Ngb-pt-0936-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སྔགས་ཀྱི་སྲུང་མས་བཀའ་ཡི་བྱ་ར་གྱིས། །སྤེ་རྒྱུད་ཆེན་པོ་བཞིའི་གང་ལ་ཡང་། །གསང་བར་ཐུགས་ཀྱི་དགོངས་པ་སྟེ། །དུས་ཕྱིས་ལུས་པར་གཟིགས་ནས་མ་སྟོན་ཏོ། །རྒྱུད་ཆེན་པོ་བཅུ་བདུན་ཡོད་པར་གྲགས་པ་ལས་ཕལ་ཆེར་སྣང་བ་ནི། འགོ་སྤྱོད་ཡུལ་ཙམ་སྟེ། བདེ་བྱས་སྡུག་བསྔལ་དབྱིངས་ཕྱུག་བྷ་ག་ལ། །གཡེར་མེད་ལྷུན་རྫོགས་དབྱིངས་ཉིད་ཆེ་བ་སྐྱེད་པ། །མི་འདའ་ཡེ་ཤེས་རིན་པོ་ཆེ། བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ། །ཐམས་ཅད་མ་འགགས་དབྱེར་མེད་བདག་གི་བརྒྱུད། །སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། །དོན་དམ་ཉིད་དུ་སེམས་དཔའ་ཆེ། །བསྒྲུབ་ཏུ་མེད་པས་ཡེ་ནས་གནས། །བཙལ་དུ་མེད་པས་མངོན་སུམ་དབྱིངས། །སྨོན་དུ་མེད་པས་རང་ལ་རྫོགས། །ཐ་སྙད་མེད་པས་རྣལ་འབྱོར་བདག །གོ་འཕངས་ཆོད་པས་ཀུན་གྱི་དབྱིངས། །ལས་རྣམས་སྤྱད་ཅིང་་་སྤྱད་ཀྱང་། །ཐིག་ལེ་ཉིད་པས་སྤང་དྭ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །སྤང་དུ་མེད་པས་བདག་གི་རྒྱུད། །གཏི་མུག་ཉིད་པས་བསམ་དུ་མེད། །རྣམས་གྲངས་ཉིད་པས་དབྱིངས་ཉིད་ཀློང་།ཀུགཟུགས་རྣམས་མེད་པས་བྱང་ཆུབ་སྐུ། །ཐིག་ལེ་ཡེ་ནས་དམ་ཚིག་གསད། །དམ་ཚིག་མིང་དུ་བཏགས་པ་མེད། །འཆི་བ་མེད་པས་བདུད་རྩི་དབྱིངས། །ཁྱད་པར་ཉིད་ལས་ཡེ་ཤེས་ཆེ། །རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། །ཡེ་ཤེས་ཐུགས་ཀྱི་ཉི་མ་ཤར་རོ། ་།ར་བ་ཉིད་ན་ནུབ་པ་མེད། །སྒོམ་པ་ཉིད་པས་སྒོམ་དུ་མེད། །སྒོམ་པ་དམིགས་སུ་མེད་པའོ། །སྒོམ་པ་གཞན་ནས་ཆོས་མི་རྙེད། །རྡོ་རྗེ་རིན་ཆེན་འབར་བ་ལྟར། །ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ། །འགྱུར་བམེད་པས་བལ་ནག་བཞིན། །བསྒྱུར་དུ་བཏུ་་པས་བལ་དཀར་བགེན། །བརྟགས་ན་བལ་ནག་ཉིད་ཀྱི་དབྱིངས། །ལྷུན་གྱིས་གནས་པས་གོ་འཕངས་ཆོད། །གདོང་ནས་དག་པས་པདྨ་བཞིན། །འགྱུར་བ་མེད་པས་ཐིག་ལེ་བདེ། །བྱ་བ་མེད་པས་ཐིག་ལེ་བདེ། །དུས་གསུམ་མེད་པས་ཐིག་ལེ་བདེ། །བཙལ་དུ་མེད་པས་ཐིག་ལེ་བདེ། བརྩལ་བར་འདེད་པས་དབྱིངས་མི་བསྐྱོད། །དྲ་བ་ཉིད་པས་མུན་ཁྱུད་བདེ། །ཐིག་ལེ་ཉིད་པས་ཐིག་ཕྲན་བདེ། །རྩེ་རྒྱལ་རྟོགས་ན་གནས་ཆེན་བདེ། །ཐོག་མེད་ཡོངས་སུ་སྦྱངས་པའི་བྷ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ། །སྐུ་གསུང་ཐུགས་ཤར་མུ་་ད་དཀྱིལ། །རྣམ་པར་དག་པས་བྱང་ཆུབ་རྒྱུ། །འགྲོ་བའི་ལམཆིན་མཁའ་དབྱིངས་ཉིད། །ཐིག་ལེ་ཡེ་ནས་རྡོ་རྗེ་དབྱིངས། །ཐིག་ལེ་ཉིད་པས་འདུ་འབྲལ་མེད། །དེ་བས་ཐིག་ལེ་བདལ་བའི་དབྱིངས། །བདལ་བ་ཉིད་ན་ནུབ་པ་མེད། །བྱང་ཆུབ་སེམས་ཀློང་ཡང་པའི་དཀྱིལ་འཁོར་རྫོགས་སོ།། །།