་གནས་འཇུག་བྱ། །ཐོག་མར་རྡོ་རྗེ་སློབ་དཔོན་བཟང་། །སྐུ་གསུང་གི་ནི་གསང་བའི་བདག །སངས་རྒྱས་ཐེག་པ་ཀུན་ལྡན་པས། །སྙིང་རྗེ་ཆེ་ལྡན་འགྲོ་རྒྱུད་གཟུང་། །མངོན་པར་སྒྲོལ་བའི་ལམ་ཀུན་གྱིས། །བྱམས་པ་ཆེན་པོ་གཞན་དོན་སྤྱོད། །ཐབས་ཀྱི་ཐེག་པ་ཀུན་ལྡན་ཞིང་། །ཤེས་རབ་ཆེན་པོའི་བདག་ཉིད་ཅན། །བློ་གྲོས་དྲི་མ་མེད་པའི་ལས། །མྱ་ངན་འདས་ལམ་མངོན་པར་སྤྱོད། །གསང་བའི་རྒྱུད་རྣམས་ཚུལ་ཤེས་ཤིང་། །དེ་དག་དོན་རྣམས་འགྲུབ་རྣམས་སྤྱོད། །དཀྱིལ་འཁོར་ཆེན་པོའི་ལམ་ལ་གནས། །དམ་པས་བསྔགས་པའི་གདམ་ངག་ཅན། །དེ་ཉིད་རྡོ་རྗེ་སློབ་དཔོན་མཆོག །རབ་ཏུ་བཟུང་བར་འོས་པ་ཡི། །སངས་རྒྱས་རྣམས་ཀྱི་བསྟོད་པའི་གནས། །ཐོག་མར་སློབ་དཔོན་ཀུན་ལྡན་པ། །དམ་པའི་རྫས་རྣམས་ཕུན་སུམ་ཚོགས། །མ་ལུས་གྲོལ་རྣམས་ཀུན་གྲོལ་ཕྱིར། །ཡང་དག་ལྷ་ལ་གསོལ་བ་གདབ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར། །མ་ལུས་འགྲོ་རྣམས་སྒྲོལ་མཛད་ཅིང་། །བླ་མེད་རྒྱལ་བ་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ལ་སྦྱོར་བ་དང་། །གསང་མཆོག་འབྲས་བུ་རིགས་ཀུན་གྱི། །བྱ་བ་ཐེག་པའི་དོན་རྫོགས་པ། །ཐམས་ཅད་རྫོགས་གཟུང་བླ་ན་མེད། །ཡང་དག་ཡེ་ཤེས་བློ་གྲོས་མཆོག །གསང་རྒྱུད་ཐེག་པའི་དོན་རྫོགས་པས། །དཀྱིལ་འཁོར་གནས་ཀུན་ལྟ་བྱ་སྟེ། །བྱ་བ་ཀུན་རྫོགས་དོན་ཆེན་བརྩམ། །ས་གཞི་ཕྱོགས་མཚམས་སྟེང་འོག་དག །བདལ་ཞིང་སྐྲུངས་དང་སྐོང་བ་དང་། །རབ་ཏུ་མཛེས་པའི་ལྗོངས་དང་བཅས། །གཡས་སུ་འཁྱིལ་ཞིང་འགྱེད་པ་འོ། །པདྨ་བརྩེགས་དང་འཁོར་ལེའི་དབྱིབས། །བར་ཆད་གནོད་བྱེད་མི་གནས་པའི། །སྔོན་འབྱུང་བ་ཡི་བཀྲ་ཤིས་མཆོག །ཡང་དག་བརྟག་སྟེ་ཤེས་པ་ཉིད། །ཡུལ་གྱི་བདག་པོ་སྣང་བ་དང་། །མི་སྣང་དག་ལས་བསླང་བྱ་སྟེ། །རིན་དང་རྗེས་ཀུན་ཉེ་བར་དབུལ། །ཕྱི་དང་ནང་གི་བྱ་བ་ལས། །རྣམ་པར་བརྟག་ཅིང་བྱང་བྱས་ཏེ། །དཀྱིལ་འཁོར་ཆེན་པོའི་ཚད་ཀྱིས་ནི། །ཕྱོགས་མཚམས་ཀུན་ཏུ་རྣམ་པར་གཞལ། །ཡང་དག་དབེན་པའི་གནས་ཉིད་དུ། །མི་ཤིས་མཚན་མའི་སྐྱོན་བསྲང་ཞིང་། །དྲི་ཞིམ་སྔགས་ཀྱི་ཆུ་གཏོར་ཏེ། །ས་བརྟན་བཟང་པོ་ལ་སོགས་རྫས། །རིན་ཆེན་འབྲུ་ཡིས་རྣམ་པ་དང་། །དྲི་མཆོག་རབ་ཏུ་སྦྱངས་པ་ཡི། །དེ་ཉིད་དཀྱིལ་འཁོར་ཇི་ལྟ་བར། །ཕྱོགས་མཚམས་ཀུན་ཏུ་རྒྱས་བྱས་ཏེ། །རབ་ཏུ་མཉམ་ཞིང་ཡིད་འོང་བ། །དངོས་གྲུབ་རབ་འབྲིང་ལ་སོགས་ནི། །བྱིན་རླབས་ལྡན་པར་གནས་པའི་ཕྱིར། །དེ་ཉིད་རྟེན་གྱི་ཁྱད་པར་ཏེ། །ཟབ་དང་དཔང་གི་ཚད་མཉམ་བརྩིག །དབང་བསྐུར་བསྲུང་བ་ལ་སོགས་ལ། །གྲུ་བཞི་རྒྱར་ལྡན་དབྱིབས་ལེགས་པར། །དཔངས་སུ་སོར་ཚད་བཞི་ཡིས་བསྟོད། །དྲི་སྣ་ལྔ་ཡི་རྫས་རྣམས་དང་། །བ་ལས་བྱུང་བའི་རྫས་རྣམས་དང་། །མ་ཉམས་ཕྱོགས་ཀུན་ལེགས་པར་བྱུག །གནས་དེར་མངོན་པར་སྦྱངས་བའི་ཕྱིར། །བདག་ཉིད་དག་པའི་ཕྱག་རྒྱ་དང་། །གསང་སྔགས་ཏིང་འཛིན་ཀུན་རྫོགས་ལས། །རང་བཞིན་རྣམ་པར་དག་པའི་དབྱིངས། །སྟོང་པ་ཉིད་ཀྱི་ཏིང་འཛིན་ལས། །འབྱུང་བ་རིམ་བརྩེགས་རྟེན་དང་བཅས། །རྡོ་རྗེ་རྒྱ་གྲམ་ས་གཞི་དག །སྔགས་དང་ཕྱག་རྒྱ་བསྟན་པར་འགྱུར། །བྲུ༷་ལས་རིན་ཆེན་ཁང་བཟང་སྟེ། །གདན་གྱི་དཀྱིལ་འཁོར་ཆ་རྫོགས་པ། །དེ་དུས་རིགས་ཀྱི་བདག་པོ་ནི། །མཚན་དང་དཔེ་བྱད་ཀུན་གསལ་ཞིང་། །རྒྱན་དང་ཆ་ལུགས་རྣམ་པར་རྫོགས། ༩གོས་རབ་ཕྱག་རྒྱའི་དབྱིངས་སུ་འཁྱིལ། །རིགས་ཀྱི་བདག་པོའི་དབུ་རྒྱན་དང་། ། བྱིན་རླབས་སངས་རྒྱས་ཀུན་གྱི་གནས། །ཡང་དག་བསྲུངས་བས་བརྟན་པའི་ཕྱིར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རབ་འབར་འོད་ཟེར་རྫོགས་པའི་བདག །གཉིས་མེད་ཡེ་ཤེས་ལྷ་མོ་ཡིས། །རང་གི་རིགས་དང་སྦྱོར་མཛད་ཅིང་།།སྔོན་གྱི་ཐུགས་དམ་བརྩེར་ལྡན་པ། །ཀུན་ནས་སློང་བའི་རྒྱུ་དག་གིས། །ཕྱོགས་བཞིའི་དཀྱིལ་འཁོར་རྫོགས་པའི་མཆོག །ཚད་མེད་གནས་ཀྱི་རྒྱུད་ལྡན་པས། །རིགས་ཀྱི་ཕྲིན་ལས་ཡེ་ཤེས་སྦྱོར། །ཨོ་ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡང་དག་རྫོགས་པའི་དཀྱིལ་འཁོར་ཉིད། །ཡེ་ཤེས་དྲི་མ་ཀུན་དང་བྲལ། །ཐུགས་རྗེ་འོད་ཟེར་ཉི་དཀྱིལ་བཞིན། །ས་གནས་ལམ་ཀུན་རྫོགས་མཛད་པ། །རབ་ཏུ་སྦྱངས་པའི་སྟོབས་རྫོགས་ཤིང་། །ཐ་སྙད་མི་གཉིས་ཡུལ་དང་བྲལ། །བྱང་ཆུབ་སེམས་མཆོག་སྒྲིབ་པ་མེད། །འགྲོ་གནས་ཐུགས་རྗེ་རྒྱུན་བཅས་པས། །རང་གི་ཡེ་ཤེས་འདུས་མ་བྱས། །ཐེག་པའི་མཆོག་ལྡན་སྔགས་ཀྱི་རྒྱུན། །ཕྱག་རྒྱའི་དཀྱིལ་འཁོར་གསང་མཛད་ཅིང་། །རང་བཞིན་ཕྱག་རྒྱའི་གནས་ཀུན་འཇུག །ཉི་ཟླ་རླུ་་གི་དཀྱིལ་འཁོར་ལས། ། འོད་ཚོགས་ཕྱོགས་བཅུར་འཁྲིགས་བྱས་པས། །བསྐལ་པའི་མེ་འོད་སྲེག་བྱེད་ཚོགས། ། བསྐལ་པ་རླུད་དང་བཅས་པར་སྦྱོར། །མ་ལུས་སྣོད་བཅུད་ཁམས་རྣམས་ཀུན། །རྣམ་པར་དབེན་པས་དགའ་བ་ཉིད། །ཆུ་བོའི་རྒྱུད་ལྡན་མཐའ་ཡས་པས། །ཐམས་ཅད་ཀུན་ནས་སྡུད་པར་བྱེད། ། མི་ཤིགས་རྡོ་རྗེའི་དཀྱིལ་འཁོར་ལ། །གར་ཐབས་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །གཡས་ནས་བསྐྱོར་ཞིང་བསྲུང་བར་མཛད། །དེ་ནས་ཕྱག་རྒྱའི་དཀྱིལ་འཁོར་ཉིད། །ཧུ༷་སྟོབས་ཆེན་ལྷ་དང་ཀླུར་བཅས་པ། ། གནོད་སྤྱིན་སྲིན་པོ་བགེགས་ཀྱི་ཚོགས། ཁྲ་ཟ་འབྱུང་པོ་མཁའ་འགྲོའི་གདོན། །ལྷ་མིན་ལྟོ་འཕྱེ་ནམ་མཁའ་ལྡིང་། །དྲི་ཟ་གྲུལ་བུམ་གསང་བ་དང་། །མ་ལུས་བགེགས་ཀྱི་ཚོགས་བཅས་རྣམས། །རྡོ་རྗེ་མཚོན་ཆ་ཚོལ་བས་ཤིགས། །བཤིག་ཅིང་བཀྲལ་གདུགས་རླག་བྱེད་པ། །གནས་འདིའི་ཕྱོགས་སུ་གནས་པ་མེད། །དེ་དག་རྡོ་རྗེ་འབར་བའི་མེས། །བསྐལ་པའི་ཚོགས་ཀུན་སྲེག་བྱེད་ཅིང་། །རབ་ཏུ་འབར་བའི་མཚོན་ཆ་ཡིས། །ཕྱོགས་བཅུ་གནས་ནས་བསྲུང་པར་འགྱུར། །མ་ལུས་འདིར་དབང་བྱེད་པ་ཡིས། །བདག་པོ་ཁྱོད་ཀྱི་དབང་མཛོད་ཅིག །མ་ལུས་མཆོད་དང་གཏོར་མའི་རྫས། །བདག་གིས་འབུལ་བ་འདི་བཞེས་ལ། །སྔོན་གྱི་བདེ་གཤེགས་བཀའ་བཞིན་དུ། །ད་ལྟ་བྱིན་བརླབས་དག་པའི་གནས། །དུས་རྣམས་ཀུན་ཏུ་བརྟན་པ་ཡིས། །ས་བཞི་བཟང་ངོ།ར་ཤིས་པར་མཛོད། །དངོས་གྲུབ་ཐམས་ཅད་ཉེ་བར་རྫོགས། །ལྷ་མོ་ཁྱོད་ནི་བློ་དང་ལྡན། །གསེར་མདོག་བུམ་པའི་མཚན་མས་མཛེས། །འོག་གི་བགེགས་ཚོགས་ཉམས་མཛད་ཅིང་། །གནས་རྣམས་བསྐྱོད་པའི་བློ་ལྡན་པས། །དུས་ཚོད་འདི་ནས་དཔང་པོ་མཛོད། །ཕལ་པའི་རྒྱུ་ལས་འབྱུང་བའི་རྫས། ། རྣམ་པར་ཉེ་བར་བསགས་བྱས་ཏེ། །མ་ལུས་འགྲོ་བའི་ཚོགས་རྣམས་ལ། །སྤྱིན་པའི་ཚོགས་རྣམས་རྫོགས་པར་སྤྱད། །གཡས་ཀྱི་བྱེ་བྲག་སྣ་ཚོགས་པའི། །སྟོན་མོ་བཟང་དང་གཏོར་མའི་ཚོགས། །རིན་ཆེན་སྣོད་བཟང་ཤིང་རྟར་བཅས མང་པོའི་ཚོགས་ཀྱིས་བཀང་བ་དག །གདུགས་དང་རྒྱལ་མཚན་བ་དན་བཅས། །རོལ་མོའི་ཆ་ལུགས་སྣ་ཚོགས་ཀྱིས། །སིལ་སྙན་གླུ་ལ་སོགས་པ་རྣམས། །ཕྱོགས་བཞི་ཀུན་ནས་ཉེ་བར་བརྒྱན། །དེ་དག་གཏོར་མའི་རྫས་ཀུན་གྱིས། །འགྲོན་གྱི་ཚོགས་རྣམས་ཚིམ་པར་བྱ། །འདོད་པའི་རྫས་རྣམས་མ་ལུས་པ། །དང་པོ་ཡེ་ཤེས་མེས་བསྲེགས་ཤིང་། །རྣམ་དག་བྱང་ཆུབ་སེམས་ཀྱི་ཁྲུས། ། རབ་ཏུ་འཕྲུལ་པ་རྒྱ་ཆེན་པོས། །ཀུན་ཏུ་བཟང་པོའི་ལས་སྤྱོད་རྐྱེན། །ནམ་མཁའ་བར་སྣང་གཏིབས་པ་ཡི། །འདོད་པའི་ལོངས་སྤྱོད་སྣ་ཚོགས་དང་། །རིན་ཆེན་སྣ་ཚོགས་མཉེས་པའི་རྫས། །ལྷ་མོའི་དཀྱིལ་འཁོར་རྒྱ་ཆེན་པོ། ། ཚོགས་རྣམས་ཀུན་ཏུ་ངེས་པར་སྤྲུལ། །སོ་སོའི་འདོད་པའི་ལོངས་སྤྱོད་སྤྱིན། །མཐའ་ཡས་རྣམ་པར་སྤྲོ་བ་ཡི། །བདེ་གཤེགས་ཚིམས་པས་རྒྱན་གྱིས་མཚོན། །མཐའ་ཡས་ཐོག་མ་མེད་པའི་དབྱིངས། །ཡེ་ཤེས་དཀྱིལ་འཁོར་མངོན་སངས་རྒྱས། །འགྲོ་རྣམས་ཉེ་བར་སྦྱངས་བྱས་ཏེ། །རང་བཞིན་རྒྱན་དབང་ལྷ་ཡི་སྐུ། །དཀྱིལ་འཁོར་ཆ་ལུགས་རྒྱན་དང་བཅས། །རིགས་ཀྱི་ཕྱག་རྒྱ་རྫོགས་པ་དག །ཀུན་ནས་གྲོང་ཁྱེར་ཆེན་པོ་དག །ཉེ་བར་དག་པས་ལོངས་སྤྱོད་དོ། །བཀྲ་ཤིས་བསྲེག་ཁང་བཟང་པོ་ནི། །བྱ་བའི་ལས་ཀུན་ཚིམ་པར་འགྱུར། །ཕྱོགས་རྣམས་ཀུན་ཏུ་བཞུགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་གྲུབ་པའི་ཕྱིར། །རབ་ཏུ་གནས་པའི་བྱ་བ་དག །དཀྱིལ་འཁོར་མཆོག་གིས་སྤྱོད་པར་བྱ། །དཀྱིལ་འཁོར་ཕོ་བྲང་ཉམས་དགའ་བར། །ཅི་རིགས་ལྷ་ཡི་གནས་རྣམས་སུ། །དྲི་སྣ་མེ་ཏོག་བཟང་པོ་ཡིས། །གདན་དང་རྟེན་བཅས་བཞག་པར་བྱ། །རིགས་ཀྱི་གསང་སྔགས་གོ་རིམ་བཞིན། །ཆོ་ག་རྫོགས་པས་རྣམ་གསུམ་སྐུ། །འཕྲོ་འདུ་མཛད་པའི་ལས་དང་བཅས། །དམ་ཚིག་དཀྱིལ་འཁོར་བརྟན་བྱས་ཏེ། །ཕྱག་རྒྱ་ཀུན་གྱིས་དབང་བསྐུར་ཞིང་། །གཟི་མདངས་ཡུལ་ཀུན་རྫོགས་པར་གསལ། །ཐུབ་པ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་མགོན་འགྱུར་དང་། །རིགས་མཆོག་ཐུགས་རྗེ་བཟང་པོ་ཉིད། །ས་ཡི་དབང་པོ་བརྟན་བཞུགས་བརྗོད། །བདག་གི་དྲི་སྤོས་བཟང་པོ་དང་། །མེ་ཏོག་མར་མེའི་ཕྲེང་བའི་རྫས། །མཆོད་ཡོན་དགའ་དང་མགུ་རྣམས་དབུལ། །དེ་བཞིན་རིན་ཆེན་ རྒྱན་གྱི་ཚོགས། །བཟའ་དང་བཏུང་བཅས་སྣ་ཚོགས་དང་། །ཡིད་བཞིན་བུམ་ པ་དཔག་བསམ་ཤིང་། །གནས་འདིར་སྣ་ཚོགས་གཤེགས་སུ་གསོལ། །ཐུགས་རྗེ་ཉི་མས་ཁྱབ་མཛད་པའི། །རྒྱལ་བ་རྣམས་ནི་མངོན་བཞུགས་ཏེ། །མ་ལུས་གནས་རྣམས་ཐམས་ཅད་དང་། ཁྱད་པར་བདག་དང་སློབ་མ་དང་། །བྱིན་བརླབས་ལྡན་པར་ གནས་ པའི་ཕྱིར། །གནས་ འདིར་ བརྩེ་བས་ འོངས་ པ་ ལགས། །ཐམས་ ཅད་ མཁྱེན་ པ་ལྷ་ ཡི་ མཆོག །ཡང་ དག་ བསྟོད་ ཅིང་ འདུད་ པའི་གནས། །དཀྱིལ་འཁོར་བཟང་པོར་གནས་རྫོགས་པར། །བྱིན་བརླབས་དབང་བསྐུར་ ཀུན་གསོལ་ཅིག །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །བདག་ཅག་བསམ་པ་པ་བརྟན་བསྐྱེད་པས། །ཕྱོགས་རྣམས་ཀུན་ནས་དགོངས་མཛད་དེ། །ལམ་མཆོག་དཔལ་ལྡན་བླ་ན་མེད། །དུས་གསུམ་ཀུན་ཏུ་བསྔགས་པ་ཡི། །བྱ་བ་ཆེན་པོ་ཡོངས་རྫོགས་མཛད། །དཀྱིལ་འཁོར་གཉིས་སུ་མེད་པའི་བློ། །ཕྱག་རྒྱ་སྔགས་རྣམས་བརྟན་བྱས་ཏེ། །ལྷག་པར་གནས་པའི་གྲོང་ཁྱེར་མཆོག །ཡང་དག་འཁོར་ལོས་རྫོགས་པར་མཛད། །རིན་ཆེན་སྣ་ཚོགས་རྒྱུན་ལས་འབྱུང་། ཁ་དོག་དབྱིབས་དང་རྒྱན་ལྡན་པའི། །དཀྱིལ་འཁོར་ཕོ་བྲང་བཟང་པོ་ཉིད། །འབྲུ་ ལྔ་སྤོས་ལྔ་སྙིང་པོ་ལྔ། །རིན་ཆེན་སྣ་ལྔ་སྨན་ལྔ་དག །ཉེ་བར་སྦྱངས་པ་རྫས་ཀྱི་མཆོག །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བཅས། །ལྔ་འམ་བཅུ་གསུམ་ཉི་ཤུ་གཅིག །རིགས་ཀྱི་མཚན་མ་གྲངས་བཞིན་དུ། །གསལ་སྦྱངས་བྱིན་རླབས་ལྷགས་གནས་ཤིང་། །རིགས་ཀྱི་སེམས་དཔའ་ཕྱག་རྒྱ་ཡི། །ལྷ་ཡི་ཆུ་རྒྱུན་རྣམ་པར་དག །དམ་ཚིག་ལྷ་ཡི་གནས་རྫོགས་པར། །ཡེ་ཤེས་དཀྱིལ་འཁོར་བཞུགས་བྱས་ཏེ། །ཆོ་གའི་ཡན་ལག་ཀུན་རྫོགས་པར། །རྣམ་དག་ཕོ་བྲང་བཟང་པོའི་རྒྱན། །འབྱོར་བའི་ཡོ་བྱད་ཐམས་ཅད་དང་། །ཉེ་བར་བཀོད་པའི་ རྫས་རྣམས་དག །དེ་ནས་དཀྱིལ་འཁོར་ལྷ་དགའ་བས། །རིགས་མཆོག་དངོས་གྲུབ་གནས་སུ་སྦྱོར། །ཕུན་སུམ་ཚོགས་པའི་ཡོ་བྱད་དང་། །ཕྱོགས་བཅུར་རྣམ་པར་སྤྲོ་བྱས་ཏེ། །དཀྱིལ་འཁོར་རྣལ་འབྱོར་ལྷ་ཡི་རྒྱན། །བཟའ་བཏུང་མཚན་མ་ལ་སོགས་པ། །ཆ་ལུགས་ཇི་བཞིན་བྱིན་གྱིས་རློབས། །རབ་ཏུ་སྦྱངས་པས་རྫོགས་བྱེད་ཅིང་། །དཀྱིལ་འཁོར་བརྟན་པའི་ཡན་ལག་མཆོག །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །དཀྱིལ་འཁོར་བླ་མ་བཟང་པོའི་མདུན། །རང་གི་དམ་བཅས་སྡོམ་པའི་ཚོགས། །གཉེར་སྡོམ་གསུམ་ཁ་གནས་པར་འཇུག །དམ་བཅས་འཇིག་རྟེན་མགྲོན་གྱི་གཉེར། །ཕ་རོལ་ཕྱིན་རྫོགས་རྣམ་པར་སྤྱོད། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །ཐེག་པ་ཆེན་པོ་མངོན་པར་འདོད། །དེ་དག་བརྟུལ་ཞུགས་བཟང་པོ་ཡི། །བསླབ་པ་ཀུན་ལྡན་རྒྱུད་རྫོགས་པའོ། །ཡི་དམ་ལྷ་ལ་གསོལ་གདབ་ཅིང་། །དཀྱིལ་འཁོར་དང་ནི་བླ་མའི་མདུན། །རང་གི་དམ་བཅས་སྡོམ་པའི་ཚོགས། །ཐེག་པ་ཆེ་ནས་བསྟན་པ་བཞིན། །བྱང་ཆུབ་སེམས་མཆོག་རྒྱ་ཆེན་བློས། །མ་ལུས་འགྲོ་གནས་མངོན་དུ་རྫོགས། །སོ་ཤིང་སོར་ཚད་བཅུ་གཉིས་པ། །མེ་ཏོག་ཕྲེང་བ་བཅས་ཀྱི་མཐུས། །ངག་གི་བསྙེན་པ་ཀུན་སྦྱོང་ཞིང་། །བར་ཆད་ལ་སོགས་ཀུན་འཇོམས་བྱེད། །མངོན་པར་བསྔགས་པའི་ཆུ་རྒྱུན་གྱིས། །ཕྱོགས་བཅུར་གནས་ས་འཐོར་བྱས་ཤིང་། །རིགས་ཀྱི་གནས་ཀུན་དག་པར་སྦྱངས། །བྱང་ཆུབ་སེམས་མཆོག་ཡེ་ཤེས་ཁྲུས། །ལུས་ངག་ཡིད་གསུམ་སྲུང་བྱེད་པའི། །ཚོན་སྐུད་མདུད་པ་གསུམ་དང་ལྡན། །རྒྱལ་བ་ཀུན་གྱི་སྔགས་རྒྱུད་རྫོགས། །བྱིན་རླབས་དཔུང་པ་གཡས་པར་གནས། །ཀུ་ཤ་སར་པ་མ་གྲུག་པར། །དྲི་ཡི་ཆུ་ཡིས་ཉེར་སྦྱངས་ཤིང་། ཐབས་དང་ཤེས་རབ་གསང་སྔགས་ཀྱིས། །སྔས་དང་སྟན་དུ་སྦྱིན་པར་བྱ། །ལས་ཀུན་རྨི་ལམ་མཚན་མ་ཚོགས། །རབ་ཏུ་བརྟགས་པས་གནས་ཀུན་གྱི། །སྡིག་པའི་མཚན་མ་ཇི་ལྟ་བུར། །གསལ་སྣྲུངས་སྲུང་དང་ལྷག་པའི་ལས། །འཁོར་གནས་ཟིལ་གྱིས་གནོན་བྱེད་པའི། ། རྡོ་རྗེ་ཐེག་པ་བླ་ན་མེད། །མ་ལུས་ཁམས་རྣམས་དག་བྱེད་པ། །དེ་ཉིད་བརྟན་པའི་དོན་ཆེན་ རྫོགས། །མཐོང་དགའ་རབ་ཏུ་རྫོགས་པ་ཡི། །བརྟུལ་ཞུགས་བཟང་པོ་འདི་ལྟ་བུ། །དམ་པའི་ཡུལ་རྣམས་རྫོགས་བྱེད་པ། ། ཐར་པའི་དཀྱིལ་འཁོར་བླ་ན་མེད། །སངས་རྒྱས་ཐམས་ཅད་འཇུག་པའི་གནས། །དེ་ནས་མཐོང་འགྱུར་སྤྲོ་བ་བསྐྱེད། །ལམ་འདི་ཕན་ཡོན་བླ་ན་མེད། །ཚེ་འདིར་རིགས་ཀྱི་དངོས་གྲུབ་དང་། །ཡོན་ཏན་ལྷུན་གྲུབ་འབྲས་བུའི་མཆོག །ཤིན་ཏུ་དབེན་པའི་ས་གཞིར་ནི། །དྲི་མཆོག་རྫས་ཀྱིས་སྦྱངས་བྱས་ཏེ། །ལས་ཀུན་མངོན་པར་བསྔགས་པ་ཡི། །སྦྱིན་སྲེག་ལས་ཀུན་བརྩམ་པར་བྱ། །ཇི་སྙེད་བྱ་བའི་མཆོག་རྣམས་ཀུན། །དེ་ནས་མངོན་པར་འགྲུབ་བྱེད་པའི། །ཕྱི་དང་ནང་གི་ཏིང་འཛིན་གྱིས། །ལས་ཀྱི་དངོས་གྲུབ་ཀུན་རྫོགས་འགྱུར། །དེ་དག་སྒྱིན་སྲེག་རྒྱ་ཆེན་པོས། །ཉེ་བར་སྦྱངས་ཞིང་རྫོགས་བྱེད་ཏེ། །བྱ་བའི་ཆས་རྣམས་སྨིན་པའི་སྒོ། །ཞི་རྒྱས་དབང་དྲག་ལས་ཀུན་གྱི། །ཕྲིན་ལས་་སོ་སོའི་བྱེ་བྲག་བཞིར། །ཡུལ་ཀུན་རྟོག་པ་གཞོམ་བྱེད་དེ། །མངོན་པར་བསྔགས་པས་འབྲས་བུའི་ལམ། །ཞི་ལ་ཞི་བའི་མདངས་ལྡན་ཞིང་། །གོས་དཀར་བཀྲ་ཤིས་དཀྱིལ་འཁོར་ལ། །ཕྱག་རྒྱའ་བརྟུལ་ཞུགས་མ་བཅས་པར། །རྒྱན་ཕྲེང་ན་བཟའི་མཆོག་རྣམས་དང་། །བདུད་རྩི་འབྲས་ཀུན་བཅུད་ལྡན་པ། །དེ་དག་ཕྲིན་ལས་རྣམ་པར་སྤྱོད། །སྔོན་འགྲོ་རབ་ཏུ་དང་བའི་ཡིད། ། བསྐུལ་ཚིག་སྔགས་དང་བཅས་སྦྱོར་ཞིང་། །བསྒྱུར་བྱའི་མིང་ཚིག་རྒྱུན་བཞིན་དུ། །རང་གི་ཕྲིན་ལས་སྟོབས་ཀྱིས་གྲུབ། །ཀུན་ཏུ་རྒྱས་ལ་རྒྱས་པའི་ཡིད། །རིན་ཆེན་དཀྱིལ་འཁོར་གནས་རྫོགས་པར། །མཚན་དང་དཔེ་བྱད་ཚོགས་རྣམས་དང་། །རིན་ཆེན་ལོངས་སྤྱོད་ཀུན་གྱིས་མཛེས། །བྱང་ཆུབ་གསེར་སོགས་ཤིང་རྣམས་ལ། །བདུད་རྩི་འབྲས་དང་བཅུད་ལྡན་པས། །རབ་ཏུ་དགའ་ན་སྔ་དྲོའི་དུས། །ཡོན་ཏན་དཀྱིལ་འཁོར་ཉེར་སྦྱོར་ཞིང་། ། བསྐུལ་ཚིག་སྔགས་ཀྱི་རྒྱུན་བཅས་པས། །དེ་དག་ལས་ཀུན་སྦྱོར་བའི་མཐུས། །འཁོར་ལོའི་སྒྱུར་རྒྱལ་གཞན་ཀུན་གྱི། །གསུང་བསྟན་ཆགས་པའི་ཏིང་འཛིན་གྱིས། །པརློ་དབང་གི་གནས་འདུག་སྟེ། ། རིགས་ཀྱི་ཏིང་འཛིན་སྙོམས་འཇུག་པས། །ཕྱག་རྒྱ་གསང་སྔགས་བསྐུལ་ཚིག་ལྡན། །རྒྱན་ཆས་རྫས་དང་བཅས་པར་སྦྱོར། །ལྷ་དང་ཀླུ་ཡི་དབང་པོ་དང་། །སྐད་ཅིག་འགུགས་པའི་དབང་དུ་འགྱུར། ཁྲོ་བོའི་ཏིང་འཛིན་གཏུམ་མོ་ཡིས ལྷོ་ཕྱོགས་གྲུ་གསུམ་སྲ་བའི་རྟེན། ཁྲག་དང་བདུད་རྩི་གཤེར་བའི་རྫས། །ནག་པོའི་ཆ་རྣམས་བྱུགས་བྱས་ཏེ། །ལས་ཀྱི་ཁྲོ་བོ་ཆེན་པོའི་སྐུ། །ཕྱག་རྒྱ་གསང་སྔགས་བསྐུལ་བའེ་དུས། །སྦྱོར་བའི་རིམ་པ་ཀུན་ལྡན་པས། །ཕྱག་ན་རྡོ་རྗེ་གཏུམ་པོ་ཡང་། །སྐད་ཅིག་མས་ནི་ཐོབ་པར་འགྱུར། །རབ་ཏུ་སྦྱངས་པའི་གསང་སྔགས་དང་། །ཕྱག་རྒྱ་ཏིང་འཛིན་ཇི་ལྟ་བར། །ལས་ཀྱི་སྦྱོར་བ་ཀུན་སྦྱོར་ཞིང་། །དཔེ་དང་གནད་དང་རྨོངས་པ་དང་། །རྨུགས་དང་དགུག་དང་བསྐྲད་ལ་སོགས། །སྦྱོར་བའི་ཡན་ལག་ཀུན་གྱིས་ཏེ། །ཕྱི་དང་ནང་གི་སྤྱིན་སྲེག་འདུས། ། ངེས་པར་སྦྱར་བ་ཚེ་འདིས་འགྲུབ། །སོ་སོའི་ལས་དང་མཐུན་པའི་དབྱིབས། །ཟླུམ་པོགྲུབཞིཟླ་གམདང་། །གྲུ་གསུམ་ལྕགས་ཀྱུ་པདྨའི་མཚན། །རིན་ཆེན་བྲུ༷་པ་རླུ་་ལ་སོགས། ། ལས་རྣམས་ཀུན་རྫོགས་ཀུན་གྱིདབྱིངས། །དེ་ཉིད་ཁ་དོག་དཀར་སེར་འོད། །དམར་མདོག་ལྗང་ལ་སོགས་པ་ཡི། །ཕྱག་རྒྱའི་བྱེ་བྲག་འབར་བའི་རྫས། །ཟབ་དང་རྒྱ་ཁྱོན་ཆ་མཉམ་ཞིང་། །ཕོ་བྲང་རིམ་གསུམ་མཚོན་ཆས་བརྒྱན། །ཀུ་ཤ་རལ་གྲི་མེ་ལོང་དང་། །སྲད་བུ་སྲད་བུ་ཕྲེང་བས་བསྐོར། །མེ་ལྷ་རྒྱལ་པོ་ཁངབཟངས་སུ། ། རིགས་ཀྱི་འཁོར་ལོ་རྫོགས་པ་ཉིད། །དབང་བསྐུར་བྱིན་བརླབས་བརྟན་བྱས་ཏེ། །ཡེ་ཤེས་ལྷ་དང་དབྱེར་མེད་སྦྱོར། །མ་ལུས་མཆོད་པས་མཉེས་པ་དང་། །དངོས་གྲུབ་ཕྲིན་ལས་ཀུན་རྫོགས་པའི། །བྱ་བ་ཆེན་པོའི་ཡང་དག་སྦྱོར། །འགྲོ་བའི་རྫས་རྣམས་རྫོགས་པ་ཡི། །རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ཀུན། །ཡེ་ཤེས་སྤྲུལ་པའི་བདག་ཉིད་དང་། །བྱ་བའི་ཡུལ་ཀུན་རྣམ་པར་གྲོལ། །ཕོ་བྲང་དཀྱིལ་འཁོར་བཟང་པོ་འདིར། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ཏེ། །སྒྱུ་འཕྲུལ་དཀྱིལ་འཁོར་བསྟན་པའི་བདག །ལྷག་པའི་བྱིན་རླབས་གནས་རྫོགས་མཛད། །ལྷ་གནས་གཞན་དུ་འཕོ་བ་དག །དེ་ཉིད་བཀྲ་ཤིས་བཟང་པོའི་གནས། །ཕོ་བྲང་དཀྱིལ་འཁོར་རྫོགས་པར་ལྡན། །རྡོ་རྗེ་ཐེག་རྙད་བླ་ན་མེད། །རིགས་ཀྱི་ཡེ་ཤེས་བརྟན་པ་ལས། །འདོདཔའི་དངོས་གྲུབ་རྣམ་པར་དག །བདེ་གཤེགས་ལྔ་ཡི་ཡི་གེ་ཡིས། །དེ་དག་ཡུལ་བཅས་རྣམ་པར་སྦྱང་། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་དང་། །གླུ་གར་རོལ་མོས་ལེགས་པར་མཆོད། །ཡང་དག་དཀྱིལ་འཁོར་རྫོགས་པར་བསྟན། །ས་ཡ་ཕོ་བྲང་གསལ་བར་བྱེད། །ཕྱོགས་མཚམས་ལོགས་ཀྱི་ཆ་རྣམས་སུ། །རིན་ཆེན་ཕྲེང་བ་བཟང་པོ་ཉིད། །རིན་ཆེན་ལ་སོགས་ཚོན་གྱི་ཚོགས། །ཕྱག་རྒྱ་སྔགས་ཀྱིས་རྫོགས་བྱས་ཏེ། །རིགས་ཀྱི་དཀྱིལ་འཁོར་བསྟན་པ་ཉིད། །རང་གི་གནས་སུ་དགོད་པར་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀུན་ནས། ། རྒྱན་དང་མཆོད་པའི་ཚོགས་བཤམས་ཤིང་། །རོལ་མོ་དུ་མས་བརྒྱན་བྱས་ཏེ། །བྱིན་བརླབས་བརྟན་པ་རོལ་པ་ཉིད། །རྡོ་རྗེ་ཕྱག་རྒྱ་བརྟན་བཅིངས་པས ངེས་པའི་ཚོགས་རྣམས་འཇོམས་བྱེད་དེ། ཁྲི་དང་ནོར་ལ་སོགས་པ་དང་། །ལེགས་པར་བརྒྱན་པའི་སེམས་ཀྱིས་དབུལ། །དེ་ཉིད་སྟོབས་ནི་རྫོགས་པར་འགྱུར། །ཕྱོགས་རྣམས་ཀུན་ཏུ་འཇིགས་བྱེད་པ། །ཕྱག་རྒྱ་འབར་བས་གནས་བསྲུང་ཞིང་། ཁྲོ་བོའི་མཚམས་ལ་སྔགས་དང་བཅས།རོལ་པའི་བརྟུལ་ཞུགས་རྣམ་པར་སྤྱོད། །ཐབས་དང་ཤེས་རབ་སྦྱོར་བའི་ཚུལ། །རང་གི་དཀྱིལ་འཁོར་ལྡན་པར་བྱེད། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རྒྱ་གྲམ་མཚན་མའི་ཚོགས། །རང་གི་དབང་བསྐུར་ཇི་ལྟར་བར། །འབྱུང་བའི་གར་ཐབས་རོལ་པའི་ཚུལ། ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱིས། །ཕྱོགས་ཀྱི་བགེགས་རྣམས་གསལ་བྱས་ཏེ། །ས་གཞི་ར་བ་གུར་དུ་བཅས། ། ཡང་དག་བརྟན་པའི་ཡེ་ཤེས་གནས། །དངོས་གྲུབ་ཆེན་པོའི་དོན་བསྟན་པ། །ཕོ་བྲང་རིགས་པའི་མཚན་མ་རྣམས། །དཀྱིལ་འཁོར་གནས་འོད་རྫོགས་བྱས་ཏེ། །རང་གི་ཆ་ལུགས་བསྟན་བྱས་པ། །ཡན་ལག་ཕུན་སུམ་ཚོགས་གནས་གྲུབ། ། དཀྱིལ་འཁོར་མ་ལུས་བཤད་པ་སྟེ། ། སངས་རྒྱས་ཐམས་ཅད་ཀུན་གྱི་གནས། །ཕུང་པོ་ལྔ་དང་འབྱུང་བའི་ཚོགས། །རབ་ཏུ་རྫོགས་པའི་ཕྱག་རྒྱའི་སྐུ། །ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་། །ཡུལ་རྣམས་ཇི་བཞིན་བསྟན་པའི་ཆོས། །དངོས་གྲུབ་ཆེན་པོ་ལྷག་པའི་ལྷ། ཁམས་བཞི་འདུས་པའི་ཁུ་བ་ཉིད། །བྱང་ཆུབ་སེམས་ཀྱི་བཅུད་རྫོགས་པས། །ཕྱག་རྒྱ་ཆེན་པོ་མཆོག་གི་སྐུ། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་དང་། ། རིགས་བརྒྱ་ལ་སོགས་དབྱེ་བ་ཡིས།ཕྱི་ནང་འབྱུང་ཁམས་རྣམ་དག་ཅིང་། །གཉིས་མེད་ཡེ་ཤེས་རྫོགས་པ་ཉིད། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་རང་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་ཀྱི་འཁོར། ཁ་དོག་དབྱིབས་དང་ལྡན་པར་བྱེད། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་སྲེག་ལུས་སུ་དབུལ། ། ཕྱི་ནང་མེད་པའི་དཀྱིལ་འཁོར་དུ། །བདེ་བའི་ཆ་ལུགས་མཉམ་རྫོགས་ཤིང་། །བྱ་བྱེད་སྒྱུ་མའི་ཚུལ་རྣམས་ཀྱི། །ཐབས་ཀྱི་ཐེག་པ་གསང་བ་ཉིད། །ཕུང་ཁམས་སྐྱེ་མཆེད་འབྱུང་གནས་སོགས། །མ་རིག་རྟོག་པའི་ཡུལ་འདས་ཏེ། ཁེས་རབ་མཁའ་གསང་ཟབ་མོ་ལ། ། ཐབས་ཀྱི་ཆོ་འཕྲུལ་རྣམ་པར་རོལ། །དཀྱིལ་འཁོར་བྷ་གའི་བདག་ཉིད་ཅན། །སངས་རྒྱས་ཐེག་པའི་ཡུལ་རྣམས་སུ། །བྱང་ཆུབ་སེམས་ཉིད་གནས་རྫོགས་པ། །རྒྱུ་རྐྱེན་འབྲས་བུ་དག་པའི་སྐུ། །རབ་ཏུ་སྦྱངས་པའི་དོན་བཞིན་དུ། ། ས་གནས་ཡན་ལག་ཀུན་རྫོགས་ཤིང་། །དེ་ནས་དཀྱིལ་འཁོར་ཉེ་བར་རྫོགས། །བུམ་པ་མཚན་མ་མཆོད་པའི་རྫས། །རིགས་ཀྱི་བྱིན་རླབས་ཀུན་བདག་ཉིད། །ཕྲིན་ལས་བཞི་པ་ལ་སོགས་པས། ། དེ་དག་སྦྱོར་བའི་ཡན་ལག་ཉིད། །ཕྱི་དང་ནང་གི་སྤྱིན་བསྲེགས་ཀྱིས། །བྱང་ཆུབ་སེམས་དངོས་རྒྱས་པར་འགྱུར། །ཡུལ་རྣམས་ཉེ་བར་སྤྱད་བྱ་འོ། །མཚན་མེད་མཚན་མ་མེད་པའི་དབྱིངས། །སངས་རྒྱས་ཀུན་གྱི་གནས་འདི་ནི། །དོན་བཞིན་སྟོན་པས་གསུངས་པ་བཞིན། །ཐམས་ཅད་ཉེ་བར་སྦྱོར་ཚུལ་གྱིས། །སྨིན་པར་བྱ་བའི་གནས་འཇུག་པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་རྟོག་པ་རོལ་པ་ཐལ་བའི་རྒྱུད་ལས། གཟུགས་བརྙན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འགྲོ་གནས་མ་ལུས་ཀུན། །རྣམ་པར་སྦྱངས་པའི་ཐབས་ཆེན་གྱིས། །དཀྱིལ་འཁོར་སྤྲུལ་པ་ཀུན་ཉོན་ཅིག ། ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །རིགས་ཀྱིས་སངས་རྒྱས་ཀུན་བསྡུས་ཏེ། །རང་གི་དབང་བསྐུར་གནས་རྫོགས་པས། །ཕྱོགས་རྣམས་ཀུན་ནས་གསོལ་བཏབ་ཅིང་། །དཀྱིལ་འཁོར་བཀོད་པའི་དོན་སྟོན་མཛད། །རིགས་ཀྱི་བྱང་ཆུབ་སེམས་རྣམས་ཀྱིས། །ཕྱག་རྒྱའི་གར་རྣམས་སྣ་ཚོགས་ལས། །གླུ་དབྱངས་སྙན་པས་གསོལ་བ་བཏབ། །སྒྱུ་འཕྲུལ་དྲ་བ་རྫོགས་བྱེད་པའི། །སངས་རྒྱས་ཀུན་གྱི་བྱིན་རླབས་ཉིད། །ཐོག་མཐའ་མེད་པ་ཀུན་ནས་འཇིག །བྱིན་གྱིས་རླབས་ཀྱིས་སྟོན་པའི་མཆོག །དབང་བསྐུར་གསང་བ་ལས་བྱུང་བའི། །ཚུལ་འདིས་ཉེ་བར་རྫོགས་བྱེད་པ། །གཉེན་པོ་ཚུལ་ཀུན་འཇོམས་བྱེད་ཅིང་། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཆོག །མ་ལུས་ཀུན་ནས་ཉམས་ཐག་རྣམས། །ཐུགས་རྗེའི་བདུད་རྩིས་བརླན་པར་མཛོད། །ཀུན་ནས་བསྐྱོད་དང་ཡང་དག་བསྐྱོད། ཤེན་ཏུ་བསྐྱོད་པ་རྒྱ་ཆེན་མཆོག །ཐབས་དང་ཤེས་རབ་ཕྱོགས་རྣམས་སུ། །ཡང་དག་སྦྱར་བའི་ བདུད་རྩི་ཡིས། །སྲས་ཀྱིཚོགས་རྣམས་ཁྱབ་པར་མཛད། །རིགས་མཆོག་སེམས་དཔར་དབང་བསྐུར་ཞིང་། །ཕ་རོལ་ཕྱིན་རྫོགས་དོན་བསྟན་པ། །དེ་ལྟར་རྒྱ་ཆེར་འགྲོ་གནས་ཀུན། །ཐམས་ཅད་གཅིག་པར་འཇུག་པའི་མཐུས། །ཡུལ་དང་ཡུལ་ཅན་རྣམ་པར་སྦྱོར། །རིགས་ཀྱི་རྒྱལ་བ་འགྲོ་བའི་སྐྱབས། །མ་ལུས་པ་ལ་བསྒྱུར་བའི་རྩི། །རིགས་མཆོག་དཀྱིལ་འཁོར་རྫོགས་པ་མྲ །དབང་བསྐུར་ཐུགས་རྗེ་ཆེ་ལས་འབྱུང་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་དཀྱིལ་འཁོར་རྒྱལ་བའི་བདག །ཉོན་མོངས་དྲི་མའི་༷གནས་སེལ་བ། །བུམ་པའི་ཆུ་ཡིས་དག་པར་འུགྱུར། །རིན་ཆེན་སྣ་ཚོགས་རྫས་ཀྱིས་སྤྲས། ། རིགས་ལྔའི་སངས་རྒྱས་རྒྱན་དུ་ཐོགས། །བྱང་ཆུབ་སེམས་གནས་ཡི་གེ་ཉིད། །བུམ་པའི་རྫས་ལས་མངོན་པར་བྱུང་། །ཨཱོཾ་རིགས་ཀྱི་དབུ་རྒྱན་བླ་མེད་པས། །ཉོན་མོངས་ས་གནས་ཀུན་ནས་སྦྱོར། །ཡེ་ཤེས་བྱིན་བརླབས་སྟོབས་རྫོགས་པའི། །ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས། །མངོན་སྦྱོར་བ་ཡི་བྱིན་རླབས་རྫོགས། མཚན་དང་དཔེ་བྱད་མཐའ་ཡས་པས མ་ལུས་ཡུལ་ཀུན་ཉེ་བར་སྙེམས། །ཅོད་པན་བཟང་པོ་འདི་ཉིད་ནི། །དབང་དང་མངོན་པར་ཤེས་པའི་རྟགས། །ཐེག་པ་ཐམས་ཅད་མ་འདྲེས་པའི། །ཡོན་ཏན་རིགས་རྣམས་ཏིང་ངེ་འཛིན། །བྱིན་བརླབས་ངོ་མཚར་ཡུལ་རྫོགས་པ། །དབྱིངས་དང་ཡེ་ཤེས་མཉམ་པ་ཉིད། །ཁམས་གསུམ་ཆོས་ཀྱི་རྒྱལམམོནགྱིས། །ཤེས་བྱའི་གནས་ཀུན་གསལ་བར་མཛད། །བྱང་ཆུབ་ཡན་ལག་མེ་ཏོག་ཕྱེད། །ལམ་གྱི་ཡན་ལག་བརྒྱད་ནས་འཇུག །སྟོབས་དང་མི་འཇིགས་ཀུན་རྫོགས་པས། །རང་བྱུང་བྱང་ཆུབ་སེམས་ཀྱི་རྒྱན། །རིགས་མཆོག་གསང་སྔགས་ཆེ་ལས་འབྱུང་། །ཐེག་པའི་མཐའ་རྣམས་རྫོགས་པའི་ཚུལ། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་ཆོ་ག་བླ་ན་མེད། མཚན་མའི་ཡུལ་ཀུན་འཇོགས་བྱེད་ཅིང་། ། ཡང་དག་ཆོས་རྣམས་མཉམ་པར་གནས། །ལས་ཀྱི་བག་ཆགས་ཀུན་ལས་རྒྱལ། །དེ་དག་ཡེ་ཤེས་ཆེན་པོའི་སྟོབས། །ཉོན་མོངས་མཚན་མ་ཀུན་འཇོམས་ཤིང་། ། རིགས་མཆོག་དངོས་གྲུབ་བསྟན་བྱེད་པ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །པཟློ་རིན་ཆེན་བླ་ན་མེད། །གོ་ཆ་བཟང་པོ་བརྟན་བྱས་པ། །མི་མཐུན་རྟོགས་པའི་ཚོགས་ལས་རྒྱལ། །རང་གི་ཕྱག་རྒྱ་རྫོགས་པ་ཡིས། ། དུས་རྣམས་ཀུན་ཏུ་བསྲུང་བའི་མཆོག །བདུད་བཞིའི་མཚན་མས་མི་ཚུགས་ཤིང་། །མཐའ་བཞི་གཡུལ་ལས་རྒྱལ་བའི་རྟགས། །ཆོས་ཀྱི་རྒྱལ་མཚན་བླ་ན་མེད། །གསང་བའི་སྔགས་རྣམས་ཀུན་གྱིས་མཛེས། །ཐེག་པ་ཆེན་པོ་གཉིས་མེད་པའི། །ཡོན་ཏན་རིན་ཆེན་རིགས་ཀུན་བདག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ བདག །སངས་རྒྱས་ཀུན་གྱི་ཡེ་ཤེས་ ཏེ། །རིགས་ཀྱི་འཁོར་ལོ་བླ་ ན་ མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐུ་ཡི་སྐུ་སྟེ་སྐུ་ ཡི་ མཆོག །གསུང་ གི་དམ་ ཚིག་ གསུང་ ཆེན་ པོ། །ཐུགས་རྗེ་ཐུགས་རྗེའི་བདག་ཉིད་ལས། །ཡོན་ཏན་ཀུན་འབྱུང་བདེ་བ་ཉིད། །ཡོན་ཏན་ཀུན་འབྱུང་རྫོགས་པར་སྤྱོད། །བདེ་གཤེགས་པད་མོ་རྡོ་རྗེ་དང་། །རིན་ཆེན་རྒྱ་གྲམ་བླ་ན་མེད། །མ་ལུས་འདོད་པའི་དོན་སྐྱོང་ཞིང་། །རིགས་མཆོག་དཀྱིལ་འཁོར་བསྟན་པར་མཛོད། །ཉོན་མོངས་བདུད་ཀུན་ཟིལ་གནོན་པས། །ཕྱག་རྒྱ་ཡེ་ཤེས་བརྟན་པར་འགྱུར། །མཐའ་འདས་ཆོས་ཀུན་བརྡལ་བ་ཉིད། །བྱིན་རླབས་དེ་བཞིན་ཉིད་ཀྱི་མཆོག ། ཐུགས་རྗེ་འོད་ཟེར་དཔག་མེད་ཅིང་། །མ་ལུས་ཡུལ་ཀུན་ཁྱབ་པའི་ཆོས། །ཚད་མེད་བཞི་གནས་ཆར་ཁེབས་མཛེས། །ཕ་རོལ་ཕྱིན་པ་གནས་ཀྱི་ཚོགས། །ཡང་དག་བསྡུས་པས་རྒྱན་གྱི་གཞི། །གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འདོད་ཀུན་་སྤྱོད་པས་ཉེ་བར་འཁོར། །སངས་རྒྱས་ཐམས་ཅད་བཞུགས་པའི་གནས། །ཕྱི་ནང་སྣོད་བཅུད་དག་པའི་དབྱིངས། །རིགས་ཀྱི་རིན་ཆེན་གཞལ་ཡས་ཁང་། །རྟེན་པའི་འཁོར་ལོ་ཚོགས་སྦྱོད་ཅིང་། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །བྱང་ཆུབ་སེམས་རྣམས་བདེ་ཆེན་རྫོགས། །མིང་གཉིས་དངོས་གྲུབ་ཆེན་པོའི་གཞི། །ཐར་པའི་གྲོང་མཆོག་བླ་ན་མེད། །ཀུན་འབྱུང་འདོད་པའི་གནས་རྫོགས་པའོ། །ཀུན་ཏུ་འགྲོ་མཆོག་རིམ་པའི་པའི་རྫས། །འདོད་པའི་ཡོན་ཏན་མ་འགག་དབྱིངས། །ཆོས་ཀྱི་བདུད་རྩི་བླ་ན་མེད། །རྣམ་གྲོལ་ཟག་པ་མེད་པའི་རྫས། །ཁམས་གསུམ་ཡོན་ཏན་གནས་རྫོགས་པས། །ཏིང་འཛིན་རོ་མཆོག་བརྟན་པ་ཉིད། །མ་འདྲེས་ཀུན་གྱི་ཕྱག་རྒྱ་ལས། །ལྷ་མོའི་ཚོགས་རྣམས་ཀུན་ཏུ་སྤྲོ། །འཁོར་འདས་འགྲོ་བ་ཀུན་སྦྱོར་ཞིང་། །ཉོན་མོངས་ས་འདས་ཀུན་དགའ་མཛད། །རིགས་མཆོག་དཀྱིལ་འཁོར་གསལ་བྱེད་ཅིང་། །གསང་སྔགས་ཕྲེང་བའི་ཡན་ལག་རྫོགས། །ཧུ༷་གིས་ཆོས་རྣམས་གསལ་བྱེད་ཅིང་། །ཨཱོཾ་ལྡན་བྱིན་རླབས་རྒྱ་ཆེན་པོ། །མངོན་པར་ཚིམ་བྱེད་གྲྭ་ཡི་ཚོགས། །དོན་ཀུན་གཅོད་པ་ཨུ༷༷ལྡན་པས། །འཕྲིན་ལས་སྟོབས་ནི་ཧྭ་ཉིད་དེ། ཁེས་སྟོབས་སྒྲ་ཡི་གནས་རྫོགས་པས། ཁྱད་པར་ཁྱད་པར་མེད་པའི་ཚོགས། །མི་ཤིགས་འདུས་པའི་གསང་སྔགས་ཉིད། །ཕྱི་རོལ་གནས་ཆེན་ལས་བྱུང་བས། །ཕྱི་རོལ་དཀྱིལ་འཁོར་བརྟན་པར་འགྱུར། །ངན་འགྲོའི་སྲིད་པ་ སྐྱོབ་བྱེད་ཅིང་། །མཐོ་རིས་བདེ་བ་ཕུན་སུམ་ཚོགས། །དབང་བསྐུར་གསང་བ་ལས་བྱུང་བའི། །དམ་ཚིག་མཆོག་གི་བརྟུལ་ཞུགས་གནས། །ཕྱག་རྒྱ་གསུམ་གྱི་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་གནས་རྫོགས་འགྱུར། །རྡོ་རྗེ་བདེ་བཅས་ཕྲེང་བས་བརྒྱན། །ཡང་དག་བསྟན་པས་སྤྱི་གནས་པ། །སྐུ་ཡི་བྱིན་རླབས་ལྷ་གནས་པའི། །སྙིང་པོ་དོན་ཀུན་རྫོགས་པའི་མཆོགའདི་དག་སངས་རྒྱས་སྐུ་ཆེན་པོས། ཁམས་གསུམ་གནས་ཀུན་སྤྲོ་མཛད་དེ། །རིགས་མཆོག་རྒྱལ་བ་ཀུན་གྱི་བདག །མི་འགྱུར་བརྟན་པའི་གནས་ཆེན་འགྲུབ། །ཐ་དད་ཡུལ་ཀུན་མཉམ་རྫོགས་ཤིང་། །རྣམ་པར་མཛད་པའི་སྐུ་ཆེན་གྲུབ། །མེ་ཏོག་ཕྲེང་བཅས་མཚན་མ་ཉིད། །ཐུགས་ཀའི་གནས་སུ་དཀྱིལ་འཁོར་ཆེ། །མི་བསྐྱོད་བྱིན་རླབས་རྫོགས་པའི་བདག །འོད་བཅས་ཐུགས་ཀའི་ཡེ་ཤེས་མེས། །ཁམས་གནས་ཀུན་དག་བྱེད་པ་ཡི། །ཐུགས་རྗེའི་ཡེ་ཤེས་བླ་ན་མེད། །གསང་བའི་དཀྱིལ་འཁོར་ཆེན་པོ་སྲ །ཐབས་ཀྱི་སྤྱོད་ཚོགས་རྒྱས་པར་མཛད། །ངག་གི་གནས་སུ་སྔགས་དང་བཅས། །དམ་ཚིག་གསུང་གི་བྱིན་བརླབས་ཉིད། །གཉིས་མེད་ཡུལ་ཀུན་སྤྱོད་མཛད་ཅིང་། །དམ་ཚིག་བདུད་རྩི་ཆེན་པོ་ཡི། །ངག་གི་གནས་ཀུན་དག་པར་བྱེད། །མ་འདྲེས་ཆོས་ཀྱི་ཕྱག་རྒྱ་ཡིས། །ཐམས་ཅད་བརྫུན་པའི་ཚིག་ལྟ་བུ། ཁུ་འབྲས་སྐུར་བའི་གནས་ཆེན་སྤངས། །གསང་སྔགས་གསང་བའི་དོན་ཆེན་འདིས། །སྒྲོ་བཏགས་ཆོས་ཀུན་རྣམ་པར་དག །ས་གནས་བྱ་བ་ཀུན་རྫོགས་ཤིང་། །དམ་ཚིག་ཆེན་པོའི་གནས་ཆེན་གྲུབ། །གནས་བཞི་ཡི་གེ་མཚན་མ་ལ། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས། །ཐུགས་རྗེ་ཆེན་པོའི་གནས་ཉིད་དེ། །རྒྱལ་བ་ཀུན་གྱིས་གཟིགས་པར་འགྱུར། །རིག་སྔགས་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །ལས་སོགས་ཉོན་མོངས་རྣམ་པར་དག །ཕྱོགས་བཅུའི་དཀྱིལ་འཁོར་མ་འདྲེས་པ། །དེ་ནས་བྱིན་རླབས་རོལ་པས་མཆོད། །སྐུ་གསུང་ཐུགས་ཀྱི་རྟགས་སྟོན་ཅིང་། །ཕྱག་རྒྱ་མི་ཤིགས་འབེབས་པར་འགྱུར། །ཡེ་ཤེས་སེམས་དཔའི་ཐུགས་གསང་བ། །རང་སྔགས་ཕྱག་རྒྱ་ཡང་དག་འབེབས། །ཀུན་མཆོག་གསང་བ་ལྷང་ངེ་བའི ཐམས་ཅད་དཀྱིལ་འཁོར་རྫོགས་པའི་མཆོག །རང་རིག་སྔགས་དང་ཕྱག་རྒྱ་མཐུས། །གྲོང་ཁྱེར་ཐམས་ཅད་རྣམ་པར་གྲོལ། །རིགས་རྣམས་སོ་སོའི་མཚན་ལྡན་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །རབ་ཏུ་བརྟན་པའི་གནས་ཆེན་པོ། །ཉེ་བར་སྦྱངས་པས་བྱིན་བརླབས་ཅིང་། །གཉིས་མེད་རོལ་པས་སྦྱོར་བར་མཛད། །ཐབས་དང་ཤེས་རབ་གསང་བའི་རྒྱུན། །འོད་ཟེར་སྔགས་ཀྱིས་ཀུན་སྤྲོས་ཏེ། །རིགས་ཀྱི་དཀྱིལ་འཁརོ་མཉེས་པར་མཛད། །རྣམ་པར་སྡུད་པས་གནས་རྫོགས་པས། །དེ་དག་ལྷ་ཡི་བདག་ཉིད་ཅན། །ཉན་བྱེད་རྣ་བའི་གཞལ་ཡས་སུ། །རིན་ཆེན་རིགས་མཆོག་དཀྱིལ་འཁོར་ཚོགས། །རྣམ་གསུམ་སེམས་དཔའ་སྤྲོ་ཞིང་བསྡུ། །བྱིན་རླབས་དབང་བསྐུར་མཚན་མས་བརྒྱན། །ཡེ་ཤེས་དཀྱིལ་འཁོར་གཉིས་མེད་པའོ། །མཉེས་མཛད་རིགས་ཀྱི་གསང་སྔགས་རྫོགས། །ཆོ་ག་བརྟན་པས་དབང་བསྐུར་ཞིང་། །བདེ་གཤེགས་སྙན་གྱི་དངོས་གྲུབ་མཆོག །ཐུགས་ཀྱི་དཀྱིལ་འཁོར་འབར་བ་ལས། །རྡོ་རྗེའི་རིགས་མཆོག་གཙོ་ཟུང་སྦྱོར། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །ལས་ཀྱི་རིགས་མཆོག་རྫོགས་པ་ཉིད། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ལས་ཀྱི་རིགས་མཆོག་རྫོགས་པ་ཉིད། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །པདྨའི་རིགས་དང་མཉམ་པར་སྦྱོར། །འཁོར་ལོ་ལྔ་ཡི་གནས་ བཞུགས་ པ། ། རིགས་ཀྱི་དཀྱིལ་འཁོར་བདག་ཀུན་ཉིད། །རྣམ་གསུམ་ཆོ་ག་རྫོགས་པ་ཡི། །གཙོ་དང་སྤྲུལཔའི་འཁོར་བཅས་རྣམས། །ཕྱག་རྒྱ་རྒྱན་གྱིས་ཀུན་ཏུ་བརྗོད། །རིགས་ཀྱི་ཡུམ་དང་སྒོ་མའི་ཚོགས།དབང་བསྐུར་བྱིན་བརླབས་རྫོགས་པ་ དང་། །ཡེ་ཤེས་དཀྱིལ་འཁོར་གསལ་བར་དགུག །ཚད་མེད་བཞི་ཡིས་བརྟན་གནས་ལ། །ཡང་དག་མཆོད་ཅིང་བསྟོད་བྱས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་རླབས་ཆེ། །འོད་ཟེར་སྤྲོ་དང་བསྡུ་བ་ཡི། །སངས་རྒྱས་ཀུན་བདག་ངོ་བོ་ཉིད། །རང་གི་གནས་ནས་བསྟིམས་བྱས་ཏེ། །དབང་བསྐུར་སྣང་བ་ཡེ་ཤེས་རྫོགས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །བརྟུལ་ཞུགས་བཟང་པོ་བླ་ན་མེད། །ཐབས་ཀྱི་ཡེ་ཤེས་བརྟན་པ་ཉིད། །འོད་འཕྲོ་ཤེས་རབ་དབྱིངས་སུ་འཁྱིལ། །ཆ་ལུགས་རྒྱན་རྫོགས་ཕྱག་རྒྱའི་སྐུ། །དོན་ཀུན་དངོས་གྲུབ་བཟང་པོ་ཡི། །ཐེག་ཆེན་གསང་བ་བླ་ན་མེད། །ཕྱག་རྒྱའི་ཆོ་ག་མཉམ་རྫོགས་དང་། །ཀུན་ཏུ་མཐའ་ཡས་སྦྱད་པའི་སྒོ། །ཕྲིན་ལས་སྣ་ཚོགས་རྫོགས་བྱེད་པ། །དེ་དག་ལས་རྣམས་ཀུན་སྦྱོར་ཞིང་། །དངོས་གྲུབ་མཐའ་ཡས་གྲངས་མེད་འཇུག །ཡི་གེ་མཆོག་རྣམས་མི་ཤིགས་པའི། །དམ་ཚིག་མཆོད་པ་ཀུན་གྱི་གནས། །སྦྱོར་བའི་བྱེ་བྲག་རོལ་པ་ཉིད། །རྗེས་སུ་སྣང་བའི་ཚུལ་རྫོགས་པས། །ལས་རྣམས་ཀུན་ལ་ཐོགས་པ་མེད། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་ཐེག་ཆེན་གསང་བའི་མཆོགཕྱག་རྒྱའི་འཇུག་པ་མཉམ་སྦྱོར་བས། །དེ་རིང་ཁྱོད་ཉིད་ལུང་བསྟན་མཛད། །སྲས་ཀྱི་བྱང་ཆུབ་སེམས་ རྣམས་དང་། །ཐ་དད་དོན་ཀུན་སྟོན་བྱེད་ཅིང་། ཁམས་གསུམ་གནས་ནི་བསྒྲལ་དགའ་བར། །མི་ལྡོག་དེ་བཞིན་གཤེགས་པའི་ཚོགས། །ཐེག་པ་མཐའ་བྲལ་རྣམ་པར་དག །ས་གསུམ་དབང་ཕྱུག་འབྱུང་གནས་གཙོ། །ཡང་དག་ལུང་བསྟན་རྫོགས་པ་ཡི། །རིགས་ཀྱི་དཀྱིལ་འཁོར་དབང་བསྐུར་ཞིང་། །བྱ་བ་ཆེན་པོའི་ལས་མཐར་ཕྱིན། །སྡུག་བསྔལ་ཉོན་མོངས་ཉེས་པ་སོགས། །ཐམས་ཅད་ཡུལ་ཀུན་ལས་འདས་ཤིང་། །ལས་ཀྱི་རྒྱ་མཚོ་ཀུན་འདོད་པའི། ། བག་ཆགས་ཡུལ་ཀུན་སྒྲོལ་བར་བྱེད། །མྱ་ངན་སྡུག་བསྔལ་ཐམས་ཅད་ཀུན། །རབ་ཏུ་སྦྱངས་པས་གནས་ཀྱི་མཆོག ཁམས་གསུམ་བྱ་བ་ཀུན་རྫོགས་ཤིང་། །ལྷག་མ་དང་བཅས་གྲོལ་བ་ཉིད། །དབུགས་འབྱུང་གསང་བ་བླ་ན་མེད། །སངས་རྒྱས་ཀུན་གྱི་སྟོན་པ་མཛད། །ལྷག་པའི་དམ་ཚིག་གནས་རྣམས་ཀྱིས། །ཆ་ཤས་ཡན་ལག་ཚུལ་འཇུག་པ། །ཀུན་མཆོག་འབྲལ་བ་མེད་པའི་ཆོས། །རང་བཞིན་རྫོགས་པའི་ཆོས་ཉིད་དེ། །ཡང་དག་ཡེ་ཤེས་འདོད་པ་ཡིས། ། མགོན་པོ་ཀུན་མཆོག་གསོལ་བ་འདེབས། །མཆོད་བསྟོད་མཉེས་པའི་ཡན་ལག་གིས། །རིགས་ཀྱི་ཁྲོ་བོ་ཉེ་བར་མཛེས། །ཕྱག་རྒྱ་རིགས་དང་མཐུན་པའི་ཡུམ། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ཏེ། །ཚུལ་བཞིན་མངོན་པར་སྦྱངས་པ་དང་། །རོལ་བའི་བརྟུལ་ཞུགས་རྣམ་པ་བདུན། །དཀྱིལ་འཁོར་ལུས་ཀྱི་བདག་ཉིད་ལ། །བྱང་ཆུབ་སེམས་ཀྱི་ཆ་རྫོགས་འགྱུར། །ལས་རྣམས་བསྟན་པའི་ཐིག་ལེ་ཉིད། །ཕྱག་རྒྱ་བདེ་བའི་ཆ་བསྐྱེད་ཅིང་། །ལོངས་སྤྱོད་གནས་སུ་ཡང་དག་ཉིད། །ཀུན་ཏུ་བསྡམས་པས་འཁོར་ལོའི་མཆོག །ཐམས་ཅད་གསལ་ཞིང་རྫོགས་པར་འགྱུར། ཤེས་རབ་ལས་འབྱུང་ཡེ་ཤེས་ཏེ། །ཆོས་ཀྱི་བདུད་རྩི་བླ་ན་མེད། །རྣམ་གྲོལ་ཟག་པ་མེད་པའི་རྗེས།ཁམས་གསུམ་ཡེ་ནས་གནས་རྫོགས་པས། །ཏིང་ འཛིན་རོ་མཆོག་བསྟན་པ་ཉིད། །མ་འདྲེས་ཀུན་གྱི་ཕྱག་རྒྱ་ལས། །རང་གནས་ཕྱག་རྒྱ་ཆེན་པོའི་བདག །ཡང་དག་གསོལ་བཏབ་མཐུན་པའི་གྲོགས། །མཆོད་པ་ཀུན་གྱིས་མཉེས་པར་་བྱ། །བྷ་གའི་དཀྱིལ་འཁོར་ཇི་བཞིན་པ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །རིགས་ཀུན་ཐབས་དང་ཤེས་རབ་ཀྱིས། །མཚན་མ་མེད་པའི་དངོས་དེ་བཞིན། །བདེ་བའི་ཡེ་ཤེས་མཉམ་རྫོགས་པས། །དོན་ཀུན་གསལ་བ་ངོ་བོ་ཉིད། །དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པའི་མཆོག །རང་བྱུང་ཡེ་ཤེས་ཟག་པ་མེད། །ཡང་དག་རྟག་པས་སྐུ་ རྣམས་རྫོགས། ཁམས་གསུམ་ཐམས་ཅད་དེ་ལྟ་བུ། །མངོན་པར་བྱང་ཆུབ་དེ་བཞིན་ཉིད། ། རང་བཞིན་རྒྱལ་བ་ཐམས་ཅད་ཀྱི། །ཕྱག་རྒྱ་བདེ་ཆེན་གསང་བའི་མཆོག །ཐམས་ཅད་ཡུལ་ ཀུན་རྫོགས་པས་གནང་། །བདེ་ཆེན་བཞི་པའི་ངོ་བོ་ཉིད།ཁམས་བཅུ་བདེ་བའི་རང་ཉིད་དང་། །དབུ་མ་བཅུད་ལུས་མཚན་ལྡན་པས། །དྲ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧུ༷་གིས་བདེ་བ་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོས་པ་གང་བླ་བ། །ཀུན་ནས་བསླང་ཞིང་སྐྱོབ་པ་ཡི། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་འོ། །རྡོ་རྗེ་ཡེ་ཤེས་ཧུ༷་ཚོགས་ཀྱིས། །པདྨ་ཡེ་ཤེས་བསྡུས་པ་འཁྱིལ། །རྩེ་ནས་རྩེ་རུ་སྤྱིན་པ་དང་། །རང་བཞིན་ཆོས་ཁམས་སྙིང་པོ་རྫོགས། །ས་བོན་ཟུང་འཇུག་ཉིད་དང་བཅས། །གནས་ན་ལེན་པ་གསུམ་སྦྱངས་ཏེ། །གསལ་བས་ས་བོན་ཚིག་པ་བཞིན། །མ་སྐྱེས་ཐབས་ཀྱིས་དབུགས་ཕྱུང་བའི། །ཐམས་ཅད་རང་གི་བྱང་ཆུབ་སེམས། །ས་བོན་ཉི་ཟླའི་དཀྱིལ་འཁོར་བརྩེགས། །འཁོར་ལོ་ཁམས་རྣམས་སྦྱོར་བའི་ས། ། གསང་བའི་ཐིག་ལེ་ཀུན་རྒྱས་པ། །ཆ་ཤས་ཟུང་འཇུག་ཡུལ་ལས་འདས། །ཕྱི་ནང་ཁམས་གསུམ་དེ་ལྟ་བུའི། །བདེ་བ་ཆེན་པོའི་དངོས་ཉིད་དོ། །དེ་ནས་གཞན་ཡང་བཤད་བྱ་བ། །རྗེ་སུ་འཇུག་པའི་ཕྱག་རྒྱ་ཉིད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཕན་ཚུན་འཁོད་པའི་སྟོབས་ཉིད་ཀྱིས། །བདེ་བ་གཉིས་པའི་དཀྱིལ་འཁོར་རྫོགས། ། གསུམ་པ་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་རྫོགས་ཤར་བར་འགྱུར་བའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་ རོ། །དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་སྒྲ། །ཕུང་ཁམས་ཕྱག་རྒྱའི་ཚོགས་དང་ལྡན། །ཟླ་བ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བ་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་དཔའ་འགྲོ་བའི་རྫུ་འཕྲུལ་ཤེས། །གནས་ནས་ལོག་པས་ཐིམ་པའི་སྒྲས། །མཐའ་གཉིས་མ་གོལ་པདྨའི་སྤྱན། །སྤྲུལ་པའི་གནས་སུ་བསྐྱིལ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་རིག་ཉིད་ལས་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོར་བརྗོད། །ཞེས་གསུངས་པས། དཀྱིལ་འཁོར་ཐམས་ཅད་སྨིན་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའི་སྒ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། དབང་གི་ལེའུ་སྟེ་བདུན་པའོ། །དེ་ནས་བཅོམ་ལྡན་ཀུན་དུ་བཟང་། །རང་གི་དཀྱིལ་འཁོར་གནས་ཉིད་ན། །སྐུ་གསུང་ཐུགས་མཆོག་་ཡེ་ཤེས་ཆེ། །དམ་ཚིག་ཡན་ལག་རྫོགས་པའི་བདག །མ་ལུས་སྲིད་དངོས་རྣམ་པར་དག །རང་བཞིན་དམ་པ་རྣམས་ཀྱིས་གཟུང་། །དོན་མཆོག་ཕྱག་རྒྱ་སྟོན་བྱེད་ཅིང་། །མཐའ་ཡས་བྱང་ཆུབ་སྤྱོད་པའི་ཚོགས། །འདྲེན་པའི་ཆ་ཤས་སྙིང་པ་འི་སྐུ། །ཀུན་ནས་རྫོགས་པའི་འཁོར་ལོ་ཉིད། །བྱ་བ་ཆེན་པོའི་དོན་སྤྱོད་ཕྱིར། །ཐབས་དང་ཤེས་རབ་འབྲེལ་པའི་ཚོགས། །གཟུགས་སུ་གྱུར་པས་བརྩོན་ལྡན་པ། །བྱ་བ་ཆེན་པོས་ཀུན་སྒྲོལ་ཞིང་། །ཕྱི་དང་ནང་གི་ཕྱི་རོལ་ཚོགས། །དམ་ཚིག་ཡུལ་རྣམས་གཏན་ལ་འབེབས། །བླ་མེད་ཐེག་པར་རབ་བསྔགས་པ། །རྒྱུ་རྐྱེན་འབྲས་བུར་དབྱེ་བ་ ཡི། །ས་དང་ ལམ་ཀུན་བགྲང་འདས་ཤིང་ ། །སྐྱོབ་ པའི་ཕྱག་རྒྱ་བསྟན་ པ་ཉིད། །ཀུན་བཟང་ འཇིག་རྟེན་ འཁོར་ལོ་མཆོག །བྱ་དཀའི་ གནས་རྣམས་ རབ་ཏུ་རྫོགས། །སྡོམ་པའི་ཚུལ་ཁྲིམས་མཐའ་ཡས་པའི། །ཐེག་པའི་མཆོག་རྣམས་མདོར་བསྟན་ཏེ། །རང་བཞིན་ཡུམ་གྱིས་རྣམ་དག་པས། །བྱ་དང་བྱེད་པ་གཉིས་སུ་མེད། །སངས་རྒྱས་ཐེག་པ་བསམ་ཡས་པར། །མི་དགེ་བཅུ་དང་མཚམས་མེད་ལྔ། །དེས་སྐྱོན་ལས་རྣམས་མཐའ་ཡས་ཀུན། །རང་བཞིན་དམན་པས་འཆིང་བའི་རྒྱ། །ཡང་དག་རྟོགས་པ་རྣམ་པར་གྲོལ། །མཉམ་པ་ཆེན་པོའི་དམ་ཚིག་ཏུ། །མ་ལུས་ཀུན་འདུས་རྣམ་དག་ཅིང་། །ཀུན་ནས་ཉོན་མོངས་འཁོར་བའི་ལམ། །ཡང་དག་སྤྱོད་ནས་ཐེག་པའི་མཆོག །སྲོག་གཅོད་མ་བྱིན་ལེན་པ་དང་། །རྫུན་ཚིག་ལོག་པར་གཡེམ་པ་དང་། །ཐབས་ཀྱི་ཡན་ལག་ཀུན་འགྱུར་བས། །ཤེས་རབ་ཆེན་པོའི་རྩལ་རྫོགས་པའོ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་བྱ་བ་མཐའ་ཡས་པའི། །སྡོམ་བཅས་ཚུལ་ཁྲིམས་དམ་ཚིག་ཉིད། །སྔགས་དང་ཕྱག་ རྒྱའི་ལས་ཀྱིས་ནི། །ལས་ཀྱི་འཁོར་ལོ་དག་པར་འགྱུར། །རྩ་བ་སྔགས་དང་ཡན་ལག་བཅུ།། རྣམ་པར་སྤྲོས་པའི་ཚིག་ལྡན་པ། །གཉིས་དང་གསུམ་གྱི་ཆ་ཤས་རྫོགས། །རིགས་མཐུན་ སྤྱོད་པ་བཟང་པོ་ཡིས། །བཅུ་རྩ་བརྒྱད་དང་ཡན་ལག་གཉིས། །ཐབས་དང་ཤེས་རབ་ཚུལ་འཇུག་པ། །ཕྱག་རྒྱ་ལས་ཀུན་མཐའ་ཡས་ཏེ། །བཀོད་དང་ཡང་དག་བཀོད་པ་དང་། །རྣམ་པར་བཀོད་པའི་འཁོར་ལོ་ཉིད། །ཟིན་པའི་སྐྱོན་བྲལ་ཐིག་ལེ་ཉིད། ། བསྟན་པ་ཉེ་བའི་ལམ་དག་གིས། །སུམ་བརྒྱ་དྲུག་ཅུའི་ ཡན་ ལག་རྫོགས། །དེ་ དག་ འཁོར་ ལོའི་ཚུལ་ བཞིན་ དུ། །ཡན་ལག་བདུན་གྱི་བདག་ཉིད་ཅན། །ངོ་བོ་སུམ་ཅུ་རྩ་གཉིས་ཏེ། །རབ་ཏུ་སྦྱོར་བས་དྲུག་ཅུ་བརྒྱད། ། རིང་དུ་བསྐོར་ཞིང་མ་འདྲེས་པས། །རྩོལ་བའི་བྱེ་བྲག་རྒྱུ་དང་བྲལ། ། གནས་སྐབས་ཡུལ་ཀུན་རྫོགས་པ་ཡི། །རང་དང་སྤྱི་ཡི་མཚན་ཉིད་རྒྱས། །སྤྱི་གསང་བཞི་དང་བར་གསང་བཞི། །གསང་བར་འོས་པ་གཉེར་གཏད་པ། །བྱེ་བྲག་མཁས་པས་རྫོགས་བྱས་ཏེ། །གསང་བའི་དོན་དུ་ཤེས་པར་བྱ། །བསྲུང་དང་སྒྲུབ་པའི་དམ་ཚིག་མཆོག ། དཀྱིལ་འཁོར་སློབ་དཔོན་ཕྱག་རྒྱ་དང་། །གསང་སྔགས་གྲོགས་དང་ཡུལ་བཅས་པ། ། ཡང་དག་བསྟན་ལ་བརྗོད་བྱེད་ཅིང་། །བཅུ་གཉིས་ཉི་ཤུ་རྩ་ལྔ་དག །གསང་བའི་མཆོག་ཏུ་འགྱུར་བ་འོ། །དམ་པའི་ཡུལ་དུ་རྒྱས་པ་ཡི། །ཕྱག་རྒྱ་ཡན་ལག་མཐའ་ཡས་ཤིང་། །རང་གི་གནས་སུ་འཇུག་བྱེད་པར། །དམ་ཚིག་ཆེན་པོ་གསང་བདག་པོ། །རིགས་ཀྱི་འཁོར་ལོ་སྟོང་རྩ་བརྒྱད། །རྒྱ་ཆེན་བཀོད་པའི་གནས་རྫོགས་འགྱུར། །ཡང་དག་མ་ཡིན་སེམས་དེ་ཉིད། །ཉོན་མོངས་སྒྲིབ་པ་ལ་སོགས་བསྒྲིབས། །ཕྱི་རོལ་གཞན་གྱི་དོན་རྫོགས་ཏེ། །སངས་རྒྱས་ཐེག་པར་མི་འགྱུར་རོ། །ཐེག་པའི་མཆོག་རྣམས་མཐའ་ཡས་པའི། །འབྲས་བུ་གསང་ཆེན་འདི་ཉིད་ཡིན། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །མཉམ་ཉིད་རྫོགས་པའི་ཚུལ་གྱིས་འགྲུབ། །ཞེས་རྒྱ་ཆེར་སྟོན་པར་མཛད་དོ། །རྡོ་རྗེ་སེམས་དཔའི་སྒ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རིགས་ཀྱི་དཀྱིལ་འཁོར་མཆོག །དེ་བཞིན་གཤེགས་པ་རྣམས་ཀྱི་ནི།་།ཉེ་བའི་དཀྱིལ་འཁོར་བཟང་པོ་ཉིད། །བསྙེན་པ་སྒྲུབ་པའི་ཡན་ལག་མཆོག །ཐམས་ཅད་དག་པས་དབང་བསྐུར་ཞིང་། །འབྲས་བུ་སྒྲིམ་པ་མེད་པའི་བདག །ཐུན་མོང་གནས་ཀྱི་ བྱེ་བྲག་གིས། །ལུས་ཀུན་དངོས་པོ་མ་འདྲེས་ཆོས། །ཐམས་ཅད་ཤེས་རབ་ལས་བྱུང་བའི། །ཐ་སྙད་གང་གིས་གང་སྟོན་ཅིང་། །མཐའ་དང་དབུས་བྲལ་ཡུལ་ཀུན་ཉིད། །མ་ལུས་བཀོད་པའི་དངོས་གྲུབ་མཆོག །སངས་རྒྱས་ཀུན་གྱི་བསྟན་པར་མཛད། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས། །ཐབས་རྣམས་ཡན་ལག་རྫོགས་པ་ཡི། །འགྲོ་བའི་ལས་ཀུན་དག་པར་ བྱེད། །དེ་དག་རྫོགས་ཀུན་མངོན་པར་སྣང་། ། རང་བཞིན་ཡེ་ཤེས་ཀུན་རྫོགས་ནས། །རིགས་ཀྱི་འཁོར་ལོ་ཡུམ་དང་བཅས། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །འབྱུང་པོའི་ཚོགས་རྣམས་གཤེགས་པ་དང་། །སྤྲོ་ཞིང་སྤར་དང་བཀོད་མཛད་དེ། །སྔ་མའི་གནས་ཀུན་གཞན་གྱུར་བར། །བྱ་བ་ཆེན་པོའི་དོན་སྟོན་མཛད། །ཨོ་ཨསྐྱི་༷་གྲྭ་ཧྭ། ས་མ་ཡོ་ག་ནིར་ཏི་སྲུ་ཧྭ། ཨོ་མ་དྷ་ལ་གརྙེ་ཧུ༷་སྭ། པྲ་བྷ་ས་མ་ཡ་ཧུ༷། ཨཱོཾ་སྭ་ཤེརྙོ྅ཧ༷། ཨོ་པ་རི་གར་བ་ཏིང་ཏི་ཧུ༷། དེ་དག་ཡུལ་ཀུན་བཅས་འགྱུར་ཏེ། །རིགས་མཆོག་ཕྱག་རྒྱ་སྔགས་དང་བཅས། །ཏིང་འཛིན་སྤྲ་བའི་ཚུལ་ཉིད་ཀྱིས། །དེ་ཉིད་གནས་མཆོག་འགྲུབ་པར་འགྱུར། །དཔག་ཚད་བརྒྱ་དང་སྟོང་ལ་སོགས། །རབ་ཏུ་དྲེགས་པའི་ཁམས་རྣམས་ཀྱིས། །ཐ་སྙད་ཡུལ་རྣམས་སྦྱོར་མཛད་ཅིང་། །འདོད་པའི་དངོས་གྲུབ་ཀུན་གྱིས་ཟུངས། །དེ་བཞིན་དྲི་མེད་སྦྱངས་པའི་མཐུས། །དཔག་བསམ་ཤིང་དང་རིན་ཆེན་མཆོག །རྫས་ཀྱི་མཆོག་རྣམས་གྲུབ་བྱེད་ཅིང་། །དེ་ནས་ལོངས་སྤྱོད་ཚིམ་པར་འགྱུར། །ཐུན་མོང་མངོན་པར་ཤེས་པའི་སྟོབས། །ཐབས་ཀྱི་བྱེ་བྲག་མཐའ་ཡས་པས། །རིག་པའི་བཟང་པོའི་ཕྱག་རྒྱ་ཡིས། །འཁོར་ལོ་རྣམས་བཅས་ལས་ རྣམས་ཀུན། །རལ་གྲི་མིག་སྨན་བཅུད་ལེན་དང་། །རྐང་མགྱོག་གསེར་འསྨྱུར་བུམ་པ་བཟང་། །མཁའ་འགྲོ་འཇིག་རྟེན་ཀུན་སྤྱོད་པ། །འཁོར་ལོ་ལ་སོགས་རིག་པའི་བདག །རྡོ་རྗེ་ཨ་ཛ་རི་ལུའི་ཚོགས། །མ་གཡོས་ཀུན་ཏུ་ཁྱབ་བྱེད་པའི། །དངོས་གྲུབ་ལ་སོགས་གྲངས་མེད་དག །རང་གོ་ཏིང་འཛིན་གང་གིས་གྲུབ། །དཀྱིལ་འཁོར་ཀུན་ནས་དཀྱིལ་འཁོར་ལྡན། །འཁྲུལ་འཁོར་རིམ་པར་སྦྱོར་བ་དག །སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ། །བསམ་གཏན་ཡུལ་ཀུན་གསལ་བ་ལ། །རྒྱུ་འབྲས་བྱེ་བྲག་ཐ་དད་རྣམས། །རང་གི་རྐྱེན་གྱིས་རྣམ་པར་འགྲུབ། །ཕོ་བྲང་དཀྱིལ་འཁོར་བཟང་པོ་ཉིད། །རྩེ་གཅིག་མཚན་མས་བསྟན་པར་འགྱུར། །ཨོ་སརྦ་ཨ་ནུ་ར་ག་ཏི་ན་ཧུ༷། །ཨོ་མ་ཧྭ་ས་མ་ཡ་ཧྲི། ཏ་ནི་མ་ན་གསྙེ་ཧུ༷། ར་ག་ར་ཛ་བ་ཛ་ལ་པྲ་མི་ཏ་ན་གྲྭ་ཧྭ། ཨོ་རྩ་བ་ག་ནི་ལོ་ག་ནི། པྲད་ཏ་ཤ་ར་ཧུ༷་ཕཊ་གྲྭ་ཧྭ། ཁམས་གསུམ་ཐབས་རྣམས་རྣམ་པར་དག །རིགས་ཀྱི་འཁོར་ལོ་ཀུན་རྫོགས་བྱེད། །ཡན་ལག་བདེན་པའི་བྱིན་རླབས་འདས། །འདི་ནས་ལས་ཀུན་འགྲུབ་གྱུར་ཅིག །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །གསང་བའི་སྔགས་ཀྱི་འཁོར་ལོ་མཆོག །ཕྱག་རྒྱ་བདེ་བའི་བྱིན་སྟོབས་ཀྱིས། །ལས་ཀུན་དངོས་གྲུབ་སྟོབས་རྫོགས་ཤིང་། །སྨོན་ལམ་རྣམ་པར་དག་པའི་རླབས། །དེ་རྣམས་ཡོངས་སུ་རྫོགས་པ་ཡི། །ཇི་སྲིད་བདག་གི་དབང་དུ་ནི། །དོན་བསམ་པ་ཡི་གནས་རྫོགས་ཤིང་། །བསྙེན་པའི་ཡན་ལག་རྣམ་པ་ཞིག །རྡོ་རྗེ་བཀོད་པ་མཐའ་ཡས་མཆོག །གཙོ་བོ་རིགས་ཀྱི་སྐུ་རྫོགས་པས། །ཕྱག་རྒྱའི་ཡུལ་ཀུན་གསལ་བར་མཛད། །ཉེ་བར་བསྙེན་པའི་ཡན་ལག་བཞིས། །ཆོས་དོན་ལྷ་མོ་གཟུགས་ཀྱི་མཆོག །སྦྱོར་བའི་ཕྱག་རྒྱ་ཡུལ་སྤྱོད་ཅིང་། །སངས་རྒྱས་ཐམས་ཅད་བསྟན་པའི་བདག །སྒྲུབ་པའི་ཡན་ལག་རྣམ་བཞི་ཡིས། །ཞིང་ཁམས་ཆེན་པོ་ཀུན་སྦྱོར་ཞིང་། །ཕྱི་ནང་ཡུལ་ཀུན་རྫོགས་པ་ཉིད། །དཀྱིལ་འཁོར་བསྟན་པའི་འཁོར་ལོ་རྫོགས། །སྒྲུབ་པ་ཆེན་པོ་ཡན་ལག་བཞིས། །སངས་རྒྱས་ཐམས་ཅད་སྦྱོར་མཛད་ཅིང་། །རྟེན་དང་བརྟེན་བཅས་རྣམ་པར་འཕྲུལ། །ཕྱོགས་དུས་ཡེ་ཤེས་རྫོགས་པའི་མཆོག །རབ་ཏུ་དག་པའི་མངོན་སུམ་དུ། །ཐབས་ཀྱི་འཁོར་ལོ་འགོག་པ་དང་། །ཤེས་རབ་ཕྱག་རྒྱ་གསང་བས་འགྲུབ། །གཉིས་མེད་དོན་གྱིས་རྣམ་པར་སྤྱོད། །ཉེ་བའི་བསྟན་པའི་རྫས་རྣམས་ལ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཐུགས། །རིགས་མཆོག་ཕྱག་རྒྱ་གསལ་འགྱུར་ཞིང་། །འཁྲུལ་འཁོར་མཆོག་གི་བྱིན་རླབས་ཀྱིས། །སངས་རྒྱས་སྟོང་གི་གཟུགས་སྟོན་ཅིང་།།མཁའ་ལ་ཀུན་གཟུགས་སྣང་བ་ཡི། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པད་མ་རལ་གྲི་སྣ་ཚོགས་གཟུགས། །ངེས་པར་སྤྱོད་པའི་ཕྱག་རྒྱ་ཉིད། །མཚན་མའི་དངོས་གྲུབ་སྣ་ཚོགས་པ། །རང་གི་རྟེན་བཞིན་སྐྱེ་བར་འགྱུར། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དངོས་གྲུབ་སྙིང་པོ་ལྷ་གནས་མཆོག །རང་གནས་མཐོང་བའི་ཡེ་ཤེས་ཀྱིས། །ས་གསུམ་དབང་ཕྱུག་རྫོགས་པར་འགྱུར། །ཕྱག་རྒྱའི་མཆོག་གང་རྫོགས་པ་ཡི། །ལམ་ཀུན་བསྐྱེད་པའི་ཡན་ལག་སྟེ། །མི་ཤིགས་དཀྱིལ་འཁོར་སྔགས་ཀྱི་མཐུས། །བྱ་བ་ཆེན་པོའི་དོན་རྫོགས་ཤིང་། །ཟག་པ་མེད་པའི་དངོས་གྲུབ་མཆོག །རབ་ཏུ་བསྟན་པས་འབྲས་བུ་ཉིད། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཆོག །དུས་གསུམ་རྡོ་རྗེ་འདུས་མ་བྱས། །སྣང་དང་སྟོང་པ་ལས་གྲོལ་ཏེ། །མཐའ་དབུས་ལ་སོགས་མཐའ་བྲལ་ཞིང་། །གཉིས་མེད་ཡེ་ཤེས་དངོས་གྲུབ་མཆོག །རིག་གནས་བྱང་ཆུབ་སེམས་ལས་སྐྱེས། །སྐྱེ་འགག་རྟག་ཆད་རྣམས་སྤྲོ་ཞིང་། །ཞེན་པའི་ཐ་སྙད་ཡུལ་འདས་ཤིང་། །ཁྱབ་དང་ཁྱབ་བྱེད་སྣ་ཚོགས་དག །ཡང་དག་ཆོས་ཀུན་རང་བཞིན་ལས། །འོ།ངས་སྤྱོད་རྗེ་གས་དང་སྤྲུལ་པའི་ཚོགས། །འབྲས་བུ་མཚན་བཅས་རྣམ་པར་དག །མི་གཉིས་དངོས་གྲུབ་བརྟན་འགྱུར་བའི། །ཕྱོགས་ཀུན་ནས་ཡང་དག་པར་བསྟན་པའི་ཚུལ་གྱིས། དེ་དག་གི་སྣང་བ་དང་བཅས་པར་ཀུན་ནས་རྒྱས་པར་གྱུར་ཏེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད། རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། སྒྲུབ་པའི་སྒོ་རྣམ་པར་དབྱེ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཞིང་ཁམས་རྣམ་པར་དག །རིགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱིས། །སངས་རྒྱས་དངོས་གྲུབ་མཐའ་ཡས་རྣམས། །ཐ་དད་རྫོགས་པའི་ཐེག་པ་མཆོག །རང་བཞིན་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པའི་ཆོས་རྣམས་གསལ་མཛད་ཅིང་། །ཀུན་བཟང་ཞིང་ཁམས་རྣམ་པར་དག །ཕྲིན་ལས་ཀུན་ནས་མ་འགགས་པའི། །རིགས་མཆོག་ལྷུན་གྱིས་གྲུབ་པ་ཡི། །ཕྱག་རྒྱ་གསངས་སྔགས་རྒྱུད་ལྡན་པས། །ནམ་མཁའ་མཐའ་ཀླས་ཡུལ་ཁམས་དང་། །བྱ་བ་ཀུན་ནས་རྣམ་པར་དག །ཐེག་པའི་མཆོག་འདི་བྱེ་བྲག་གནས། །དམ་པའི་ཡུལ་ཀུན་རྫོགས་པ་ཉིད། །དེ་དག་ཆ་ཤས་ཆ་ཤས་འདས། །ལས་དང་༄༅ འབྲས་ བུ་མཐའ་ ཡས་ རྫོགས། །ཕྱི་ ནང་ རྫས་ ཀྱིས་འགྲུབ་ པར་ འགྱུར། །སངས་ རྒྱས་ ཐམས་ཅད་ བསྒྲུབ་ པའི་ གནས། །ཕྲིན་ ལས་ ཡུལ་ རྣམས་ མཐུན་པའི་ རྫས། །ཞི་ རྒྱས་ དབང་ དང་མངོན་སྤྱོད་དང་། །མཉམ་ཉིད་ལྷུན་གྱིས་གྲུབ་པའི་གནས། །རིགས་ཀྱི་འཁོར་ལོ་རབ་འབར་བས། །རིགས་ཀྱི་ཕྱག་རྒྱ་མཚན་མར་བཅས། །ཡུམ་བཞི་ཚོགས་དང་མཉམ་སྦྱོར་ཞིང་། །ཕྱག་རྒྱའི་ཡན་ལག་ཀུན་རྫོགས་པས། །ང་ཉིད་སངས་རྒྱས་ཀུན་གྱི་སྐུ། །རབ་རྫོགས་ཕྲིན་ལས་བདག་པོའི་ཚུལ། །འོད་འཕྲོ་སྣང་བའི་ཕྲེང་བས་མཛེས། །རིགས་མཆོག་དཀྱིལ་འཁོར་འཁོར་ལོ་བཅས། །སྤྱིན་པའི་ ཚུལ་གྱིས་འགྱུར་བྱེད་ཅིང་། །རྣམ་པར་གསལ་བས་རྫོགས་པར་འགྱུར། །རིགས་ཀྱི་རྒྱུ་དབྱིབས་མ་འདྲེས་པས། ཁ་དོག་ཕྱག་རྒྱ་མཚན་མས་མཛེས། །རྒྱ་མདུད་གཉིས་བརྩེགས་བཅུ་དྲུག་ཆ། །དཀྱིལ་འཁོར་གནས་རྣམས་རྫོགས་བྱེད་དེ། །དབང་བསྐུར་བྱིན་རླབས་གཟི་མདངས་བསྐྱེད། །རྩེ་མོ་སོ་སོའི་བྱེ་བྲག་བཞིན། །རིགས་ཀྱི་མཚན་མ་ཡེ་གེར་བསམ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་བརྗོད་པས་རི་རབ་ཚུལ། །ངེས་པར་བཏབ་ན་ལྷ་རྣམས་ཀྱང་། །སྐད་ཅིག་ཡུད་ལས་འགྲུབ་པར་འགྱུར། །ཐབས་དང་ཤེས་རབ་སྙོམས་འཇུག་པའོ། །རྡོ་རྗེ་གཏུན་ཁུང་བྱིན་རླབས་ཅན། །རབ་ཏུ་སྦྱོར་བའི་གནས་རྫོགས་པས། ཁམས་གསུམ་རྫས་རྣམས་ཡུལ་དང་བཅས། །གཉིས་མེད་འོད་ཟེར་སྦྱར་བའི་མཐུས། །ཕྲིན་ལས་ རྣམ་བཞིའི་ཚུལ་བཞིན་དུ། །རབ་རྫོགས་བསྟན་པའི་ལས་ཀྱིས་འགྲུབ། །ཀུན་ནས་སྦྱོར་བ་གཏོར་མའི་རྫས། ཁ་དོག་དབྱིབས་རྫས་ཕུན་སུམ་ཚོགས། །སོ་སོའི་དྲི་བཅས་སྔགས་ལྡན་པས། །ལས་རྣམས་རྫོགས་པ་ཉིད་དུ་འགྱུར། །བྲོ་གར་འདུ་འཕྲ་འི་ཕྱག་རྒྱ་དང་། །རྡོ་རྗེ་ལུ་གུ་རྒྱུད་གསུམ་སྟེ། །ཕྱོགས་མཚམས་ཀུན་ནས་བསྐྱོད་བྱས་པ། །ཕྲིན་ལས་མངོན་པར་རྫོགས་པ་ཉིད། །དཀྱིལ་འཁོར་ཀུན་ནས་མཉམ་རྫོགས་ཤིང་། །འོད་འཕྲུལ་ཕྱག་རྒྱའི་གནས་ཉེད་དུ། །རབ་འབར་རྡོ་རྗེ་མཚོན་ཆ་ཡི། །འདོད་པའི་ཡུལ་རྣམས་ལྷ་གནས་པའི། །འབར་བའི་ཧོམ་ཁུང་གནས་ཀྱི་མཆོག །དམ་ཚིག་ཡེ་ནས་འཁོར་ལོ་ལ། །ཡེ་ཤེས་འཁོར་ལོ་མཉམ་རྫོགས་པས། །སྤྱིན་སྲེག་ཀུན་ནས་རྒྱས་པར་འགྱུར། །དགུག་དང་བཏང་དང་བཅིངས་དང་དགྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །སྦྱོར་བའི་ཡན་ལག་ཀུན་ལྡན་པར། །བརྟན་པའི་ཡན་ལག་རྫོགས་པར་འགྱུར། །ལྕགས་ཀྱུ་ཞགས་པ་ལ་སོགས་རྫས། །དེ་དག་འདོད་པའི་ཕོ་ཉའི་ཚོགས། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་དུ། །ཕྱོགས་མཚམས་བླ་འོག་ཀུན་སྤྲོས་ཏེ། །སྤྲུལ་པའི་མཁའ་འགྲོ་ཕྲ་མེན་ཚོགས། །ལྷ་མོ་ཀུན་གྱི་སྦྱོར་བ་ཡི། །འཁོར་ལོ་མཆོག་ཏུ་འགྱུར་བ་རྣམས། །རབ་རྫོགས་ཡུལ་བཅས་བྱིན་བརླབས་བཞིན། །ཆ་ཤས་གྲངས་ལས་རྣམ་པར་འདས། །མེ་ལྷའི་རྒྱལ་པོ་རྫས་བཀུག་སྟེ། །ཕྱག་རྒྱའི་བཞི་ཡིས་བརྟན་བྱས་ཏེ། །འབར་བའི་སྙོམས་འཇུག་བརྡར་བཅས་པས། །ཁམསགསུམ་ཡེ་ཤེས་འབར་བའི་མཆོག །རིགས་ཀྱི་རྒྱལ་བ་ཀུན་སྦྱོར་བ། །བྲོ་གར་འདུ་འཕྲ་འི་གནས་འཇུག་པའི། །མཚན་མའི་ཡུལ་ཀུན་རྣམ་པར་དག །ཕྲིན་ལས་ལྷུན་གྱིས་གྲུབ་པ་ཉིད། །སངས་རྒྱས་ཀུན་གྱི་རྣམ་འཕྲུལ་གྱིས། །བྱང་ཆུབ་སེམས་དཔའ་མ་ལུས་གྲོལ། །དེ་དག་མཛད་པ་རྒྱ་ཆེན་པོས། ཁམས་གསུམ་ཚེ་གནས་རྣམ་པར་དག །དཀྱིལ་འཁོར་སྦྱོར་བ་ཀུན་རྫོགས་ཤིང་། །རྣམ་པར་འཕྲུལ་པས་སྟོབས་རྫོགས་ཤིང་། །བྱ་བའི་གནས་རྣམས་རོལ་པ་ཉིད། །བསོད་ནམས་ཡེ་ཤེས་ཚོགས་ཆེན་མཆོག །ཞིང་ཁམས་ཆེན་པོ་ཀུན་འདུས་པའི། །ས་དང་ལམ་བཅས་ཡང་དག་སྦྱོར། །དབྱེ་བའི་འཁོར་ལོ་བཞི་འབུམ་སྐུ། །བཀོད་པ་གསང་བའི་བདག་ཉིད་མཆོག །གདོང་གཅིག་མ་དང་མ་རེག་སོགས། །དྲག་ཤུལ་སྦྱོར་བས་འཆགས་པའི་ཡུམ། །མངོན་སྤྱོད་ལས་ཀྱིས་སྦྱོར་མཛད་ཀྱིས། །འདོད་པ་ཀུན་འདུས་རྣམ་དག་སྤྱད། །ལྗོན་པ་དག་དང་ལྕུག་ཕྲན་ལ། །ངོ་མཚར་ཡུལ་ཀུན་མཉམ་སྦྱོར་ཏེ། །ཞི་རྒྱས་དགའ་ཞིང་དང་བ་ཡིས། །རང་བཞིན་མངོན་པར་འཕེལ་བའི་ཡུམ། །མི་ཤིགས་ཐིག་ལེ་སྟོབས་རྫོགས་པས། །འཁོར་ལོ་དྲུག་གི་གནས་རྒྱས་འགྱུར། །རིམ་བཞིན་སྦྱོར་བའིལུགས་འབྱུངལུགསལས་ཟློག་པ་འོ། །རྣམ་པར་འཕྲོ་བའི་ལས་འགྲུབ་འགྱུར། །བྱ་བ་མཐའ་ཡས་པའི་སྒོ་ནས་མཛད་པའི་ལས་ཀུན་རྫོགས་པའོ། །རྡོ་རྗེ་སེམས་དཔའ་སྒ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས། །ཉིད་སྐུ་དཀྱིལ་འཁོར་ཁྲོ་བོ་རོལ་པའི་ཏིཛི་ངེ་འཛིན་ལ་བཞུགས་ཏེ། དཀྱིལ་འཁོར་སྤྲིན་རྣམས་སྤྲོ་མཛད་ཅིང་། །ཕྱོགས་བཅུའི་དྲེགས་བྱེད་ཐམས་ཅད་ཀྱང་། །ང་རྒྱལ་གཏུམ་ཚོགས་འཇིགས་མཛད་ཕྱིར། །རིགས་ཀྱི་བདག་པོར་བསྡུ་མཛད་ཅིང་། །ཁྲོ་བོ་རོལ་པའི་ཚོགས་མཛད་པ། །ཁམས་གསུམ་འཇིག་རྟེན་རྒྱ་ཆེན་པོར། །ཉོན་མོངས་འ་ས་ཀུན་མངོན་ཞེན་པའི། །དྲེགས་བྱེད་ཚོགས་རྣམས་ཉོན་མོངས་མཐུས། །རང་གནས་རྒྱུད་ཀུན་འབར་བར་བྱེད། །ལས་ཀྱི་སྡུག་བསྔལ་སྣ་ཚོགས་མཛད། །ཀུན་ནས་ཉོན་མོངས་མནར་བར་གྱུར། །བདུད་ཀྱི་སྡེ་རྣམས་དཔུང་བཅས་པ། །ཐམས་ཅད་དྲེགས་པའི་མཐུ་ཡིས་མྱོས། །དེ་ནས་གཙོ་བོ་ལྷ་ཆེན་རྣམས། །ཉོན་མོགས་ལས་ཀྱིས་སྐྱེས་པ་ཡི། །འབྱུང་ཆེན་གནས་རྣམས་གཡོ་མཛད་ཅིང་། །གཅིག་ལ་གཅིག་གིས་གདུག་སེམས་དང་། །ཐབས་ཀྱི་སྤྱོད་པ་སྣ་ཚོགས་ཀུན། །རྒྱལ་སྲིད་ཡུལ་ཀུན་འཕྲོག་པར་བྱེད། །ལས་ཀྱི་སྡུག་བསྔལ་སྟོབས་རྒྱས་པའི། །མི་མཐུན་ཀུན་ནས་ཞབྲུག་པ་ལས། །འཇིག་རྟེན་ཁམས་རྣམས་མེ་འབར་ཞང་། །རྨོངས་ཉམས་རྔམས་ནས་ལས་གཞན་འགྲུབ། །དེ་ཚེ་ཉོན་མོངས་དྲེགས་པའ་མཐུས། །དུར་ཁྲོད་བདག་པོ་སྟོབས་རྒྱས་ཤང་། །ལས་དང་ཉོན་མོངས་ཀུན་ནས་སྤྲོད། །དྲེགས་བྱེད་སྡེར་བཅས་འཇོམས་པ་ཡི། །རུ་ཏྲ་མངོན་པར་ལྷགས་འགྱུར་ཏེ། །ཁམས་གསུམ་མངོན་གནས་རིམ་གནས་ཀུན། །རྔམ་འཁྲུགས་པས་ནི་མོས་ཤིང་བྲེད། །དེ་ཉིད་སྟོབས་ཀྱི་ལུས་ངག་ཡིད། །ཀུན་ནས་སྤྲུལ་པའི་ཚོགས་འགྱེད་ཅིང་། །རང་གི་མཐུ་རྣམས་ཕྱོགས་བཅུར་འཕྲོ། །ཉོན་མོངས་ལས་དང་སྡུག་བསྔལ་ཚོགས། །ཀུན་ནས་གཟིར་བའི་བློ་རྣམས་དང་། །དེ་དག་བདག་པོ་དྲེགས་བྱེད་སྟོབས། །ཐམས་ཅད་སྡུག་བསྔལ་གཅིག་ཏུ་འབར། །ལས་ཀྱི་བདག་པོ་དབང་བསྡུས་ཏེ། །དེ་ནི་ཉོན་མོངས་སྙེམས་པར་གནས། །དེ་དག་ཀུན་ནས་དྲེགས་པའི་མཐུས། །མི་དགེའི་གནས་ཚོགས་ལོངས་སྤྱོད་པའི། ། སྡེར་བཅས་དེ་དག་རང་བཞིན་སྤྱོད། །སྔོན་དུས་ཡང་དག་བརྟེན་པའི་སྟོབས། །ཐམས་ཅད་མཁྱེན་པའི་གཟིགས་འགྱུར་ནས། །ཐུགས་རྗེའི་དཀྱིལ་འཁོར་སྣང་བ་ཡི། ཁྲོ་གནས་མངོན་པར་སྤྲུལ་པར་མཛད། ཁྲོ་བོ་སྤྲིན་ཕུང་མཐའ་ཡས་པས། །སྐུ་གསུང་ཐུགས་སོགས་བཀོད་པའི་མཐུས། །ཕྱོགས་བཅུའི་དཀྱིལ་འཁོར་མ་ལུས་རྒྱས། །སྟོང་གསུམ་རྡུལ་སྙེད་སྣང་བྱས་ཏེ། །འཇིགས་པའི་གཟུགས་བསྟན་མཚོན་ཆ་དང་། །རབ་གསུམ་གསང་སྔགས་དྲག་པོ་ཡིས། །ཉོན་མོངས་ལུས་ཀུན་དག་པར་མཛད། །ཕྱོགས་བཅུའི་བགེགས་ཚོགས་བརྟུལ་བྱས་ནས། །དྲེགས་པའི་སྟོབས་རྣམས་དཔུང་བཅོམ་སྟེ། །རང་གི་དཀྱིལ་འཁོར་གནས་ལ་བཀོད། །རབ་གཏུམ་དྲག་པོའི་ཚོགས་རྣམས་ཀུན། །ཉོན་མོངས་ང་རྒྱལ་ཚོགས་སྤྲུལ་ཏེ། །འཇིགས་པའི་གཟུགས་དང་མཚོན་ཆ་དང་། །ཕྲ་མེན་མཁའ་འགྲོ་རྦོད་གཏོང་འགྱེད། །དྲག་པོའི་དགྲ་བོ་མལུས་ཀུན། །ལསཀྱི་སྟོབས་མཐུར་ལྡན་འགྱུར་ཞིང་། །བདུད་རིགས་ནག་པོའི་ཕྱོགས་སུ་གནས། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་གྱིས། །སྟོབས་ཆེན་ཁྲོ་བོ་གྲངས་མེད་ཚོགས། །ཕྱོགས་བཅུ་ཀུན་ནས་སྤྲོ་མཛད་ཅིང་། །འཇིགས་པའི་མཚོན་ཆ་ཆར་ཕབ་སྟེ། །དེ་དག་སྡེར་བཅས་བརླག་པར་མཛད། །མ་ལས་ཤ་ཁྲག་རུས་པའི་ཚོགས། །ངོ་མཚར་ཆེན་པོའི་ཞལ་དུ་གསོལ། །ཡེ་ཤེས་ཆོ་འཕྲུལ་ཡན་ལག་རྣམས། །ཀུན་ཏུ་སྤྱོད་པས་སྦྱོར་མཛད་ཅིང་། །ངོ་མཚར་བཅུ་གཉིས་ཆ་ལུགས་ཀྱིས། །རིགས་ཀྱི་དཀྱིལ་འཁོར་གནས་སུ་བཀོད། །མཐུ་ལྔ་དབང་ལྔ་འབྲས་བུ་ལྔ། །རབ་རྫོགས་བསྟན་པས་ཁྲོ་བོའི་སྐུ། །ངོ་མཚར་ཆེན་པོའི་ཡུལ་རྣམས་དག །དེ་དག་བསྟན་པས་རྫོགས་པ་ཉིད། །ཉོན་མོངས་ཤ་ཁྲག་རུས་བཅས་པ། །དུག་གསུམ་རྣམ་དག་མཆོད་པ་ཆེ། །ཡང་དག་གསོལ་བས་དགེས་པ་དག །ཐུགས་རྗེ་ཆེན་པོས་སླར་གཟུང་སྟེ། ཁྲེས་རབ་སྙིང་རྗེ་འབྲེལ་པའི་མཆོག །ཁམས་གསུམ་ས་གནས་མངོན་པར་སྒྲོལ། །རྣམ་དག་སྐུ་གསུངས་ཐུགས་ཀྱི་བདག །འོག་མིན་མི་འཁྲུག་བདེ་ལྡན་གནས། །རིགས་མཆོག་བྱང་ཆུབ་སེམས་བཅས་པར། །ཐུགས་རྗེ་མངོན་འབྱུང་དཀྱིལ་འཁོར་ཉིད། །བདུད་རྩི་འབྱུང་བའི་ཏིང་འཛིན་གྱིས། །མི་གཙང་སྙིགས་མའི་ཚོགས་རྣམས་ཀུན། །མངོན་པར་བསྟན་པ་རྫོགས་པའི་སྐུ། །ཐར་པའི་དབང་པོ་ཞེས་བྱ་འོ། །དེ་བཞིན་གཤེགས་པ་ཐུགས་རྗེའི་བདག །བསྐལ་པ་བཟང་པོའི་དུས་ཉིད་དུ། །མ་འོངས་འགྲོ་རྣམས་སྤྱོད་པར་འགྱུར། །ཐབས་མཁས་མངོན་པར་རྫོགས་པ་ཡི། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །དྲེགས་བྱེད་ཐལ་བར་རློག་པ་ལས། །ཐལ་བའི་དབང་པོར་ལུང་བསྟན་མཛད། །དེའི་ཕྱིར་གསང་བའི་ཐེག་པ་འདི། །ཐབས་དང་ཤེས་རབ་རོལ་པའི་རྒྱུད། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་སྟེ། །ངོ་འཚར་བཤད་པའི་དྲ་བ་འོ། །དུས་གསུམ་འབྱུང་བའི་གནས་རྫོགས་པའོ། །ཀུན་མཆོག་གོ་འཕང་རྫོགས་ཐོབ་པས། །རབ་ཏུ་སྤྲུལ་པའི་དཀྱིལ་འཁོར་མཆོག །ཚུལ་འདིས་མངོན་པར་རྫོགས་པ་ཉིད། །རྣལ་འབྱོར་ངོ་མཚར་ལས་བྱུང་བའི། །སངས་རྒྱས་ཀུན་གྱི་དགོངས་པའི་མཆོག །རབ་ཏུ་སྤྱོད་རྣམས་གྲོལ་འགྱུར་ཞིང་། །ཚུལ་རྒྱུན་འཇུག་པས་མྱ་ངན་འདས། །དེ་ལྟར་སྤྲུལ་པའི་དཀྱིལ་འཁོར་ཚོགས། །རིགས་ཀྱི་བཀོདཔ་རྣམས་མཐའ་ཡས། །ཉོན་མོངས་ལས་ཀྱིས་གདུངས་པ་ལས། །དེ་ཉིད་ཐབས་ཀྱིས་འདུལམཛདདེ། །མཐུན་པའི་གཟུགས་དང་སྒྲ་ཉིད་དང་། །ཕྱག་རྒྱ་ཀུན་ནས་སྤྲུལ་པའི་ཚོགས།།མི་མཐུན་གནས་རྣམས་སྣ་ཚོགས་པའི། །ཆ་ལུགས་ཀུན་དངོས་བྲལ་བའི་ཚུལ། །རྣམ་པ་ལྔ་ཡི་འདུལ་བྱེད་མཆོག །ལུབོར་རྣམས་མྱ་ངན་འདས་སྦྱོར་བས། །ཕྲ་ མེན་ལྔ་བརྒྱ་དྲུག་ཅུ་ གཉིས། །ཕྱོགས་ བཅུའི་ ཞིང་ ཁམས་ མཐའ་ ཡས་ པར། །སྡེར་ བཅས་ རང་རྒྱུད་ མཐུན་ པའི་ གཟུགས། །དེ་ དག་ གནས་ ཚོགས་ བསྡུ་ མཛད་ དེ། །རྣམ་ཀུན་ དག་པས་རྫོགས་པ་ཉིད། །རང་གི་དཀྱིལ་འཁོར་ཞི་བཞིན་པས། །ཕྱག་རྒྱའི་ལུང་ཚོགས་ལྷ་ཡི་སྐུ། །མཁའ་འགྲོ་ཕྲ་མེན་སྒོ་མའི་ཚོགས། །རང་གི་ལག་ཆ་ཕྱག་རྒྱའི་ཚོགས། ། ངོ་མཚར་ཡུལ་བཅས་རོལ་པ་ཉིད། །ལྷ་ཆེན་དྲེགས་པའི་ཚོགས་རྣམས་ཀུན། །དམ་རྫས་མི་གཙང་གནས་དག་ནས། །ཚད་མེད་གསུང་སེམས་བྱང་ཆུབ་སེམས། །ལྡང་དང་རྣམ་པར་ལྡང་བའི་ཡིད། །ཀུན་ནས་བསྐྱོད་པས་དབུགས་ཕྱུང་སྟེ། །མི་གཙང་གནས་ལས་གྲོལ་བར་འགྱུར། །དེ་རྣམས་ཕྱོགས་གཅིག་གནས་འཁོད་ཅིང་། །ཉོན་མོངས་ལ་སོགས་འགྱོད་བཅད་གསུངས། །རིགས་བདག་ཀུན་ལ་གསོལ་བ་འདེབས། །རང་གི་སྦྱོར་བའི་རྫས་འཕྲུལ་ཞིང་། །དབང་བསྐུར་དམ་ཚིག་ལ་གནས་ཤིང་། །ཀུན་ནས་དམ་བཅས་སྨྲ་བའི་ཚིག །དུས་ཀུན་མི་འགྱུར་བརྟན་པར་གནས། །རྡོ་རྗེ་ཐེག་པའི་དོན་བཞིན་དུ། །ཡང་དག་སྒྲུབ་ལ་ནན་ཏན་གྱིས། །ཚོགས་ཀྱི་དཀྱིལ་འཁོར་གཟུང་བྱེད་ཅིང་། །དེ་མིང་འཛིན་བཅས་བསྲུང་བར་མཛད། །འཁོར་གྱི་དབང་ཕྱུག་བྲན་ཚོགས་རྣམས། །གཙོ་བོའི་བཀའ་བཞིན་ཉེ་བར་གནས། །མངོན་རྫོགས་སངས་རྒྱས་ཡེ་ཤེས་ལ། ཤེས་རབ་ཆེར་ལྡན་སྦྱོར་བའི་མཐུས། །ཐུགས་རྗེའི་བདག་པོའི་ལུང་བཞིན་དུ། །རབ་ཏུ་སྤྱོད་པས་གྲོལ་འགྱུར་དང་། །དུས་མཐར་ཇི་སྲིད་སེམས་ཅན་དོན། །དམ་བཅས་བྱང་ཆུབ་སྤྱོད་པའི་མཆོག །སྟོབས་ཆེན་དྲག་པོའི་ཚོགས་རྣམས་ཀྱིས། ཁྲོ་བོའི་དཀྱིལ་འཁོར་མངོན་རྫོགས་པས། །བདེ་གཤེགས་མཛད་པའི་བྱིན་རླབསམཆོག །སྒ་འཕྲུལ་དྲ་བའི་ངང་ཚུལ་ཅན། །ཤེས་རབ་གནས་ཀྱི་ཕྱག་རྒྱ་ལས། །ཀུན་ནས་སྤྲོ་དང་བསྡུ་བའི་མཐུས། །འཁོར་ལོའི་གནས་ཀུན་རྒྱས་འགྱུར་ཏེ། །ཡང་དག་ཡི་གེ་རླུད་གི་ཚོགས། ། གནས་ཀུན་བརྟན་ཚོརྐིས་བསྡུད་པའི་བདག །མེ་རླུད་ཡང་དག་སོགས་རྒྱས་པས། །སྤྲུལ་པའི་དཀྱིལ་འཁོར་མཚན་བཅས་རྫོགས། །མ་ལུས་ཆོས་ཀྱི་གནས་འཇུག་ཅིང་། །ལོངས་ སྤྱོད་རྫོགས་སྐུ་རྒྱན་གྱི་བདག །ཡང་དག་བརྒྱད་ཀྱི་སྒྲ་གནས་སྤེལ། །རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ཉིད། །བཅུ་དྲུག་རོལ་པའི་ཕོ་ཉ་ཡིས། །བདེ་བ་ཆེན་པོའི་འཁོར་ལོ་རྒྱས། ། ཀུན་ནས་སྤྲོ་དང་བསྡུ་བ་ཡི། །ཕྱི་ནང་འཇིག་རྟེན་དག་མཛད་པ། །དྲག་པོའི་ཚོགས་རྣམས་འཇོམས་མཛད་ཅིང་། །རིགས་ཀྱི་འཁོར་ལོ་རྫོགས་པ་འོ། །ཞིང་ཁམས་ཐམས་ཅད་དག་པར་མཛད་ པའི་ དཀྱིལ་ འཁོར་ཀུན་ ནས་སྤྲུལ་ པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་ བ་ གསང་ བའི་སྙིང་ པོ་ དེ་ཁོ་ན་ ཉིད་ རོལ་ པ་ ཆེན་ པོའི་ ཐལ་ བའི་རྒྱུད་ ལས། ཁྲོ་ བོའི་དཀྱིལ་ འཁོར་ མངོན་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྣལ་འབྱོར་དབང་ཕྱུག་མཆོག །དབང་པོ་ཡུལ་དུས་རོལ་པ་ཡི། །ཐབས་དང་ཤེས་རབ་སྦྱོད་པའི་གཞི། །བྱ་བ་ཆེན་པོ་ལས་འདི་གསུངས། །ཐབས་ཀྱི་ཕྱག་རྒྱ་ཐབས་ རྣམས་རྫོགས། །དེ་དག་རྣམ་ཤེས་དབང་པོར་བཅས། ཁེན་ཏུ་བརྟན་པའི་བདག་ཉིད་ཅན། །བྱ་བ་ཀུན་ནས་སྐད་ཅིག་ལས། །རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་མཆོག །ཡུལ་བཅས་རྣམ་པར་དག་བྱེད་ཅིང་། །བདེ་གཤེགས་བྱང་ཆུབ་ཡན་ལག་རྫོགས། །ཡིད་ཀྱི་ཡི་གེ་རྒྱུ་དང་བཅས། །རྡོ་རྗེ་རིགས་དང་དེ་བཞིན་རིགས། །རིན་ཆེན་པདྨ་ལས་རྣམས་ཀྱིས། །ཆ་ལུགས་རྫོགས་པས་ཀུན་སྤྱོད་པ། །དག་པའི་དཀྱིལ་འཁོར་རྣམ་པ་གསུམ། །རྟོགས་པ་གཞི་ཡི་བདག་ཉིད་ཅན། །གཉིས་མེད་ཡེ་ཤེས་ཐུགས་རྗེ་ཆེ། །སྤྲུལ་པའི་ཏིང་འཛིན་ཡོངས་སུ་རྒྱས། །ཐབས་ཀྱི་སྤྱོད་པ་རྒྱ་ཆེན་དེ། །ཀུན་ནས་སྒྲོ་དང་བསྡུ་བ་དང་། །དེ་དག་དཀྱིལ་འཁོར་ ཇི་བཞིན་ པའོ། །སྤྲོས་ བཅས་སྤྲོས་ པ་ མེད་ པ་ དང་ ། །རྩེ་ གཅིག་བརྟན་པའི་ཕྱག་རྒྱའི་མཆོག །ཤེས་རབ་རིགས་ཀྱི་ལྷ་མོ་རྣམས། །ཉེ་བར་བཀོད་སྦྱངས་བྱིན་རླབས་ཀྱིས། །སོ་སོའི་ མཚན་མ་རྒྱན་ལྡན་པར། །ཡང་དག་བརྟགས་པས་སྦྱོར་བའི་གནས། །རྡོ་རྗེ་འཁོར་ལོ་ལ་སོགས་ཀྱི། །མཚན་ལྡན་མ་ཡི་ཚུལ་བཞིན་དུ། །རབ་ཏུ་སྦྱངས་པའི་ཕྱག་རྒྱའི་ཚོགས། །ཤེས་རབ་ཉེ་བར་སྦྱོར་བའི་མཐུས། །རོལ་པའི་བརྟུལ་ཞུགས་གནས་རྒྱས་ཏེ། ། གང་ཟག་བཞི་ཡི་བྱེ་བྲག་གིས། །ཐ་དད་དཀྱིལ་འཁོར་ཡུལ་ཀུན་རྫོགས། །རིགས་མཆོག་ཕྲིན་ལས་ཐམས་ཅད་ཀྱིས། །སྦྱོར་རྟགས་ཕྱག་རྒྱ་བདེ་བ་ཡི། །ཐང་ཅིག་ཡུད་ཙམ་སྐད་ཅིག་སོགས། །བསྐལ་པ་ཆེན་པོའི་བར་དུ་གནས། །ཡེ་ཤེས་སྒྲིབ་སོགས་ཀུན་བྲལ་ཞིང་། །ཡེ་ཤེས་ཕུན་སུམ་ཚོགས་པའི་བདག ཁེས་རབ་སྤྱོད་པ་བླ་ན་མེད། །ཆོས་དབྱིངས་ཡུལ་ལ་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བདག་ཉིད་ཀྱིས། །ཐམས་ཅད་ཡུལ་ཀུན་དབང་བསྒྱུར་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །རང་བཞིན་རྫོགས་པའི་དཀྱིལ་འཁོར་ཆེ། །དུས་གསུམ་རྫོགས་པ་ཆེན་པོར་སྦྱོར། །རྣམ་ཤེས་དབང་པོ་ཡུལ་གྱི་རྒྱུན། །ཀུན་ནས་རོལ་པའི་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོའི་ཐིག་ལེ་དབྱིངས། །མཚན་མའི་ཚུལ་བཅས་གཉིས་མེད་པའི། །ཐབས་དང་ཤེས་རབ་འབྲས་བུའི་མཆོག །ཀུན་ནས་དཀྱིལ་འཁོར་སྙོམས་འཇུག་ཅིང་། །རང་བཞིན་ཡུལ་ཀུན་ལས་འདས་པའི། །ཟུང་འཇུག་གསང་བ་སྤྱོད་པའི་མཆོག །ཀུན་ནས་མ་འགགས་རོལ་པའི་ཚོགས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དབྱིངས། །རྣལ་འབྱོར་གཉིས་མེད་སྤྱོད་པའི་དོན། །ངོ་མཚར་ཡུལ་ཀུན་རྨད་དུ་བྱུང་། །ཇི་ལྟར་འགྲོ་ཉལ་འདུག་པ་དང་། །སྤྱོད་ལམ་གང་ཚེ་གནས་པའི་དུས། །སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་མཆོག །ཀུན་རྒྱུད་རྣམ་གསུམ་དག་པ་ཡི། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ལས། །ཞིང་ཁམས་ཐམས་ཅད་རྣམ་སྦྱངས་ཏེ། །ཡང་དག་བསྲུང་བ་འགྲུབ་པར་འགྱུར། །དམ་ཚིག་རྣམ་པར་ཉམ་པ་དང་། །མཐུ་ཆེན་དབང་བྱིན་བརླབས་པའི་དོན། །དཀྱིལ་འཁོར་ཆེན་པོ་བརྟན་གནས་ཤིང་། །ཀུན་ནས་བསྲུང་བའི་འཁོར་ལོར་ལྡན། །ཐབསདང ་།ས་གནས་འཇུག་པ་ཡི། །སངས་རྒྱས་དོན་ཡོད་གྲུབ་པའི་མཆོག །ཡང་དག་སྦྱོར་བས་ཀུན་དགུག་ཅིང་། །མ་ལུས་འདུས་པའི་ཐིག་ལེ་ཉིད། །དམ་ཚིག་ཆེན་པོའི་ལྕེ་ལ་བཞག །སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས། །་ མ་པར་གནས་སྦྱང་དབང་བསྐུར་ཞིང་། །སངས་རྒྱས་ཀུན་གྱིས་བྱིན་རླབས་མཆོག །ཀུན་ནས་འདུས་པའི་ཚུལ་བསྒོམས་ནས། །གནས་གསུམ་རྫོགས་པའི་ཚུལ་འདི་ཡིས། །དཀྱིལ་འཁོར་ཀུན་ནས་སྐལ་པ་མཉམ། །འདོདཔ་ཐམས་ཅད་བསྐང་བ་དང་། །དམ་ཚིག་མཆོག་རྣམས་རྫོགས་པར་འགྱུར། ཁ་ཟས་སོགས་ཀྱིས་དུབ་པ་དང་། །སྤྱི་བོ་ཟླ་དཀྱིལ་བདུད་རྩི་ལྔ། །ཡི་གེ་ལྔ་འོད་འབར་བའི་མཐུས། །རིགས་དང་རིགས་བཅས་ཞིང་ཁམས་རྣམས། །རྣམ་པར་སྦྱོར་བས་རྫོགས་པ་ཉིད། །མཚན་མ་ཕྲ་མོ་སྐུ་ཡི་ཚོགས། །ཀུན་ནས་སྤྲོ་ཞིང་བསྡུ་བའི་མཐུས། །ཕྱོགས་བཅུའི་རིགས་ཀྱི་བདག་པོ་ཉིད། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། །བདུད་རྩི་བཅུད་ རྣམས་རབ་རྫོགས་པའི། །བྱང་ཆུབ་སེམས་མཆོག་སྙིང་པོ་ཉིད། །ཡང་དག་བསྡུས་པས་རྒྱས་པར་འགྱུར། །ཀུན་ཏུ་ཚིམ་པའི་སྟོབས་ཀྱིས་ནི། །རྡོ་རྗེ་འཛིན་དང་གྲལ་མཉམ་འགྱུར། །ལོངས་སྤྱོད་འདོད་ཀུན་བྲལ་བ་ཡི། །དེ་དག་རྒྱས་པར་སྒྲུབ་པའི་ཕྱིར། །རིན་ཆེན་འབྱུང་ལྡན་ཏིང་འཛིན་མཆོག །རིན་ཆེན་བུམ་པ་བཟང་པོ་ལས། །ཡང་དག་བདེན་པའི་མཐུ་བརྗོད་ཅིང་། །ཇི་སྲིད་མེ་ཏོག་ཕྲེང་བཅས་པའི། །བདུད་རྩི་ཆུ་རྒྱུན་བཟང་པོ་ཉིད། །འདོད་པ་ཐམས་ཅད་དབང་མཛད་པའོ། །སྔགས་དང་ཕྱག་རྒྱ་རྣམ་པར་སྤེལ། །རིན་ཆེན་རིགས་ མཆོག་ ཐམས་ཅད་ཀྱི། །བྱིན་རླབས་འོད་ ཟེར་ཀུན་ བསྡུས་ ཏེ། །གནས་ལྔ་ དག་ཏུ་སྦྱོར་བྱས་ པས། །འཁོར་ ལེའི་སྒྱུར་རྒྱལ་ གནས་ ཆེན་ འགྲུབ། །ཡང་ དག་ སངས་རྒྱས་ཀུན་ དང་མཉམ། །ཆེས་དབང་བྱིན་རླབས་ ཉམས་ པ་ དག །མཐའ་ ཡས་ མགོན་ པོ་ དཔག་ མེད་སྐུ། །མཛོད་སྤུ་ རིན་ ཆེན་ གཞལ་ ཡས་ ཁང་ ། །བྱང་ཆུབ་ སེམས་ཉིད་ ཨ་ཤའི་ གཟུགས། །འོད་ གསལ་ ཁ་དོག་ལྔ་དང་ལྡན། །རིགས་ཀྱི་ཕྱག་རྒྱ་བརྟེན་བྱས་ཏེ། །ཆགས་པའི་ཡུལ་བཅས་དབང་གི་སྐུ། ཁྲོ་བོ་མཚོན་ཆས་ཕྲེང་བ་བཅས། །ཡང་དག་བསྲུངས་བས་བསྲུང་བྱ་སྟེ། །མི་མཐུན་ལས་ཀུན་རྣམ་པར་འཇོམས། ཁྲོ་བོ་སྤྲུལ་པ་བསམ་ཡས་དང་། །ཕྱག་རྒྱའི་མཚན་མ་ཐམས་ཅད་ཀྱིས །ཡུལ་ཀུན་གནས་ནས་ཤིས་བྱས་ཏེ། །མཁའ་སྤྱོད་དྲ་བའི་ལས་ཆེན་པོ། །རྣམ་པར་སེལ་བར་དགེས་པ་དག །སངས་རྒྱས་ཀུན་གྱི་མདངས་དང་ལྡན། །སྤྲུལ་པའི་ཕྲེང་བའི་འོད་དང་བཅས། །བཀྲ་ཤིས་གཡུང་དྲུང་དཔལ་བེ་ལྭ །བུམ་པ་བཟང་དང་གདུགས་ཀྱིས་མཚན། །མི་ཤིགས་རྡོ་རྗེ་སྙིང་པོའི་སྐུ། །ཕྱག་རྒྱ་བཀོད་པའི་མཐའ་ཡས་ཤིང་། །ཚ་དབང་རིགས་ཀུན་རྒྱས་མཛད་དེ། །ཡིད་བཞིན་ནོར་བུ་ཐེག་པའི་མཆོག །འདོད་པས་གནས་མལ་ཐམས་ཅད་དུ། །དཀྱིལ་འཁོར་འབྲེལ་བས་ཆགས་པའི་གནས། །བཟའ་བཏུང་ལོངས་སྤྱོད་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་ས་བོན་གྱིས། །འཕྲོ་འདུའི་བྱིན་བརླབས་སྤྲུལ་པའི་ཚོགས། །གནས་ཀུན་ཉེ་བར་སྒར་བྱེད་པའི། །འདོད་པའི་ལོངས་སྤྱོད་ལྷ་མོར་བཅས། །སངས་རྒྱས་ཐེག་པ་ཀུན་གྱི་བདག །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་ཞིང་། །ལྔ་གཉིས་རྫོགས་པའི་འོད་ཟེར་དང་། །ཉི་ཤུ་རྩ་ལྔའི་འོད་ཟེར་གྱིས། །དོན་ཀུན་ག་སང་བའི་བདག་པོ་ལས། །སྦྱོར་བའི་ཡན་ལག་བདུན་སྣང་ཞིང་། །གཉིས་མེད་གཉིས་སུ་སྤྲུལ་པ་ཡི། །རྒྱལ་བ་ཀུན་འབྱུང་བདག་ཉིད་དོ། །ཀུན་ཏུ་བསྲུང་བའི་ཕྱག་རྒྱ་ཡིས། །གནས་རྣམས་ཀུན་ཏུ་རྒྱས་བཏབ་ཅིང་། །ཅོད་པན་ཕྲེང་བའི་མྱུ་གུར་བཅས། །རང་གི་དམ་ཚིག་རྫོགས་པའི་མཆོག །གནས་བརྟགས་སྣ་ཚོགས་རྡོ་རྗེ་ལས། ཁྲོ་བོ་ཡབ་ཡུམ་སྦྱོར་བའི་རྒྱརིན་ཆེན་ཕྲེང་བ་རྡོ་རྗེ་མཚོན། །མདུན་རྒྱབ་གནས་ཀུན་བརྟན་པ་ཉིད། །དབུ་རྒྱན་རིགས་ལྔའི་མཚན་མས་མཛེས། །སངས་རྒྱས་ཀུན་རྫོགས་དབང་བསྐུར་མཆོག །སྣ་ཚོགས་བརྙ་ཕྲེང་ཚོགས་བཀླུབས། །གྲོང་ཁྱེར་བཟང་པོའི་གནས་འདི་སྲ །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ལྷ་མོའི་མཆོད་པ་བླ་ན་མེད། །ཐབས་ལ་ཤེས་རབ་རོལ་པ་དང་། །ཐབས་དང་ཤེས་རབ་རོལ་པ་ཉིད། །འཇུག་པའི་རྒྱུ་དང་འབྲས་བུའི་བདག །བྱ་བ་རྫོགས་པའི་ཕྱག་རྒྱ་ཡིས། །ཡང་དག་འཕོ་བ་བརྟན་མཛད་པའི། །ཕྱོགས་མཚམས་གནས་ཀུན་འཇུག་པའི་ཚུལ། །མི་གཉིས་རྡོ་རྗེ་མཚན་ལྡན་པས། །གླུ་གར་དབྱངས་ཀྱིས་ཀུན་སྤྱོད་ཅིང་། །ཡན་ལག་རོལ་པའི་འཁོརལོ་དང་། །རྣམ་པར་སྦྱོར་བའི་བྱང་ཆུབ་སེམས། །མཚན་ལྡན་པ་ཡི་ཕོ་བྲང་དུ། །བདུད་རྩི་རྣམ་པ་ལྔ་དང་བཅས། །བྱིན་རླབས་བསྒྲུབས་པས་གསལ་བ་ཉིད། །བདེ་བ་ཆེན་པོའི་གནས་རྣམས་སུ། །རྣམ་པར་སྦྱོར་བའི་བྱང་ཆུབ་སེམས། །རོལ་པའི་བརྟུལ་ཞུགས་གར་བསྐུལ་ཞིང་། །ལྷ་མོའི་ཚོགས་ཀྱིས་གར་དང་གླུ། །སྤྲུལ་པའི་དོན་ཀུན་སྤྱོད་པའི་མཆོག །བསོད་ནམས་ཚོགས་ཀྱི་འཁོར་ལོའི་ས། །ལུས་ངག་རྒྱུད་བཅས་དག་འགྱུར་ཞིང་། །རྣལ་གྲོལ་དཀྱིལ་འཁོར་རྫོགས་པའི་མཆོག །ཡེ་ཤེས་ཚོགས་མཆོག་མཐའ་ཡས་པའི། །ཀུན་ཏུ་སྨོན་ལམ་མ་འགགས་པ། །མཚན་མའི་ཡུལ་དུ་ཀུན་བྱེད་ཀྱང་། །ཟག་བཅས་སྤྱད་པ་བརྟགས་ལས་བྱ། །ཁམས་གསུམ་འབྲས་བུ་ལས་དང་བཅས། །ཐུགས་རྗེ་ཡེ་ཤེས་བྱིན་བརླབས་མཐུས། །གཉིས་མེད་དངོས་གྲུབ་འབྲས་བུ་རྣམས། །ཀུན་ཏུ་རྫོགས་པའི་སྟོབས་ཀྱིས་ནི། །ཟག་པ་མེད་པའི་དོན་འབྱུང་ཞིང་། །རང་གི་ངོ་བོ་ཉིད་གསལ་བྱེད། །སྦྱོད་པ་རྣམ་པར་གྲོལ་བའི་མཆོག །རྒྱལ་བའི་མཛད་པ་ཀུན་རྫོགས་པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉེས་པའོ།། །།དེ་ནས་འཁོར་གྱི་ཚོགས་རྣམས་ཀྱིས། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ལ། །རབ་ཏུ་བརྟགས་པས་འཇུག་འཀྱུར་ཅིང་། །བྱིན་བརླབས་ཡུལ་ཀུན་མཉམ་པར་འཇོགརང་གི་ཡེ་ ཤེས་ཇི་ལྟ་བར། །དེ་དག་སྣང་བ་བསམ་མི་ཁྱབ། །ཆོས་ཀྱི་རྒྱུན་གྱིས་བྱ་བ་དང་། །མངོན་པར་བསྐྱེད་པས་རྒྱ་ཆེན་རྫོགས། །ངོ་མཚར་ཡོན་ཏན་གནས་ལ་འཇུག །སངས་རྒྱས་ཐམས་ཅད་བསྟན་པའི་གནས། །རྣམ་པར་སྦས་པས་གསང་བའི་ཚུལ། །ཕྱག་རྒྱ་ཐབས་ཚོགས་ཆོ་ག་ཀུན། །བསྟན་པའི་གནས་སུ་འབྱུང་འཇུག་ཐིམ། །ཀུན་ཏུ་བཟང་པོའི་དཀྱིལ་བསྟན་པ་ནི། །ཡང་དག་ཡེ་ཤེས་དཔེ་ལས་འདས། །དགོངས་པ་མི་ཤིགས་བླ་མེད་པ། །བྱ་བའི་འཁོར་ལོ་བསམ་མི་ཁྱབ། །སྐུ་ཡི་སྐུ་སྟེ་སྐུ་ཡི་མཆོག །མཉམ་པ་ལྔ་ཡི་བདག་ཉིད་ལ། །ཕྱག་རྒྱའི་དཀྱིལ་འཁོར་ཀུན་འཇུག་ཅིང་། །སུམ་ཅུ་རྩ་གཉིས་རྫོགས་པ་ཡིས། །བསྙེན་སྒྲུབ་ཡན་ལག་གནས་ཆེན་པོ། །ཨེ་ཧ་ཨ་ཤའི་སྦྱོར་ལྡན་ཞིང་། །འཇིགས་བྱེད་སྲུ་ཧྭ་ཙ་ཏའི་མཐའ། །ཕོ་བྲང་མ་བཅོས་པདྨའི་དབྱིངས། །བ་ཏ་བ་རི་ས་ཧ་ཛ། །རྒྱུ་ཡི་འཇུག་པ་རྣམ་བདུན་གྱིས། །རྐྱེན་གྱིས་ནམ་མཁའ་རྣམ་པར་དག །ཡང་དག་ཉེ་བར་བསགས་པའི་རྒྱུད། །དྲུག་དང་དྲུག་བཅས་མཐའ་རྣམས་འགོགས། །འབྲས་བུ་དེ་ནས་མཐུན་པའི་ཆོས། །རྣམ་གསུམ་སྦྱོར་བ་སྟོབས་ཀྱིས་རྫོགས། །ཉམས་པ་མེད་པའི་ཐབས་རྣམས་ཀྱིས། །རྒྱལ་བའི་ཕོ་བྲང་བཅུ་དྲུག་གནས། །ཟླ་ཕྱེད་ཡོངས་སུ་གང་བ་ཡི། །དཀྱིལ་འཁོར་གསལ་བ་ཆ་རྒྱས་འགྱུར། །མཚན་མ་སྣ་ཚོགས་ཏིང་འཛིན་དངོས། །དེ་དག་གནས་ཀུན་ལྷུན་གྲུབ་པའི། །དེ་དག་རིགས་ཀྱི་ཡི་གེ་བཟང་པོའི་ཚོགས། །མཚན་མ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཐེག་པ་མདོར་བསྡུས་ཏེ། །ཡུལ་དང་ཡུལ་ཅན་གཉིས་མེད་པར། །བྱང་ཆུབ་སེམས་སོགས་མ་རྒྱས་པར། །རང་བཞིན་རྣམ་དག་དཀྱིལ་འཁོར་མཆོག །མི་རྟོག་ངོ་བོ་དམིགས་དང་བྲལ། །རབ་སྦྱངས་སྦྱོད་པ་རྫོགས་འགྱུར་ཞིང་། །ཕྲོ་བྲང་ཡི་གེ་མ་བྲལ་བར། །ཡུལ་ཀུན་སྦྱོར་བའི་ཏིང་ངེ་འཛིན། །དཀྱིལ་འཁོར་བདག་དང་གཞན་པའི་རྒྱུད། །ཀུན་ནས་སྒྱུ་འཕྲུལ་དྲ་བའི་དངོས། །ཐ་དད་ཡུལ་རྣམས་བསམ་ཡས་པའི། །ཕྲེང་བའི་ཆ་དང་ཆ་ལས་འདས། །དམིགས་པ་ཀུན་ལ་འཇུག་པའི་རྒྱུན། །དེ་མཐའ་སྤྲོ་དང་བསྡུ་བའི་ཚུལ། །མཉམ་ཉིད་རྟོགས་པ་རྣམ་ལྔ་ཡི། །ཕྱག་རྒྱ་རྫོགས་པའི་ཐིག་ལེའི་ཚུལ། །རང་གི་གནས་འཇུག་ཐིག་ལེའི་རྒྱུན། །འཁོར་ལོའི་ཚུལ་བཞིན་འཇུག་པ་འོ། །ཇི་སྙེད་དངོས་གྲུབ་སྙིང་པོའི་མཆོག །རབ་ཏུ་རྟོག་པ་རྣམ་བཞི་ཡིས། །བྱེ་བྲག་ཡུལ་ཚོགས་གཉིས་མེད་པར། །སྣང་བ་རྣམ་པར་དག་པའི་ཚུལ། །ཉུང་བར་བསྡུས་པས་རྫོགས་བྱས་ཏེ། །དམ་ཚིག་དཀྱིལ་འཁོར་མཉམ་པ་དང་། །ཐུགས་རྗེ་འབྱུང་བའི་བདག་པོ་ཉིད། །ཡེ་ཤེས་སེམས་དཔའ་སྔགས་ལམ་ལས། །དམ་ཚིག་འཕྲོ་འདུའི་བྱེ་བྲག་ལས། །ཡན་ལག་གནས་ཀུན་རྫོགས་འགྱུར་ཞིང་། །འོད་ཀྱི་ཐིག་ལེ་རྣམ་པར་དག །བུ་གའི་ཚོགས་རྣམས་ཐམས་ཅད་དུ། །དངོས་པོ་དྲུག་གིས་གནས་ཁྱབ་ཅིང་། །རྟེན་དང་བརྟེན་པའི་ཡེ་ཤེས་ཚོགས། །ཏིང་འཛིན་སེམས་དཔའི་བདག་ཉིད་དོ། །ས་བོན་ཟླ་བའི་ཐིག་ལེར་བཅས། །ཡང་དག་སྦྱངས་པས་རྫོགས་པའི་སྐུ། །བྱང་ཆུབ་གནས་ཀྱི་རྒྱན་ལྡན་ཞིང་། །མཐར་ཕྱིན་སངས་རྒྱས་ཀུན་གྱི་ཐུགས། །དུས་གསུམ་རྒྱན་གྱི་ཏིང་ངེ་འཛིན། །ངོ་བོ་གཅིག་ཉིད་སྣ་ཚོགས་མདངས། །ཐབས་ཀྱི་སྤྲུལ་པ་བསམ་ཡས་ཏེ། །སངས་རྒྱས་དྲུག་གི་མཛད་བཅས་པས། །དཀྱིལ་འཁོར་བླ་ན་མེད་པའི་མཆོག །ཡེ་ཤེས་དཀྱིལ་འཁོར་ཐམས་ཅད་ཀུན། །དགའ་མགུ་རངས་བས་མཉེས་བྱས་ཏེ། །འཁོར་ལོའི་ཆ་ཤས་གཉིས་གྱི་ཚུལ། །གསལ་འདེབས་སྔགས་དང་ཕྱག་རྒྱ་ཡིས། །རང་གིས་ཡུལ་དུ་གཤེགས་གསོལ་ཞིང་། །དུས་ཉིད་འགྲོ་ལ་གཟིགས་པའི་མཐུས། །ཇི་སྲིད་བཀོད་པ་རྒྱ་ཆེན་དོན། །ཕ་རོལ་ཕྱིན་པའི་ཚོགས་རྣམས་ཀྱིས། །སངས་རྒྱས་ཐེག་པ་བརྟན་པར་བྱེད། །སྦྱིན་སོགས་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཚོགས། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི། །བྱ་བ་ཆེན་པོས་གཞན་རྒྱུད་སེལ། །ཡང་དག་མཉམ་ཉིད་ཡེ་ཤེས་ཆེ། །འགྲོ་རྣམས་རྡོ་རྗེ་འཛིན་པ་ཡི། །གནས་ཀུན་མངོན་པར་སྦྱོར་བྱས་ཏེ། །ཐབས་དང་ཤེས་རབ་སྦྱོར་བའི་བདག །གཉིས་མེད་སྤྲུལ་པ་བསམ་ཡས་པས། །དེ་དག་རྣམ་པར་རྫོགས་ པ་ཡི། །བྱང་ཆུབ་ཡན་ལག་རིན་ཆེན་རྫས། །རང་གི་གནས་མིན་པ་རུ་བཞག །སྤྱོད་ལམ་རྒྱུན་གྱིས་བཀོད་བྱས་ཏེ། །ཆུ་བོ་རྒྱུན་གྱིས་ཚུལ་འཇུགཔ། །རྣམ་པར་གྲོལ་བའི་ཐེག་པ་མཆོག །འགྲོ་བ་ཐམས་ཅད་རིན་ཆེན་རྫས། །ནམ་མཁའ་ལ་གནས་བྷ་ག་ཉིད། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །དཀྱིལ་འཁོར་ཆེན་པོ་དབང་བསྐུར་ཞིང་། །དམ་ཚིག་གསང་བ་ལ་གནས་བྱེད། །ཀུན་ནས་སྨིན་པའི་བྱིན་རླབས་ཀྱིས། །དེ་དག་མཐའ་དང་ཚུལ་གཞན་གྱིས། །གྲོང་ཁྱེར་མཆོག་རྣམས་སྤྲུལ་པའི་སྐུ། །ལོངས་སྦྱོད་གནས་ཆེན་ཀུན་དགའ་བ། །རྡོ་རྗེ་རིནཆེན་པད་མོའི་ཚོགས། །རབ་སྦྱངས་དམིགས་པས་འགྲུབ་འགྱུར་ཞིང་། །བཅུ་དྲུག་ཆ་ཤས་རྣམ་པར་འཕེལ། །རབ་ཏུ་སྦྱངས་པའི་ཡུལ་འདི་ནི། །དམ་པའི་ཡེ་ཤེས་འཇུག་པའི་གནས། །བྱ་བའི་འཁོར་ལོས་གཞན་རྒྱུད་ གས། །རབ་སྦྱངས་ད གས་པས་ འགྲུབ་འགྱུར་ཞང་ ། །བཅུ་དྲུག་ཆ་ཤས་རྣམ་པར་འཕེལ། །རབ་ཏུ་སྦྱངས་པའ་ཡུལ་འད་ནི། །དམ་པའི་ཡེ་ཤེས་ འཇུག་པའི་གནས། །བྱ་བའི་འཁོར་ལོས་གཞན་རྒྱུད་སེལ། །དོན་ཀུན་རྫོགས་པའི་ཐིག་ལེ་ཉེད། །རང་བྱུང་གནས་སུ་བརྟན་པ་ཡིན། །ཞེས་བཀོད་པ་རྒྱ་ཆེར་མཛད། །རྡོ་རྗེ་སེམས་དཔའ་སྒ་འཕྲལ་དྲ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རོལ་པ་ཆེན་པོ་ཐལ་བའི་རྒྱུད་ལས། སྦས་པའི་གསང་བའི་ ཚུལ་ལ་འཇུག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྒྱུ་འཕྲུལ་ངོ་མཚར་བཤད་པའི་དྲ་བ། གསརྗི་བསྙི་ ང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རོལ་པ་ཆེན་པོ་ཐལ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙྭ་བ་གཉགས་བན་ཙྭ་ན་ཀུ་ནཱ་རས་བསྒྱུར་བའོ།། །ཁུ་བྷ་བནྟྲ། །སིརྙི་རསྟུ། གཞིརྒྱུད་བདེབར་་གས་པའི་སྙིང་པོའི་ཁམས། །སདབྱེད་ཐབས་མཆོག་རྡོ་རྗེའི་ཚིག་གིརྒྱུད། །ཡིགེརབསྒྲུབས་འདིསམཚོན་ནས་འབྲསབུའི་རྒྱུད། །ཟུང་འཇུག་སྐུ་བཞིའི་གོ་འཕངམྱུར་ཐོབ་ཤོག །ཅེས་ལུར་མེདརྡོརྗེས་སོ།། །།