Ngb-pt-0934-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

་༄།།སྔ་འགྱུར་རྒྱུད་འབུམ་ཕྱོགས་བསྒྲིགས་བཞུགས་སོ།།ཁོ༽།54་58།དཔལ་བརྩེགས་བོད་ཡངག་དཔེ་ངརྙང་ཞངབ་ཝུག་ཁང་ནས་བསྒྲིགས།མང་ངརགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།ཀྱི་དབྱིངས། །མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་ནི། ཆོས་ཀྱི་དབྱིངས་ཏེ་ཀུན་ཏུ་བཟང་པོའོ། །དེ་ཡང་བྱ་བ་ཐམས་ཅད་དང་བྲལ་བའི་ཕྱིར། །མི་གནས་པའི་དབྱིངས་ལ་རྣམ་པར་གནས་སོ། །རྣམ་དག་ལམ་ཆེན་ཀུར་སྒྲོ་ལ་ཕྱིར། །ཞེས་པ་ནི། རྩོལ་བ་ཐམས་ཅད་དང་བྲལ་བའི་ལམ་སྟེ། རྣམ་པར་དག་པས་སྒྲོལ་བའི་ཕྱིར་རོ། །མི་སྐྱེ་མི་འགག་ཅིང་མི་དགོངས། །ཞེས་པ་ནི། ཇི་བཞིན་པ་མི་གནས་པའི་མཉམ་པ་ཉིད་ལ། དམིགས་པའི་ཡུལ་མེད་པས་སྐྱེ་བ་མེད་དེ། །དེ་བཞིན་དུ་བཟུང་བ་དང་། །འཛིན་པའི་མཐའ་སྤངས་པས། །ཡུལགང་ལ་མི་གནས་པའི་ཕྱིར། །ཅིར་ཡང་མི་དགོངས་པ་ཡིན་ནོ། །བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར། །ཞེས་པ་ནི། བདག་དང་སེམས་ཅན་དུ་མ་མཐོང་བ་ནི། བྱམས་པ་ཆེན་པོའི་དོན་ཏོ། ། ་ནང་ ་ཡུལ་ཐམས་ཅད་ལ་ ་ད གས་པས། རྣམ་པར་སྦྱངས་པ་སྟེ། མངོན་དུ་བྱ་བའི་ཆོས་ཐམས་ཅད་དང་བྲལ་བས། །ཆོས་ཐམས་ཅད་ལ་མི་གནས་པ་ནི་སྙིང་རྗེ་ཆེན་པོའོ། །གང་ལྟར་ཡང་བདག་དང་གཞན་གྱི་དོན་དུ་མི་དམིགས་པས། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཅེས་བྱའོ། །ཆེ་བས་ཆེ་བའི་ཟབ་མོ་ཡིས། །ཞེས་པ་ནི། ཆེ་བ་ནི་ཆོས་ཉིད་དོ། །སེམས་ཅན་ཐམས་ཅད་ནི་ཟབ་མོ་བྱང་ཆུབ་ཀྱི་རང་བཞིན་པས། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི། །མཉམ་པ་ཉིད་ཀྱི་སྙིང་པོ་ཡིན་པ་དང་། ཡོན་ཏན་རྒྱ་མཚོ་ལ་ལེགས་པ་དང་། སའི་རིམ་པ་ལ་སོགས་པར་སྒྲོ་མི་འདོགས་པས་ན། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཅེས་འབྱུང་བ་ཡིན་ནོ། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །ཞེས་པ་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་ལ། །བྱ་བ་དང་ཐ་སྙད་མེད་དེ། །ཇི་བཞིན་པ་ལ་མི་གནས་པའི་ཕྱིར། །བྱ་བའི་ཡུལ་ཐམས་ཅད་དང་བྲལ་བའོ། །བྱ་བ་མེད་པས། གྲོལ་བས་དགྲོལ། ཞེས་པ་ནི། ཞིང་ཆེན་པོ་ལ་བྱ་བ་མེད་དེ། །འགྲོ་བ་ཐམས་ཅད་ཞི་བའི་རང་བཞིན་བས་ན། །རང་ལས་འབྱུང་བའི་མཐུ་དེས་གྲོལ་ལ། །ཐོབ་པ་མེད་པའི་དབྱིངས་མངོན་དུ་གྱུར་པས་ན་དགྲོལ་བ་ཡིན་ནོ། །རང་འབྱུང་ཡེ་ཤེས་བརྩལ་མེད་པས། །ཞེས་པ་ནི། གཞན་གྱི་མཐུ་ལ་མི་བརྟེན་ཅིང་རང་འབྱུང་བས་བརྩལ་བ་མེད་པའོ། །གྲོལ་བས་གྲོལ་བའི་ལམ་ཡང་སྟོན། །རང་གི་རིག་པ་ལས་བྱང་ཆུབ་འབྱུང་བས་ན། ཕྱིན་ཅི་ལོག་དུ་རྣམ་བསླད་ཀྱང་། །གྲོལ་བ་རང་འབྱུང་གཞན་ལས་མིན། །ཞེས་འབྱུང་བ་ཡིན་ནོ། །ད་ནི་རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས་འཆད་དེ། །དེ་ཡང་ཡོངས་སུ་རྫོགས་པ་དང་། །གཞན་གྱི་དབང་ལས་མི་འབྱུང་གི །རང་བཞིན་གྱིས་ཆེ་བ་ལ་གནས་པའི་དོན་སྟོན་ཏོ། །ཆེ་བའི་ཡེ་ཤེས་རྙེད་པར་དཀའ་བས། ཞེས་པ་ནི། སངས་རྒྱས་ཀྱི་ཆོས་ཉིད་ནི་ཤིན་ཏུ་ཟབ་ཅིང་ཕྲརྟོགས་པར་དཀའ་སྟེ། མི་རྙེད་པའི་རྙེད་པ་ལ་སྒྱུ་མར་གནས་ཏེ། མངོན་དུ་རྙེད་པར་ནི་ཤིན་ཏུ་དཀའ་བའི་ཕྱིར་རོ། ཁྲེས་རབ་ཐབས་ལ་བརྟེན་པས་འགྲུབ། ཅེས་འབྱུང་བ་ཡིན་ཏེ། མི་དམིགས་པའི་ཀླུང་ལས། ཆོས་ཉིད་རང་བཞིན་དུ་འཆར་བ་ནི་ཤེས་རབ། དེ་ལ་ཀུན་ཏུ་བཟང་པོ་ལོངས་སྩོད་རྫོགས་པར་སྦྱོར་བས་ཐབས་ཡིན་ཏེ། མཉམ་པ་ཉིད་དུ་བདག་མེད་པའི་བདེ་བ་ལ། དུས་གསུམ་དུ་གནས་པས་གྲུབ་པ་ཡིན། །དེ་ལྟར་སྒྱུ་མའི་སྤྱོད་པས། དེ་ལ་མིང་ཙམ་དུ་གནས་ཤིང་སྦྱོར་གྱིས་ཀྱང་། རང་བཞིན་གྱི་ཡེ་ཤེས་བདེ་བ་ཆེན་པོ་རང་གི་རིག་པ་ལས་འབྱུང་བའི་ཕྱིར། མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ད་ནི་རྩོལ་བ་དང་བྲལ་བའི་སྐབས་འཆད་དེ། །རྩོལ་བ་སྒྲིབ་པ་ཉིད་དུ་འགྱུར་བའི་དོན་སྟོན་ཏོ། །ཆོའཕྲུལཆེནཔོདཀའབམིན། ཞེས་པནི། ཇིབཞིནཔལམིགཡོབར་་་་་་་གནས་པ་ནི་ཆོ་འཕྲུལ་འཕེལ་ལོ། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། ཡོན་ཏན་ནི་སངས་རྒྱས་ཀྱི་ཆེ་བ་དང་། སྟོབས་དང་མ་འདྲེས་པ་དང་། གཟུངས་དང་རྣམ་པར་ཐར་པ་དང་། སྒྱུ་མ་མིང་དུ་གྲགས་པ་རྣམས་ལ་དམིགས་པ་སྟེ་སྒྲིབ་པའོ། །མི་དམིགས་པའི་ཤེས་རབ་ལ་བརྟེན་ནས། རང་གི་ཤེས་རབ་ཀྱི་མར་མེ་བྱུང་བས། དེ་བཞིན་ཉིད་དུ་རྟོགས་པའི་མཐུས་སྒྱུ་མའི་འཇིག་རྟེན་སྦྱོང་བ་དང་། སྒྱུ་མར་སྟོན་པ་དང་། བདེ་བ་དང་སྡུག་བསྔལ་དུ་སྣང་བ་རྣམས། ཇི་ལྟ་བར་སྟོན་པའི་ཐབས་དེས་འཆད་པར་མཛད་པས་ན། །ཇི་བཞིན་རྟོགས་པ་ཕྲ་བ་ཡིས། །དེ་མ་ཐག་དུ་རང་ལས་འབྱུང་། །ཞེས་གསུངས་པ་ཡིན་ཏེ། ཕྲ་བ་ནི་དམིགས་པའི་ཡུལ་མ་ཡིན་ཏེ། །ནམ་མཁའི་རང་བཞིན་ནོ། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩམ་བཞག་པས་བསྒོམས་པ་ཡིན། ཞེས་པ་ནི། ཆོས་ཉིད་གདོད་མ་ནས་མ་གསུངས་པས་རྒྱུའི་རང་བཞིན་དང་། །རྐྱེན་གྱི་རང་བཞིན་མེད་པའི་ཕྱིར་སྣང་བ་མེད་པ་ཡིན། །བྱ་བ་མེད་པའི་ཆོས་རྣམས་ལ་བྱེད་པར་རྩོལ་བ་ནི། །སྡུག་བསྔལ་ཆེན་པོའི་རྒྱལ་མཚོ་མཐའ་མེད་པ་ལ་འབོགས་པ་སྟེ། དེ་ནི་རྒལ་བར་ཤིན་ཏུ་དཀའོ། །དེ་བས་ན་ཆོས་ཇི་བཞིན་པ་ལ་གནས་ནས། མཉམ་པ་ཉིད་ཀྱི་རྒྱལ་ས་བཞུགས་ཤིང་། ཀུན་ཏུ་བཟང་པོའི་རོལ་པ་ལ་མི་ཉམས་པར་གནས་པ་ནི། །སྒོམ་པ་ཆེན་པོའོ། །དེ་དང་དེར་ནི་རྣམ་རྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་པ་ནི། དེ་ནི་དེ་བཞིན་ཉིད་དོ། །དེ་དང་བརྩད་པ་ནི་ནམ་མཁའ་ལ་ཁང་བུ་འབུབས་པ་དང་འདྲ་སྟེ། །ཕྱི་ཅི་ལོག་དུ་གྱུར་པས། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ད་ནི་བརྗོད་པ་དང་བྲལ་བའི་སྐབས་འཆད་དེ། བྱང་ཆུབ་སེམས་ཀྱི་རང་བཞིན་མི་བརྗོད་པས་ཐ་སྙད་དང་བྲལ་བའི་དོན་སྟོན་ཏོ། །མཆོག་དུ་གསང་བའི་ཆོས་ཉིད་ནི། ཞེས་པ་ནི། ཅི་ཡང་མི་དམིགས་པས་རང་བཞིན་མེད། །མཚན་མ་ཐམས་ཅད་དང་བྲལ་བས་བཟའ་བའི་ཡུལ་མེད་དེ། །བརྗོད་དུ་མེད་པའི་ཕྱིར་ཕལ་གྱིས་མི་རྟོགས་པས། །གསང་བ་ཡིན་ནོ། །དེ་བས་ཚིག་འབྲུ་ཐམས་ཅད་དང་བྲལ་ཏེ། ཆོས་ཉིད་དུ་གནས་ཤིང་ནམ་མཁའི་རྒྱ་དང་འདྲ་བར་གྱུར་པས་ན། བདག་དང་གཞན་མི་འགྲུབ་སྟེ། བརྙེད་པ་མེད་ཅིང་ཐོབ་པར་འགྱུར་བའི་མཐུ་མི་འབྱུང་བས། རྣ་དབང་གཞན་ལས་ཐོབ་མི་འགྱུར། དེ་བཞིན་ལྕེའི་དབང་པོས་ཀྱང་། དེ་ལ་བརྗོད་དུ་རྡུལ་ཙམ་མེད། ཅེས་འབྱུང་བ་ཡིན་ནོ། ད་ནི་འགྲོ་བ་ལས་ཀྱིས་མི་འཁོལ་བའི་སྐབས་འཆད་དེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། གཞན་གྱིས་མི་འཁོལ་བའི་དོན་སྟོན་ཏོ། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། ཀུན་ཏུ་ཆུབ་པས་རྣམ་པར་རོལ། ཞེས་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུ་ནི་བྱང་ཆུབ་སེམས་ཀྱིརངབཞིནནོ། །བསླད་པས་ན་སྡུག་བསྔལ་ཡིན་ནོ། །དེ་ལ་ཡང་བདེ་བས་ཀུན་ཏུ་ཆུབ་པ་དང་། སྡུག་་་་་་་བསྔལ་གྱིས་གཡེན་བཅོས་ཏེ། འཁོར་བ་རྩེད་མོ་དང་འདྲ་བར་གནས་ཏེ། ཆོས་ཐམས་རང་བཞིན་ཀུན་ཏུ་ཆུད་པར་རོལ། དེ་ཡང་བདག་མེད་པ་དང་མཉམ་པ་ཉིད་ལ་མི་བསྐྱོད་པར་གནས་པའི་བདེ་བ་ལེན་པས་ན། དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཞེས་འབྱུང་བ་ཡིན་ནོ། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཞེས་པ་ནི། ལས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའི་མིང་བླ་དགས་ཏེ་དེ་ཡང་ཡོད་པ་མ་ཡིན་ནོ། །སེམས་ཅན་བྱང་ཆུབ་ཀྱི་ཞིང་ལ་ཀུན་ཏུ་བཟང་པོའི་བདེ་བས་མཚུངས་པར་གནས་ཏེ། །ལས་ཀྱིས་མི་འཁོལ་ལོ། །དེ་ཡང་ཅིའི་ཕྱིར་ཞེ་ན། མ་བལྟས་པའི་ཕྱིར་རོ། །གལ་ཏེ་ལས་ཀྱི་མཐུ་བརྟན་ཞིང་རྡོ་རྗེ་དང་འདྲ་བ་ཡིན་ན་ནི། ལས་ནི་སྔ་ལ་སེམས་ཅན་ནི་འབྱི་བས། འགྲོ་བ་ལས་ཀྱིས་འཁོལ་ཞེས་བྱ་བའི་དབང་དུ་འགྱུར་ཏེ། གྲོལ་ཐར་བ་མེད་པར་གྱུར་རོ། །དེ་ལ་སེམས་ཅན་ནི་སྔ་ལ་ལས་ནི་འཕྱི་བའི་ཕྱིར། ལས་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་ཏེ། ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར། ཅི་སྟེ་དེའི་དབང་གྱུར་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན།ཞེས་གསུངས་པ་ཡིན་ནོ། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། ཞེས་པ་ནི། རྒྱུ་ནི་མི་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་མི་སྐྱེ་བའི་ཆོས་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པ་འབྱུང་བས་ན་རྐྱེན་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མི་སྐྱེ་བ་ཆེན་པོའི་མཐུ་དང་ལྡན་པའི་ཕྱིར། མ་བསྒྲུབས་པས་གྲུབ་པའི་བྱང་ཆུབ་ཆེན་པོའི་སྙིང་པོ་ལས་མི་གཡོ་བས་ན། མ་སྐྱེས་པས་ན་འཇིགས་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །ཞེས་བསྟན་ཏེ། དེ་ཡང་དོན་དམ་པའི་བརྩལ་བ་དང་། འདུས་བྱས་ཀྱི་རེ་བ་ཐམས་ཅད་དང་བྲལ་བའི་ཕྱིར། ཆོས་ཉིད་ཀྱི་གནས་ཆེན་པོར་འགྱུར་ཏེ། མཉམ་པ་ཉིད་ལ་གནས་བས་ན། རྩལ་བའི་བསམ་པས་དབྱིངས་མི་བསྐྱོད། ཅེས་འབྱུང་བ་ཡིན་ནོ། །ད་ནི་བརྩལ་སེམས་དང་བྲལ་བའི་སྐབས་འཆད་དེ། རེ་བ་འཇོག་པ་དང་སྨོན་ལམ་ལ་གནས་པ་དང་། སྐྱེ་བ་ཁྱད་པར་དུ་གྱུར་པའི་དོན་སྟོན་ཏོ། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། ཞེས་པ་ནི། འཇིག་རྟེན་འདིའི་ཉོན་མོངས་པས་ཟིན་པ་ལ། སེམས་ཀྱི་རང་དབང་བདེ་བ་སྐད་ཅིག་མས། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས། །བསམ་གཏན་ཆེན་པོའི་གནས་བཟུང་ནས་སྦྱོད་པ་རྣམས་སོ། །བསམ་གཏན་ཉིད་པས་བསམ་དུ་མེད། ཅེས་པ་ནི། བདེ་བའི་བགྲོད་པའི་བསམ་གཏན་དེ། གང་དེ་ལ་འགོག་པའི་ཡུལ་དེ་བསམ་དུ་མེད་པར་བལྟ། མ་བསམས་མ་སྦྱངས་ཆོས་བཞིན་དུ། ཞེས་པ་ནི། མ་བསམས་པའི་ཆ་དང་། མ་སྦྱངས་པའི་ཆ་གཉིས་ཀ་རྣམ་པར་རྟོག་པའི་མཐུས་འཁྲུལ་པའི་ཤེས་པ་སྐྱེ་སྟེ། སྐྱོན་ཡིན་པའི་ཕྱིར། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། ཞེས་འབྱུང་སྟེ། བགྲོད་ཅིང་སྦྱོང་བ་ལ་མི་བལྟོས་པར།རིག་པས་ཇི་བཞིན་པའི་ཡེ་ཤེས་རང་ལས་འབྱུང་བར་འགྱུར་རོ། །ཕྲ་བའི་སྒོ་མོར་མིང་བརྟགས་ནས། ཞེས་པ་ནི། ཡུལ་མེད་པ་ལ་ཡོད་པར་རྟོག་པ་ནི་ཕྲ་བའི་སྒོ་མོའོ། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །ཞེས་པ་ནི། འཁྲུལ་པའི་ཕྲ་བས་སེམས་བསླད་དེ། དབེན་ཞིང་དགོན་པ་ལ་ཆགས་ཤིང་ལམ་དུ་མཐོང་བས། །དགོན་པའི་རྒྱུད་དུ་དབེན་འཛིན་ཏེ། བརྟགས་ན་རྣམ་པར་རྟོག་རྒྱུ་སྒོམ། ཞེས་འབྱུང་བ་ཡིན་ཏེ། རྒྱུ་དང་འབྲས་བུར་མིང་འདོགས་ཤིང་། །དགེ་སྡིག་གཉིས་་་རྣམ་པར་སེལ། །ཞེས་པ་ནི། རྣམ་པར་མ་བྱང་བའི་ཆོས་ཐམས་ཅད་རྒྱུར་བལྟ། དེ་ལས་ཉོན་མོངས་པ་འབྱུང་བ་ནི་འབྲས་བུར་མིང་བཏགས་པའི་ཕྱིར་རོ། །དགེ་བ་དང་སྡིག་པའི་རྒྱུ་གཅིག་པའི་ལས་རྣམ་པར་ཕྱེ་སྟེ། ནམ་མཁའ་ལ་བགོ་བཤའ་བྱེད་པ་དང་འདྲ་བར་འགྱུར་རོ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོད་དུ་སྐྱེད། །ཞེས་འབྱུང་བ་ཡིན་ནོ། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་ཡིན་ཏེ་བྲག་ཆ་འདྲ། །ཞེས་པ་ནི། གོང་མའི་སྐྱོན་དང་བྲལ་བའི་དོན་སྟོན་ཏོ། །ཆགས་ནི་རང་དབང་མེད་པའི་མཐུའོ། །མ་ཆགས་པ་ནི་དེ་ཉིད་འཇིལ་བའི་ཐབས་ཀྱི་སྙིང་པོ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཕྱིར། ཚིག་གི་ལམ་ལྟར་སྣང་ངོ་། །ཆགས་པའི་མི་གནས་པ་དང་མི་ཆགས་པའི་མི་གནས་པས། ཆོས་ཀྱི་དབྱིངས་སུ་རོ་ཅིག་པའི་ཕྱིར།ཁྱད་པར་དུ་གནང་གིས་ཀྱང་། གང་ལྟར་ཡང་མ་གྲུབ་པའི་ཕྱིར་བྲག་ཆ་དང་འདྲའོ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་འབྱུང་བ་ཡིན་ཏེ། བྱང་ཆུབ་ཆེན་པོར་རྩོལ་བ་ན་སྡུག་བསྔལ་ལོ། །ཞི་བ་མཉམ་པ་ཆེན་པོ་ནི་བདེ་བ་སྟེ། །མི་དམིགས་པའི་ཐུན་མོང་བའི་ཕྱིར། །རྣམ་པར་མི་འགྱུར་བའི་དབྱིངས་ལ་གདོན་མི་ཟ་བར་གནས་པ་ཡིན་པས། གཞན་ལས་མ་བྱུང་གི །འགྲོ་བའི་མགོན་པོ་སེམས་དཔས་གསུངས། ཞེས་འབྱུང་བ་ཡིན་ནོ། །ད་ནི་ཡེ་ཤེས་རང་ལས་འབྱུང་བའི་སྐབས་འཆད་དེ། །བྱང་ཆུབ་སེམས་ཀྱི་རང་བཞིན་བདག་ཉིད་ཆེན་པོའི་དོན་སྟོན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་། ཞེས་པ་ནི། འདོད་ཆགས་སུ་གྲགས་པ་ཐམས་ཅད་ཀྱང་། སྐུའི་རྒྱན་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་རོལ་པ་ལས མཐའ་ཡས་གདོན་མི་ཟ་བའི་ཏིང་ངེ་འཛིན་པད་མ་རིགས་ཀྱི་གཙོ་བོ་སེམས་ཅན་གྱི་ཞིང་ཡོངས་སུ་སྦྱོང་བའི་རང་བཞིན་ནོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ཀྱང་། སྙིང་རྗེ་ཆེན་པོས་རྒྱུན་དུ་འདུལ་བ་དང་། སྒྲོལ་བའི་ཐབས་སུ་གནས་པས་ཆེ་བའི་སྐུ་སྟེ།།བྱང་ཆུབ་ཀྱི་ཡན་ལག་བདེ་བ་ཆེན་པོ་མི་དམིགས་པའིརངབཞིན། དེལསབྱུངབས་ལམ་ཡིན་པའི་ཕྱིར་རོ། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། ཆོས་ཉིད་དབྱིངས་ཀྱི་རྒྱུན་ཞེས་གསུངས། ཞེས་པ་ནི། ཞི་བ་ཆོས་ཀྱི་སྐུ་སྟེ་མཉམ་པ་ཉིད་དུ་གནས་པའོ། །རྣམ་པར་མི་རྟོགཔ་ནི་ཐབས་ཀྱི་རོལ་པའི་བྱང་ཆུབ་ཀྱི་སེམས་ཏེ། ཀུན་བཟའ་བ་དང། ཀུན་སྤྱད་པའི་རྐྱེནདུ་འགྱུར་བའི་ཆོས་འདོདཔའི་ཡོན་ཏན་ལྔ་ཡང་མི་འགོག་ལ། རངབཞིན་གྱིདམིགས་སུ་མེད་པའི་སྙིངརྗེ་ཆེན་པོལས་བྱུང་བའི་བདུད་རྩི། བྱངཆུབཀྱི་སེམས་ཡོངས་སུ་འབར་བརབྱེད་པ་དང་། འཁོར་གསུམ་སྐུ་གསུམདུརྫོགསཔར་འགྱུར་བའི་ཕྱིར། །ཆོས་ཉིད་དབྱིངས་ཀྱིརྒྱནཞེས་གསུངས། ཞེསའབྱུངབ་ཡིན་ནོ། །ནམ་མཁའ་རྟོགཔ་སྐྱེ་མེད་ཅིང་། །རྟོག་པདེ་ཉིད་ནམ་མཁའ་འདྲ། །ཞེས་པ་ནི། ནམ་མཁའ་མི་སྐྱེབའི་རང་བཞིནསྐྱེབར་རྟོགཔནི། མཚན་ཉིད་མི་འགྱུརབས་སྐྱེ་བམེད་དེ། རྟོགས་པ་སྔམ་དང་། རྗེས་བཞིན་དུ་འབྱུང་བའི་རྟོག་པ་ལ་ཡང་ཡུལ་མེད་པས་ནམ་མཁའ་དང་འདྲའོ། །མི་ཆགསཔནམམཁའི་བསྔོབ་ལ། ཞེསཔནི། མི་ཆགས་པ་ནིབྱང་ཆུབཀྱི་སེམསདོནཆེན་པོ་ལ་གནས་པའོ། །ཐམསཅད་ཀྱི་རྒྱུ་གཅིག་པའི་ཕྱིར་བསྔོ་བ་མེད་དེ། །རང་རིག་པའི་རྒྱལཔོནང་ཉིདདུ་འཆར་བ་ནི། །རང་བྱུང་གི་དོན་ཆེན་པོསྟེ། རང་དོན་ཆེནཔོ་ནམ་མཁའ་འབྱུང་། ཞེས་གསུངསཔ་ཡིནནོ། །ད་ནི་མངོནབར་བྱང་ཆུབ་པ་ལས་བཞེངས་ཏེ། རྡོ་རྗེ་དབྱིངས་ཀྱིསྙིང་པོ་ནས་སེམས་ཅན་འདུལ་བརདགོངས་ནས། ཤིནཏུབདེབཆེནཔོཐམསཅད་མཉམཔ་ཉིད་དུ་ད་པཆོས་ཉིད། །རང་གི་ཡུལལ་་འ་ས་མ་བྱས་ཀྱི་རང་བཞིན་ཟླ་གསང་ཐིག་ལེའི་དཀྱིལ་ནས། གཟུངས་ཀྱི་རང་བཞིན་དོན་མི་གཏོང་བ་དང་། དོན་དུ་མཛད་པ་དང་། དོན་ལྟར་སྟོན་པ་དང་། དོན་ཀྱི་རྗེས་སུ་འཇུག་པའི་ཐབས་ཀྱི་རང་བཞིན། ཡི་གེ་ཨ་ལི་ཀ་ལི་ཞེས་བསྟན་ཏེ། གཟུངས་ཀྱི་རོལ་པའི་སྐབས་འདི་གསུངས་སོ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་པ་ནི། རྣམ་པར་མི་རྟོག་པ་ནི་མཉམ་པ་ཉིད་དེ། དེ་ལ་བྱ་བ་དང་བཙལ་བའི་ཡུལ་མེད་པས་ཆོས་ཉིད་དེ། ཇི་བཞིན་པའི་སྐུ་ནི་མཐའ་མེད་པར་ཁྱབ་པས་ཆོས་ཀྱི་སྐུའོ། །དེ་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་མི་ཙམ་དུ་གནས་ལ། འ་ལ་བའི་དབང་གིས་རྫུ་འབྲུལ་ཆེན་པོ་དང་མཐུ་བསམ་གྱིས་མི་ཁྱབ་པ་ཡང་མེད་པ་མ་ཡིན་ཏེ། གཟུགས་ཐམས་ཅད་དང་བྲལ་བས་གཟུང་བས་མི་ཟིན། སྒྱུ་མས་དབང་བསྒྱུར་ཞིང་དོན་མཛད་པ་ཡང་མེད་པ་མ་ཡིན་པའི་ཕྱིར། ཆུ་ཟླ་དང་འདྲ་སྟེ། དེ་ལྟར་ཐབས་ཀྱི་རོལ་པས་ཀུན་ཏུ་བཟང་པོའི་རྒྱལ་ལ་དགོངས་པར་མཛད་པའི་ཕྱིར། གཟུངས་ཀྱི་རང་བཞིན། ཀུན་ཏུ་བཟང་པོའི་རོལ་པའི་གཟུངས། ཨ་ལི་ཀ་ལི་ཟབ་དུ་བསྟན། ཞེས་འབྱུང་བ་ཡིན་ནོ། །ད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པའི་དཔེ་བསྟན་པ། ཡི་གེ་ཨ་ཞེས་པ་བསྟན་པར་བྱ་སྟེ། བྱེད་པ་ཐམས་ཅད་དང་བྲལ་བས་བྱ་བའི་དོན་མི་འགྲུབ་པ་ལ། ཐབས་དང་ཤེས་རབ་ཏུ་བསྟན་ཏེ། རེ་ཤིག་ཡི་གེ་མ་སྐྱེས་པ་བསྟན་་་་་་་དེ་ནས་གཟུངས་ཀྱི་རང་བཞིན་བསྟན་པར་བྱའོ། །དེ་ལ་ཨ་ནི་ཨ་ཨུ་ནུད་པ། བ་པ་ན་སྭ་བྷ་བ་སྟེ། ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་ལ་ནི་ཆོས་ཀྱི་དབྱིངས་མི་འགྱུར་བའི་རང་བཞིན། གུ་གུ་ནི་སྙིང་རྗེ་ཆེན་པོ་སྟེ་མི་སྟོང་བའོ། །ཀ་ནི་ཐམས་ཅད་བྱེད་པའི་དོན་ལ་མངའ་བརྙེས་པའོ། །ལ་ནི་ཟབ་མོའི་གསང་བ་སྟེ་དོན་ཐམས་ཅད་བྱེད་པའོ། །དེ་ལ་ཨ་ནི་སྙིང་རྗེ་ཆེན་པོ་སྟེ་ཤེས་རབ་པོ། །ལི་མི་ཐབས་ཀྱི་རང་བཞིན་ཏེ་གཟུངས་སོ། །ཀ་ནི་གནས་ནས་གནས་སུ་བསྐྱོད་པའི་རང་བཞིན་གྱི་མཐུའོ། །ལི་ནི་ཐམས་ཅད་དུ་ཐུན་མོང་བའི་དོན་ནོ། །དེ་ལ་དོན་མཛད་པའི་མ་ཐབས་སྟོན་ཏེ། །དེ་ནི་ཨ་དང་མཛེས་པའི་ཏ། བ་དང་ཡན་ལག་སྤྲོས་པ་བཞིན། ཞེས་པ་ནི། ཨ་ནི་བདག་ཉིད་ཆེན་པོའི་རང་བཞིན་བདེ་བ་ཆེན་པོ་ལ་རོལ་པའོ མཛེས་པའི་ཏ་ཞེས་པ་ནི། ཤེས་རབ་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་གནས་པ་སྟེ། ཐབས་ཀྱི་རྒྱལ་པོ་ཤེས་རབ་ཀྱི་རང་བཞིན་ལ་གནས་པའི་དོན་ཏོ། །པ་ཞེས་བ་ནི་གྲོལ་ཐར་བའི་དོན་ཏེ། པདྨའི་རང་བཞིན། དེ་ལ་འགྲོ་བ་ཐམས་ཅད་སྐྱེ་བ་དང་གནས་པ། བདེ་བ་དང་སྡུག་བསྔལ་གྱི་ཡན་ལག་དུ་གྱུར་པའི་ཆོས་རྣམས་ལ་ཀུན་ཏུ་སྤྲོས་ཤིང་གནས་ཏེ། དེ་ལྟ་བས་ན་གཞན་གྱི་འདོད་ཆགས་ཀྱང་བདག་གི་ལ། བདག་གི་འདོད་ཆགས་ཀྱང་གཞན་གྱིའོ་ཞེས་འབྱུང་ལ། །ཀུན་ཏུ་བཟང་པོའི་རང་བཞིན་ནི་ཐམས་ཅད་བདེ་བར་གནས་སོ་ཞེས་འབྱུང་ཏེ། །མི་དམིགས་པའི་ཟབ་མོ་ལ། བསླད་པའི་རྣམས་དགྲོལ་བའི་ཕྱིར། །སྤྱོད་ཡུལ་ཐུན་མོང་ཡང་རང་གི་རྐྱེན་གྱིས་གསང་བར་གྱུར་པས། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི་བཙལ་བས་རྙེད་པའི་གནས་མེད་དེ། །ཞེས་པ་ནི། ཆོས་ཀྱི་རང་བཞིན་དངོས་པོ་ཅི་ཡང་མེད་ཅིང་ཤིན་ཏུ་ཕྲ་བའི་ཕྱིར། །བཙལ་ཀྱང་རྙེད་པར་མི་འགྱུར་ཏེ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི་སྤྱོད་ཡུལ་མཐའ་ཀླས་ཤིང་རྙེད་པར་དཀའ་བའི་ཕྱིར་རོ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བརྙབ་པ་བཞིན་ཞེས་པ་ནི། ཆོས་དྲུག་ནི།གཟུགས། སྒྲ། དྲི། རེག ཆོས་སོ། འདི་ན་ཐམས་ཅད་སྒྱུ་མར་སྟོན་པའི་གཞི་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་ཉིད་དོ། །གང་གིས་ཆོས་འདི་དྲུག་ཕྱིན་ཅི་ལོག་དུ་མཐོང་བ་ནི། མདོངས་པ་སྟེ། བདུད་རྩི་སྤངས་ནས་དུག་ཕྱིར་འབྲེང་བ་ནི། །མདོངས་པས་ནམ་མཁའ་བརྙབ་བ་བཞིན། ཞེས་གསུངས་པ་ཡིན་ནོ། །གོང་ནས་གོང་དུ་ཚངས་པའི་ལ། བྲལ་ཆོས་དང་མཐུན་བ་མིན། ཞེས་པ་ནི། འཇིག་རྟེན་ལས་འབྱུང་བའི་བསམ་པབསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། རིམ་པས་བགྲོད་པ། བྱང་ཆུབ་ཀྱིས་དང་། ཚངས་པ་དང་བརྒྱ་བྱིན་གྱི་གནས་དང་། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སོགས་ཏེ། གང་ཅི་ཙམ་དུ་བགྲོད་པའི་ཡུལ་ཅན་ནི་ཉོན་མོངས་པ་སྟེ་འཆིང་བའོ། །བྱ་བ་ཐམས་ཅད་དང་བྲལ་བ་ནམ་མཁའ་དང་འདྲ་བ་ཡོངས་སུ་ཞི་བ། ཀུན་ཏུ་མཉམ་ཞིང་མཐའ་ཡས་པའི་བདེ་བ། རང་བཞིན་གྱིས་ཡོངས་སུ་རྫོགས་པ་ཆེན་པོ མ་བསམས། མ་སྤྱད། མ་བསྒོམས་ཏེ། རང་བཞིན་གྱིས་གཞན་ལ་རག་ལུས་པ་མེད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་པོ་ལྟར། །ཆོས་དང་ཆོས་མ་ཡིན་བའི་གཏེར་ཐམས་ཅད་འབྱིན་ནུས་པའི་ཕྱིར། མཉམ་པར་བཞག་པ་སྟེ། ཅི་སྟེ་ལམ་ལ་བགྲོད་འགྱུར་ན། ནམ་མཁའི་མཐའ་བཞིན་ཐོབ་པ་མེད། ཅེས་འབྱུང་བ་ཡིན་ནོ། །ད་ནི་ཡོངས་སུ་རྫོགས་པའི་སྐབས་འཆད་དེ། བྱེད་པ་མེད་པའི་དོན་སྟོན་ཏོ། །དེ་ལྟར་དེ་བཞིན་དེའི་ཕྱིར། དེ་ལ་དེ་བསྟན་དེ་དང་ཐོབ། ཅེས་པ་ནི། དེ་བཞིན་ཉིད་ནི་འགྲོ་བ་ཐམས་ཅད་ལ་མཉམ་བའི་དབྱིངས་ཅིག་དུ་གནས་པའོ། །དེ་ལྟར་གནས་པ་དེ་ཡང་ཅིའི་ཕྱིར་མངོན་སུམ་དུ་མི་འགྱུར་ཞེ་ན། དེ་བཞིན་ཉིད་ནི་རྟོག་པའི་ཆོས་ཐམས་ཅད་དང་བྲལ་བ་ཡིན་ཏེ། རང་ལས་འབྱུང་བའི་ཆོས་ཉིད་དང་། དེ་བཞིན་ཉིད་དུ་ནང་དུ་བསྟན་པས་ཐོབ་པར་འགྱུར་རོ། །དེ་ནི་སྙིང་པོ་དེ་བས་ན། དེ་ལས་དེ་འབྱུང་ངོ་མཚར་ཆེཞེས་པ་ནི། དེ་བཞིན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །སྙིང་པོ་དེ་ལས་མངོན་སུམ་པའི་བདེ་བ་ཀུན་ཏུ་བཟང་པོ་འབྱུང་བར་འཀྱུར་ལ། །དེ་དང་དུས་ཐམས་ཅད་དུ་མི་འབྲལ་བའི་ཡོན་ཏན་དང་ལྡན་པའི་ཕྱིར། དེ་ལས་དེ་བྱུང་ངོ་མཚར་ཆེ། ཞེས་འབྱུང་བ་ཡིན་ནོ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེའི་གནས་སུ་ཆེ། ཞེས་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བའི་དེ་བཞིན་ཉིད་ནི། གནས་གྱུར་པའམ་འཕོ་བ་མེད་པའི་ཆེ་བ་ཉིད་དེ། སྔོན་ཞེས་པའི་ཚིག་ནི་ཕྱི་མའི་མཐའ་མེད་པའི་དོན་སྟོན་ཏེ། དེ་བཞིན་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་འགྱུར་བའི་དབྱིངས་ཅིག་པའི་ཕྱིར། དེའི་གནས་སུ་ཆེའོ། །དེ་ལྟར་དེའི་ལམ་འདྲ་བར། ཞེས་པ་ནི། དེ་ལ་བགྲོད་པ་ཐམས་ཅད་དང་བྲལ་བའི་ལམ་ནི་རྣམ་པར་གྲོལ་བ་ཆེན་པོའོ། །རྣམ་པར་གྲོལ་བ་ནི་མ་ཡིན་ཏེ་ཅིག་པའི་ཕྱིར། །འགྲོ་བ་ཐམས་ཅད་ཆོས་མཉམ་པ་ཉིད་ཀྱི་དབྱིངས་ལ་བགྲོད་པའི་ལམ་འདྲ་བའི་ཕྱིར། །དེ་ནི་དེའི་རང་བཞིན་ནོ། །ཞེས་འབྱུང་བ་ཡིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ནི། མཉམ་པའི་ཀླུང་ལས་འདྲ་བའི་ཕྱིར་ཡོངས་ཀྱི་ལམ་མོ། །སྐྱེ་བ་མེད་པའི་སྐྱེ་བ་ལ། སེམས་ཅན་ཆེན་པོ་མན་ཆད་ཐུན་མོང་དུ་གནས་ཏེ། ཆུ་ཟླའི་གཟུགས་བ ན་དང་འདྲ་བར་ ན་ཅིང་། ཆོས་ཀྱི་དབྱིངས་སུ་རོ་ཅིག་པའི་མཉམ་པ་ཉིད་ཡིན་ཏེ། ན་གྱི་མཉམ་ཉིད་ཡིན་པ་ལ ཕྱོ ས་སུ་བ ས་པས་ བ་པ་མེད ཅེས་ ང་བ་ཡི ་ནོ ་ ་བ ་བ་ལ་་་་་ཆགས་པ་དང་བྲལ་བའི་སྐབས་འཆད་དེ། །ཆགས་ན་སྐྱོན་དུ་འགྱུར་བའི་དོན་སྟོན་ཏོ། །དེ་ལྟའི་བདེ་དང་ཕྱི་མའི་མངོན་སུམ་པ་དང་རྒྱབ་ལས་བྱུང་། །ཞེས་པ་ནི། ཆོས་ཐམས་ཅད་ཀྱི་བདེ་བའི་རྒྱུ་ནི། །ནམ་མཁའ་དང་འདྲ་བས་བདེ་བ་སྔ་མ་དང་ཕྱི་མ་ཞེས་བྱ་བ་མེད་དོ། །དེ་ལས་སངས་རྒྱས་སུ་བྱ་བའི་ཡན་ལག་ཡེ་ཤེས་ཆེན་པོ་མདུན་ནས་འབྱུང་བ་དང་། རྒྱབ་ནས་རྙེད་པའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྲངས་མེད་པ་རྣམས་ལེན་པས་ཐོབ་པར་བྱ་བ་དང་། ཐོབ་ཟིན་པ་རྣམས་ཐམས་ཅད་ཀྱང་། མཚན་མ་མེད་པའི་དབང་གིས་ལྟ་བའི་མཐུས་འགྲུབ་མོད་ཀྱིས། དེ་ཡང་རྣམ་པའི་སྐྱོན་ཡིན་པས། དེ་ལ་བརྟེན་པར་མི་བྱའོ། །ཞེས་འབྱུང་བ་ཡིན་ནོ། །ད་ནི་གདོད་མ་ནས་ཆེ་བ་ཉིད་ཀྱི་སྙིང་པོ་ལ། རང་བཞིན་གྱིས་གནས་པའི་སྐབས་འཆད་དེ། བྱ་བ་མེད་པའི་དོན་སྟོན་ཏོ། །དུས་གསུམ་ཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། ཞེས་པ་ནི། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་མེད་པའི་ཕྱིར། དུས་གསུམ་ཅིག་སྟེ་ཁྱད་པར་མེད་དོ། །ཆོས་ཀྱི་དབྱིངས་ནི་རྩིག་ཆར་འཆར་ཏེ། མཐའི་མུན་པ་མེད་པའི་ཕྱིར། སྔོན་ཡང་མེད་ཕྱིས་ཡང་མེད་གདོད་མ་ནས་བྱུང་བ་ཉིད་དོ། །ཆོས་སྐུ་ཁྱབ་པས་ཅིག་པའི་ཕྱིར། ཞེས་པ་ནི། མི་གནས་པའི་དབྱིངས་ལ་མཉམ་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་སྐུ་ནི་ནམ་མཁའ་སྟེ། ནམ་མཁའ་ནི་ཀུན་ཏུ་ཁྱབ་པ་ལ།ནམ་མཁའ་ལ་གཉིས་སུ་མེད་དེ། ཅིག་པའི་ཕྱིར་རོ། །དེ་ལྟ་བས་ན་ཆེ་བའི་རྒྱན་དཔལ་ཕུན་སུམ་ཚོགས་པ་མཉམ་པར་གནས་པ། །ཐམས་ཅད་ལ་ཁྱབ་སྟེ་གཉིས་སུ་མེད་པའི་ཕྱིར། ཆེ་བས་ཆེན་པོ་རང་བཞིན་གནས།ཞེས་འབྱུང་བ་ཡིན་ནོ། །ད་ནི་ཀུན་ཏུ་སྨོན་ལམ་ཆེན་པོ་དང་།བྲལ་བའི་སྐབས་འཆད་དེ། །ཅི་ལ་ཡང་མི་གནས་པའི་དོན་སྟོན་ཏོ། །སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །ཞེས་པ་ནི། སྲིད་པ་གསུམ་མི་དམིགས་པས་སྒྱུ་མ་དང་སྤྲུལ་པ་ལྟ་བུར་སྦྱོར་བའོ། །དེ་ལ་མི་གནས་པའི་ཐབས་ཀྱིས་གནས་པ་ནི། །མིང་ཙམ་སྒྱུ་མ་ཉིད་དུ་སྣང་ངོ་། །འཁོར་ལོ་བསྒྱུར་བའི་གནས་ཆེན་ཡང་། །ཞེས་པ་ནི། འཁོར་ལོ་བསྒྱུར་བ་ནི་གླིང་བཞིའི་རྒྱལ་པོར་གྲགས་ཏེ། འཁོར་ལོ་ནི་མི་གནས་པ། །བསྒྱུར་བ་ནི་རྣམ་པར་སྦྱོང་བའི་མཚན་མ་སྟེ། དེ་ཡང་མངོན་པར་བྱང་ཆུབ་པའི་གནས་ཐོབ་པ་མེད་པའི་དབྱིངས་སུ་འགྱུར་བའི་རྒྱུ་དེས་འདུལ་ཏེ།དེ་བས་ན། སྒྱུ་མས་སྦྱོང་བའི་གནས་ཆེན་ཡིན། །ཞེས་འབྱུང་བ་ཡིན་ནོ། །རྣམ་སྨིན་དུས་ལས་བལྟོས་པའི་རྣམས། །དུས་དེ་འབྱུང་བར་མི་འགྱུར་ཏེ། ཞེས་པ་ནི། ཆོས་ཉིད་ནི་ཡེ་ནས་གནས་པ་ཅིག་པར་རྫོགས་པ་ཡིན་པས་དུས་མེད་དོ། །དུས་མེད་པ་ལ་འབྱུང་བར་འདོད་པ་རྣམས་ནི་ཤིན་ཏུ་འཁྲུལ་པ་སྟེ། །དཔེར་ན་འོ་མ་འདོད་པ་རྭ་ལ་བཞོས་པ་བཞིན་ནོ། །མ་བྲལ་སྨོན་པ་སྤྱོད་པས་ན། ཞེས་པ་ནི། མ་བྲལ་བ་ནི་ཆགས་པ་མི་་་་་་་གཏོང་བ་སྟེ། །རྨི་ལམ་གི་ནོར་དང་འདྲ་སྟེ་སྤྱད་པ་ལ་སྨན་པར་མི་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་སྣང་བར་མི་འགྱུར་བ་དང་། མངོན་དུ་གྱུར་པའི་མཐུ་མེད་པར། །དེ་ལ་གཟས་ཤིང་འཁྲུལ་པའི་བློས་བཙལ་བར་གྱུར་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོང་པའི་རང་བཞིན། ཅི་ཡང་མེད་པས། སྟོང་པའི་མཚན་ཉིད་གསུངས་པ་བཞིན། ཞེས་འབྱུང་བ་ཡིན་ནོ། །དེ་ནི་ལུང་སྟོན་པའི་སྐབས་འཆད་དེ། །ལུང་ནི་རྣ་བར་བརྒྱུད་པ་སྟེ། མངོན་དུ་གཞག་པར་མཆི་བས། །བརྡ་ཅི་རིགས་པ་ཙམ་ཞིག་བཤད་པ་ཡིན་ནོ། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་ནི། དེ་བཞིན་ཉིད་ནི་གཅིག་སྟེ་རྣམ་པ་དང་ཁྱད་པར་གི་མིང་མེད་དོ། །དེ་ལྟར་གླེང་གཞི་ཐམས་ཅད་དང་བྲལ་བར་སྐྱོར་བས་རྣལ་འབྱོར་ཏེ། །དེ་ཡང་མི་གནས་པའི་ཚུལ་གྱིས་ཀུན་ཏུ་བཟང་པོའི་བདེ་བ་ལ་རོལ་པ་ནི། །ནམ་མཁའི་བྱ་ལམ་བཞིན་དུ་མི་ཆགས་མི་གནས་པའི་ཕྱིར་རོ། །མ་བྱུང་མི་སྐྱེ་སྙིང་པོ་ལ། ཞེས་པ་ནི། དེ་བཞིན་ཉིད་ནི་བརྟེན་པ་ཐམས་ཅད་དང་བྲལ་བས་མ་བྱུང་བའོ། །བརྗོད་པ་ཐམས་ཅད་དང་བྲལ་བས་ན་སྐྱེ་བ་མེད་དེ། །མཐའ་དང་དབུས་གཉིས་ཀ་ལ་མི་གནས་པའི་ཕྱིར་སྙིང་པོ་ཡིན་ལ། སྨྲ་བ་དང་བསམ་པའི་ཡུལ་མེད་དེ། །རང་བཞིན་གྱིས་ཆེ་བས་བདེ་བ་ལ་གནས་པའི་ཕྱིར། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་འབྱུང་བ་ཡིན་ནོ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། ཞེས་པ་ནི། ཕྱི་ནི་རྩོལ་བའི་བྱང་ཆུབ་ཀྱི་སེམས་སོ། །ནང་ནི་བདེ་བ་ལ་གནས་པའོ། །རྩོལ་བ་ནི་བདག་མེད་པས་ཞི་བ་སྟེ་ནང་ངོ་། །ནང་ནི་བདེ་བ་ལ་གནས་པ་ནི། ཁུ་མེད་པའི་དབྱིངས་ལ་གནས་པ་ན། །ཐོབ་པའི་བསམ་པ་དང་ལྡན་པས་ཕྱིའོ། །དེ་ལྟར་ཕྱི་ནང་གཉིས་ཀ་ལ་ཐོབ་པའི་རབ་ནི། །ཕྱིའི་ཡུལ་མི་འབྱུང་གི །ནང་ཉིད་དུ་བལྷ་བས་འཁྲུལ་པའི་ཕྱིར་འགྱུར་ཏེ།འདི་དག་ནི་ནང་མ་དག་ལ་ཕྱི་རོལ་སྒོམ་པ་ལ་སྒོམ་བའི་ནད་དོ། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །ཞེས་པ་ནི། ཟབ་མོ་ནི་ཞི་བ་ཆེན་པོ་སྟེ་རྣམ་པར་དག་པའི་དབྱིངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་འཆར་བར་བྱེད་པ་ནི། །ཆ་ཤས་ཕྲ་བ་སྟེ་མི་དམིགས་པས་རྟོག་པའི་ཡུལ་མེད་དོ། །སྲིད་པ་མིང་ཙམ་ལོག་པའི་སྟབས། །ཞེས་པ་ནི། སྣང་བའི་ཆོས་འདི་དག་ཐམས་ཅད་རང་བཞིན་གྱིས་ཆེ་བ་ཉིད་དེ་མཉམ་པས་ཞི་བའོ། །དེ་ལ་ཡང་འཁྲུལ་པས་ཆགས་པའི་ལྟ་བས། །སྲིད་པ་མིང་ཙམ་མོ་ཞེས་འཁོར་བའི་ཕྱིར་རོ། །དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་པ་ནི། རྣམ་པ་ཀུན་ཏུ་ཟིན་པའི་ཆོས་ལ་མཉམ་པར་བཞག་པ་དང་།དགོངས་པའི་དབང་དང་། མ་པར་བཀོད་པ་དང་། ཏིང་ངེ་འཛིན་ལ་སོགས་པ། ་མའི་རྣམ་པར་ཐར་པ་ཐམས་ཅད་འཆིང་བ་ ། དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཐ་ཚིག་ཕྱི་དང་ནང་། རང་བཞིན་ཕུང་པོ་ཁམས་བཞིན་གནས། ཞེས་པ་ནི། དེ་ལ་ཐ་ཚིག་ལ་རྣམ་པ་ལྔ་སྟེ། གང་ཞེ་ན། ས་དང་། ཆུ་དང་། མེ་དང་། རླུད་དང་། ནམ་མཁའ་དང་འདྲའོ། །འབྱུང་བ་ཆེན་པོ་ལྔ་པོ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བ་ཉིད་དེ། །ཟབ་མོའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ། ཐམས་ཅད་ཀྱང་ཆེ་བ་ཉིད་མི་གཏོང་བའི་དམ་ཚིག་རྗེས་སུ་སྦྱོང་ངོ་། །དེ་ཡང་རང་བཞིན་ཐམས་ཅད་ཀྱི་གནས་ཀུན་ལ་གསང་བའི་ཚུལ་གྱིས་གནས་ཏེ། ཕུང་པོ་ནི་མཉམ་པ་ཉིད་ཀྱི་གཙོ་བོ་ལྔའི་མཚན་ཉིད་དོ། ཁམས་ནི་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་ཆེ་བའོ། །དེ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་དེའི་རྒྱུས་སྒྱུ་མ་ལ་སོགས་པའི་ཐབས་སོ། །དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ལྟར་དབང་དུ་མཛད་པས། རྟག་དུ་དེ་ལ་གནས་པ་དང་། མི་འབྲལ་བ་བླངས་པ་དང་། དོར་བ་མེད་པའི་ཕྱིར་དམ་ཚིག་བླང་བ་ཡང་། དུས་གསུམ་དེ་དང་མི་འབྲལ་བས། ཐ་ཚིག་མིང་དུ་བཏགས་པ་མེད། ཅེས་འབྱུང་བ་ཡིན་ནོ། །ད་ནི་མཉམ་པ་ཉིད་ཀྱི་ཆོས་ལ་དབང་བསྒྱུར་བའི་སྐབས་འཆད་དེ། མི་རྩོལ་མི་སེམས་པར་ལྷུན་གྱིས་གྲུབ་པའི་དོན་སྟོན་ཏོ། །མི་གཡོ་བ་ནི་སྐུའི་རྒྱ། མི་བསྐྱོད་དེ་ཉིད་ཡེ་ཤེས་ཏེ། ཞེས་པ་ནི། ཆོས་ཐམས་ཅད་སྐྱེ་འགག་མེད་དེ་མཉམ་པ་ཉིད་ལ་གནས་པ་ནི། སྐུ་ནམ་མཁའ་དང་འདྲ་བས་ཀུན་དུ་ཁྱབ་པ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཆེན་པོ་བདེ་བ་ཐམས་ཅད་ལེན་པ་དང་། ཆགས་པ་སྤོང་བའི་སྐབས་འཆད་དེ། །དེའི་ཞོར་ལ་དཀའ་ཐུབ་ལས་ཆོས་མི་འབྱུང་བ་དང་། སེམས་མི་གདུང་བ་དང་། བྱང་ཆུབསེམས་ལ་དབྱེར་མེད་པའི་དོན་སྟོན་ཏོ། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བ་མིང་མེད་དེ། ཞེས་པ་ནི། ཆོས་ཉིད་ཀུན་ཏུ་བཟང་པོ་ལ་ཤིན་ཏུ་བདེ་བ་དང་།བླ་འོག་གིམཆོག་གི་ཐབས་ཀྱིས་དབྱིངས་ལ་རོལ་པའོ། །དཀའ་ཐུབ་ནི་ཉོན་མོངས་པ་ལེན་པ་དང་། སེམས་གདུང་བ་སྟེ་འཁྲུལ་པའི་ནད་དོ། །དེ་བས་ན་དཀའ་ཐུབ་ཀྱི་གནས་ནི་བརྗོད་པར་ཡང་མི་བྱའོ། །དེལ་མཚན་མ་མེད་པའི་དབངགིས་ཐབས་གང་དུ་རོལ་ཀྱང་བདེ་བ་འབྱུང་བ་དང་། སྒྱུམ་ལྟར་གང་དུ་བསྐྱེད་ཀྱང་ཐབས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས། དེ་བཞིན་དུ་འགྱུར་བ་དང་། དེ་བཞིན་དུ་སྣང་བའི་དམིགསཔས་སྟོན་ཏེ། དེནི་འཆིང་བའོ། །ཨ་དང་པར་ནི་རྣམ་ལྡན་བས། སྒྱུ་མའི་བདེ་བ་སྐྱེ་བར་འདོད། ཞེས་པ་ནི། ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་གོང་དུ་བཤད་པ་ཉིད་དོ། །པ་ནི་ཆོསཐམས་ཅད་བསྐྱེདཔའི་བདག་ཉིད་པད་མོའི་རང་བཞིན་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཏུ་ལྡན་པས་སྒྱུ་མའི་རང་བཞིན་བདེ་བ་གང་འདོད་པ་ལྟར་སྐྱེ་བར་འགྱུར་རོ། །དེ་ནི་ཟིན་པའི་སྐྱོན་ཡིན་ཏེ། རང་བཞིན་དུ་མ་སྐྱེས་པའི་སྐྱེ་བ་ནི་མ་ཡིནཔའི་ཕྱིར་རོ། །རང་བཞིན་གཅིག་དུ་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། ཞེས་པ་ནི། ཅིའི་ཕྱིར་ཞེ་ན། རང་བཞིན་གཅིག་དུ་མ་ངེས་ལ། གཟུང་བ་དང་འཛིན་པ་མ་སྤངས་པའི་ཕྱིར་སྐྱེ་བར་འགྱུར་བས། །བལྟས་པར་གྱུར་པའི་སྐྱོན་སྣང་བ་སྟེ། །ཆོས་ཉིད་ཀྱི་འཁྲུལ་པ་ནི་འགྱུར་པ་ཡིན་ལ། །མིང་འདོད་པས་བསྐལ་པའི་རྒྱ་མཚོའི་རླབས་ཀྱིས་ཀུན་ཏུ་སྣང་བར་འདོད་ཅིང་རྩོལ་བ་ནི། །སངས་རྒྱས་སུ་བཙལ་ན་ཡང་སྐྱོན་ནོ། །སེམས་དེའི་བདེ་བ་ལ་གནས་པ་བུས་པའི་སྤྱོད་ཡུལ་འཁྲུལཔཡིན་པས། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །ཞེས་འབྱུང་བ་ཡིན་ནོ། །བྱང་ཆུབ་ཡན་ལག་ཀུན་ཀྱི་སྒོ། ཆུ་ལུགས་སྒོམ་པ་ཆུ་ཟླ་བཞིན། ཞེས་པ་ནི། བྱང་ཆུབ་ཀྱི་ལམ་ས་བཅུ་བགྲོད་པ་དང་། ཐབས་ཀྱི་སྙིང་པོ་དང་། ཡི་གེ་འབྲུས་བྱང་ཆུབ་ཀྱི་ཆ་ལུགས་ཇི་བཞིན་བར་འཛིན་ཅིང་། ཆུ་ཟླ་དང་འདྲ་བར་འབྱུང་ཡང་བྱ་བ་དང་མ་བྲལ་བའི་མཐའོ། །དེ་བས་ན། མ་ཆགས་མ་གོས་འབྱུང་འགྱུར་ཡང་།སྒོམ་པས་བྱས་པའི་སྤྱོད་ཡུལ་བཞིན། ཞེས་འབྱུང་བ་སྟེ། དེ་བཞིན་དུ་བྱང་ཆུབ་ཀྱི་ཆེ་བའི་སྐུ། དམིགས་སུ་མེད་པ་མངོན་དུ་འཆར་ཏེ་འབྱུང་བ་ཡང་། བསྒོམས་པ་དང་རེ་བའི་མཐུ་ལས་གྱུར་པའི་ཕྱིར། སྐྱོན་ཆེན་པོ་ཡིན་ཏེ། བསླད་པའི་བྱིས་པའི་སྤྱོདཡུལབཞིནནོ། །དཀྱིལའཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། ཁྲོབདགཆེནཔོའིལུགསབཟུང་ནས། །ཡི་གེ་མངོན་དུ་བྱུང་ན་ཡང་། ཞེས་པནི། དེབཞིནདུགོངམལྟར་སྒོམ་པ་དང་སྒྲུབ་པའི་ཡན་ལག་ཞལ་ནས་གསུངས་པའི་དཀྱིལ་འཁོར་སྒྲུབ་པའི་མཐུས། །ཁྲོ་བོའི་སྐུ་ཡི་རང་བཞིན་ཡི་གེའི་ཆ་ལུགས་མངོན་དུ་བྱུང་ན་ཡང་། །སྒོམ་པ་དང་མངོན་དུ་གྱུར་པའི་སྐྱོན་རེ། ཞི་བ་དེ་བཞིན་ཉིད་མེད་པའི་ཕྱིར་རོ། །ཞི་བ་དེ་བཞིན་ཉིད་མཐོང་བ་མིན། །ཞེས་གསུངས་པ་མིན་ནོ། །ཏ་ལའི་མགོ་བོ་བཅད་པ་དང་། ས་བོན་མེ་ཡི་བསྲེགས་པ་བཞིན། ཞེས་པ་ནི། ཉོན་མོངས་པའི་དབང་གིས་འཁོར་བ་ཆེན་པོར་མི་འགྱུར་བའི་ཐབས་བསྟན་པ། ཡན་ལག་དུ་སྒོམ་ང་འི་ཐབས་ཀྱི་སྐབས་འདིས་སྟོན་ཏེ། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། གང་ལྟར་བསྐྱེད་ཀྱང་མི་ཏོག་སྐྱེ། ཞེས་པ་ནི། སྒྲུབ་པ་དང་དངོས་གྲུབ་རྩོལ་བ་ལ་ཡང་རྣམ་པ་གཉིས་ཏེ། ངེས་པའི་ལུང་དང་རང་བཞིན་ནོ། །ངེས་པའི་ལུང་ནི་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ལ་མངའ་བསྙེས་པ་ན། གང་ལྟར་བསྒྲུབས་གང་དུ་དམིགས་པས། །མངོན་སུམ་པ་དང་འདྲ་བར་མངོན་དུ་གྱུར་ཀྱང་། ཆོས་ཀྱི་དབྱིངས་ལ་འཆར་བ་དང་། དབང་ཆེན་གྱི་མངས་བསྒྱུར་བ་སྟེ་འཆིང་བ་མེད་དོ། །སྤྲུལ་པ་ནི་ཀུན་ཏུ་བཟང་པོ་རོལ་པའི་རྒྱན་ལས་འདུལ་བར་མཛད་པའི་སྒྱུ་མའི་སྤྲུལ་པ་བདག་ཉིད་ཆེན་པོ་ལས་གཏོང་བའི་ཕྱིར། །སྒྲིབ་པ་དང་འཆིང་བར་མི་འགྱུར་རོ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་པ་ནི། ཆོས་ཉིད་ཀྱི་བྱིན་རླབས་ཀྱི་མཐུ་ལ་བརྟེན་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས། དེ་ཉིད་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབྱུང་བ་དང་འདྲ་བར། སྐབས་འདིར་མཚན་མ་མེད་པའི་ཆོས་ཉིད་དབྱིངས་ཀྱི་དབང་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་བསྒྲུབས་ཏེ་གྲུབ་པའི་སྐྱོན་གྱིས་བདེ་བའི་བསྟི་གནས་སུ་འགྱུར་གྱི། རྣམ་པར་གྲོལ་བ་ཆེན་པོ་ནི་མཡིན་ནོ། །ད་ནི་རྩོལ་བ་དང་བྲལ་ཞིང་མཉམ་པ་ཉིད་དུ་མི་གཡོ་བར་གནས་པས། བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་སྐབས་འཆད་དེ། བྱང་ཆུབ་སེམས་ཀྱི་རང་བཞིན་གླེང་གཞི་ཐམས་ཅད་དང་བྲལ་བའི་དོན་སྟོན་ཏོ། །གླེང་བྲལ་འདི་ལ་གནས་པའི། རྣལ་འབྱོར་དེ་ནི་སྐལ་པ་བཟང་། ཞེས་པ་ནི། མི་སྐྱེ་བའི་ཆོས་ཉིད་ལ་བྱ་བ་མེད་དེ། བྱ་བ་མེད་པ་ནི་གླེང་གཞི་དང་བྲལ་བའོ། །དེ་ལ་བདེ་བར་གནས་པའི་རྣལ་འབྱོར་ཏེ། ཆོས་ཀྱི་གཏེར་ནམ་མཁའ་དང་ལྡན་པས་སྐལ་བ་བཟང་པོའོབདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། ཞེས་པ་ནི། གཟུང་བ་དང་འཛིན་པའི་མཐའ་སྤངས་པས། ཆོས་ཀྱི་དབྱིངས་སུ་ལ་འཁྲུལ་པ་མེད་པས་རྣམ་པར་དབྱེར་མེད་དོ། །མི་གནས་པའི་སྣང་བ་ཐམས་ཅད་ནི་སྒྱུ་མ་ཆེན་པོ་སྟེ། དེའི་མཉམ་པ་ཉིད་ཀྱི་ཡུལ་ལ་རོལ་པས། །ལྷུན་གྱིས་གྲུབ་པའི་དབང་ཆེན་ནོ། །ད་ནི་ཆོས་ཉིད་ཀུན་ཏུ་མི་འགྱུར་བར་གནས་པའི་སྐབས་འཆད་དེ། བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟར་མི་འགྱུར་བའི་དོན་སྟོན་ཏོ། །ལྷག་མ་མེད་པས་ཡོངས་སུ་རྫོགས། འགྱུར་བ་མ་ཡིན་དྲང་པོར་གནས། ཞེས་པ་ནི། ཆོས་ཐམས་ཅད་མཐའ་དང་དབུས་མེད་པས། བྱང་ཆུབ་སྙིང་པོ་ཡོངས་སུ་རྫོགས་པའི་དབྱིངས་ཅིག་པའི་ཕྱིར་རོ། །ཆོས་ཉིད་ལ་གཟུགས་མེད་དེ་ནམ་མཁའི་རང་བཞིན་དུ་ཡེ་ནས་གནས་པ་ལ། །གཡོ་བའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། །དེ་བསྲང་བའི་མཐུ་དང་ལྡན་པ་གང་ནས་ཀྱང་མི་འབྱུང་བས་ན། དུས་གསུམ་དུ་མ་ནོར་བའི་དབྱིངས་དྲང་པོར་གནས་པ་ཡིན་ནོ། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཞེས་པ་ནི། རང་བཞིན་ཆེན་པོའི་ཡེ་ཤེས་ནི། །མི་དམིགས་པའི་མཐའ་ནམ་མཁའ་དང་འདྲ་སྟེ། རྣམ་པ་ཀུན་དུ་མཉམ་པ་ཆེན་པོའི་ཕྱིར་རོ། །མཉམ་པ་ཉིད་ནི་གཞན་ལས་འབྱུང་བར་མི་འགྱུར་ཏེ། སྨྲ་བ་དང་བསམ་པའི་ཡུལ་ཐམས་ཅད་ལས་འདས་པར་སྦྱོར་བ་ནི། མཚུངས་པ་མེད་པའི་ཆོས་ཉིད་ནི། རང་གིས་མཐུའི་རིག་པ་ལས། ཞེས་འབྱུང་བའི་ཕྱིར། སྒོམ་པ་དང་བསྒྲུབ་པའི་སྟོབས་གཞན་ལ་བརྟེན་པས། ཆོས་ནི་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། ཞེས་པ་ནི། ཡེ་ནས་སྙིང་པོ་བྱང་ཆུབ་ལ་གནས་པ་དང་། རྡུལ་ཙམ་བྱ་བ་མེད་པའི་ཕྱིར་སླའོ། །མི་དམིགས་པ་ནམ་མཁའི་སྤྱོད་ཡུལ་ལ། ཐབས་མེད་པས་བགྲོད་པ་ནི་ཤིན་ཏུ་དཀའོ།དེ་ལྟར་ཡོངས་སུ་རྫོགས་པའི་རང་བཞིན་ལ། འདི་ནི་སངས་རྒྱས་སོ། །འདི་ནི་ཆོས་སོ། །འདི་ནི་དགེ་འདུན་ནོ། །ཞེས་འབྲས་བུ་གཅིག་ལ་རྒྱུ་གསུམ་དུ་ཕྱེ་བ་ནི་བསླད་པས་གསུངས་པའི་ཕྱིར་དཀའ་བར་འགྱུར་ལ།མི་གཡོ་བར་སླ་བ་ལས་རྣམ་པར་བཙལ་བའི་དཀའ་བ་འབྱུང་ངོ་། །མངོན་སུམ་མི་གནས་ཀུན་ལ་ཁྱབ། ཞེས་པ་ནི། ཆོས་ཉིད་དེ་མ་ཐག་གི་བདེ་བ་ནི་མཚན་མ་མེད་པ་སྟེ། །དམིགས་པའི་ཡུལ་མ་ཡིན་པའི་ཕྱིར།མིག་གིས་མཐོང་བ་དང་། རྣ་བས་ཐོས་པའི་ཡུལ་མེད་དོ། །དེ་བཞིན་དུ་ཀུན་ཏུ་ཁྱབ་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་མཐུ་ཐ་མི་དད་ཅིང་། མངོན་པར་འཆར་བ་ཅིག་པའི་ཕྱིར། །ཀུན་དུ་ཁྱབ་པ་ཡིན་ནོ། །དེ་ལ་ཡང་ཐོབ་པ་དང་བཙལ་བ་དང་བཅས་པ་རྣམས་ནི། དཔེར་ན་རི་འོང་གི་རྭ་དང་མོ་གཤམ་ཀྱི་བུ་བཞིན་ཐོབ་པ་མེད་དེ། །གནས་མེད་པའི་ཕྱིར། མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད།ཅེས་གསུངས་པ་ཡིན་ནོ། །ད་ནི་རྒྱུ་རྐྱེན་ལས་མ་གྲུབ་པའི་ཕྱིར། རྣམ་པར་མི་རྟོག་པའི་དགའ་བ་ལ་ཆགས་པའི་སྐྱོན་བསྟན་པའི་སྐབས་འཆད་དེ། བདེ་བ་ཆེན་པོ་རྒྱུ་རྐྱེན་ལས་མི་འགྲུབ་པའི་དོན་སྟོན་ཏོ། །ངོ་མཚར་སྨད་ ང་རོལ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བ ན་ཏེ ཞེས་པ་ནི བཅོམ་ ན་འདས་ཀྱི་ ་དང་ སུང་དང་ཐུ ས་ཀྱི་བད ་ཉིད་མེད་པ་ལས། ན་ཏུ་བཟང་པོའི་རོལ་པ་ལ་མཉམ་པར་གནས་པ་ནི། ངོ་མཚར་་་་ཆེའོ། །མི་གནས་པའི་སྤྲུལ་པ་སྒྱུ་མའི་འཇིག་རྟེན་གྱི་འདུལ་བ་རྨད་དུ་འབྱུང་སྟེ། །བྱ་བ་མེད་པ་ལས་བདེ་བའི་མཆོག་ནམ་མཁའ་དང་འདྲ་བར་མི་འགྱུར་བར་གནས་པ་ནི། ཆོས་ཉིད་ཀྱི་མངས་སེམས་ཅན་གྱི་ཞིང་ལ་རོལ་རྩིང་ཅི་ཡང་མི་མཛད་པའོ། །ཅིར་ཡང་མི་དམིགས་གཏི་མུག་ལ། །དེ་མ་ཐག་དུ་རང་ལས་འབྱུང་། །ཞེས་པ་ནི། དེ་བཞིན་དུ་རང་བྱུང་བ་ནམ་མཁའ་དང་འདྲའོ། །ནམ་མཁའ་ནི་ཅིར་ཡང་མི་དགོངས་ཏེ་གཏི་མུག་ཆེན་པོའོ། །དེ་ལྟར་གཏི་མུག་ཆེན་པོ་དེ་ལས་དེ་མ་ཐག་དུ་ཤེས་རབ་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་འཆར་བར་འགྱུར་ཏེ། །དེ་བས་ན། ཅིར་ཡང་མི་དམིགས་གཏི་མུག་ལ། །དེ་མ་ཐག་དུ་རང་ལས་བྱུང་། ཞེས་གསུངས་པ་ཡིན་ནོ། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་གྱི་རང་བཞིན་གནས། ཞེས་པ་ནི། སེམས་ཅན་ཐམས་ཅད་མི་དམིགས་པ་ལ་མཉམ་པར་གནས་པ་དང་། །མཚན་ཉིད་གྲངས་མེད་པར་སྟོན་ཀྱིས་ཀྱང་། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཅིག་པ་ལ། སྐྱིན་ཅི་འོཁོག་གིས་བསླད་པས་བསྒྲིབས་པའི་ཕྱིར། སྐད་ཅིག་མ་ལ་གནས་ཏེ། དེ་ཡང་བྱང་ཆུབ་ཀྱི་རྒྱུའི་ཕྱིར། བྱིས་པས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། ཞེས་པ་ནི། དཔེར་ན་སྨན་ཞེས་བྱ་བའི་མིང་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་ན། དེ་ཡང་སྨན་པ་ཞེས་བྱ་བའི་མིང་ཐོབ་པས་མ་སྦྱར་མ་བཏད་ན། བསོད་པར་མི་འགྱུར་བ་དང་འདྲ་བར། ཕྱིན་ཅི་ལོག་ཀྱང་བྱང་ཆུབ་ཀྱི་རང་བཞིན་ཡིན་མོད་ཀྱི། ཕྱིནཅི་མ་ལོག་པ་ཡང་བྱང་ཆུབ་སྟེ། ཐབས་མཁས་པའི་ཡུལ་ཡིན་པས། དེ་བས་ན། སྨན་ཉིད་སྨན་པ་ཚོལ་བ་བཞིན། ཞེསའབྱུང་བ་ཡིན་ནོ། །ད་ནི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་པའི་ཆེ་བ་ཉིད་དུ་གནས་པའི་སྐབས་འཆད་དེ། །བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་པར་དག་པའི་དོན་སྟོན་ཏོ། ། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་པ་ནི། ཆོས་ཐམས་ཅད་ཞི་བ་དང་བྱ་བ་མེད་པར་གྱུར་པ་ན། བདེ་བ་ཆེན་པོ་སྟེ་ཀུན་ཏུ་བཟང་པོའོ། །གང་དེ་བཞིན་དུ་གནས་པ་དང་། གནསཔ་དེཉིད་གཟུང་བ་དང་འཛིན་པ་ལ་མི་ལྟོས་པ་ནི། དུས་ཐམས་ཅད་དུ་རྣམ་པར་དག་པའི་འཇིག་རྟེན་ན་གནས་པ་ཞེས་བྱ་སྟེ། དེ་ལ་ཡང་མིང་ཙམདུ་ཆོསཐམས་ཅད་ལ་མངའབརྙེས་པའི་དབང་གིས་ཕྱོགས་མཚམས་དང་། བླ་འོག་ལ་སོགས་པ་གཉིས་སུ་མེད་པའི་བདེ་བ་ལས་འོད་འདུས་པས། ཕྱོགས་བཅུའོ་ཞེས་སྒྱུ་མའི་མཚན་ཉིད་དུ་རྣམ་པར་བསྒྲགས་ཏེ། དེ་ཡང་ལས་དངརང་བཞིན་ནོ། །དེ་ལརང་བཞིན་ནི་ཆོས་ཀྱིདབྱིངས་ཡེ་ནས་གནས་པའི་མཐུས། མི་འགྱུར་བའི་འཇིག་རྟེན་སྒྱུ་མར་གནས་པའོ། །ལས་ནི་བལྟོས་པའི་མཐུ་ལས་སྒྱུ་མར་སྣང་བས། དེ་ལ་ཕྱོགས་ཀྱི་འོད་འདུས་པས། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། ཅེས་འབྱུངབ་ཡིན་ནོ། །མ་ངེས་འཇའ་ཚོན་ཁ་དོག་ལས། རིགས་ཀྱི་ཁྱད་པར་མངོན་བར་སྣང་། ཞེས་པ་ནི། འཇའ་ཚོན་ནི་མ་ངེས་པའི་དཔེ་སྟེ། ཁ་དོག་རྣམ་པ་སྣ་ཚོགས་པ་སེམས་ཅན་དུ་སྣང་དུ་སྣང་བ་རྣམས་སོ། །དེ་ལ་སྐྱེ་བའི་རྒྱུ་དེ་མི་མཐུན་པའི་ཁ་བརྒྱུད་ཅིང་སྐྱེ་བ་རྣམ་ནི། རིགས་ཀྱི་ཁྱད་པར་སྣང་བ་རྣམས་སོ། །དེ་བཞིན་གཡོརྡུལ་མི་གཡོ་བ། འབྱུང་བ་ལྔ་བས་གཙོ་ཆེན་ཡིན། ཞེས་པ་ནི། དེ་ལ་གཡོ་་བའི་རྡུལ་ནི་མ་ལུས་པའི་སེམས་ཅན་ནོ། །མི་གཡོ་བ་ནི་སྣོད་ཀྱི་འཇིག་རྟེན་ཏེ། །གཞན་གྱི་དབང་གིས་ནི་གཡོ་ཞིང་སྤྱོད་ལ། རང་གི་མཐུན་ནི་མི་གཡོ་བའོ། །རྡུལ་ཞེས་པ་ནི་མི་དམིགས་པར་དོན་ཅིག་པའི་ཕྱིར་རོ། །འབྱུང་བ་ལྔ་ནི་སྙིང་རྗེ་ཆེན་པོ་ལྔ་སྟེ། །དེ་བཞིན་དུ་གཡོ་བ་དང་མི་གཡོ་བའི་རྡུལ་ལ་མཚུངས་པར་གནས་ཤིང་ལྷག་པའི་བསམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་སངས་རྒྱས་ཆེན་པོ་ལྔ་ཡིན་ནོ། །ང་ནི་ཚོགས་དབུལ་བ་དང་། རྣལ་འབྱོར་གྱི་དབང་ཕྱུག་འདས་པ་དང་། ད་ལྟར་གྱི་དང་མ་བྱོན་པའི་རྣམས་མཆོད་ཅིང་བསྐུལ་བ་དང་། རྒྱུད་དང་གལ་པོའི་རྣམས་ལས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དུ་བྱ་བས། །སྤྱན་དྲང་བ་དང་བཤོས་གསང་སྦྱར་བ་དང་། སེམས་ཅན་གྱི་དོན་དུ་འགྱུར་བའི་ཐབས་སུ་གསུངས་པ་ཡང་མང་མོད་ཀྱི། །དེ་ནི་ལུང་དང་མན་ངག་ངེས་པ་མ་ཐོབ་པ་རྣམས་ལ་བསྟན་པ་སྟེ། སྦྱང་བའི་དོན་ནོ། །ད་ནི་རང་བཞིན་གྱིས་གནས་པ་དང་།ཡོངས་སུ་རྫོགས་པའི་སྐབས་འཆད་དེ། བྱེད་པ་ཐམས་ཅད་དང་བྲལ་བའི་དོན་སྟོན་ཏོ། །འདས་དང་མ་བྱོན་ད་ལྟར་གྱི། ཐ་སྙད་མིང་ལ་མི་གནས་ཏེ། སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། འདི་ཉིད་དུས་གསུམ་ཆེན་པོར་གྲོར། འེས་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྷར་འབྱུང་བའི་མིང་ཡང་སྒ་མའི་བླ་དགས་ཏེ། དུས་ཞེས་བྱ་བ་ཅི་ཡང་མེད་པ་ལ། དུས་གསུམ་དུ་གསེས་པས་འཁྲུལ་པ་སྟེ། ཐ་སྙད་དང་མིང་ཙམ་མོསྐྱེ་འགག་རྨིད་པཧཱུཾ་ཆོས་ལ་བྱང་ཆུབ་ཉིད་ཀྱང་ལེན་པ་མེད སངས་རྒྱས་སུ་ཡང་གནས་ཐྲོར་མི་འཛིན་ན། དུས་དང་ཁྱད་པར་ལྟ་ཅི་སྨོས་ཏེ། དེ་མ་ཐག་གཅིག་ལས་ཡང་གསུམ་འབྱུང་སྟེ། དེ་མ་ཐག་གཅིག་སྔོན་མ་ནི་འདས་པའོ། །དེའི་བར་པ་ནི་ད་ལྟར་གྱིའོ། །དེའི་འོག་མ་ནི་མ་འོངས་པ་སྟེ། དེ་བཞིན་དུ་གཅིག་ནས་གཅིག་དུ་སྐྱེས་པ་མི་རྟག་པས་ཞི་བར་འགྱུར་ཏེ། དེ་ནི་ཆོས་ཉིད་ཀྱི་རོལ་པ་སྟེ། ཆོས་ཀྱི་དབྱིངས་དང་འདྲ་བར་ཐམས་ཅད་དུ་གནས་པ་ཡིན་ནོ། །དེ་བས་ན། སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། ཞེས་འབྱུང་བ་ཡིན་ནོ། །མཉམ་པས་རིན་པར་བཀོད་པ་མེད། གཅིག་པས་ཕྱོགས་སུ་སྔོ་དང་བྲལ། ཞེས་པ་ནི། མཉམ་པ་ཉིད་ནི་ཡོངས་སུ་རྫོགས་པ་སྟེ། མཆོད་སྦྱིན་དང་ཚོགས་ལ་སོགས་པ་རིམ་པར་ཆེ་བ་དང་དུས་ངེས་པ་མེད་དོ། །ཀུན་ཏུ་བཟང་པོའི་སྤྱོད་པ་ནི། རྣམ་པར་མི་དབྱེ་ཞིང་ཕྱོགས་ཐམས་ཅད་གཅིགཔའིཕྱིར། འདིའོ་ཞེས་བསྔོ་བ་ལྷག་པ་མེད་དོ། །ཆོས་ཀྱི་རྒྱན་དང་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲེམས་པ་མེད། །ཅེས་འརྒྱུང་བ་ཡིན་ཏེ། བཅུད་ཀྱི་འཇིག་རྟེན་འདོད་པའི་ཡོན་ཏན་ལྔ་ལ་སོགས་ཏེ། ཀུན་ཏུ་བཟང་པོའི་རྒྱན་དུ་གྱུར་པས་ན། ཆོས་ཐམས་ཅད་ཀྱི་རྒྱན་ཞེས་འབྱུང་བ་ཡིན་ནོ། །དེ་རྣམས་ད་གཟོད་འགྲེམས་ཞིང་རིམ་པར་དགོདེ་མི་དགོས་ཏེ། ཡེ་ནས་གནས་པའི་ཕྱིར་འགྲེམས་པ་མེད་དོ། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། གདོད་ནས་དག་པ་ས་བདུད་རྩི་ལ། །ཞེས་པ་ནི། ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ཡིན་པའི་ཕྱིར། །ལྷུན་གྱིས་གྲུབ་སྟེ་ཁྱད་པར་མེད་པས་བསྔོ་བ་མེད་ལ། །ཁྱད་པར་མེད་པའི་ཆོས་ནི། སྡུག་བསྔལ་གྱི་ནད་ཐམས་ཅད་དང་བྲལ་བ་སྟེ། བདུད་རྩི་དང་འདྲའོ། །དེ་ཡང་གདོད་མ་ནས་གྲུབ་པའི་བདག་ཉིད་ཅན་ནོ། །འདུ་མཆེད་བཅུ་གཉིས་ཁྱད་བར་དུ། ལྷག་པའི་བསམ་པས་གཟུང་བ་མེད། ཞེས་པ་ནི། འདུ་བ་དང་མཆེད་པ་ནི་དབང་སྒྱུར་བའི་ཆོས་ཅན་ཏེ། གཟུངས་ཀྱི་རང་བཞིན་ནོ། །མི་གནས་པའི་བདེ་བ་ལ། ཆོས་ཀྱི་དབྱིངས་སུ་འདུ་བ་དང་། བདག་གི་རོལ་པས་ཀུན་ཏུ་བཟང་པོའི་རྒྱན་ཐམས་ཅད་དུ་ལོངས་སྤྱོད་པས་མཆེད་པ་སྟེ། མཆེད་པ་ནི་སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེ་ཤེས་རབ་ཀྱི་མེས། །སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པ་ལ་མཆེད་པ་སྟེ། ནང་གི་རོལ་པ་དྲུག་དང་། ཕྱིའི་བདེ་བ་ལེན་པ་དྲུག་སྟེ་བཅུ་གཉིས་སོ། །དེ་རྣམས་ཀྱང་རང་བཞིན་གྱིས་གནས་པ་དང་། འཇིག་རྟེན་ཐམས་ཅད་མཚུངས་པར་སྒྲོར་བ་དང་། རྒྱུ་གཅིག་པ་ལས་ཀུན་ཏུ་འརྒྱུང་བའི་ཕྱིར། ལྷག་པའི་བསམ་པས་བསྔོ་ཞིང་གཟུང་དུ་མེད་དོ། །ཞེས་བསྟན་པ་ཡིན་ནོ། །ད་ནི་ལྷུན་གྱིས་གྲུབ་པའི་སྐབས་འཆད་དེ། །བྱ་བ་མེད་པའི་དོན་སྟོན་ཏོ། །ཡུད་སྐུས་བསམ་པ་ཡོན་བདག་སྟེ། བལྟས་པའི་སྟོབས་ཀྱི་བཀྲམ་པའོ། །ཞེས་པ་ནི། མི་གནས་པའི་ཏིང་ངེ་འརྫིན་ལ་ཡུད་ཙམ་དུ་གནས་པ་ནི། ཆོས་ཀྱི་དབྱིངས་ལ་དབང་བ་སྟེ། དཔེར་ན་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ནི་ཡོན་བདག་ཆེན་པོ་ཞེས་བྱའོ། །དེ་ལྟར་བལྟས་པའི་ཡུལ་མེད་པས། གྲུབ་པའི་སྟོབས་སུ་གྱུར་པ་ནི་ཆོས་ཐམས་ཅད་ཚོགས་སུ་བཀྲམ་པའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ནི་མཉམ་བཞག་རྫོགས་པའོ། །ཞེས་པ་ནི། ཚོགས་དེ་དམིགས་པར་མཐོང་བ་ནི་མི་འགྱུར་བའི་དངོས་གྲུབ་ཆེན་པོའོ། །དེ་ལ་མི་གནས་པའི་ཡོངས་སུ་རྫོགས་པའི་མཉམ་པ་ཉིད་དོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་པ་དམ་ཚིག་སྟེ། ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྩོར་བ་ཕུལ་བ་ཡིན། །ཞེས་པ་ནི། བདག་དང་གཞན་དུ་མི་དམིགས་པ་ནི་ཆོས་ཀྱི་དབྱིངས་ལ་སྦྱོར་བ་སྟེ། སྦྱོར་བ་ཆེན་པོ་ཞེས་བྱའོ། །དེ་བཞིན་བདེ་བ་ལ་གནས་པ་ནི། ཀུན་ཏུ་བཟང་པོ་སྟེ་དགའ་བ་ཆེན་པོའོ། །ཆོསསྟུ་ ཀྱོ་དབྱིངས་མ་དང་དགའ་བར་ལྡན་པ་ན།མི་གཏོང་བའི་ཤུགས་ནམ་མཁའ་དང་འདྲ་བར་སྦྱོར་བས། །དམ་ཚིག་སྟེ་ཉམས་པ་མེད་དོ། །སྒྱུ་མའི་སྤྲུལ་པ་འགྱེད་པ་ནི་ཐབས་ཀྱི་གར་ཐབས་སོ། །གཟུངས་དང་བདེ་བར་ལྡན་པའི་དོན་ལས་འབྱུང་བས་ན། །བསྐྱོད་པ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དམིགས་སུ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་ཀུན་ཏུ་བཟང་པོ་མི་དམིགས་པས། །གཉིས་དང་གཉིས་སུ་མེད་པའི་སྦྱོར་བ་ཡིན་ཞེས་འབྱུང་བ་ཡིན་ནོ། །ད་ནི་ལས་རྒྱ་མཚོ་མཉམ་པར་བཞག་པས་འགྲུབ་པའི་སྐབས་འཆད་དེ། །གཟུངས་དེ་དང་བདག་དང་བཅས་པའི་གཏོར་མ་སྟོན་ཏོ། །མི་གཟུང་གཏོར་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཟིན། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་འབྱུང་བ་ཡིན་སྟེ། །དེ་ལ་ཆོས་ཐམས་ཅད་ནི་གཟུང་བ་དང་འཛིན་པའི་མཐའ་སྤངས་ཏེ། མཉམ་པ་ཉིད་ལ་གནས་པ་མཉམ་བ་ཉིད་ཀྱང་མི་རྟོག་པ། འདི་ནི་གཏོང་བ་ཆེན་པོ་སྟེ་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་གཏོར་མའོ། །བྱ་བ་ཐམས་ཅད་བྲལ་བ་མི་ལྷུན་གྱིས་གྲུབ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཐུ་དང་ལྡན་བས། འཁོར་བ་དང་མྱ་ངན་ལས་འདས་པར་གྱུར་པའི་ལས་ཐམས་ཅད་ཟིལ་གྱིས་མནན་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་ན་འཁོར་བའི་རྒྱ་མཚོ་སྟེ་བགེགས་ཟེན་པོའོ། །མི་རྟོག་པ་ནི་ཡེ་ཤེས་ཀྱི་ཉི་མ་སྟེ། ཆོས་ཐམས་ཅད་ལ་མངའ་བརྙེས་པས། ཕྱི་ནང་གི་བགེགས་ཐམས་ཅད་ཟིལ་གྱིས་མནན་པ་དང་བསལ་ཟིན་པའོ། །མཉམ་པ་ཉིད་ལས་ཆོས་ཅིག་བྱུང་བས། །རྒྱུད་འཛིན་པའི་མཐར་འགྱུར་ཏེ། བགེགས་ཀྱི་གནས་སོ། །དེ་ལ་གཟུང་བ་དང་བྲལ་བ་ནི་བྱང་ཆུབ་སྟེ་ཆོས་ཀྱི་དབྱིངས་ཀྱི་མཐུའོ། །དེ་བཞིན་དུ་མི་གསུང་བར་འདུལ་བ་ནི་སྔགས་ཀྱི་ཚིག་དམ་པའོ། །ད་ནི་ཐབས་མེད་ཅིང་མི་མཁས་པས། བདག་དང་བཅས་པའི་སྦྱིན་བ་དང་། གཏོང་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་རྣམས་ལ། ཉོན་མོངས་པར་འགྱུར་བའི་སྐབས་འཆད་དེ། དེ་བཞིན་གཤེགས་པ་ལ་ཆགས་པ་དང་མ་ཆགས་པའི་དོན་སྟོན་ཏོ། །བླ་མ་མཆོད་དང་གཏོང་བ་དང་། དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོ་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། ཞེས་འབྱུང་བ་ཡིན་ཏེ། བླ་མ་ཞེས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་དེ། །རང་གི་རིག་པ་ལས་བྱུང་བའི་སངས་རྒྱས་སོ། །ཅི་ཙམ་དུ་བདག་ཆོས་ཉིད་བདེ་བར་གནས་པ་ན། །འཁོར་གསུམ་ཆེན་པོ་ཡོངས་སུ་ཚིམ་པའི་མཆོད་པ་ཆེན་པོ་སྟེ། དེ་མི་བྱང་ཆུབ་ཀྱི་སྙིང་པོས་མཆོད་པའི་རང་བཞིན་ནོ། །དེ་ལ་རྡོ་རྗེ་སློབ་དཔོན་ནི་ཆོས་ཉིད་ཀྱི་རང་བཞིན་ཏེ། ཆོས་ཉིད་དེ་སློབ་མ་ལ་འབྱིན་བར་མཛད་པས། སྟོན་པ་པོ་སངས་རྒྱས་ཀྱི་སྤྱན་ཀྱི་ཡང་སྤྱན་ཞེས་བྱའོ། །ཆོས་ཀྱི་མཆོད་པ་འབུལ་བ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རང་ལས་མཆོད་པ་དབུལ་བར་བྱའོ། །དེ་བཞིན་དུ་བསོད་ནམས་སུ་བྱ་བ་ཡང་། ཟིན་པ་མེད་པའི་གདེང་དང་། ཆགས་པ་མེད་པ་ལ་མི་དམིགས་པར་མི་སྦྱོར་གྱི། བསོད་ནམས་སོ་ཞེས་གཡོ་བའི་སེམས་དང་ལྡན་ན། ཉོན་མོངས་པའི་ས་བོན་འདེབས་ཀྱི། བསོད་ནམས་མི་བྱེད་དོ། །དེ་ལ་མ་ཆགས་པ་ནི་རྒྱུ། མི་དམིགས་པ་ནི་སྦྱིན་པ་ཆེན་པོ་སྟེ། དེ་བཞིན་དྭ་བསོད་ནམས་ཐམས་ཅད་ནང་དུ་བསམ་པར་བྱའོ། །དེ་ལྟ་བས་ན། བྱས་ན་འཆིང་བ་ཆེན་པོར་འགྱུར། ཞེས་འརྒྱུང་བ་ཡིན་ནོ། །ད་ནི་ལུང་འགྲེལ་པ་མིང་དང་བརྡར་བསྟན་པའི་སྐབས་འཆད་དེ། དེ་བས་ལུང་དེ་དེ་ཉིད་ལས། དེ་བས་དེ་བྱ་སྒྲིབ་པར་འགྱུར། དེ་ལྟར་དེ་ལས་དེ་རྟོག་ན། དེ་ལ་དེ་ཉིད་གྲུབ་པ་མེད། ཅེས་འབྱུང་བ་ཡིན་ཏེ། དེ་ནི་དེ་བཞིན་ཉིད་དེ་ལུང་དེ་ཉིད་ལ་བྱའོ། །དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཚོལ་བས་སྒྲིབ་བར་འགྱུར་ཏེ། །བཙལ་ནི་སྒྲིབ་པར་འགྱུརརོ། །དེབཞིནཉིདདེ་ལས་དེ་བཞིན་ཉིད་བླངས་ཏེ། ཐོབ་པའི་དེ་བཞིན་ཉིད་དེ་ལ་གནས་ན། རྟོག་པ་ཆེན་པོ་སྟེ། ཉོན་མོངས་པའོ། །ཅིའི་ཕྱིར་ཞེ་ན། ཟིན་པའི་ཆོས་ཉིད་ལ་བྱ་བར་རྩོལ་བ་ནི། ནམ་མཁའི་ཁམས་གཟོད་བཀོད་པ་དང་འདྲ་སྟེ་གྲུབ་པའི་མཐའ་མེད་དོ། །དེ་ལྟར་བས་ན་ཞི་བ་མཉམ་པ་ཆེན་པོ་ལ་ཅི་དགར་སྤྱོད་ཅིང་། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་གནས་ན་ཆོས་ཉིད་ཡིན་ནོ། །ཞེས་བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་རང་བཞིན། དཔལ་རྡོ་རྗེ་སེམས་དཔའི་གསུངས་པ་རྫོགས་སོ།། །།མསྐོལ༷།། །།རྒྱ་གར་སྐད་དུ། མཉུ་ཕྲི་ཏན་ཏྲ་ཙ་ཏ་རི་ཨ་ཏ་ལ་ཏྲན་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་རྒྱུད་བཞིའི་དོན་གསལ་བར་བྱེད་པའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་པདྨ་བརྩེགས་པའི་གནས། །ཡིད་འདྲེན་ཀྱི་ཚལ་ན་བཞུགས་ཏེ། རྡོ་རྗེ་འཆང་དང་མཁའ་འགྲོ་མ་རྣམས་དང་ཐབས་གཅིག་གོ །དེའི་ཚེ་གསང་བའི་བདག་པོ་སྟན་ལས་བཞེངས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱི་བཅོམ་ལྡན་འདས་འཆང་། རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་པ་བཞི། དེའི་དོན་གྱི་དགོངས་པ་ཇི་ལྟར་ལགས། འཇམ་དཔལ་ཞེས་བྱ་ཅི་ལ་བགྱི། རྒྱན་ཞེས་བྱ་བ་ཇི་ལྟར་ལགས། ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། འཇམ་དཔལ་སྡེ་བཞི་ངས་བཤད་ཀྱིས། །རྡོ་རྗེ་འཛིན་སོགས་ལེགས་ཟུངས་ཅིག །འཇམ་དཔལ་སྡེ་བཞི་དགོངས་པ་ནི། །རང་རང་རེ་རེའི་མཚན་ཉིད་བསྡུད་པ་བཤད། དང་པོ་ཞུས་པའི་དོན་བཤད་དེ། །འཇམ་དཔལ་ཞེས་པ་རྣམ་པ་གཉིས། །ཚིག་དང་དེ་བཞིན་དོན་དུ་བཤད། །ཚིག་རྒྱུད་ལེའུ་བཅུ་པའོ།། །།ཐ་སྙད་སྤྲོས་པ་བསྟན་པ་ནི། །སྟོན་པས་