Ngb-pt-0958-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བ། བཅོམ་ལྔན་རྡོ་རྗེ་སེམས་དཔའ་གཙོ། །ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས། །འཁོར་ལོ་སྙིང་པོ་སྟོན་མཛད་པ། །གཉིས་མེད་ཡིད་ཀྱིས་ཕྱག་འཚལ་ལོ། །སྦ་འཕྲུལ་དྲ་བ་རྡོ་རྗེ་སེམས། །གསང་བའི་སྙིང་པོའི་རྒྱུད་དག་ལས། །སྔོན་ཆེན་བཅུད་ཐུགས་སྐལ་ལྡན་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། །རྒྱ་མསྣོ་ལས་ནི་ཆུ་ཐིགས་བཞིན། །ཡེ་ཤེས་རྒྱ་མཚོ་ཐུགས་ཀྱི་ཐུག་ས། །མི་འཇིགས་ཕུང་པོ་ཇི་བཞིན་དུ། །ཡེ་ཤེས་ཐུགས་ཀྱི་བཅུད་གསུམ་པོ། །རང་བཞིན་བདེར་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་གཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ལས་གསལ་བར་བཤད། །ཡན་ལག་རྡོ་རྗེ་རྣམ་བཞི་པོ། །ཐོག་མར་བསྟན་པའི་བྱང་ཆུབ་སེམས། །འགྲོ་བ་མང་པོ་སེམས་རྒྱུད་རྣམས། །ལོག་རྟོག་ངོ་བོ་རྒྱུ་རྐྱེན་གྱིས། །ཐ་དད་དུས་ན་གསེར་བཞིན་དུ། །རང་འབྱུང་ཡེ་ཤེས་ཐ་དད་མེད། །དེའང་འཆིང་གྲོལ་གཉིས་ཀའི་བདག །མེ་ལོང་དང་ནི་གཡའ་བཞིན་དུ། །ཕན་ཚུན་སྤངས་པ་མེད་པ་ལ། །བྱིས་པ་གཞི་དང་རྟེན་ཞེས་སྨྲ། །མཁས་པས་ལྷུན་གྲུབ་སྨྲ་བསམ་འདས། །འདི་སྐད་གསང་བའི་རྒྱུད་ཉིད་ལས། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །ཡང་ནི་སྒྱུ་འཕྲུལ་དྲ་བ་ལས། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །གསུངས་ པས་རང་བཞིན་རྒྱུད་ཉིད་ནི། །མ་རིག་ཡེ་ཤེས་ཐ་དད་མེད། །ནམ་མཁའ་དང་ཡང་སྤྲིན་གྱི་གནས། །ངང་རིས་ཅན་གྱི་བགོ་བ་ལྟར། །རྟོག་སེམས་མི་མབསེམས་ཉིད་དུ། །གཅིག་པས་རང་སེམས་ཐུག་མེད་ལས། །དཔེར་ན་ཨབྱ་རྫ་བྷ་ལྷས། །ནེའུ་ལེ་རྐྱལ་པ་རིན་ཆེན་ཆར། །རྒྱལ་པོ་ཡང་དག་དོན་གྱིས་གནས། །བྲམ་ཟེ་དམ་པ་ཙི་བི་ར། །དབུལོཔྲ་ཏྭ་གྲོང་ཁྱེར་དང་། །རིགས་ངན་ཤརྙ་རསྒའི་གནས། །གདོལ་བའི་གྲོང་དུ་རིན་པོ་ཆེ། །སྣ་ཚོགས་རིན་ཆེན་ཕལ་བ་ལྔ། །བྱེ་ཚུབ་གྲམ་པ་ལྷད་རས་ཧྲུལ། ཁྲ་ཁྲག་རུས་པ་རིན་ཆེན་སིལ། །གཅིག་ལ་སོ་སོར་སྣང་བ་བཞིན། །སྤྱོད་ཡུལ་ཐ་དད་སྣང་བ་ཡང་ རང་སེམས་རྐྱེན་གྱི་རྣམ་པ་ཙམ། །ངོ་བོས་རིགས་རྒྱུད་ཕྱོགས་མེད་པས། །དེ་ལ་དེར་བསྒྱུར་སྣང་བཏུབ་བོ། །སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོ་འཛིན་རྟོག་བག་ཆགས་ཀྱིས། །རང་གིས་བསྒྲིབས་ཤིང་རྟག་ཏུ་འཁོར། །འདི་སྐད་གསུངས་པའང་ཐོགས་མེད་ནས། །སེམས་ལས་ལོགས་སུ་མ་གྱུར་ཅིག །རྒྱུ་རྐྱེན་ལས་ཀྱི་གློ་བུར་བའི། །སྤྱོད་ཡུལ་སྣང་དུས་ཐོག་མཐའ་མེད། །སེམས་རྒྱུད་གཉིས་ཀུན་ལྷུན་གྲུབ་པ། །ནོར་བུ་རིན་ཆེན་ལྟ་བུ་་་་་་་་ལ། འགལ་བ་འདུས་ཞེས་ཐེག་དམན་བརྗོད། །ཕན་ཚུན་སྤངས་པ་གང་འདོད་པ། །དྲེད་མོང་རྩིག་འགྲམ་འཇབ་པ་བཞིན། །གསང་བའི་དོན་མཆོག་ག་ལ་ཡོད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྣང་ཞིང་བྱང་བསྒྲུབ་མེད། །སོ་སོ་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །དེ་གསུངས་ཕྱིར་ན་རྒྱུར་གནས་པ། །ཤེས་བློ་གཞི་ཤེས་གཉིས་སུ་སྨྲ། །བསམ་པ་ཆོས་ཉིད་དེ་བཞིན་ཏེ། །དེ་ལ་ཡོད་པ་དེ་ལ་མེད། །ཕྱོགས་སུ་གཏོགས་པ་དེ་ལ་མེད། །དེ་དང་དེ་ལ་འབྲེལ་མེད་པས། །ནམ་ཡང་སྔོན་བཞིན་བདེན་པ་མེད། །མི་རྟོག་རྟོག་པའི་སེམས་རྒྱུད་ལྡན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་དཔྱོད་ཉིད་ན་རྣམ་པར་དག །གསུངས་པས་ལོག་རྟོག་སྤང་དུ་མེད། །སྤྲིན་དང་འཇའ་ཚོན་སྣང་བའི་ཚེ། །རང་བཞིན་སྟོང་པར་ངང་གིས་གནས། །གང་དག་རྒྱུ་ཡི་ཐེག་པ་བས། །ཀུན་དུ་རྟོག་པ་དོན་དམ་ལ། །ཡོད་ན་ངེས་ཚིག་མེད་གོམས་པས། །དྭངས་ཤིང་གསལ་དག་གང་འདོད་པ། །བསམ་པ་དག་ལ་དེ་ཡོད་ཅེས། །སོ་སོར་སྟོན་པ་རྟོག་པའི་བློ། །དག་པ་མཉམ་ཉིད་གཉིས་མེད་དག །ལོག་པས་ཕྱེ་བ་ཇི་བཞིན་སྒྲ། །གང་ཞེན་བསྒྲུབ་པའི་ཕྱོགས་འདོད་པ། །གང་དག་དར་ཅིའི་མི་བཞིན་དུ། །སྤྱོད་ཡུལ་བྲལ་བར་འདོད་པས་གདུངས། །ཡེ་ཤེས་ངང་ལས་གཉིས་རྟོག་པས། །ལྷུན་གྲུབ་ངང་༄༅ ལ་ཡེ་རྔམ་ཟ། །གང་ཤེས་མི་གཙང་སྤོས་དྲི་དང་། །ཚེར་མའི་ནང་ནས་ན་བཟའ་བཞིན། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །མེད་ལས་བཙལ་ན་སྐུར་འདེབས་འགྱུར། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །དེ་གསུངས་ཕྱིར་ན་རང་རིག་ལ། །དེ་བས་སེམས་ཀྱི་དེ་ཁོ་ན། །ཀུན་ཏུ་བཏགས་དང་གཞན་གྱི་དབང་། །ཡོངས་སུ་གྲུབ་པའི་བྱེ་བྲག་ཏུ། །བྱ་བ་དེ་དང་དེ་མེད་དེ། །དེ་ནི་སྨྲ་བསམ་མེད་མི་བརྗོད། །རང་བྱུང་ཀུན་ལ་རྒྱས་བཏབ་པས། །རང་བཞིན་ཀུན་དང་དབྱེར་མེད་ལ། །མེད་པ་བཞི་ལྟར་གནས་པའང་མེདབདེན་པ་རྣམ་གཉིས་དབྱེར་མེད་པས། །དགག་བསྒྲུབ་མེད་པའི་སྨྲ་བསམ་གྲོལ། །ཐམས་ཅད་ཡེ་ཤེས་སྣང་བའི་ཕྱིར། །མི་མཐུན་འདུས་པ་རྟག་ཏུ་མེད། །ཡིད་བཞིན་ཤིང་ལྟར་གནས་པ་ལ། །ཇི་བཞིན་སྒྲ་རུ་རྟོག་པ་འཁྲུལ། །བདེན་པ་གཉིས་སུ་མེད་པའང་། །མཁའ་དང་འཇའ་སྤྱིན་སྣང་བ་ལྟར། །སྣང་སྟོང་ཀུན་ཏུ་རང་གསལ་བ། །རང་བཞིན་ངང་གོས་སྣང་བའོ། །བདག་དང་གཞན་དུ་མ་བརྟགས་པའི། །སོ་སོར་སྣང་ཞིང་མཐུན་པའི་གཟུགས། །དེ་ལྟ་བུ་ཡི་ངང་དུ་སྣང་། །དེ་གསུངས་ལུང་གིས་བགྲོད་དང་སླ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །དེ་གསུངས་དོན་གྱིས་དེ་འཕྲོས་མེད། །མར་མེའི་དུས་ན་མུན་ལྡན་པ། །བླུན་པོ་མུན་སྣང་རེ་མོས་མཐོང་། །མཁས་པ་ངོ་བོས་རེས་མི་ལྟ། །འཁོར་བ་ཆོས་ཉིད་དེ་བཞིན་ནོ། །སྤངས་པ་མེད་པར་ཀུན་བྲལ་བ། །པུཎྜ་རི་ཀ་ལྟ་བུའི་དོན། །ལམ་དང་འབྲས་བུ་འཆོལ་ཚང་བ། །འབྲེལ་བ་གསུམ་གྱིས་ཏནྟྲའོ། །ཐུགས་ཀྱི་ཐིགས་པ་ལས། རང་བཞིན་གྱི་རྒྱུད་སྣང་བའི་ལེའུ་སྟེ་དང་པོའོ།། །།འཁྲུལ་གཞི་ཚུལ་དང་རང་བཞིན་གྱིས། །སྡོམ་དེས་ངེས་པར་ཤེས་པར་བྱ། །དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བསམས་པར་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །སྒྲོ་འདོགས་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོ་རང་རྒྱུད་གཞིར་སྨྲ་བས། །དེ་ཡི་རིགས་རྒྱུད་རྟག་པར་ལྟུང་། །བསྐུར་བ་པ་ནི་ལྷུན་གྲུབ་ལ། །དེ་དང་བསམས་པ་སོ་སོར་རྟག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་བ་གང་ཡིན་ཆད་ལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ལ་ལས་ལྡོག་པའི་གཉིས་མེད་ལས། །སྣང་སྨྲ་ལྷན་ཅིག་མེད་པ་དང་། །རྟེན་པ་མི་དགོས་གཞིར་མི་བཏུབ། །རྒྱུ་རྐྱེན་སྤོང་པར་རིགས་པ་མིན། །དོན་ཉིད་ཡོད་མེད་རིས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་པས། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །མི་མཐུན་ཁྱད་༄༅ པར་སོ་སོར་སྣང་། །དེ་གསུངས་ཕྱིར་ན་རྐྱེན་གྱིས་ཕྱེ། །ལུང་ལས་ཀྱང་ནི་འདི་སྐད་དུ། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་བའོ། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །དེ་བས་སེམས་ཀྱི་དེ་བཞིན་ཉིད། །མཐོང་བ་དག་དང་མ་དག་གིས། །ཕྱེ་བས་སྤྱོད་ཡུལ་སོ་སོར་སྣང་། །དེ་ལ་མ་སྤངས་མི་དམིགས་ཕྱིར། །མཆོད་པ་ཡོད་མེད་དགག་པའང་མེད། །དགགཔ་མེད་པས་བླང་མེད་ཕྱིར། །མཐའ་ཡི་གཞུང་དུ་བསྒྲུབ་མི་དགོས། །མ་རིག་མཚུངས་པར་ལྡན་པའི་རྒྱུ། །དུས་གསུམ་རྒྱུན་དུ་དོན་མཐོང་མེད། །མིག་གིས་མིག་བཞིན་དེ་ལྟ་བས། །གཉིས་སྣང་སྔ་ཕྱི་ལོང་བཏགས་ནོར། །སྡོམ་ནི་དུས་དང་རྒྱུ་རྐྱེན་དང་། །ཚུལ་དང་ངོ་བོ་རང་བཞིན་ཉེས། །ཏནྟྲ་ཉིད་ལས་གསུངས་པ་ནི། །ཐོག་མ་མེད་ནས་སེམས་ཡན་བཏབ། །ཕྱིན་ཅི་ལོག་ལས་འཇོལ་ཉོག་སྤྱད། །གགི་མབྱུང་འབྱུང་འགྱུར་ན། །འཇིག་རྟེན་ཐོག་མ་འབྱུང་བར་འགྱུར། །ངོ་བོ་ཉིད་དང་མཚུངས་པ་དང་། །ལྷན་ཅིག་བྱེད་པ་ཉེར་ལེན་འཕེལ། །རང་འབྱུང་རིགས་རྒྱུད་མེད་པ་ཉིད། །དེ་ཡི་སྣང་ཕྱིར་ཏནྟྲ་ལས། །སྔརགསུངས་དོན་གྱིས་དང་པོའི་རྒྱུ། །ངོ་བོ་ཉིད་ཀྱང་བཞག་ན་མིན། །སྔོན་གྱི་མེ་ལོང་རྣམ་གཉིས་ལྟར། །གདོད་ནས་ལྡན་པས་གཉིས་མེད་པའོ། །ཀུན་ཏུ་རྟོག་པ་རྣམ་གཉིས་པོ། །གོམས་པས་མཉམ་དུ་འབྱུང་བ་གསུམ། །དེ་ཡི་རྐྱེན་གྱིས་ལྟ༄ང་བ། །འོད་མ་ལྟ་བུར་ཕྱི་མར་སྣང་། ཁམས་གསུམ་འདི་ན་གནས་པ་ཀུན། །དཀར་གནག་བཅུ་ཡིས་དང་པོ་སྟེ། །ཚངས་པའི་གནས་བཞི་བསམ་གཏན་བཞིས། །བཅུ་བདུན་གནས་རིས་སྤྱོད་ཡུལ་སྣང་། །སྙོམས་པར་གྱུར་པའི་མཐུར་ལྡན་པས། །རྩེ་མོ་བཞི་ཡི་སྤྱོད་ཡུལ་སྣང་། །རྒྱུད་ལྔའི་ལམ་དང་དུག་ལྔ་སྟེ། །ཏནྟྲའི་ས་མ་ཡ་ལས་བྱང་། །ཕྱི་ནང་འཁོར་ལོས་གནས་བསྐོར་བའང་། ཁམས་གསུམ་ཆ་ཡིས་ངེས་པ་མེད། །འ་ལ་རྟོག་བརྟན་པའི་སྤྱོདཡུལ་ནི། །སོ་སོ་ཕྱི་ནང་སྣོད་བཅུད་དང་། །ལུས་དང་ལོངས་སྦྱོད་ཚེ་དང་ལས། །བདེ་སྡུག་བར་མ་ཐ་དད་པའོ། །སྒྱུ་མས་བསླུས་པའི་མི་བཞིན་དུ། །ནོར་བའི་སྤྱོད་ཡུལ་རང་བཞིན་སྣང་། །སྲིད་པའི་ཉེས་རྩ་བདག་ལས་ཕྱིར། །སྡུག་བསྔལ་མྱོང་ཞིང་འཕགས་ལམ་བྲལ། །དེ་ལྟའི་དུས་ན་རྒྱུད་ཉིད་ལས། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུག་འགྱུར་ཡང་། །ནམ་མཁའི་དབྱིངས་ལས་གྱུར་ཅིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་བྱུང་དང་། །འཇིག་རྟེན་གཙོ་མཆོག་སྣ་ཚོགས་རྣམ་མང་ཡང་། །ཆོས་ཀྱི་དབྱིངས་ལས་གྱུར་ཞིང་ཉམས་པ་མེད། །དེ་དང་བྲལ་བའི་སྤྱན་བཟངས་རྣམས། །དེ་དང་དེ་ནི་དེ་ཉིད་དང་། །གཞན་དུ་བརྗོད་དུ་མེད་ཅེས་སྨྲ། །གཉིས་སུ་མེད་པ་ཀུན་ཏུ་འབྲེལ།ཐུགས་ཀྱི་ཐིགས་པ་ལས། འཁྲུལ་པ་སྣང་བའིལེའུ་སྟེ་གཉིས་པའོ།། །།རང་བཞིན་ལས་ཀྱིས་ཕྱེ་བ་ཡི། །ཆོས་ཉིད་བྱ་བྱེད་རིགས་པ་ཡིས། །མོས་སྣོད་བཅུད་སྦྱར་བསམ་ཡས་པ། །གདུལ་བྱའི་སྣང་བ་ཞེས་སུ་བརྗོད། །དེ་དང་དེ་རྐྱེན་དེ་དེ་ཡིས། །ཇི་བཞིན་དེ་བཞིན་མངོན་བྱེད་པ། །རིམ་པ་བཞི་དང་ལྔ་པ་ཡིས། །རྒྱུད་སྟེགས་ཉིད་དུ་སྦྱོར་པའི་ཕྱིར། །འདི་སྐད་རྒྱུད་ལས་གསུངས་པ་ནི། །ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གཅིག་ལ་གཉིས་དང་གཉིས་ལ་དྲུག །ཕྱིན་ཅི་ལོག་ལ་མོས་སོགས་པ། །རང་བཞིན་གྲུབ་མཐར་འཇུག་པ་གཉིས། །ཐ་མ་ལོག་དང་མ་ལོག་པའི། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་གསུངས་ཐུགས་རྗེའི་སར་གྱུར་པ། །སོ་སོ་སྣང་རྐྱེན་བསམས་ཡས་ན། །མཆོག་རྐྱེན་རྒྱུད་ནི་རྣམ་གསུམ་སྟེ། །གསང་སྙིང་པོ་རིགས་གཉིས་ལྟ་བུ། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས། །སྤྱི་གཅོད་སྔོན་བཞིན་བསྟན་གསུམ་པ། །རྐྱེན་འདི་ཡི་གེ་ལས་བཀལ་སྣོད། །ཤེས་རབ་འབྲེལ་བཞི་ཡོད་པའི་ཕྱིར། །དབང་པོས་ཕྱེ་བའི་ཐུགས་ཐིགས་གསུམ། །དང་པོ་མཚོན་པའི་མིང་གསུམ་ལྡན། །ངེས་པའི་ལུང་ནི་རྒྱུ་འདྲའི་ཕྱིར། །དངོས་པོ་གཉིས་ལ་ལེགས་སྣང་བའི། །བདེན་པས་འབྲེལ་བས་གཉིས་སུ་མེད། །དེ་ཉིད་གཉིས་བྲལ་འཇིག་མེད་པའི། །གསལ་བསྟན་ལས་ཀྱིས་ལྷ་ཡི་མིང་། །དེ་ནི་བསྟན་པའི་དངོས་གཞི་ལས། །སྦྱི་ལུང་ངེས་པ་གཉིས་པའི་མཚན། །བསྟན་བརྟག་དཀའ་བའི་དོན་བཅུད་དེ། །བཞི་ཡིས་ཀུན་ལ་མི་སྣང་བ། ཁོ་ན་ཉིད་གསུམ་ལྡན་བདེན་པའི། །མིང་གིས་མཚོན་པས་ལྷག་པའི་དོན། །ཚིག་རྒྱས་ཀྱིས་ཀྱང་མཚོན་མི་ནུས། །དེ་བས་གཞོན་ནུརྟོག་པ་བཞིན། །ཡེ་ཤེས་བསྡུས་པ་དོན་རྒྱས་པ། །བརྡ་འཕྲད་ཐ་སྙད་བསྡུ་བ་ཡིན། །གསུམ་པའི་མིང་ལ་མོས་པའི་བློས། །སོ་སོར་འདོད་ལ་ཤེས་རབ་ཐབས། །ཉི་མས་མཛེས་པའི་རིན་ ཆེན་ལྟར། །ཚིག་གི་སྒྲོན་མས་ཤེས་རབ་མེ། །འབྲིང་ལ་སྣང་བ་མཆེད་པའི་ཕྱིར། །རྒྱས་པ་བྱེ་བྲག་ཐིགས་པ་ཤར། །རང་བཞིན་ལས་ཀྱི་སྣོད་གྱུར་པ། །བགྲོད་ཐབས་གཉིས་ཡུལ་ཡན་ལག་རྐྱེན། །ཐོག་མ་བར་དང་མཐའ་མའི་ཡུལ། །ལྔ་དང་གཉིས་དང་གཉིས་བསྟན་ནོ། །དང་པོའི་ཡུལ་ལ་རྒྱུ་རྐྱེན་དང་། །བཞི་བཅུ་གཏད་པས་རྫོགས་པ་ཡིན། །ཐབས་དང་ཤེས་རབ་རྒྱུ་ཡང་ནི། །སྔ་མའི་སྟོན་པ་གནས་འཁོར་སྡུད། །དུས་བསྟན་དྲུག་གནས་རིན་ཆེན་སྒྲོམ། །གསང་བའི་འོག་མིན་གནས་ཀྱི་འཕྱོ། །ཡི་གེ་བཞི་ཡིས་ཕྱེ་བར་འགྱུར། །གསང་བའི་ཚད་མ་གཉིས་ནང་འབྲེལ། །བློ་གྲོས་རྒྱུ་ལ་ཐུན་མོང་མཆོག །བླ་མ་རང་སེམས་ཡེ་ཤེས་ཆེ། །གཞི་དང་ལས་ཀྱིས་གནས་སྟོན་པ། །ཡེ་ཤེས་མང་པོ་ཤེས་པའི་བདག །བསྟན་པའི་བཅུད་ཐུགས་བསྡུས་དངོས་པོ། །བཀྲ་གསལ་ལུང་ལ་དུས་བཞི་མཉམ། །དེ་ལ་དེ་ཡོད་དེ་རྟོགས་འགྱུར། །ཐུན་མོང་བ་ལ་མཚན་གཉིས་གཟུགས། །སྟོན་པ་རང་འབྱུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ཀྱི་སྐྱེས་བུ་གཉིས། །རང་བཞིན་དུས་གསུམ་ཆོས་ལས་མིན། །ལོངས་སྤྱོད་ཆེན་པོ་ཀུན་ཏུ་ཞལ། །མོས་པའི་མཚན་གྲངས་རྡུལ་སྙེད་ལ། །མཉམ་བཞག་ལོངས་སྦྱོད་ཆོས་སྟོན་པ། །མིང་གཞི་ལྡན་པའི་སྐྱིལ་ཀྲུང་གནས། །ང་ཡི་རྟེན་པ་རང་བཞིན་གཞི། །ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པའི་རིན་ཆེན་ཁང་། །མ་སྤངས་ལྷུན་གྱིས་རྫོགས་པའི་ཕྱིར། །དབྱེབས་ཚད་རྩེ་མོ་སྒོ་འབུར་དང་། །འབུར་འཕང་རྟ་བབས་བརྒྱད་ལྡན་ནི། །བདག་ཉིད་དང་ནི་བདག་པོ་དང་།ལོགས་འགུལ་སྒྲོ་དང་ཕྱི་ཡི་རྒྱན། །སྣང་བ་དྲི་ཟའི་གནས་བཞིན་པས། ཁྲོན་ཁང་སྤྱོད་ཡུལ་བྲལ་བའི་ཕྱིར། །ཀུན་ཏུ་ཕྱི་རོལ་དེ་ལ་མེད། །ཆོས་ཀྱི་འཁོར་ལོ་ཤེས་རབ་ཐབས། །མ་ཆགས་རེ་སྐོར་འབྲས་བུའི་གདན། །ཡེ་ཤེས་དུ་མ་གཅིག་བྲལ་བས། །སྣ་ཚོགས་སྣང་ལ་རང་བཞིན་མེད། །དེ་ན་དེ་ལ་དེ་གུས་ས། །རྒྱལ་ཚབ་བརྒྱད་དང་རྒྱལ་སྲས་སེམས། །འཇིགས་བྱེད་ཐུགས་རྗེའི་སྤྲུལ་པ་དང་། །དད་པས་འབྲེལ་བ་བརྒྱད་སོགས་པའོ། །དེ་ནི་སྟོན་ཚུལ་འབབ་པ་དང་། །གྱད་ཐབས་འགྲེང་བུར་བཞུགས་པའོ། །ཚད་ལས་འདས་པས་གྲངས་འདུས་པ། །ཆོས་དབྱིངས་མུ་མཐའ་མེད་པར་ཁྱབ། །ནོར་བུ་རིན་ཆེན་སྐུ་མངའ་ཡི། །གསང་བདག་དེ་ཡི་བདག་པོའི་ཕྱིར། །ཏནྟྲ་ཐུགས་བསྡུས་མོས་བཞིན་དུ། །ཀུ་མ་ར་དང་སྦྱན་ཚོར་སྣང་། །དེ་ནི་དེ་ཡི་ཐུགས་སྐྱེས་ཕྱིར། །དེ་ཡི་དོན་ནིདེ་བསྡུས་རིགས། །སྐུ་ཡིས་ཕྱེ་བའི་འཁོར་རྣམས་ལ། །སོ་སོར་བསྟན་པའི་དུས་སྣང་ཡང་། །ལྷན་ཅིག་པ་ལ་དུས་གཅིག་སྣང་། །གང་གིས་མཐོང་རྟོགས་ཛེ་།ནའང་། །དུས་བཞི་མཉམ་ལས་མ་གཡོས་ཏེ། །དེའང་རང་བཞིན་མཉམ་པའི་དུས། །རྟག་པ་རྒྱུན་དུས་ཐུགས་རྗེས་འཇོམ། །མཐར་ཕྱིན་དག་པའི་དུས་ན་འབྱུང་། །དེ་ཚེ་རང་བཞིན་དེས་ལུང་སྣང་། །གསུང་ལྔ་ཚུལ་གྱིས་གཅིག་ལ་སྣང་། །མཚོན་བྱེད་བསྟན་པར་དེ་བརྗོད་དེ། །དེ་དག་མཚོན་པར་རང་མཚན་སྒྲའོ། །འགྲོ་བ་གང་དག་གཟུགས་སྣང་ཕུལ། །རིགསམཐུན་དགའ་བྱེད་མི་མཐུན་ལ། །བསྒར་བྱེད་འཇིགས་གཟུགས་སྣང་བ་ལྟར། །རྒྱལ་བའི་གླེང་གཞི་དེ་བཞིན་ནོ། །དེ་རྗེས་རྐྱེན་གཉིས་གླེང་བསླང་བ། །སྟོན་པས་གནས་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་དྲི་རྐྱེརྣོ་དུ་གང་གྱུར་པས། །དེ་དེ་གསུང་ལ་མ་རག་པ། །ངེས་པའི་ཚིག་གྲུབ་ངོ་བོའང་དེ། །སྐབས་ཀྱིས་དྲིས་ལན་སྨོས་ཅི་དགོས། །དྲིས་ལན་བདོ་བས་ངེས་པར་འགྲུབ། །ཐབས་སྤྱོད་ཤེས་རབ་གང་ཚེའང་། །རྐྱེན་བྱེད་བྱུང་ལ་མ་རག་པ། ། འཁོར་དང་གཞན་གྱི་དོན་གྱི་ཕྱིར། །རྒྱུ་འཚོགས་ཐུགས་རྗེ་བསླང་བར་འགྱུར། །བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་བདག །སྟོན་པ་རྒྱུད་དོན་ལམ་དང་ཚིགས། །འབྲེལ་བའ་རམ་དང་འཆལ་འཁྲུགས་པ། ཁུ་འབྲས་ཐབས་དང་ཐབས་བྱུང་ཡིན། །གླེང་གཞིའི་རྗེས་སུ་ངེས་པར་འགྲོ། །ཏནྟྲའི་ལེའུ་གྲངས་བསྡུས་པ། །མེ་ལོང་བཅུ་ཡིས་མཚོན་སྦྱར་ན། །བཅུ་ཡི་འདྲེན་པ་ཤེས་ཀྱིས་བསྡུ། །བྱེ་བྲག་དག་དང་གཞན་ཤེས་འཀྱུར། །སེང་གེ་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་ཏུ། །བྱ་ཀྲི་མཆོང་པ་དེ་བཞིན་པ། །ཏནྟྲའི་ཚིག་དོན་དབུས་སུ་བཅད། །ཀ་ལ་པིང་ཀའི་ཆོས་བཞི་པོས། །རྣལ་འབྱོར་སྤྱན་གྱི་འཕང་གཅོད་དོ། །རྔ་འགྲོས་ཀྱི་ཆོས་གཉིས་པོས། །འབྲུག་སྟོང་མི་གཞག་གཟེར་བུས་བཏབ། །དུས་ཀྱི་འབྲུག་ཆར་ཆོས་གསུམ་པོས། །བཀའ་ཡི་ཚད་གསུང་སྐབས་སྦྱར་གནང་། །གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱིས་དམིགས་གཟུང་གེགས་བསལ་བའོརྣ་བྲུག་འཛིག་པའི་ཆོས་གཉིས་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ངང་མོ་འགྲོས་ཆོས་རྣམ་གཉིས་ལྟར། །གཞན་དོན་དབུ་ཞབས་ལེ་མཚམས་སྦྲེལ། །མེ་ལོང་ཆོས་ལྟར་མཚོན་པའི་དཔེས། །ཀུན་ལ་དེས་མཚོན་ཐོག་ཏུ་དབབ། །མི་འཇིགས་ཕྲུག་གུ་རྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམས་སྡེབ། །ཚིག་དོན་མོས་པར་བཤད་པའི་ཕྱིར། །རྣམ་པར་ཕྱེ་བས་མ་འདྲེས་གསལ། །ཐབས་དང་དོན་ལ་རང་བོ་། །ཚིག་པས་མ ན་བྱས་དེ་སྣང་བྱེད། །སྟོན་པ་གང་གིས་གང་ཞིག་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །རྒྱལ་སྲས་སྡུད་མཛད་མ་འོངས་ སོགས། །མི་ནུབ་བསྟན་འཕེལ་ཕྱིར་གཏད་པ། །ཤེས་བྱ་ཡུལ་དེ་བསྒོམ་བྱ་མིན། །དེ་ཡིས་ཕྱི་མའང་ཤེས་དགོས་མོད། །སྐབས་སུ་འབྱུང་བས་འདིར་མ་ཡིན། །བར་དུ་མོས་པས་ལམ་གཞོལ་སྡོམ། །ཐུན་མོང་མཆོག་སྟེ་ཐ་མ་གཉིས། །དངོས་སྤྱོད་རྗེས་སུ་གཞོལ་བ་དང་། །ཕ་རོལ་ཕྱིན་པར་ཤེས་རབ་གཞོལ། །དེ་དེའང་གཅིག་དང་རིམ་སྦྱོར་བ། །རྗེས་སུ་མཐུན་པར་ལུངབཞིན་བསྙོད། །ལྔ་ཡི་དངོས་དཔྱོད་རྗེས་འབྲང་བ། །ལས་གནོད་སྐབས་བས་ཕྱེ་བ་ཡི། །འཚམ་པའི་ངག་གིས་གྲོལ་བྱེད་པ། །གཞི་དང་རང་གི་སྟོབས་ལས་བྱུང་། །དེ་ལ་ཁམས་ཀྱི་དཔྱོད་པ་ཡིས། །ཕྱེ་བས་དང་པོ་ལྷུར་གནས་པ། །རིམ་དང་རྫོགས་པར་སྨིན་ཚུལ་དུ། །རིམ་དང་ཅིག་ཅར་སྣང་བ་ནི། །ག་ཤི་ར་ཙ་ཀྲ་ཨ་མོ་ཙ། །རང་གནས་བགྲོད་ལམ་གྱེན་འགྲོ་བ། །དེ་ལ་བརྟེན་པའི་རིམ་པ་ཡི། །བྱེ་བྲག་བསྐྱེད་པའི་ཆ་ཡིན་ནོ། །ཕྱི་མ་དབང་པོ་གསང་བ་གཉིས། །ནོར་བུ་ཆུ་སྐྱེས་ལྡན་གྱུར་པ། །བཅུ་དྲུག་གཞི་རྫོགས་ཕྱག་རྒྱ་བཞི། ཁ་སྦྱར་གཡོ་བའི་རྟེན་གཉིས་ལས། །རྟེན་དང་མཐུན་པའི་བདེ་བ་མཐོང་། །མཆོད་པ་གསུམ་པ་དཀྱིལ་འཁོར་དྲུག ཁྲེས་རབ་གསུམ་གྱིས་མི་འབྱང་བ། །རང་དག་མངོན་དུ་རྫོགས་ཕྱིར་འཐོབ། ཁྲེས་རབ་ཕ་རོལ་ཕྱིན་སྦྱོར་ཡང་། །གཙོ་དང་ཡན་ལག་རྣམ་བཅུ་པོ། །ཀུན་གྱི་དོན་དུ་གཉེར་བྱེད་བའི། །མཆོག་ཏུ་བྱ་བ་སྔོན་བཞིན་གཉིས། །གཅིག་ནི་བློ་མཆོག་སྐལ་ལྡན་རྣམས། །ངེས་པར་ཆུད་ནས་དེར་གནས་པ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །སེ་བསྒོམ་རྣམ་གསུམ་དུས་གཅིག་རྫོགས། །དེ་ལས་ལྡོག་པ་རྟེན་འབྲེལ་བཞིན། །ལྔ་ཡི་རིམ་བསྟན་དོན་དུ་གཉེར། །སྔོན་དུ་ཡན་ལག་དང་པོ་སྡོམ། །དགོས་ཆེད་ཐབས་དང་ངོ་བོ་དང་། །སྐྱོན་དང་ཡོན་ཏན་རི་ནི། །དབང་པོ་མཆོག་ནི་རྫོགས་པར་་ཤད། །གཞན་པའི་ལྟ་བ་དམིགས་བསལ་བ། །སྤྱན་མཆོག་ཤེས་རབ་མངོན་བྱའི་ཕྱིར། །ལྟ་ངན་གོ་ཆ་རྟོལ་བྱེད་པས། །ཐེ་ཚོམ་མེད་པའི་མདེའུ་ཐུང་གཅེས། །གླིང་བཞི་ཕལ་རི་རི་་་་བདུན་དང་། །ལྷུན་པོའི་གནས་ལྟ་རིམ་པ་བཞིན། །རིགས་མིན་རང་བཞིན་ལྟོས་ལྟ་བ། །ཕྱོགས་བསྒྲུབ་མི་མཐུན་འགེགས་པ་དག །ཆ་ཡོད་དུག་ལ་མི་རེག་བཞིན། །གང་གིས་ཤེས་ནས་དེར་མི་གནས། །བསམ་གྱིས་མི་ཁྱབ་མི་ཤེས་ན། །བསམ་མེད་རྣལ་འབྱོར་གཉིས་དོན་མེད། །གང་གིས་དེ་ལྟར་ཆུབ་བྱས་པ། །སྟོང་རྟོགས་རྣལ་འབྱོར་རྫོགས་བྱང་ཆུབ། །གང་གིས་ཐོག་མར་རྟེན་པའི་ཐབས། །ཏིང་འཛིན་བྱེ་བྲག་ལས་དཔྱོད་དང་། །ཡན་ལག་མང་པོའང་རྣམ་གསུམ་གྱིས། །གཏན་ཚིགས་ཐུན་མོང་ཡིན་མིན་པ། ཁུད་ལས་བགྲངས་པས་རྐྱེན་བྱས་ཏེ། །རི་རྒྱལ་ལྟ་བུར་མཐོང་བ་གཅེས། །རྒྱུ་རྐྱེན་གང་གིས་དེས་སྐྱེས་པའང་། །ཐེ་ཚོམ་ཡིད་གཉིས་སོམ་ཉི་བ། །མི་ལ་བརྗོད་ཀྱི་དེས་རྟོག་མེད། །དགག་བསྒྲུབ་མེད་པའི་རྒྱུ་ལས་བྱུང་། །དབང་པོ་དྲུག་གི་ཆར་སྣང་ཡང་། །སྤྱན་ལ་མཆོག་ཏུ་བརྗོད་པ་ནི། ཁྲེས་རབ་ཡུལ་དུ་དབྱེར་མེད་པས། །མངོན་སུམ་རྟོགས་པ་རྟོགས་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པོ། །ཤེས་རབ་སྤྱན་གྱི་དམ་པ་བས། །དེ་ལ་ཕྱིན་ནང་མེད་པའི་ཕྱིར། །ཆོས་ཉིད་རང་གི་མཚན་ཉིད་མཐོང་། །དེ་ལྟ་འང་ལོག་རྟོག་མ་ཟད་པས། །འཁོར་སྒྱུར་རྒྱལ་བུའི་སྟོབས་བཞིན་དུ། །རང་མཚན་མཐོང་ཡང་དེ་ལྟ་བས། །དབང་སྒྱུར་རིགས་དང་ཁྱད་པར་འགྱུར། །གསང་བའི་རྒྱུད་ལས་འདི་གུ །ཏ་དང་ལྷ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མ་སྦྲེང་བ་ན། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །དེ་བས་སྤྱི་ལ་གང་ཞིག་ཞེན། །གསང་སྔགས་ཡིད་ཡུལ་གང་གིས་རྙེད། །རྡོ་རྗེ་ཡིད་ཀྱི་སྒྲ་གོལ་བས། །འདུས་མ་བྱས་ལ་དམིགས་པ་དག །ངེས་པར་འདིའོ་སྙམ་པ་ཡི། །རྗེས་ལ་རྣལ་འབྱོར་མི་རྟོག་ཅེས། །ཕྱོགས་ནས་མཐུན་པར་སྐྱེས་འདོད་པ། །ངེས་འཇོག་རྟོག་པའི་གཟུང་འཛིན་བཅད། །ཀུན་ཏུ་རྒྱུ་དང་གཤོན་ནུ་ལྷར། །གོམས་མཆོག་ཐོས་པའི་ཁྱད་པར་ནི། །རིགས་བརྒྱད་རྩ་བ་བཅོ་ལྔ་ལས། །ལྟ་བའི་ཁྱད་པར་གསུངས་པ་ཡིན། །རྣམ་གྲངས་དམ་པའི་སྒྲས་གོལ་བ། །དེ་ཡི་སྒྲ་ལ་ཇི་བཞིན་རྟོག །དེ་མི་མཐུན་པ་ལོག་བྱེད་པ། །དབུལ་པོ་ལྟ་བ་ཉིད་ཁོ་ནའོ། །བཞི་པ་འདི་སྐད་ལུང་ལས་འབྱུང་། །ཐབས་ལ་མཁས་པས་མ་ཟིན་ན། ལམ་གྱིས་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ལྔ་པའང་ཇི་སྐད་འབྱུང་ཞེ་ན། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐའ་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །དེ་རྗེས་གཙོ་མཆོག་གོམས་བྱེད་འདི། །འབྱུང་རླུད་འདུས་བྲལ་ཚུལ་བཞིན་པའང་། །རང་གི་ཡན་ལག་རྫོགས་པ་ཡིས། །གང་དུའང་འདུ་ཤེས་མེད་གསལ་བའི། །གང་དག་བཅུ་དང་ལྡན་པ་ཡི། །སྔ་མ་བས་ཀྱང་གནས་བསྒྱུར་རོ། །འཕོ་བ་མེད་པར་བཞིས་སྣང་བཞིན། །དེ་ཡི་ཡན་ལག་དེ་བཞིན་པས། །རྒྱུ་ལས་ཐོབ་དང་རང་གནས་པ། །སྣང་བ་ཀུན་ཏུ་ཁྱབ་པ་ནི། །ཕྱི་ནང་མེད་པར་མཐུ་རྫོགས་བྱ། །དེ་ཡི་སྟོབས་ལས་སྐྱེས་པ་ནི། །རྟེན་འབྲེལ་བཞི་པ་ནས་འབྱུང་བའམ། །གཅིག་ཤོས་བསྐྱེད་བ་ཇི་བཞིན་པ། །གཉིས་ལས་གང་མོས་གཉིས་ཚུལ་གྱིས། །བཞི་ལ་དགུ་དང་ལྡན་པ་ཡི། །རང་གི་ཆ་རྐྱེན་ཚང་བ་ཡིས། །དེ་ལ་ཞེན་པ་གྲོལ་འགྱུར་ཞིང་། །བཞི་ལྔ་ལྡན་ནས་ལྡང་བར་བྱ། །གང་སྨིན་མཐུན་པའི་རྒྱུད་འཕེལ་བཞིན། །དེ་ཡི་བཞི་ལས་ཚངས་ཡ་མའི། །གཟུགས་ཅན་སྤྲོས་པའི་རང་གནས་ཏེ། །རྒྱ་མཚོ་གཟའ་དང་སྐར་མ་འམ། །འབྲེལ་བཞིན་རྡོ་རྗེ་ཆོ་གས་སམ། །བསླབ་པ་རང་གི་རྐྱེན་ཚང་བས། །ལུང་བཅུ་ལྡན་ནས་དེ་སྤྲོའམ། །ཡང་ན་དེ་ནས་ལོངས་སྤྱོད་སྦྱར། །ལྔ་པ་རྣལ་འབྱོར་འབའ་ཞིག་གིས། །འདས་ཐོབ་གཉིས་ཚུལ་འགྱུར་བའང་ཡོད། །དེ་དང་མི་འཚལ་ལོངས་སྒྲོད་ལྔ། །རང་གི་གཞི་བཞི་ཐབས་བཞི་དང་། །ལྡན་པས་གྲགས་ཚད་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་སྦྱར་ཐབས་གཉིས་པོས། །ཡན་ལག་ཚང་ན་ཟག་པ་མེད། །དེ་མིན་ལན་གྲངས་གཞན་ཉིད་དུའོ། ། རྒྱ་མཚོ་རིན་ཆེན་བཞི་ཡི་འོད། །ཕོག་པ་ཇི་བཞིན་ཐོབ་གྱུར་པས། །འདིས་ནི་མཐར་ལམ་རིམཐུ་སྤྲོར་ནས། །སངས་རྒྱས་ས་ལ་གདོན་མི་ཟ། །ཡན་ལག་གཉིས་པ་འདིར་ཤེས་ཏེ། །དེ་དག་ལས་སུ་རུང་བྱེད་པ། །དགོས་ཆེད་རྣམ་གྲངས་དུས་དང་ནི། །སྐྱོན་དང་ཡོན་ཏན་ཉིད་ཀྱིས་རྫོགས། །བདག་དང་གཞན་གྱི་དན་གྱི་ཕྱིར། །དབྲི་རྫོགས་མི་གོས་གོམས་པ་གཅེས། །གསང་རྒྱུད་ཉིད་ལས་གསུངས་པ་ཡི། །བརླང་པོ་དམ་རྫས་ཤ་སྤྱད་པ། །འདོད་ཡོན་ཉོན་མོངས་ཉི་ཤུ་ལྔ། །ནག་པོས་འདུལ་བ་ཇི་སྙེད་པ། །ཐུན་མོང་མིན་པ་དེ་བཟློག་དཀར།ཁྱད་པར་ལམ་དང་སར་མཐུན་པའོ། །ཞེན་པའི་ལམ་ལ་དེ་ཉིད་དེ། །ཇི་ལྟར་དུག་ལ་དུག་ནད་བཞིན། །བདག་དང་གཞན་པ་གཉིས་ཀ་ལ། །ཆ་དང་མཁས་པའི་ཐབས་ཀྱིས་སྤྱད། །གཅིག་་།ས་པ་དེ་རྨོངས་རྗེ་དང་། །བྲམ་ཟེའི་རྒྱལ་པོ་ལྔ་རིམ་བཞིན། །ཤེས་པར་བསླབ་བྱ་མང་པོ་ལ། །བརྩོན་པ་དོར་བ་ཡོད་མ་ཡིན། །དེ་གོམས་མཚོན་པའི་གཉིས་པ་ལྟར། །འཇུག་པ་གསུམ་པ་ཡིག་ཚང་ཐབས། །ཆ་མཐུན་ཐབས་མཁས་བྱིང་རྒོད་དེ། །འབྲུ་སོགས་རིམས་དང་བཟློག་ལ་བརྟེན། གཙང་མ་རིགས་ཀྱི་མཐུ་བཞིན་དུ། །མཐོང་གོམས་བཞི་མཐུས་སྦྱོད་ཡུལ་སྦྱོང་། །ལྔ་པ་སྲི་ཞུ་རྒྱལ་པོས་ནི། །འདོད་པ་བཞིན་དུ་ལོངས་སྤྱོད་ལྔ། །ཤིན་ཏུ་སྤྲོས་སྤྱོད་བླང་བར་བྱ། །ལྔ་པར་ལྔ་པོ་གཙོ་བོ་ཡིན། །དེ་ནས་གཞི་ཡི་ཟག་བྲལ་ནས། །ལྕགས་ཟངས་དངུལ་གསེར་གོ་རིམ་བཞེན། །བདག་གཞན་ཡུལ་གྱི་ཁྱད་པར་འགྱུར། །སྔ་བ་རྒྱུད་ལྡན་རྩོལ་བ་མེད། །རང་་་་རང་བསླབ་པ་གང་ཡིན་པ། །སྐབས་སུ་གཅེས་པའི་ཁྱད་པར་ཡིན། །ལམ་དང་ས་ཡི་རིམ་སྦྱར་ནས། །སྦྱོད་པར་གྲགས་ལ་མོ་ཚོད་པ། །སྔ་མ་གོམས་མཐའ་ཕྱིས་འཇུག་ཚེ། །དེ་ན་རང་གི་སྤྱོད་ཡུལ་སྣང་། ཁྱད་པར་དོར་བ་མཐར་ཕྱིན་མེད། །བརླང་པོ་རང་ཁར་སྤྱད་པ་ནི། །དོན་དུ་མི་འགྱུར་བཞི་དབང་བས། །སོ་སོའི་རྣམ་སྨིན་ཚད་ལས་འདས། །དེ་ལ་དེ་ཡི་དེ་ཡོད་ཕྱིར། །དེ་དེས་གཉིས་པོ་མི་ལྟུང་ཐོབ། །སོ་སོའི་ལུང་ཐོབ་གྲགས་པ་བཞིན། །བསག་བྱ་གཉིས་འགྱུར་བྲི་བར་བྱ། །བྱ་བའི་སྡོམ་ནི་དགོས་ཆེད་དང་། །ངོ་བོ་ངེས་ཚིག་རྣམ་གྲངས་ དང་། །བྱ་ཐབས་སྐབས་དང་ཁྱད་པར་དང་། །སྐྱོན་ཡོན་དགུ་ཡིས་རྫོགས་པ་ཡིན། །བདག་དང་གཞན་དང་གཉིས་ཀ་དང་། །དམ་ཆོས་ཕྱིར་ནའང་རྣམ་ལྔའོ། །ཞིང་ལ་ཆུ་བཞིན་དང་བླང་བ། །རབ་འབྲིང་ཐ་མ་ནུས་ཚད་སྦྱར། །གདུལ་བྱ་ཕྱི་ནང་ཟུང་བཞི་པོ། །འདུལ་བའི་མཐུ་ཚད་རྣམ་བཞི་དང་། །གཅིག་གིས་ཀུན་འདུལ་མཐུ་ཅན་སོགས། །ལྔ་པོ་གང་ཡིན་དེའི་ངོ་བོ། །ཟུག་རྔུ་ཕྱི་ནང་ཞེས་ཕྱིར་དང་། །འཕེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །དགུག་དབང་བཞི་པོ་དགུག་ཕྱིར་དང་། །གདུག་པ་རྣམ་གཉིས་འཇོམས་ཕྱིར་དང་། །ལྔ་པ་སྔོན་དུ་བསྟན་ཕྱིར་དང་། །ངེས་ཚིག་ངེས་པར་གྲུབ་པ་ཡིན། །དོན་གྱི་དམིགས་ནི་གཟུང་བའི་ཕྱིར། །རང་བཞིན་ལམ་དང་ཐུགས་རྗེས་ཕྱེ། །བར་མ་ཐབས་དང་ཤེས་རབ་ལ། །སྔམགཉིས་དང་ཕྱི་མ་ལ། །ཤེས་རབ་ཏིང་འཛིན་རྣམ་གཉིས་དང་། །ལོངས་སྤྱོད་ལྷག་པའི་གཟུགས་བསྟན་གཉིས། །དེ་ལ་ཕྱི་ནང་གསང་བར་བཤད། །ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་ནང་བགེགས་དགྲ་ཞི་བའོ། །ནང་ལ་ཉོན་མོངས་རྟོག་ཞི་བ། །རྒྱས་པ་གཉིས་པོ་གསོ་དང་འཕེལ། །ན་ཤི་ལོག་རྟོག་སྲིད་བུ་སོགས། །ཚེ་དང་རིགས་བརྒྱུད་ལོངས་སྤྱོད་དང་། །བསོད་ནམས་བཞི་པོ་ནང་འབྲས་བུ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་ད་རའི་རྣམ་་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་བསྒར རང་སེམས་འབྲས་ལྔ་བསྔ་བར་བྱ། །མངོན་སྟོད་བསྐྲད་དང་མནན་པར་བྱ། །སྩོ་འབོགས་བྱད་དང་བསྐམ་པ་དང་། །རྨོངས་དང་བརྟན་འཕོ་རྒྱུད་གཞནལ། །རང་གི་ཕྱི་ནང་དགྲ་བགེགས་འཇོམས། །ཐབས་ནི་ཐ་བས་ལ་གསང་བ་ནང་། ཁམས་་བཞི་ཁམས་གསུམ་་ལ་སྦྱར་བྱ། །ཤེས་རབ་ཕྱི་ནང་གསྙས་ཀྱིས་ཏེ། །ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་ཏེ། །མཆོག་རྟེན་བརྙན་རྣམ་གཉིས་སྒོ་དང་སྦྱིན་སྲེག་སྟེ། །ཕྱི་མ་གནས་དང་སྒྲུབ་པོ་དང་། །ཐབ་བརྒྱད་འབྲུ་ཁུང་བཙོ་བ་དང་། །ཕྱོགས་དང་ཁ་དོག་དུས་ཉིད་དང་། །ཕུར་པ་ལྷ་དང་སེམས་དང་ཡུམ། །བསྒྲུབ་བྱ་ལིང་ག་མེ་མཆོད་དང་། །དཀྱིལ་འཁོར་ཡོ་བྱད་ཚང་བར་སྦྱར། །བྱ་ཐབས་གཙོ་བོ་སྦྱིན་སྲེག་ལ། །སྐབས་སུ་དགོས་པ་ལིང་ག་གདགས། །སྲོ་སྟབས་བཙོ་བའི་ཆ་རྐྱེན་ནོ། །དེ་དག་རྩ་བའི་མཆོད་བསྙེན་དང་། །སྟ་གོན་མེ་མཆོད་སྤྱིན་སྲེག་རིམ། །སྨོན་ལམ་ལྷག་མའི་ལས་དག་གོ །སྐབས་ནི་དབང་དང་བསྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབཚེའོ། ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལས་ཀྱིས་ཕྱེ་བའམ། །ཤེས་རབ་དབང་པོ་རྣམ་གསུམ་གྱིས། །ནུས་མཐུ་བྱིན་རླབས་ཡུལ་ངོ་བོ། །ཐབས་དང་བཞི་ལ་ཁྱད་པར་བ། །སྐས་འཛེག་དང་བུ་ཇི་ལྟ་བུ། །མི་སྐོངས་མི་འབྱང་མི་རྫོགས་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །དེ་ལས་ལྡོག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ས་གཞི་སྡོམ་ནི་ངོ་བོ་གྲངས། །དགོས་ཆེད་དུས་དང་ཆེ་བ་དང་། །ཡོན་ཏན་བསྐང་ཐབས་སྐྱོན་དག་གིས། །ངེས་པར་དམིགས་སུ་ཤེས་པར་བྱ། །གསང་་་སྒོར་ཞུགས་པ་ཐམས་ཅད་ཀྱི། །སྒོ་གསུམ་རང་གི་བསྲུང་བྱ་ལས། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཐུན་མོང་གཞུང་གཞན་འགྲོ་དོན་དུ། ཁྱད་པར་རྩ་བ་ཡན་ལག་ཏེ། །མདོ་རྒྱས་་་་་་རབ་འབྲིང་ཐ་མའི་གྲངས། །ཏནྟྲ་གསུངས་ལ་བསྙད་པར་བྱ། །ཐེག་ཆེན་ས་ལམ་ཁྱད་པར་བྱ། །སྐབས་ཀྱིས་ལམ་ཆོས་མི་མཐུན་བསྲུང་། །དེ་ཡི་དགོས་ཆེད་རང་དང་སྤྱི། །སྐྱོན་ཡོན་ཆ་ཡིས་ཆེད་ཆེ་བ། །དེ་དང་དེ་་་ཡིས། །ངེས་ཚིག་འགྲུབ། །རང་སྤྱི་གདུལ་བྱ་ཡི་སྦྱང་བསག་པའོ། །བསྲུང་བྱའི་རིམ་པ་ཡོད་པའི་རང་སྤྱི་གདུལ་བྱའི་སྦྱང་བསག་པའོ། །བསྲུང་བྱའི་རིམ་པ་ཡོད་པའི་ཕྱིར། །ས་ལམ་གང་ཐོབ་དེ་ཡི་ཚེ། །དེ་ལ་དེ་དགོས་་དེ་བསྲུང་བ། །ཉམས་སུ་བླང་བའི་དུས་ལ་བབ། །སྐབས་དང་འབྱོར་ན་ཕན་ཡོན་གཉིས། །བསྲུང་བྱ་མཆོག་ལ་བསྐུལ་བའི་ཕྱིར། །སྨོས་པ་བླ་མེད་བསྲུང་ཐུབ་ན། །ཚུལ་ཁྲིམས་སྡོམ་པ་ཐམས་ཅད་རྫོགས། །བྱ་བྱེད་མེད་པར་ཉམས་པའང་མེད། །མ་ནོར་གནས་པའི་ཕན་ཡོན་ནི། །རྣམ་གྲངས་རྗེས་ཞུགས་སྤྱི་རྒྱུད་གྲངས། །གཟུགས་དང་ཐོབ་པ་དབྱེ་བའང་བྱ། །བདག་དང་གཞན་གྱི་དགོས་གྲངས་རྫོགས་པའོ། །དེ་དེ་ཞིག་རལ་བྱུང་བ་ཡི། །དམིགས་ཤེས་གསོ་བའི་རྩ་བ་ལྔ། །ལེ་ལོ་མེད་པའི་མོས་ལྕོགས་སྦྱར། །དེས་ན་ངེས་པར་རྫོགས་གཟུངས་ཐོབ། །ཕྱག་པ་ལེ་ལོ་ལོགས་པ་དང་། །ཟླ་ཞར་ཉོན་མོངས་དབང་སོང་བས། །བདུད་ཀྱིས་བ ས་དང་རང་བཞིན་ངན། །བརྒྱད་ ས་བཀའ་ཐུབ་རལ་བ་དང་། །དུས་འདི་ཕྱི་མར་དྲག་ཞན་གྱིས། །ང་དང་་་སྐྱོན་གཉིས་ལ་གདོད། །བཀོད་པ་རྒྱུད་ལས་བདུན་གསུངས་པ། །སྡོམ་ནི་ངོ་བོ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གཙོ་བོས་ཕྱེ་བས་ལྔ། །ཐབས་དང་དུས་དང་ངེས་ཚིག་དང་། །ཡོན་ཏན་སྐྱོན་གྱིས་བཞི་རུ་གཞག །གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །དང་པོར་རང་བཞིན་ཉིད་མཐར་ཕྱིན། །གདུལ་བྱར་ཞི་དང་ཁྲོ་བོ་དེ། །མོས་པས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གཙོ་བོས་ཕྱེ་བས་ལྔ། །རྩ་བ་དེ་ཡང་སྐབས་ཀྱིས་གྲངས། །མཆོད་པ་དབང་དང་ཕྲིན་་་ལས་བསྒྲུབ། །བཞི་འམ་གཙོ་བོས་གྲངས་རྗེས་མཐུན། །ཀུན་འ་་འཇུག་པས་བཅུ་བཞི་དང་། །སུམ་ཅུ་རྩ་ལྔར་གྱུར་པ་ཡིན། །དེ་ཡི་རྗེས་སུ་དྲུག་སྦྱོར་བའོ། །བཞི་པོ་དུས་སུ་བདག་གཞན་ཕྱིར། །དྲངདངརྟེནདངའབྲེལ་བ་ཡི། །བསྒོམ་དང་སྒྲུབ་རྫོགས་མཆོད་སྒྲུབ་ཕྱིར། །ཤིན་ཏུ་ནན་ཏན་བླང་བར་བྱ། །ས་ཡི་བྱ་བའི་རིམ་པ་དང་། །དེ་ཡི་ཆོ་ག་ཐབས་དག་ནི། །རང་བཞིན་ལ་སོགས་བདུན་དག་ལ། །གང་ལ་ཡོད་པ་ཀུན་ཡོད་དེ། །ཐབས་དང་ཤེས་རབ་ལས་ཀྱིས་བྱ། །དེས་ན་མངོན་དུ་གྲུབ་པར་འགྱུར། །བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ལུང་ལས་གྲགས་པས་ཐེ་ཚོམ་མེད། །ཐ་དད་གཅིག་གིས་བཅིངས་དང་བྲལ། །འཕེལ་འགྲིབ་ཕན་ཡོན་ཐོབ་གྲུབ་བཞི། །བྱེ་བྲག་སོ་སོའི་གྲངས་བཞིན་ནོ། །དེ་ལས་བཟློག་པའི་སྐྱོན་ཚོ་ནི། །གྲངས་ཀྱི་རྗེས་སུ་ངེས་པར་འགྲོ། །མཉེས་པར་བྱེད་པའི་སྡོམ་ཚིག་ནི། །དགོས་ཆེད་ངོ་བོ་གྲངས་སྐབས་དང་། །ཡོན་དང་ཡོན་ཏན་ལ་སོགས་པས། །ཇི་ལྟ་བ་བཞིན་ཤེས་པར་བྱ། །བདག་གཞན་དག་རྫོགས་མཉེས་དགོངས་ལ། །འདི་དང་ཕྱི་མར་ཐོབ་པ་དང་། །ཡོན་ཏན་བཀའ་ལས་གསུངས་པ་བཞིན། །ཆེ་སྐྱོན་མི་འབྱུང་བྱ་ཕྱིར་རོ། །བྱ་བྱེད་བྱ་བ་བྱེད་འདུས་པ། །དགྱེས་ཚིམ་གྱུར་པའི་དངོས་པོ་ཉིད། །འཇིག་རྟེན་སྲོལ་མཐུན་མོས་བྱའི་ཕྱིར། །ཕྱག་དང་ཕྱག་རྒྱ་གླུ་གར་ཚིག །ཕྱི་ནང་གསང་བའི་རྫས་དགོངས་མཆོད། །སྲོག་དང་ལྡན་པའི་བདེན་གསུམ་ཚུལ། །མཆོད་པ་གསུམ་ལས་སྤྱོད་པ་དག །དཀྱིལ་འཁོར་བདུན་གྱི་སྐབས་དག་ལ། །དབུལ་ཕྱིར་དགོས་ཆེད་རྗེས་ཞུགས་པས། །ལས་སྤྱོད་བསྒྲུབ་དབུལ་མཆོད་ཚེ་ནའོ། །དུས་ཀྱི་རྗེས་ཞུགས་ཡོན་ཏན་དག །སྤྱི་དང་ཁྱད་པར་དུས་ཀྱིས་ནི། །འདི་དང་ཕྱི་མར་གང་ཐོབ་པ། །བདག་གཞན་དོན་གྱིས་གཉིས་སུ་འགྱུར། །དེ་ལས་ལྡོག་དང་མི་སྐོང་གཡེལ། །ཉམས་མཆོད་མཐུ་བྱིན་བྲལ་བར་འགྱུར། །འཐོབ་པར་བྱ་བའི་ཚིག་སྡོམ་ནི། །དགོས་ཆེད་རྒྱུ་རྐྱེན་ངོ་བོ་གྲངས། །ཐབས་དང་ཐོབ་ཚད་དུས་སྣོད་དང་། །ཡོན་ཏན་སྐྱོན་དང་དཀྱིལ་འཁོར་སྦྱར། །དོན་འགྱུར་བཞི་ལས་ཁྱད་པར་དུ། ། བདག་དོན་གཉིས་ནུས་ཚོགས་འགྲུབ་ན། །བྱང་དང་ཆུབ་པར་འགྱུར་བས་མྱུར། །དེ་ལ་དེ་ཡོད་ཕྱིར་ནོར་བྱ། །ལུང་དང་མན་ངག་ལས་བྱུང་བའི། །རྒྱུ་གཉིས་རྐྱེན་བཞི་ཡན་ལག་བསྙད། །དྲུག་ལ་གནས་པའི་འཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། །བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །དཀྱིལ་འཁོར་ལས་ཀྱི་རྗེས་ཞུགས་པས། །སྣོད་རིམ་སྦྱར་བའི་ལས་རྫོགས་བྱ། །རྣོ་ལ་ཏིལ་མར་ངར་རིམ་བཞིན། །ནུས་མཐུ་བཞག་ལ་ངེས་པར་གཞག །ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །གཉིས་ཀ་ས་ཡིས་རིམ་པ་གསུམ། །དང་པོ་དྲོད་སྙེད་མི་ལྡོག་པའི། །རིམ་པས་ལས་རིགས་ཡེ་ཤེས་རྒྱ། །རིམ་པས་རོལ་བས་རྒྱུད་ཉིད་དང་། །དད་བརྩོན་གསུམ་དང་བརྟུལ་ཞུགས་གསུམ། །གང་ལ་ཡོད་པ་དེ་ཡི་སྣོད། །འདི་དང་ཕྱི་མ་ཕན་ཡོན་གྲངས། །རྒྱུད་ལས་གསུངས་པ་ཇི་བཞིན་ཏེ། །དེ་བསྒྲོག་རརྔབྱོནཆོ་ ་ཉིདདང་། །གསང་བ་ཉམས་པས་ལྟུང་འཇིགས་པ། །སོ་མ་བཏང་བའི་རྫ་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །དོན་དུ་གཉེར་བ་ཐོས་བྱས་པ། །ཕྱེ་བ་གཉིས་སོགས་སྡོམ་པའི་ཚིག །དགོས་ཆེད་ངོ་བོ་གྲངས་ཐབས་དང་། །དུས་དང་སྐྱོན་གྲངས་ཞེས་བྱའོ། །ཐུན་མོང་མཆོག་གི་དངོས་གྲུབ་གྲངས། །བདག་གཞན་ཐོབ་ནས་དོན་གཞིའི་ཕྱིར། །གང་གིས་གང་ཐོབ་འདོད་པ་དེ། །ཡན་ལག་བཅུ་ལྡན་གཉེར་བདོ་བའོ། །མངོན་ཤེས་ཚེ་དང་རྫུ་འཕྲུལ་ལས། །སྐུ་གསུང་ཐུགས་ཀྱི་ཐུན་མོང་དག །བསྒྲུབ་ཐབས་མི་མཐུན་གྲགས་པ་དག །ཟག་མེད་འབྲས་བུ་མཆོག་ལྔ་པོ། །བསྒྲུབ་པའི་ཐབས་སུ་གྲགས་པ་ཀུན། །སྔག་ངཕྱགརྒྱབརྟནཔ་དང་། །ཕུན་་་སུམ་ཚོགས་པ་བཞར་ལྡན་ནས། །བརྟགས་ཤང་བྱན་གྱས་བརླབས་པ་དེར། །ཚོགས་བསྐྱེད་བསྙེན་བསྒྲུབ་གྲངས་དུས་མཚན། །སོ་སོར་ཕྱེ་བ་རྒྱུད་གསུངས་བཞན། །རྣལ་འབྱོར་རྟོགས་གོམས་འབྱོར་བ་དང་། །སྔགས་དང་ཕྱག་རྒྱ་བསྟན་པ་དང་། །མི་ལྕོགས་མེད་པ་གར་ཡོད་དང་། །ཆ་རྐྱེན་ཚང་བ་དབང་བསྒྱུར་སྡོང་། །ཡལ་བས་མི་འབྱུང་མི་ཐོབ་བཅུ། །བྱེ་བྲག་རྒྱས་པ་ཁོང་དུ་ཚུད། །དེ་ལས་ལྡོག་པའང་འདི་ཕྱི་མར། །ལྔ་ལྔ་ཐོག་པས་དོན་གཉིས་རྫོགས། །སྔགས་དང་ཕྱག་རྒྱའི་སྡོམ་ཚིག་ནི། །དགོས་ཆེད་ངོ་བོ་གྲངས་དང་ཐབས། །ངེས་ཚིག་གང་དུ་དགོས་པ་དང་། །ཡོན་ཏན་སྐྱོན་དང་སྤྱོད་ཡུལ་བཤད། །སྦྱངའིཁོཉེབརབསྙེན་དང་། །ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །གཉི་གའི་ཆེད་དུ་ཤིན་ཏུ་གཅེས། །ཡི་གེ་འདུས་པ་གྲུབ་པ་བཞིས། །མཐུ་ཅན་རེད་པ་གར་ཡིན་པ། །གཞི་རྫོགས་ཉིད་ལས་མི་འདའ་ བ། །གང་ལ་སྣང་བ་དེ་ངོ་བོ། །རིགས་གསང་གཟུངས་སྔགས་ཞེས་བྱ་བ། །རྩ་བསྐྱེད་ལས་སྦྱང་ལས་རིམ་དང་། །མཆོད་པ་དང་ནི་བརྒྱ་བཞི་ལ། །ཆེན་པོའང་རང་བཞིན་ཏིང་འཛིན་དང་། །མཚོན་པ་མཚན་མའི་ཕྱག་རྒྱ་དང་། །ཡུམ་དང་འཛིན་བསམས་བཅས་པའི་དམ། །བསམ་དང་བཅས་དང་རང་བཞིན་དང་། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། །བདེ་བ་རང་བཞིན་བཟླས་བསམ་དག །ལམ་གྱིས་ཕྱེ་བས་གྲངས་མང་ངོ་། །སྐྱོན་བརྒྱད་སྤངས་པའི་བརྩོན་པས་སྦྱང་། །མཐུ་བྱིན་ལྡན་ཞིང་དོན་མི་འདའ། །དེ་ཕྱིར་མིང་གི་སྒྲ་འཇུག་གོ །དཀྱིལ་འཁོར་དགོས་པའི་དུས་ལྔ་དང་། །བསྙེན་བསྒྲུབ་རྣམ་བཞིའི་ཚེ་ན་འོ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་་་ཆེ་འགྱུར་བས། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །རལ་གྲིའི་སོ་ལ་ཉེས་བཟུང་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་རྣམས་མེད་པར་འགྱུར། །གསང་བ་གསུམ་ལ་མོས་རིམ་དང་། །གང་ལ་སྒྲོད་པ་དེ་ཡུལ་ལོ། །ཐ་མ་རིག་པའི་དྲོད་ཚད་པ། །ཉེ་བར་སྩོད་པ་བ་དེ་ནི། །རང་གི་བསྒྲུབ་དང་ཏིང་འཛིན་སྡོམ། །ཟག་མེད་ལམ་སྦྱོར་ཚོགས་གཉིས་གྲངས། །ཚད་མ་གཉིས་ལས་གྲངས་པ་དག །ལེགས་སྦྱངས་ཐོབ་ནས་ཟག་པ་མེད། །ཐིགས་པ་ཐ་མ་སྔ་མ་རྒྱུས། །ཐོབ་པཏྭཛེ་སྔོན་ཚིག་ལམ་མཐར་ཕྱིན། །བདེར་གཤེགས་རྒྱལ་བ་ཉིད་ཡིན་ནོ། །དེ་ཕྱིར་བཅུ་ཡིས་འབྲས་སྦྱར་ཏེ། །རུས་སྦལ་བསྣུར་ཤུགས་བླང་བར་བྱ། །དེ་ཡུལ་བྱས་སྙེད་དོན་ལ་འཇུག །ཐུགས་ཀྱི་ཐིགས་པ་ལས། གདུལ་བྱ་དག་པའི་སྣང་བའི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་ཡན་ལག་བཞི་པའི་སྡོམ། །མཚན་ཉིད་ཐ་མ་ལུང་བསྟན་པ། །རིག་པ་འཛིན་དང་རྫོགས་སངས་རྒྱས། །སྔ་མ་ཐོབ་ཚུལ་རྣམ་གྲངས་དང་། །ངེས་ཚིག་གནས་སུ་རྣམ་པར་བཤད། །ལྷག་མ་ཡོད་མེད་འདའ་ཚུལ་གྱིས། །འདི་དང་བར་མར་རྣམ་པར་སྤྱོད། །རྣམ་པར་སྨིན་པ་བྱ་གཅན་ཚུལ། །དབང་་་སྒྱུར་ཕུང་པོ་འཇིག་པ་མེད། །ཕྱག་རྒྱ་ཆེན་པོར་བདག་ལུས་སྣང་། །ཉང་ཤུ་ལྔར་གྲུབ་རང་སྣང་བའོ། །དེ་ལ་ད་་ཡང་རྩོལ་བ་ཅན། །མེ་ཆུ་རླུང་གངས་རིགས་གནས་བཞངན། །གང་རིགས་ཟངན་པ་མང་གཏོང་བ། །དང་པོ་བྱུང་་་དང་བྱ་བྱ་ད་དང་། །ཐ་མར་བརྒྱུད་འཛིན་གསུམ་གྱངས་འུགྲུབ། །ད་་ཡང་བཞུགས་གནས་ངེས་མེད་ད་། །སེམས་རངག་གནས་སྣང་གང་ཡང་རུང་། །བྱ་བ་བྱས་པའི་གྲུབ་པ་དག །ཐོབ་ཚུལ་ངོ་བོ་འབྲས་བུ་གྲངས། །སྤྱོད་་ ་ཡུལ་གཟངགས་དང་ཐུགས་རྗ་་སྤྲུལ། །མཛད་པ་ཡ་་ཤ་ས་བཞུགས་ཚུལ་སྡོམ། །བདག་གང་དཔང་དུ་འདི་སྐད་དུ། །དཔག་བསམ་ཤངང་དང་རིན་པོ་ཆེ། །དེ་དག་རྫས་ཡོད་མ་ཡངན་ཏ་། །རང་སེམས་བསོད་ནམས་བསྟན་པ་ཡངན། །ངོ་མཚར་ཆོ་འུཕྲུལ་རྨད་ཀྱང་ཆོས། །གཞན་ནས་ཡོད་འོངས་མ་ཡངན་ཏ་། །ཐབས་ལ་བརྟེན་པའི་ཤ་ས་རབ་ཉངད། །ད་་ལྟ་བུ་ཡང་ངང་དུ་བྱུང་། །གཞན་གྱང་དོན་དུ་འདི་སྐད་དུ། །བྱ་བ་མ་ལུས་ཀུན་བྱས་ནས། །མཐར་ནང་སྐྱེ་མེད་རྡོ་རྗ་འི་སྐུ། །གསུངས་པའི་སྲའད་པ་ཐ་མ་དང་། །རྡོ་རྗ་་འཛིན་སྐུ་རྡོར་གསུམ་ལས། །སྤྲུལ་པ་དྲུག་གང་དབང་པོ་ཡངས། །མཛད་པ་རྫོགས་ནས་སངས་རྒྱས་ཚུལ། །གསང་བའི་སྐབས་ལས་ཤ་ས་པར་བྱ། །གཉངས་མེད་སེམས་སུ་མངོན་བྱས་པ། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལ་་ཕྱིར། ་་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུསསྣང། ཇོམཔརེརྟོག་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །ཡང་མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །བདེར་གཤེགས་རང་བཞིན་ཐམས་ཅད་ཕྱིར། །སུ་རྒྱ་ཅན་ཏྲོརེ་གཟུགས་བརྙན་བཞིན། །སྣང་ཡང་འགྲོ་འོང་ག་ལ་ཡོད། །དེ་ཡོད་ན་ནི་གཟུང་འཛིན་ཅན། །སྒ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །དུས་གསུམ་རིག་པ་རྫོགས་སངས་རྒྱས། །ལོག་རྟོག་ཐ་དད་དག་པ་ཡང་ །དེ་ནས་མཐའ་ལས་གྲོལ་བ་ཡི། །གཅིག་དང་མི་གཅིག་བརྗོད་་བསམ་་འདས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྒྱུད་ལས་གསུངས་པས་བགྲོད་དང་སླ། །རྒྱ་མཚོ་ཆུ་དང་རླབས་བཞིན་ནོ། །མཁའ་ལ་འཇའ་ཚོན་བཞིན་དུ་རྒྱུད་དོན་བཀྲ་གསལ་འདི། །མི་ཤེས་ང་རྒྱལ་སྙིལ་ཞིང་ཉོན་མོངས་དགྲ་རྒྱལ་བ། །དཔའ་བོ་རུ་མཚོན་གནམ་ལྕགས་ཤག་ཏི་འདྲ། ། རྒྱུད་ཀྱི་དོན་བཅུད་འཁོར་ལོ་དང་མཆུ་ལྟར་བླངས་པ་ལས། །མི་ཤེས་དྲ་བར་ཆུད་རྣམས་གསང་བའི་སྙིང་པོར་ཤོག །ཐུགས་ཀྱི་ཐིགས་སྒྱུ་འཕྲུལ་རྫོགས་སོ།། །།དགེའོ། །གསང་བའོ། །ཨེ་ཀ་པྲིསྒོ སརྦ་མསྐོ་ལ༷།། །།རྒྱ་གར་སྐད་དུ། བཛྲ་སཏྭ་ས་མ་ཡ་ཛ་ལ་གུ་རྒྱ་སརྦ་ཨུ་དརྙ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད། ཨོརྣམཔརསྣངམཛད་ལཕྱགའ་ལོ། །ཙྭ༷ ་ད་་ཕྱགའ་་ལ། །ཨསྣངངམ་པ་་ཕྱགའ་་ལ། །དེནསད་་ལྡནརྡོརྗེ་འ་། །རྒྱ་་ཀུན་གྱང་གསང་བངའ་བདག ། ཀུན་ཀྱང་དབང་བསྐུར་གཏར་འཛིན་པས། །དགྱས་ཤངང་ སྤྱན་གདངས་ གུས་