Ngb-pt-0933-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། དེ་ཝ་ཡ་ཏྲ། སན་ཏྲི་ཤུ་ན་ད་པི་ཕྲོ་མ་ཤ་ཏྲི་ཤ་མ་ཧྭ་ནན་ཏྲེ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བམ་པོ་གསུམ་པ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་དམ་པ་ན་བཞུགས་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་མ་ཆགས་པའི་མཆོད་པས་མཆོད་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། འཇིག་རྟེན་དྲེགས་པ་འདི་རྣམས་ལ། །རྩལ་གྱི་ཁྱད་པར་ཇི་ཙམ་ཡོད། །ནུས་པའི་མཐུ་ནི་ཅི་དང་ལྡན། །བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བྱམས་མགོན་ཐུགས་རྗེའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ སོ་སོ་རང་རེ་མཐུན་རྫས་ཀྱི། །བོད་དང་རྦད་དང་གསད་གསུམ་གྱི། །ལས་རྣམས་རབ་ཏུ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་དབང་པོ་སྤོབས་ལྡན་ཆེ། །ལེགས་པར་བཤད་ཀྱིས་ངེས་པར་ཟུང་། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་པའི་ལས་སུ་བྱ་བ་ན། །བོད་རྦད་གསད་པ་གསུམ་ཡོད་དེ། །སྔགས་ཀྱིས་བོད་དང་ཚིག་གིས་བོད། །སྔགས་ཀྱིས་རྦད་དང་ཚིག་གིས་རྦད། །སྔགས་ཀྱིས་གསད་དང་ཚིག་གིས་གསད། །རྫས་ཀྱིས་བོད་དང་རྫས་ཀྱིས་རྦད། །རྫས་ཀྱིས་གསད་པ་རྣམས་ཡོད་དེ། །དྲེགས་པ་རྣམས་ཀྱི་གྲངས་ཡོད་དེ། །གྲངས་ནི་སྤུ་གྲི་ནགས་ཚལ་མི་བཞིན་གནས། །ཚིག་རྣམས་གནས་དང་འབུལ་འདྲའོ། །དམིགས་པ་རབ་ཏུ་སྤེལ་བྱས་ནས། །རྩི་སྤུར་ཤ་རུལ་ལྟ་བུར་གནས། །སྔགས་ནི་དྲེགས་པའི་བླ་མཚོ་སྟེ། །དམིགས་པ་ནུས་མཐུ་རབ་ཏུ་གསལ་བས་ནུས་མཐུ་དཔག་ལས་འདས། །མ་བཟླས་ཀྱང་ནི་སྲོག་ལ་འཁོར་ལོ་བསྐོར། །དྲེགས་པའི་རྒྱལ་པོའི་སྒྲུབ་ཐབས་འདི་རྣམས་ཀྱིས། །གང་བསྒྲུབ་ལས་ལ་ཐེ་ཚོམ་མེད། །དྲེགས་པའི་རྒྱལ་པོ་རྣམས་ཡིས་སྨྲས་སོ། །ཅེས་བཀའ་སྩལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བོད་རྦད་གསད་དང་དབྱེ་བ་སྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ལས་འདི་སྨྲས་ཏེ། དྲེགས་པ་སྟོང་གི་ནང་ནས། བདུད་ནག་པོ་བཀྲམ་མེད་དང་། སྙ་ལེ་ངག་བཙན་དང་། མ་ལེ་གེ་ཤག་དང་། བདུད་རྗེ་སྨྲ་གུ་དང་བཞི་ལངས་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར། རང་རང་གི་བསྒྲུབ་པ་འདི་སྨྲས་ཏེ། གསང་བདག་ཏིང་འཛིན་ལྡན་པ་དེས། །བྲག་རི་ངོ་ནག་མཆོ་རིས་ཅན། །དེ་རུ་དཀྱིལ་འཁོར་གྲུ་བཞི་ལ། །ནང་དུ་གྲུ་གསུམ་གསུམ་བྱས་ཏེ། །དབུས་སུ་ལས་བཞི་ལྡན་པར་བྱས། །དབུས་སུ་གཙན་དང་གྲུ་ཕྱོགས་སུ། ་།ར་དུ་ནག་པོ་ལྷོ་རུ་སྙ་ལེ་སྟེ། །ནུབ་ཏུ་མ་ལེ་བྱང་དུ་རྨ་ཁུའོ། །གྲུ་གསུམ་དེ་རུ་ལིང་ག་རེ། །ལིང་ག་རེ་ལ་བདུད་ཕུང་རེ། །དེ་རུ་མཐུན་པའི་རྫས་རྣམས་གསག །གཅན་གཟན་སྙིང་དང་འདབ་ཆགས་ཁྲག །གདུག་པ་འབྲུ་དང་དུག་རྫས་ཐུན། །དྲི་བོ་ཐོད་པར་བསོག་ཅིང་ཐུན། །རྟེན་ལ་བོད་མཆོད་གནས་རྣམས་བྱ། །བདུད་རིང་བསྐུལ་ཞིང་ཕུར་རི་དྲིལ། །སྔགས་རེ་བཟླས་ལ་གནས་དེར་གདབ། །གཡབ་ནག་བཞི་དང་པགས་པ་བཞི། །གདུག་པའི་མཚོན་དང་བཅས་པའོ། །ཚིག་གིས་སྤྱན་དྲངས་སྔགས་ཀྱིས་མཆོད། །ཕུད་གཏོར་ཤ་ཁྲག་བཅས་པས་མཆོད། །དེ་ལ་བོད་པའི་སྔགས་རྩ་ནི། །ཡསྒ་ཁ་ལ་ཞུང་ཏྲི་ཛ། ཡསྒ་ནི་རོ་བཤི་ཛ། ཁ་པར་ཤ་ནི་ཡག་ཏྲི་ཛ། རསྒོ་ཏི་རམ་པ་རི་ཤ་ཛ། དེ་ནི་བདུད་བཞི་གསོད་པའི་སྔགས། ཡ་ཏོ་པ་དྷིམ་ཐུམ་རྦད། ཏྲ་ལེ་འུ་པན་པན་སམ་རྦད། པ་ཏྲ་པ་ཤ་ར་མ་རྦད། ཀ་ལོ་རྦད་ནི་ཙ་ཤ་རྦད། དེ་ནི་རྦད་པ་ཐུན་བཞི་སྔགས། ར་ཤ་ནི་ར་ཤ་ནི། ནིར་མགོ་རྦད་སོད། པི་ནི་ཏི་ཀེ་སོད། ཤུ་ར་པ་ཏྲི་ཀ༷་ཀ་སོད། རི་ཤི་ཀ་མ་འགལ་ཐུམས་མྱོགས་སོད། དེ་ནི་བདུད་བཞི་བསྔགས་པའི་སྔགས། །དེ་ལྟར་ལས་རྣམས་བྱ་ཞིང་བསྒྲུབ། །གདུག་པའི་མདའ་ཆེན་བཞི་པོ་ལ། །བྱ་རོག་འུག་པ་ཁྲ་ཆེན་དང་། །སྲིན་བྱ་ངག་གི་སྒྲོ་བཞིས་སྒྲོན། །གདུག་པ་ཤིང་གི་མདེའུ་གསལ། །བསེ་ཡི་གཞུ་ལ་ལྕགས་ཀྱི་མཆོག་མ་ཅན། །གཞུ་ལ་བདུད་ཆེན་བཞི་སྔགས་བཀོད། །མདའ་ཟོར་བཞི་ཡི་སྔགས་བཀོད་དེ། །སྲ་ཤ་མ་ཀི་ལི་ཏྲ༷་སྨྱོ། ཧུ་ཏི་ཀ་ལ་ར༷་ར༷་སྨྱོ། བ་མུ་ཤི་ཧ་ར་ཏྲ༷་སྨྱོ། ཀོ་ཏྲ་ར༷་ཏྲ༷་བྲི་ལིང་ཏྲ༷་སྨྱོ། འདི་ནི་བདུད་བཞི་ཟོར་གྱི་སྔགས། དེ་ལྟར་འཕང་ཞིང་ལས་བྱའོ། །དེ་ནས་བོད་རྦད་ལ་སོགས་བྱ།ཧུ༷། བདུད་ཡུལ་ནི་ཕ་ཀི་ནི། ནག་པོ་སྒོ་ཆེན་ན། བདུད་ཀྱི་མཁར་གཅིག་ལྡེམས་སེ་ལྡེམས། །བདུད་ཀྱི་ནག་པོ་འདར་ཞུང་ཞུང་། །བདུད་ཀྱི་བྱ་ཆེན་ལིངས་སེ་ལིང་། །བདུད་ཀྱི་ཡུལ་ཆེན་མ་རུངས་པ། །དེ་ན་བདུད་བློན་ཆེན་པོ་བཞི། །སྐྱེ་འགྲོ་མ་ལུས་ལིངས་སུ་འདེབས། །བདུད་ཆེན་ནི་གིང་ཆེན་པོ། །སྐྱེས་བུ་མཆེད་དེ་བཞི། བདུད་ཀྱི་རྒྱལ་པོ་བཞི། ནད་རྣམས་མ་ལུས་སྤྱོད། སྲིད་པ་ཆབ་དབབ་པའི་ཕྱིར། བླ་མཚོ་སྔགས་ཀྱི་འཕྲེང་བ་ཀློབ། ཞེ་སྡང་བསྐལ་པའི་མེ་ལྟར་འབར། གཏི་མུག་ནི་མུན་ལྟར་འཐིབས། ང་རྒྱལ་བསེ་ལྟར་ཁེངས། འདོད་ཆགས་མཚོ་ལྟར་འཁྱིལ། ཕྲག་དོག་རླུད་ལྟར་འཅོ། ནད་རྣམས་ཆར་ལྟར་འཕྲོ། མཚོན་རྣམས་རྩི་ལྟར་སྦྱོར། བདུད་ཀྱི་རྒྱལ་པོ་བ། རི་ཏི་འགོང་ཡག་དེ། མཐིང་ནག་འབར་བ་ཧ་ར་དམིག །རལ་པ་མཐིང་ནག་གྱེན་དུ་འཁྱིལ། །བདུད་རྟ་རྔ་བཟངས་མཐིང་ནག་ཆིབས། །རྒྱབ་ན་ལྕགས་ཀྱི་དྲ་བ་མིག་མངས་ཁུར། །ལྕགས་ཀྱི་སོ་ལེ་ནག་པོ་ཐོགས། །རྒྱབ་ན་བདུད་ཀྱི་ཁྲ་ཆེན་ལྡིང་། །རལ་པ་སྤྲུགས་པ་མུན་ལྟར་དཀྱིལ་ལི་ལི། ཁྲག་མདབ་དམར་པོ་འཕེན་པར་བྱེད། །ནད་དང་དུག་གི་ཁ་རླངས་ཕྱུར་རུ་མུ །གདུག་པའི་ང་རོ་སྒྲོག་པར་བྱེད། །ལག་པ་སྲོག་རྩ་མ་ལུས་འབྱབ། །སྙིང་ཁྲག་འཐུང་ཞིང་དཔྱུག་གླུ་ལེན། །དམིགས་པ་མ་ལུས་རྡུལ་དུ་རློག །གླང་ཐབས་ཁྲག་སྐེམ་བདག་པོ་ཡིན། །སྙ་ལྡེ་ངག་བཙན་མ་རུངས་པ། །སེར་ནག་འཁྱིལ་བའི་རལ་པ་ཅན། །མཆེ་གཙིགས་རྐན་སྒྲ་གདུག་འདུལ་ཚོགས། །རལ་པ་སེར་ནག་གྱེན་དུ་འཁྱིལ། །ཆིབས་སུ་རྩང་ཆེན་དམར་པོ་ཆིབས། །སྐུ་ལ་སྟག་སླག་ཁྲ་བོ་གསོལ། ཁྲག་རིམས་འབེབས་ཤིང་སྲིད་པ་འཇོམས། །བྱ་ཁྲ་ཆེན་པོ་རྒྱབ་ན་ལྡིང་། །རྫིངས་དང་བིག་པའི་ནང་དུ་འགྱེད། ཁྲག་འགྱུར་ཆུ་སེར་ནད་དུ་བྱེད། །སྤྱུག་པའི་གླུ་ལེན་ཀྱུར་རུ་སྲ །པགས་ཆེན་གཡབ་འདོར་ལིངས་སེ་ལིངས། །མཚོན་འཁྲིས་འདྲེན་པའི་བདུད་ཆེན་པོ། །དུས་ལ་བབ་ཀྱིས་འདྲེན་པའི་ཚོགས། །བདུད་རྒྱལ་མ་ལེ་གེ་ཤག་ནི། །སྨུག་ནག་བརྗིད་པས་རལ་པ་གྱེན་ལ་བརྗེས། །མཆེ་གཙིགས་སྤྱན་ཟླུམ་གདུག་པ་ཆེ། །རྔམ་པའི་ལུས་ལ་གདུག་པའི་ཞལ། ཁྲམ་བམ་ནག་པོ་སྟོང་སྡེབ་ཅིང་། །སྐྱེ་འགྲོ་མ་ལུས་གསོལ་ལ་དགའ། །ཆིབས་སུ་བདུད་ཤ་ནག་པོ་ཆིབས། །གཡོན་པ་བསྐྱལ་པ་ཁ་དམར་ཐོགས། །སྙིང་དང་ནང་ཁྲོལ་འདྲེན་པར་བྱེད། །གློ་སྙིང་དུག་ཁྲགབསྲེསཀྱིན གསོལ། །རྔམ་པ་ཆེན་པོའི་སྒྲ་འབྱིན་པའོ། །གདུག་བྱེད་དུས་ལ་བབ་ཀྱིས་ད་ཚུར་སྤྱོན། །བདུད་རྗེ་རྨང་ཁུ་རྔམ་ཆེན་པོ། དམར་ནག་རལ་པ་གྱེན་དུ་བརྗེས། །སྤྱན་བཟློག་ཙམ་གྱི་སེར་ཆེན་འབེབས། །མཆེ་གཙིགས་པས་ནི་སྐྱེ་འགྲོ་སྒྲོལ། །མཐིང་ནག་འབར་བའི་ཁྲག་ཆེན་ལྡིང་། །རྔམ་པ་གཅན་ཆེན་ཐུལ་པར་གསོལ། །ཟངས་ཞགས་དམར་པོ་རྡེག་ཅིང་འཕེན། །ཆིབས་སུ་ལྕགས་སྤྱང་སྔོན་པོ་ཆིབས། །གདུག་པ་ནད་ཀྱི་བརླངས་པ་འབྱུང་། །གདུག་པའི་གླུ་ལེན་གཅན་གྱིས་གཡབ་ཀྱིས་འདེབས། །བདུད་ཆེན་མ་ཐོགས་ད་ཚུར་བྱོན། །བདུད་རྒྱལ་ཆེན་པོ་མཆེད་བཞི་ནི། །གདུག་པའི་གྱིང་ཐབས་ལོག་གེ་ལོག །དཔྱུག་པ་གླུ་ལེན་ཀྱུར་རུ་མྲ །བདུད་བཞི་སྲོག་ལ་རྔམ་པའི་ཚེ། །བདུད་ཀྱི་ལྕགས་ཀྱི་ཡང་དམིགས་ཅན། །དུང་གི་མེ་ལོང་ཁྲལ་ལ་ལ། །རལ་པ་སྤྲུག་ཅིང་རྒྱུག་སྟབས་ཅན། །བླ་རྐུན་སྤྲུལ་པ་ཁྱེ་ཞེས་བྱ། །གློག་བྱེད་སྦྲུལ་ནག་ཆེན་པོ་བཞི། ་།ག་བྱེད་མོན་པ་ཆེན་པོ་བཞི། ཁྲག་ཆེན་དང་ནི་མདའ་ཟོར་འཕོངས། །ཅེས་བསྐུལ་ཞིང་ལས་བཅོལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། འཇོམས་བྱེད་ལྕགས་མདའ་ཅན་ཞེས་བྱ་སྟེ། བདུད་ནག་པོ་མཆེད་བཞིའི་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་པདྨ་གར་གྱི་དབང་ཕྱུག་དང་། ཐོམ་པོ་དང་། ཐོམ་ཆུང་དང་།སྐྱིན་པོ་མཆུ་དམར་བཞིས་རང་རང་གི་བསྒྲུབ་པ་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །བྲག་དམར་ཆོལ་ཟངས་འདྲ་བའམ། །མཐུན་པའི་གནས་སུ་དཀྱིལ་འཁོར་བྲི། །དཀྱིལ་འཁོར་གྲུ་བཞི་ལྡེམ་པ་ལ། །དབུས་སུ་ཕོ་བྲང་ཟླུམ་པོས་བསྐོར། །བར་གྱི་ཕྱོགས་བཞིར་གྲུ་གསུམ་བཞི། །དབུས་ལྔ་རུ་བྱའོ། །གྲུ་གསུམ་རེ་ལ་ལིང་ཀ་རེ། །བདུད་ཕུར་རེ་དང་བཅས་པའོ། །སྐྱེས་པ་དར་མའི་ཐོད་པ་་མུ །སྟག་གཟིག་སེང་སེ།་དྲེད་ཀྱི་སྙིང་། །རྒང་ལེབ་ཁྲག་དང་གཏོར་མ་དང་། །ཕུད་དང་སྤྱན་གཟིགས་བཅས་པས་མཆོད། །དུག་དང་སྨྲེ་དང་ཁྲག་གསུམ་པོ། །ཟ་རོ་རྒྱ་སྲན་རྣམས་བསྲེགས་མཐུན་གྱིས་རྡེག །སྤགས་པ་ཟངས་ཀྱི་ཐུན་གྱིས་བྱ། །བསེ་མདའ་བསེ་གཞུ་སྔགས་དང་བཅས། །གདུག་པ་ཤིང་གི་མདའ་དང་བཅས། །དེ་སྔགས་སྤྱན་དྲངས་སྔགས་ཀྱིས་མཆོད། །དེ་ལ་འབོད་རྦད་གསུམ་བྱ་སྟེ། །པྲ་ཤ་ཡག་དེ་གྱེ་ཙ་དུར་ཡ་ཇ། མུ་ཏི་ནི་པྲ་ཤ་ཛ། ཧབ་ཤ་པྲ་ཏ་ཡ་ཛ། པྲ་ཤ་ག་རོ་ན་ཐུམ་ཛ། དེ་ནི་བོད་པའི་སྔགས་ཡིན་ནོ། །ས་མ་ཡ་ཧུ་ར་པྲག་ཏི་ལེ་རྦད། ཀེ་ཀ་ར༷་རྦད། ཁུ་མུར་ཤི་ཏི་རྦད། ཧ་ཏི་ཕུར་ཕུར་རྦད། དེ་ནི་རྦད་པའི་སྔགས་སུ་ཤེས།་་ཏྲ་ཡསྣ་དྲི་མ་ར་ཡ། ས་རྦེད་གར་རྦེད་མ་ར་ཡ། ཤེ་ཤ༷་ཧུ་ར་ཀ་རུ་ཡ༷། པྲ་ཧེ་ཤམ་མ་ར་དུ་མ་རྦད། དེ་ནི་དྲེགས་པའི་གསད་པའི་སྔགས། །དང་པོ་བོད་ཅིང་བར་དུ་རྦད། །ཐ་མར་གསད་པར་བྱ་བའོ། །སྔགས་དང་ཀདབ་ཅིང་བསྟབ་པའོ། །དེ་ནས་དྲག་པ་ཟར་དུ་འང།ང་། །མནན་ན་འཁོར་འོ།་དེ་བཞིན་བྱ། །དེ་ནས་ཚིག་ཀྱི་བོད་དང་། རྦད་དང་། གསད་པ་་དང་། འཕང་བའི་ལས་རྣམས་བྱའོ། །ཙ་ར་འགྲམ་དམར་དེ་བཞིན་བྱ། །མནན་པ་ཁྱི་ཐོད་ནག་པོ་དང་། །འཕང་བ་བསེ་མདའ་བསེ་གཞུའོ། །ཧུ༷། ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །བདུད་ཡུལ་ཟངས་དམར་འདོད་ཆེན་ན། །བསེ་མཁར་དམར་པོ་ལྡེམ་པ་ན། །ཐ་མ་བསེ་ཡི་འཁོར་ཡུག་བཅས། །བསེ་བྱ་བསེ་ཁྱི་དིར་རི་རི། །དེ་ན་བདུད་ཆེན་བཞི་བཞུགས་ཏེ། །ཅིག་ནི་བསེ་ཡི་འབེ་ཙེ་ཅན། །ཅིག་ནི་བྱུ་རུའི་བེ་ཚེ་ཅན། །ཅིག་ནི་ཟངས་ཀྱི་བེ་ཙེ་ཅན། །ཅིག་ནི་གཞོན་མར་འབེ་ཙེ་ཅན། །བདུད་ཀྱི་གཅན་བཞི་ཞེས་བྱ་སྟེ། །གང་ལྟར་རྦད་པའི་ས་ཕྱོགས་ན། །བསེ་ཡི་བྱན་ལག་ལྡིང་ཞིང་འདུམས། །ཟངས་ཀྱི་ཁྱི་བཞི་སླད་ནས་རྒྱུག །བསེའི་མོན་པ་ཕུ་རུང་རྗེ་ཞིང་དགྲ་སྙིང་འབྱིན། །བསེ་ཡི་ཐེ་བྲང་ལས་ལ་རྒྱུན། །བདུད་པོ་བཞི་ནི་དཔའ་ལ་རྔམ། །བསེ་ཡི་འཕར་བ་བཞི་ལ་ཞོན་ཞིང་རྒྱུག །གཅན་གཟན་ཐུལ་པ་རེ་རེ་གསོལ། །ཟངས་ཀྱི་སོ་ལོ་རེ་རེ་ཐོགས། །མཆེ་བ་གཙིགས་ཤིང་རྔམ་པ་ཆེ། །སྐྱེ་འགྲོ་སྲོག་རྩ་འདྲེན་པར་བྱེད། །མཁྲིས་ནད་ཁྲག་ནད་གཏོང་བར་བྱེད། །ནང་རོལ་འབྲབ་ཅིང་ཙིཀྟ་འབྱིན། །གདུག་པའི་ང་རོ་གཏོགས་པ་འབྱིན། །བསེ་ཡི་ཁྲག་ཆེན་ཐོན་པར་གཏོང་། །བསེ་ཡི་མོན་ཆེན་འགྱིང་བར་བྱེད། །སྙིང་དང་གློ་བ་བསྲེགས་ཤིང་གསོལ། །མི་མགོ་སྐྱ་མོ་གྲུངས་སུ་གཅེར། །ཐོད་པའི་འཕྲེང་བ་བགྲང་བར་བྱ། །བདུད་ཆེན་པདྨ་གར་གྱི་དབང་ཕྱུག་མ་དེ། །སྲིད་པར་རྒྱུག་ཅིང་ནང་ཁྲོལ་འདྲེན། །བདུད་ཆེན་ཐོམས་པོ་མ་རུངས་པ། ཁྲ་ལ་འདྲད་ཅིང་ཁྲག་ལ་རྒྱུག །བདུད་ཆེན་ཐོམས་ཆུང་མ་རུངས་པ། །མགོ་དང་ཡན་ལག་འབྲེལ་བར་བྱེད། །བདུད་པོ་སྐྱིན་པོ་མཆུ་དམར་དེ། །རྩངས་དང་དང་མ་འདྲེན་པར་བྱེད། །བདུད་ཆེན་ནི་ཁྱེད་བཞི་ཡང་། །དམ་ཚིག་དུས་ལ་བབ་ཀྱིས་ད་ཚུར་སྤྱོན། །ཅེས་པས་བསྐུལ་ཞིང་ལས་རྣམས་བྱ། །གདུག་པ་མཆེད་བཞིའི་བསྒྲུབ་པ་སྟེ། །མིང་ནི་ཅན་གཞི་ཟངས་མདའ་ཅན། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བདུད་བཞི་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་ནག་པོ་རི་ཏི་འགོང་ཡང་ལྕགས་ཀྱི་མཁར་བ་ཅན་དང་། བཙན་ཤུ་བོ་བསེའི་མཁར་བ་ཅན། རྒྱལ་པོ་དཀར་པོ་སྤྱན་གཅིག་པ་དུང་གི་མཁར་བ་ཅན་དང་། ཐེ་བྲང་རྡོ་རྗེ་ལེགས་པ་ཟངས་ཀྱི་མཁར་བ་ཅན་དང་བཞིས་རང་རང་གི་བསྒྲུབ་པའི་ཐབས་འདི་སྨྲས་ཏེ། གསང་བདག་ཏིང་འཛིན་ལྡན་པ་དེས། །རྐང་པའི་ཤིང་གི་དྲུང་ངམ་མཚོ་ཆེན་གླིང་། །ཡང་ན་བྲག་རི་གདུག་པ་ཅན་དུ་ནི། །དཀྱིལ་འཁོར་གྲུ་བཞི་གྲུ་གསུམ་བཞི་རུ་བྱ། །གྲུ་གསུམ་དམར་ནག་སྔོ་དང་དཀར་པོ་སྲ །དབུས་སུ་དམིགས་པའི་ལིང་ག་གཞུག །ཐ་མ་ཅན་བཞི་ཕུར་པ་དགོད། །མཚོན་ཐག་ཁྲམ་དང་བཅས་པ་དགྲམ་པར་བྱ། །རྩང་ཕུར་གདུག་པས་ཐ་མ་བསྐོར། ཁྲ་ཁྲག་གཏོར་མ་ཕུད་དང་བཅས་པ་དང་། །སྤྱན་གཟིགས་འབྲུ་བཅུད་ཤིང་ཐོག་འབྲས། །རབས་ཆད་ཁྲ་བོ་ཐོད་པ་སྲ །སྤྱིའི་ཤ་ཁྲག་དམ་རྫས་རྣམས། །ཟངས་ལྕགས་བསེ་མདུང་ཕྱེ་མ་དང་། །མུད་ཀ་ར་ཡི་མཆན་དང་སྦྱར། །སྐེ་ཚེ་ཉུངས་ནག་ཟི་ར་དང་། །བྲག་རྒྱ་དང་ན་ཏལ་ནག་དང་། །དེ༢་ཐུན་གྱ་བྱ་བའ། བྱ་རང་་བ་་འཕར་སྤྱང་ཀའི་ཐོད་པ་སྲ །འཁོར་ལོ་བྲིས་ལ་མནན་པའོ། །རིན་ཆེན་མདའ་གཞུ་གདུག་པའི་མདའ། །ཡི་གེ་བཀོད་དང་སྔགས་བསྐུལ་བས། །དྲག་པ་་ཟེར་གྱིས་བསྒྲལ་བའོ། །བོད་ཅེང་རྦད་དེ་ལས་བཅ་ཐ་་པ ་རྭ་་ཛ་རུ་རུ་གམ་ཧེ་ཁ་ཛ། ཙ་ཤར་དེ་ཛ་ཀར་སེན་པ་ཏོ་བི་ཛ། བཛྲ་པ་ཏྲེ་ཡ་ཛ། དེ་ནི་ཅན་བཞི་བོད་པའི་སྔགས་སོ། །ག་རོ་ཡག་ཏྲི་ཤམ་རྦད། ཙ་་།་ཡག་ཤ་ཤ༷་རྦད། ཏྲི་སི་བ་ཧྲོ་ཏྲག་ཤ༷་རྦད། གང་ཀ་ར་སེན་སེན་སྐར་རྦད།དེ་ནི་རྦད་པའི་སྔགས་སུ་ཤེས། །ཤག་ཤ་སེ་ལ་ཀེམ་སོད། ར་ཏོ་ཤུ་ལ་ཧ༷་ཤ༷་སོད། དེ་ནི་གསད་པའི་སྔགས་ཡིན་ནོ། །ཟོར་དུས་སྦྱོའི་ཤམ་བུའོ། །དེ་ལྟར་ལས་བྱ་བསྐུལ་བས། ཧུ༷། ཞེ་སྡང་ཆེན་པ་དམ་ ལ་འདུ། །བདུད་རྒྱལ་རི་ཆེ་འགོང་ཡག་སྟེ། །བོས་པའི་ཚེ་ན་ཕ་བས་གདུང་། །འཕངས་པའི་ཚེ་ན་མདའ་བས་ཚ། །མངགས་པའི་ཚེ་ན་བུ་བས་གཉེན། །ནག་པོ་རལ་ཅན་དོམ་ལ་ཆིབས། ཁྲོ་གཉེར་སྤྱན་བཟློག་མཆེ་བ་གཙིགས། །གང་ལྟར་མངགས་པས་མདུངས་པས་ཟོར། །སྲིད་པའི་སྐྱེ་འགྲོ་མ་ལུས་ལ། །ཞེ་སྡང་ལྕགས་ཀྱི་ཞགས་པ་འདེབས། །ལྕགས་ཀྱི་དྲ་བ་ནང་དུ་འཛུད། །རྩ་རྒྱུས་ཁྲམ་རྣམས་འབྱིན་པར་བྱེད། །ལྕགས་མཁར་བརྡབས་པས་སྲིད་པ་འཇོམས། །གླང་ཟབས་ནད་ཀྱིས་ད་ཚུར་སྤྱོན། །ང་རྒྱལ་ཆེན་པོ་བཙན་གྱི་བུ། །དམར་པོ་ཁྲོ་གཉེར་རལ་གསིག་ཀླད་ལ་དགའ། །དམར་པོ་རལ་པ་གྱེན་དུ་བརྗེ་ར།། །་་།ཆ་བ་གཙིགས་དང་འབྲུ་ཆུགས་ལྟ། །གདུག་པའི་གཡང་གཞི་གྱོན་པོ་སྟེ། །ཟངས་མཁར་བརྡབས་པས་སྲིད་པ་འཁྲུགས། །འཇོམས་བྱེད་སྤྲུག་ཅིང་འདྲིག་པའི་ཚེ། ཁྲག་གི་སེར་ཆེན་ཆར་ལྟར་འབེབས། ཁྲག་ཀཟེར་ང་་་ར་པོ་ཏལ་ལ་ལ། ཆུ་སེར་མདའ་ཆེན་བྲེང་ངེ་བྲེང་། ཚ་བའི་ལངས་པ་ཕྱུར་རུ་མྲ །འཇོམས་བྱེད་ཆེན་མོ་ལས་ལ་སྤྱོན། །བར་སྣང་འོད་ཀྱི་ཁམས་ཤེད་ན། །གདུག་པའི་ཤེལ་མཁར་རྩེ་དགུ་ལམས་སེ་ལར།། །ངེ་ར་སྲབ་གི་བདག་པོ་སྒྲོལ་བྱེད་ཅན་ཅིག་བཞུགས། །དུང་རལ་དཀར་པོ་ཉིལ་ལི་ལི། །དུང་སོ་དཀར་པོ་ཐམས་སེ་ཐམས། །གཅན་གཟན་ཐུལ་པ་གསོལ། །སྲོག་གཤེད་ཤན་པ་ལྕགས་གྲི་ཅན། །དུང་མཁར་སྲད་་་།་ངཇ་་།ར་་བྱེད་པ། །གདུག་པའི་གཅན་གཟན་རྔམ་སྟབས་ཅན། །བར་སྣང་ལྡིང་ཞིང་ལྟས་ངན་གཏོང་། །ཟེར་ཆེན་ཆིབས་ནས་སྙིང་ཁྲག་འཐུང་། གདུག་པ་ཆེན་པོ་ལས་ལ་ཤོག །ཐེ་བྲང་རྡོ་རྗེ་ལེགས་པ་་སྟེ། །ཐེ་བྲང་རཀར།་་་།་ཚེ་འཕྲུལ་ཅན། །འདྲེ་སྲིན་ཀུན་གྱི་བློ་གཅིག་པ། །མ་ཡམ་ཀུན་གྱི་མིང་གཅིག་པོ། །སེར་ཤུལ་དཀར་པོ་གསོལ་ནས་ནི། །ཟངས་ཀྱི་མཁར་བ་གདུག་པ་འཇོམས། །མཁར་བ་བཞི་ཆབ་དག་པ་འི་མད་ར།ད་ར།་ར་་།གང་ལ་བརྡབས་པས་ལས་རྣམས་བྱེད། ཁྱེད་རྒྱལ་ཐབས་ཀུས་པ་སྟེ། སྤྲུག་ཅིང་མགོ་གཅོད་ཞལ་དུ་རྡུབ། །དེ་རིང་མཆོག་ལ་ལས་ལ་སྤྱོན། །ཅེས་བསྐུལ་ཏེ་ལས་བཅོལ་ལོ། །བརྣག་པའི་མཐའ་གསུམ་བྱས། འདི་ནི་མཁར་བ་ཅན་བཞི་བསྒྲུབ་པ་སྟེ། མིང་ནི་ཀ་ཏི་ཟིམ་གྱི་ཐོག་མདའ་ཅན། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཅན་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སྐྱེས་བུ་ལུང་བཙན་གདུག་པའི་མཚོན་ཆ་ཐོགས་པ་བཙན་དམག་དཔོན་དང་། བདུད་མོ་ནག་མོ་གདུག་པའི་མཚོན་ཆ་ཅན་སྟིང་བདུད་མོའི་དམག་དཔོན་དང་གཉིས་ཀྱིས་རང་རང་གི་བསྒྲུབ་པའི་ཐབས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །ལུང་གསུམ་མདོའམ་བྲག་རི་གནས། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །མཐའ་མ་གྲུ་བཞི་སྡམ་པ་ལ། །དབུས་སུ་གྲུ་གསུམ་སུམ་བརྩེགས་བྱ། ཁུ།་གསུམ་དམར་ནག་དཀར་དང་བཅས། །དབུས་སུ་དམིགས་པའི་ལིང་ཀ་གཞུག །ཉོན་མོངས་ལྔ་དང་ལྡན་པར་བྱ། །མིང་རུས་དང་ནི་བཅས་པ་སྟེ། །སྔོན་དམར་ཐག་པས་བཅས་སུ། །གཙོ་བོའི་ཕུར་པ་དག་ལ་བརྟོད། །ཟུར་དུ་བཙན་དང་མ་མོའི་ཕུར་པ་དགོད། །བྱ་འུག་པའི་ཐོད་པ་མྲ རྟ་མཚལ་བུའི་སྙིང་ཁྲག་གཞུག ར་དམར་པོའི་སྙིང་ཁྲག་བྱ་མཚལ་བུའི་སྙིང་ཁྲག་དང་སྙིང་དང་བཅས་པ་དང་། རབས་ཆད་ནག་པོའི་ཐོད་པ་མྲ སྙིང་དང་དར་བའི་སྙིང་ཁྲག་ར་རོག་པོའི་སྙིང་ཁྲག་དང་། ཁྱི་ཕོའི་སྙིང་ཁྲག་སྙིང་དང་བཅས་པ་དང་། ཤ་སྣ་ཁྲག་སྣ་གཏོར་མ་བཤམས། དེ་ནི་མཆོད་ཅིང་རྟེན་པའི་དམ་རྫས་སོ། །ཆུ་ཕུད་ཅན་གཅིག་བཅས་པ་དང་། །སྤྱན་གཟིགས་དག་ཀྱང་མཆོད་པའོ། །མདའ་དང་ཐུན་རྫས་གོང་བཞིན་བཤམས། ཁྲག་ཉུངས་དང་ནི་བཅས་པ་བཤམས། །མདའ་གཞུ་གདུག་པ་བཅས་པ་བཤམས། །མདའ་གཞུ་གདུག་པ་བཅས་པའི་ཟོར། །དེ་ལྟར་ལས་རྣམས་འཚོགས་བཤམས་ལ། །བོད་དང་རྦད་དང་གསད་པ་གསུམ། །སྤྱན་དྲངས་བཞུགས་ཕྱག་མཆོད་བསྟོད་ལས། །སྔགས་དང་ཚིག་གི་ཤམ་བུར་ལྡན། །ཧྭ༷་ས་མ་ཀྲི་ཤམ་ནག་མོ་ལས་ལ་ཐུན་ཏེ་ཛ། ཙ་ཤ་ག་རོ་ཧ༷་ཤམ་ཛ།དེ་ནི་བོད་པའི་སྔགས་ཡིན་ནོ། །རུ་རུ་ཏེ་ལ༷་ཤ༷་ཤ༷་མ་མ་ལས་ལ་ཐུན་རྦད། ཏེ་ཤ་ར་ར་ཛ་བ་ནུབ་རྦད། དེ་ནི་རྦད་པའི་སྔགས་སུ་ཤེས། ཙ་ལ་ཙམ་ཧུར་སྲིག་ཤམ་བྲེང་སོད། པྲ་ཙ་མ་ཏྲ༷་རྒྱུག་ཆུམ་སོར་སོད། དེ་ལྟར་དྲག་པོའི་ལས་གསུམ་བྱ། །གདག་དང་བསྟབས་དང་ལས་བཅོལ་བྱ། །དེ་ཡིས་ལས་རྣམས་གྲུབ་པར་བྱེད། ཧུ༷། ང་རྒྱལ་བཙན་གྱི་བུ། སྐྱེས་བུ་ཆེན་པོ་གདུག་པ་ཅན། །དམར་པོ་འདུའ་བུ་རལ་པ་ཅན། །རལ་པ་དམར་པོ་གྱེན་དུ་བརྫེས། །ཆིབས་སུ་བསེ་རྟ་དམར་པོ་ཆིབས། །སྐུ་ལ་བེར་ཆེན་དམར་པོ་གསོལ། །གཡས་ན་བཙན་ཕྲན་གདུག་པ་རྒྱུག །གཡོན་ན་སིལ་མ་སྟོང་སྡེ་འགྱེད། །རལ་པ་གསིག་པས་གཟའ་རྒོད་ཆར་དུ་འབེབས། །སྲིད་པའི་བཙན་ཆེན་འདའ་རུབ་ཁྱེད་ཀྱི་འབྱུང་བ་ལྔ་རྣམས་ལ། །འབྱུང་བ་ལྔའི་བཙན་ཕྲན་སྟོང་སྡེ་འགྱེད། །ཞབས་ནི་གདུག་པ་ཀླུ་རྣམས་མནན། །མཆེ་གཅགས་རྔམ་་་།་གསད་ལ་དགའ། །བཅན་གྱ་གདུག་པ་སྒོ་མོ་ནས། ཁྲག་གཟེར་དམར་པོ་ཏལ་ལ་ལ། །གཟེར་ནད་གཏོང་ཞིང་སྲིད་པ་སྒྲོལ། །བཙན་རྣམས་ཀུན་གྱི་དམག་དཔོན་བྱེད། །དམག་དཔོན་ཆེན་པོ་དམ་ལ་ཤག །གདུག་བྱེད་སྲིན་མོ་བདུད་མའ་ཚོགས། །བདུད་མོ་ཆེན་མོ་ལ་རུངས་མ། །ཤ་ལ་ཁྲག་འཐུང་རལ་པ་ཅན། །གནས་ནི་གནག་པ་དགུར་ན་གནས། །བདུད་ཡུལ་ནག་པོ་མ་གི་ན། ཁྲི་འདུ་རྡུངས་ཅིག་བསིལ་བ་མཚལ། །མཁར་འབར་བའི་ནང་ཤེད་ན། །བདུད་མོ་ཆེན་མོ་དེ་ན་གནས། ཁྲག་གི་གྲུ་ཆར་སིལ་ལི་ལི། །བྱ་ནག་མང་པོ་ཕུང་ངེ་ཕུང་། །ལྕེ་སྤྱང་ཀདྷའི་ཚོགས་ནི་དིར་རི་རི། ཁྲག་ཟགས་འབབ་ཆུ་ཟུལ་ལུ་ལུ། །རྔམ་སྟབས་མི་ལྤགས་གཡབ་འདོར་མ། །གདུང་བའི་གླུ་དང་སྒྱུག་པའི་བརྡའི་ཚོགས་དིར་རི་རི། །མཐིང་ནག་འབར་བའི་རེ་ལྡེས་དཀྲིས། །བདུད་པོ་ཞོན་ནས་ཁྱབ་པར་རྒྱུག །དྲེགས་པ་རྣམས་ཀྱི་དམག་དཔོན་བྱེད། །ལྷ་འདྲེ་ཀུན་གྱི་རྒྱུག་འགྲོ་བྱེད། ཁྲག་གདུག་འབར་བའི་མདའ་རུ་འཕེན། །བ་དན་དམར་པོ་འཕྱར་ཞིང་དྲེགས་པ་སྡུད། །འཁྲིས་དང་གཡག་ཤ་ཀླད་ཚིར་གཟེར་བ་དང་། །གག་པ་དང་ནི་རྒྱུ་གཟེར་གཏོང་། །ཚ་གྲང་གཉིས་ནི་འཆས་་་༄།ར་བྱེད། །འབྱུང་བ་ལྔ་པོ་དཀྲུག་པར་བྱེད། །དམག་དཔོན་ཆེན་པོ་ད་ཚུར་སྤྱོན། །ཅེས་བསྐུལ་ལ་ལས་རྣམས་བྱའོ། །འདིའི་ལས་སྒྲུབ་ཐོས་པ་མེད་པ་སྟེ། །མི་དམར་ནག་གདུའ་མདའ་ཅན། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྐྱེས་བུ་བཙན་ཆེན་དང་། བདུད་མོ་དམག་དཔོན་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བྲག་བཙན་དམར་པོས་རང་གི་བསྒྲུབ་པའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །བྲག་དམར་འཐོམས་སམ་མགོན་གནས་སུ། །དེ་རུ་མཎྜལ་གྲུ་བཞི་པ། །དབུས་སུ་གྲུ་གསུམ་དམར་པོ་བྱ། །གྲུ་གསུམ་ནང་དུ་ལིང་ཀ་གཞུག །སྔོ་དམར་སྐེ་ནས་གདག་པར་བྱ། །སྐྱེར་ཕུར་གཅིག་ལ་བཙན་དུ་བསྐྱེད། །གྲུ་གསུམ་ལིང་ཀ་དེར་གཟིར་རོ། ཁྲ་དང་འུག་པའི་རྒྱལ་མཚན་བྱ། །ཝ་ཡི་ཐོད་པར་ཐུན་རྫས་དེ། །ཟངས་ཕྱེ་ཉུངས་ཀར་གཅན་གཟན་ཁྲག །གཞན་ཡང་ཐུན་རྫས་གསག་པའོ། །འུག་པའི་ཐོད་པར་ཀྱི་ཁྲག་དང་། །མཐུན་པའི་རྫས་ཀྱིས་བཀང་པའོ། །བཤོས་བུ་སྤྱན་གཟིགས་གཙང་ཕུད་བཅས། །མདའ་དང་གདུག་པའི་ཡས་དང་བསག །བོད་བསྐུལ་རྦད་དང་གསད་པར་བྱ། །མནན་དང་འཕང་བ་ལས་ཀྱིས་སུ། །ཕུར་བ་གདབ་དང་བརྡེག་པ་དང་། །ཟོར་དུ་འཕང་བའི་ལས་རྣམས་བྱའོ། །ཙ་ར་དམར་དང་བཅསཔའོ། །ཙ་།རམཧྭ་ར་ཏེ་ཡ་ཛ། ས་མ་ཡ་ཛ། འདུར་དགྲ་བོའི་སྙིང་མགོ་ཆོད། གཟེར་དབྲུགས་མ་ཧྭ་བྲམ་བྲེ་ཐུན་རྦད། ཀ་ལ་ནད་ཧྲོ་རྦད་ཀྱི་ཧེ་རྦད། དེ་ནི་བོད་པ་རྦད་པ་ཡིན་ནོ། །ས་མ་ཡ་རྒྱུག་བྲེང་སྐོར་སོད། ཚུ་ཧར་རྦད་སོད། དེ་ནི་གསང་བའི་སྔགས་ཡིན་ནོ། །ཐམས་ཅད་ལས་རྣམས་བསྒྲུབས་པ་སྟེ། །ཕུར་བཏབ་དྲིལ་བཏབ་ལས་བཅོལ་ཏེ། །ཕུར་པ་འདྲིལ་ཞིང་དྲག་སྔགས་བཟླས། །བཙན་ཆེན་བསྐུལ་ལ་ལས་བཅོལ་ལོ། །ཧུ༷། ང་རྒྱལ་ཆེན་པོ་བཙན་གྱི་བུ། །བཙན་ཆེན་རྔམ་པའི་སྐྱེས་གཅིག་པ། །མིང་ནི་གདུག་པའི་སྐྱེས་ཅིག་ཨག་སེ་རྒྱལ། །འབྱུང་བ་བྲག་ནི་ཐེམ་པར་གནས། །གདུག་པའི་བྲག་བཙན་ཆེན་པོ་བཞུགས། །སྐུ་ནི་དམར་ལ་གདུག་པ་སྟེ། །རལ་པ་དམར་པོ་གྱེན་ལ་འཁྱིལ། །སྤྱན་མིག་ཟུར་གསུམ་གདུག་པའི་མིག །དབུ་ལ་ལ་ཐོད་དམར་པོ་བཅིངས། །ཕྱག་ན་བསེ་གཞུ་བསྣམས། རྒྱབ་ན་བསེ་ཡི་མདུང་རིངས་བཙུགས། །གཡས་ན་བྲག་བྱ་དམར་པོ་ལྡིང་། །སྐུ་ལ་བེར་ཆེན་དམར་པོ་གསོལ། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །བྲག་བྱ་འུག་པ་ཁྲ་རུ་ཐོགས། །བྲག་ཤ་བྲ་བ་རོལ་དུ་ཁྲིད། །བྲག་ཤ་གླ་བ་ལན་འགའ་ཆིབས། །སྲིན་བྱ་བུ་མོ་ཐན་པོ། བགག་ཡ་སྲིང་མོ་ཁུག་བརླངས་བརྣལ་པ་བཙན། །གཡའ་སྔོན་པོ་འོག་ན་ཉལ། ལན་འགའ་ཆས་བཟངས་མཛེས་བག་ཅན། །བྲག་བཙན་ཆེན་པོ་མ་རུངས་པ། །མཚོན གྱིཞགས པརྟོག་ཅིང་འཕེན། ཁྲག་གི་ཟེར་མདའ་དམར་པོ་འཕེན། །བཙན་ཆེན་གདུག་པ་དུག་མདའ་འཕེན། །སྙིང་འཕྲོག་གཟེར་བའི་ནད་གཏོང་བ། །བྲག་བཙན་དམར་པོ་བསྐྱོད་ཙམ་ན། །འབྱུང་བ་འཁྲུག་ཅིང་ཚ་སྔགས་གྲང་སྔགས་འདེབས། །སྲིད་པའི་བཙན་རྣམས་གཡོབ་བྱེད་ཅིང་། །གདུག་པ་མ་ལུས་རྡུལ་དུ་རློག །བཙན་གྱི་་།ད་མངས་འདེབས་པར་བྱེད། །བཙན་གདུག་གདུག་རྩུབ་བདག་པོ་ད་ཚུར་སྤྱོན། །ཅེས་བསྐུལ་བའི་ལས་བཅོལ་རྦད་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྲག་བཙན་རྒྱལ་བ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་མོ་ནག་མོ་རལ་གཅིག་དང་། བཙན་ཡ་མ་རལ་གཅིག་གསུམ་གྱིས་རང་རང་གི་བསྒྲུབ་པ་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །ལུང་གསུམ་མདོའམ་ལྷ་རྟེན་ས། །ལུང་གསུམ་ཆུ་འགྲམ་བྲག་རལ་ཕུང་། །དེ་ལྟ་བུར་ཡི་གནས་པོར། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་མ། །ཟུར་གསུམ་དག་ཏུ་གྲུ་གསུམ་རེ། །ཐ་མ་གྲུ་བཞི་སྒོ་དང་བཅས། །དེ་རུ་ཕུར་རེ་ལིང་ཀ་རེ། །མཚོན་དང་བྱད་དང་མིང་རུས་གསལ། །སྔགས་བརྗོད་ཙམ་གྱིས་ཕུར་པ་དྲེགས་པར་གསལ། དེ་ལ་རྟེན་པའི་དམ་རྫས་ནི། ཁྱི་ནག་སྙིང་གཅིག གླང་ནག་སྙིང་གཅིག་ར་དམར་སྙིང་ཅིག ཤ་སྣ་ཁྲག་སྣས་བརྒྱན་པའི་གཏོར་མ་དང་། །དུག་དང་ཐུན་རྫས་ཕྱེ་ཟངས་ཕྱེ་རྡོ་པྱེ་དང་། །ཏིལ་དང་ཉུངས་ཀར་སྐེ་ཚེར་བཅས། །གདུག་པའི་གཞུ་དང་གདུག་པའི་མདའ། །དེ་ལྟར་འཚོགས་པར་བཤམས་པ་དང་། །བོད་རྦས་གསད་པའི་ལས་རྣམས་བྱ། །མ་ཤ་ཐུམས་རསྒོ་བ་ཏི་ཛ། ག་ཛ་ལེ་དྷིལ་ཧར་ཤ་ཡ། ད་ནི་བོད་པའི་སྔགས་སུ་ཤེས། ཧི་ཏ་པ་ལ་ར༷་རྦད། དུས་ར༷་རྦད་ཡ། ཙ་ལེ་ཤ་ར༷་རྦད། དེ་ནི་རྦད་པའི་སྔགས་སུ་ཤེས། མ་དྷིལ་དྷིལ་གེ་སྒ་ཡ་སོད། མདུན་ལམ་རག་ཤོ་བྱེད་སོད། ཀར་དུང་ཚེ་རི་ཤི་ཐེན་སོད་ཡ། དེ་ནི་གསང་བའི་སྔགས་སུ་ཤེས། །དེ་ལྟར་བོད་རྦད་གསད་ཅིང་དམིགས་པ་གཏབ། །ལས་བཅོལ་ཕུར་པས་གདབ། །དེ་ཡིས་ལས་རྣམས་གྲུབ་པར་བྱེད། །ཧུ༷། སྲིད་པ་ཞིག་འཛིན་བདུད་ཀྱི་བུ། །བདུད་ཆེན་རྔམ་པ་རལ་གཅིག་པ། །སྐུ་ལུས་མཐིང་ནག་འབར་བ་ལ། །རལ་པ་གཅིག་པོ་གྱེན་དུ་འཁྱིལ། །དཔྲལ་ན་མིག་གཅིག་དུག་གི་མིག ཁ་ན་སྦོ་མེད་ཁོ་ནས་གཅོད། །ཉ་སོ་བཞིན་དུ་ཁོང་ནས་གཅོད། །བྱ་མིག་བཞིན་དུ་མས་ཡར་འགེབས། །མུན་ནག་ཤྭ་དང་འོད་པ་གཏོང་། །ཆིབས་སུ་བདུད་རྟ་རལ་གཅིག་ཆིབས། །བདུད་ཀྱི་མཚོན་ལྟར་ཁྲམ་བམ་ཐོགས། །དར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་ན་བདུད་ཁྲམ་ཆེན་པོ་དྷིབས། །སྲོག་རྩ་གཅོད་ཅིང་ཉམས་པ་དགྲོལ། །བདུད་དམག་མཚོན་ལྟར་སློབ་པར་ནུས། །བདུད་ཆེན་འབར་བའི་དུས་ལ་བབ། །ཧུ༷། སྲིད་པའི་བུ་མོ་རའ།་གཅིག་མ། །མཐིང་ནག་རྔམ་ཚུལ་འགྱིང་ཚུལ་སྟོན། །སྤྱན་ཟླུམ་བཟློག་ཅིང་མཆེ་བ་གདུག་པས་དགྲོལ་བ་སྟེ། །སྐུ་ལ་ཁྲག་ནད་ཐུལ་པ་གསོལ། །རྡོ་རྗེ་བརྩེགས་པའི་སྐུ་རུ་ལན་འགའ་འབྱུང་། །ལན་འགའ་བལ་སོར་བསྒྱེགས་པའི་སྐུ་རུ་བྱུང་། །ལན་འགའ་སྟོང་ཁམས་ཁྱབ་པར་ཉུལ། །མི་ནད་ཕྱུགས་ནད་སྟོང་ཞི་སྟོད། །སྟོང་གསུམ་བསེ་བྱང་རྩིས་ལ་འདེབས། ཁྲབ་བམ་ཐོད་དབྱུག་ཐོགས་ནས་ཉམས་པ་རྡུལ་དུ་རློག །སྡིག་པ་གད་མོར་རྒད་ཅིང་སྲིད་པ་ཁྲག་ནད་སྤྱོད། །གདུག་པའི་ཁ་རླངས་ཕྱུར་རུ་སྲ །དམོད་པའི་མཚོན་ཆ་ཡམས་ནད་སིལ་ལི་ལི། །གསོད་བྱེད་ཆེན་པོ་ད་ཚུར་སྤྱོན། །ཧུ༷།བཙན་ཆེན་ཡ་མ་རྐྱང་ཅིག་པོ། །རལ་གཅིག་སྲིད་པའི་རྩེ་མོར་འབར། །ཞལ་གཅིག་སྐྱེ་ཤི་ལམ་ཆེན་བྱེད། །གདུག་པའི་ང་རྒྱལ་བཙན་ཆེན་ཕོ་བཙན་མ་རུངས་ལས་ལ་སྤྱོན། །གདུག་པའི་བཙན་ཆེན་རྔམ་པའི་ཚོགས། །དམར་པོ་རལ་ཅན་ཁམ་ཁམ་རྦད། །སྲིད་པ་ཡོངས་ལ་དབང་སྒྱུར་ཅིང་། །གང་ལ་བབ་པ་རྡུལ་དུ་རློག །གཡས་པ་བཙན་གྱི་ཞགས་པ་འདེབས། །གཡོན་པ་བཙན་གྱི་མདའ་གཞུ་འགེངས། །བཙན་ཆེན་གདུག་པ་ཟེར་གྱི་བདག །བཙན་ཆེན་འབར་བ་གཏུམ་ཁྲོའི་ཚོགས། །བཙན་ཆེན་གཟེར་བྱེད་ད་ཚུར་སྤྱོན། །ཅེས་བཅོལ་རྦད་གཏད་ཟོར་བྱ། །དྲག་པོ་མདེ་རྩེ་གསུམ་པར་བྱ། །དེ་ཡིས་ལས་རྣམས་གྲུབ་པར་བྱེད། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གདུག་པ་རལ་གཅིག་གསུམ་གྱི་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་འགོང་གདུང་གི་འབེ་ཚ་ཅན་དང་། གནོད་སྦྱིན་བསེའི་འབེ་ཚེ་ཅན་དང་། །གསུམ་གྱིས་རང་གི་བསྒྲུབ་པའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །ལུང་གསུམ་མདོའམ་ནགས་ཚལ་དུ། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །དེ་ལ་གྲུ་གསུམ་རེ་རེ་སྟེ། །དེ་རུ་ལིསྐོ་རེ་དང་ཕུར་པ་རེ། ཁྲ་ཁྲག་གཏོར་མ་ཕུད་དང་བཅས། །ར་ཀྱི་རྟ་གསུམ་ཁྱི་ཡི་སྙིང་། །ཡོལ་དང་དཔགས་པ་རྒྱལ་མཚན་གཟུགས། །དེ་ལྟར་བསགས་ལ་བསྒྲུབ་པ་སྟེ། །བོད་ཅིང་རྦད་ལ་གསད་པ་དང་། ་་ས་དང་སྐེ་ཚེ་ཟི་ར་གསུམ། ཁྲག་གསུམ་སྨེ་བའི་ཁྲག་གིས་བྱ། །རྡོ་ཕྱེ་ཟངས་ཕྱེ་གསེར་ཕྱེ་བཅས། །དེ་ལྟར་སྤྱན་དྲངས་བཞུགས་དང་མཆོད་ཅིང་ལས་བཅོལ་བྱ། །དང་པོར་སོ་གསུམ་གཞུང་བྱ། ཧུ༷་ཨི་འདྲ་པ་ལ་ཤར་ཛ། གྲང་གོ་ལོང་ཏི་ལིང་ཛ། ཤ་ཏྲི་པསྟ་ཡ་ཛ། དེ་ནི་བོད་པའི་སྔགས་སུ་ཤེས། ས་མ་ཡ་ཏྲི་བ་དུ༷་ར་གེ་རྦད། མུར་ཏ་པ་ལ་ཧ་བྱ་རྦད། ཧེར་དུ་ཤ་ཏྲི་ཤ༷་རྦད། དེ་ནི་རྦད་པའི་སྔགས་ཞེས་བྱ། ཡསྒ་ཏྲི་སྙིང་ཁྲག་རྩ་ལེ་བྲང་སོད། ཕུ་ར་ཤ༷་ཐུམས་ཐུམས་རྦད་སོད། ཆུ་རྟ་ར་གེ་ཏྲི་ཞུང་སོད་ཡ་ཡ། དེ་ནི་གསད་པའི་སྔགས་ཞེས་བྱ། །བོད་པའི་དུས་སུ་མཆོད་པ་དང་། །རྦད་པའི་དུས་སུ་ཟོར་གྱི་ལས། །གསད་པའི་དུས་སུ་གདབ་པའོ། །སྤྱི་རུ་དྲིལ་ཏེ་འཕང་བའོ། །ཧུ༷། ང་རྒྱལ་མགོ་ཆེན་མ་རུངས་པ། །སྐུ་ནི་འབར་བ་ཆེན་པོ་ལ། །ཕྱག་ནི་སྲིད་པ་ཉབ་པར་བྱེད། །དབུ་ལ་དུང་གི་འབེ་ཚེ་ཅན། །ཆིབས་སུ་རྒྱལ་རྟ་ཕུད་དམར་ཆིབས། །རིན་ཆེན་རྒྱན་དང་གདུག་པའི་མཚོན། །སྲིད་པ་གསུམ་དུ་རྒྱུག་འཕྲོ་བྱེད། །ཚ་དང་སྲོག་ལ་རབ་ཏུ་རྒྱུག དྲེགས་པ་རྣམས་ཀྱི་གིང་པ་བྱེད། །གིང་ཆེན་འབར་བ་གསོད་ལ་དགའ། །སྲིད་པ་གསུམ་དུ་རྒྱུག་འཕྲོ་བྱེད། །སྐྱེས་པ་རྣམས་ཀྱི་བདུད་དུ་བྱེད། །ན་ཆུང་སྲིད་རྣམས་རྐུ་བར་བྱེད། །བུས་པ་ཆུང་གི་དུར་ཡང་འདེབས། །གདུག་བྱེད་ཆེན་པོའི་དུས་ལ་བབ། །ཐེ་བྲང་ཟངས་ཀྱི་འབེ་ཚེ་ཅན། །གདུག་པའི་ལུས་ལ་ཀེ་བེར་གསོལ། །དབུ་ལ་ཟངས་ཀྱི་འབེ་ཚེ་ཅན། །ཕྱག་ན་ཟངས་ཀྱི་གྲི་རྣོན་བསྣམས། །སྐྱེ་འགྲོ་སྲོག་ལ་འདེབས་པར་བྱེད། །ཆིབས་སུ་རྔ་མོ་སྐེ་རིངས་ཆིབས། །རྒྱུག་པའི་སྟབས་དང་རོལ་པ་ཆེ། །དྲག་ལ་མཐུ་རྩལ་ལྡན་པ་སྟེ། །གསང་བའི་ལས་རྣམས་གྲུབ་པར་བྱེད། །སྲོག་རྩ་དམར་པོ་ལག་ཏུ་འདྲེན། །སྙིང་རྩ་དམར་པོ་ཞལ་དུ་འདྲེན། །སྲིད་པར་འགྲོ་ཞིང་ལས་ལ་དྲག །བསད་བཅད་ལས་ལ་ཐོག་པ་མེད། །གུང་དང་སྲོད་དང་ཐོ་རངས་རྒྱུ། །གྲི་ཡིས་གཏུབ་ཀྱིན་ཕུར་གྱིས་འདེབས། །གདུག་བྱེད་ཆེན་མོའི་དུས་ལ་བབ། །གནོད་སྤྱིན་ཆེན་མོ་མ་རུངས་མ། །མར་ཅན་གདུག་པ་ཆེ། སྐུ་ལ་བེར་ཆེན་རྗིད་པ་གསོལ། །ཆིབས་སུ་གླང་དམར་ལྡེམ་པ་ཆིབས། །ཤ་ལ་དགའ་ཞིང་ཁྲག་ལ་དང་། །རྐང་དང་རུས་པ་འཆའ་བར་བྱེད། ཁྲག་དང་ཆུ་སེར་འཐུང་བར་བྱེད། །ཕྱག་ན་གདུག་པའི་མཚོན་བསྣམས་ཤིང་། །ཞལ་ནས་མཆེ་གཙིགས་འཛམ་བུར་རྒྱུག །སྙིང་ཁྲག་རྩད་ནས་འདྲེན་པར་བྱེད། །ཡ་མ་ཐམས་ཅད་དམ་ལ་སྡུད། ཁྲག་འཐུང་སྡིག་པའི་གད་མོ་རྒོད། །སྒྱུགས་པའི་གླུ་ལེན་ཀྱུར་རུ་མྲ །མི་ལྤགས་གཡབ་འདེབས་ལིངས་སེ་ལིངས། །སྲིད་པ་འཇོམས་བྱེད་དུས་ལ་བབ། །ཅེས་བསྐུལ་ཞིང་ལས་བཅོལ། ཐུན་དང་ཕུར་པ་གདབ། བསྒྲལ་ན་བསྟན་པ་བརླག་པར་བྱ། །ཐ་མ་ཟོར་གྱི་ལས་བྱའོ། །དེ་ལས་བྱས་པས་གང་བསམས་འགྲུབ། །མིང་ནི་བཙན་གསུམ་ཟེར་བ་ཅན། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །གཅན་གསུམ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། གཅེན་པོ་མི་ཟན་དང་། བཙན་གྱི་གཅེན་པོ་མི་ཟན་དང་། བཙན་གྱི་གཅེན་པོ་ལག་དམར་དང་། རྒྱལ་པོའི་གཅེན་པོ་གནམ་གྱི་དཀར་པོ་ལག་རིངས་དང་། རྩི་ཐམས་ཅད་ཀྱི་གཅེན་པོ་གྲམ་པ་ཁ་དམར་དང་བཞིས་རང་རང་གི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །བྲག་རི་དག་ནི་གནས་ཆེན་དུ། །དེ་རུ་དཀྱིལ་འཁོར་གྲུ་གསུམ་བརྩེགས་བྱའོ། །ཐ་མ་གྲུ་གསུམ་བཞི་ཡིས་བསྐོར། །དེའི་ཐ་མ་གྲུ་བཞི་རུ་བྱའོ། །སྒོ་བཞི་དག་དང་ལྡན་པར་བྱ། །དེ་རུ་ཕུར་པ་བཞི་ལིང་ཀ་བཞི། སྤྱང་ཀིའི་ཐོད་པ་དང་། འཕར་བའི་ཐོད་པ་དང་། སྲམ་གྱི་ཐོད་པ་དང་། ཁྲའི་ཐོད་པ་དང་བཞི་མྲ ཤ་ཁྲག་སྣ་ཚོགས་པའི་གཏོར་མས་མཆོད་ཅིང་། ལས་བཅོལ་ཕུར་པ་གདབ། ཁྲག་དང་ཐུན་རྫས་ཀུན་གྱིས་བརྡེག །བསྟབ་ཅིང་བསྟབ་ལ་ལས་བཅོལ་ཏེ། །བོད་དང་རྦད་དང་གསད་པ་བྱ། །ཨོ༷ཏྲི་ ་ཐུམས་གོ་ཏི་ཛ། ས་ཙུས་ཀ་མ་ཡེ་རྦུ་ན་ཛ། མུ་བྲ་ཛ་ཤེ་ཛ། ཨོ༷་པྲ་ཏ་ཀ་རུ་ཏྲ་ཛ། དེ་ནི་བོད་པའི་སྔགས་ཡིན་ནོ། །ཨོ་ར༷་པ་དུ་ཀྲོ་ཏ་ཡ༷་པྲ་ཤ༷་རྦད། ཀ་རུ་ད་པྲ་ཡ་མ་རྦད། ཧ་ར་ས་མ་བུ་ནི་རྦད། པུ་རི་པྲ་པྲ༷་ཡེ་རྦད། དེ་ནི་ཐུན་དུ་ཤེས་པར་བྱ། པྲ༷་ཏྲི་ར་ག་ཐུམ་རྦད་ཡ། གཏུབས་སོད་ར་མ་ཀེ་ཏ་པྲ་ཏི་ཡ༷་སྤྲུགས་ཡ།གྲམ་ཡ་ཏི་ཤ་ར་ཙ། རྦུ་ན་རྦུ་ན་སོད་ཡ༷་ཡ༷། ས་མ་ཡ་ཏི་ལམ་རྦད་ཡ། དེ་ནི་གསད་པའི་སྔགས་ཡིན་ནོ། །དེ་ལྟར་དྲག་པོའི་ལས་རྣམས་བྱ། ཏཱ༷། གདུག་པ་ཆེན་པོ་མ་རུངས་པ། །བདུད་ཀྱི་གཅེན་པོ་མི་ཟན་ཏེ། །རྔམ་པ་ལག་རིངས་དོན་སྙིང་འབྱིན། །གསོད་ཅིང་རྔམ་ལ་ཐོགས་པ་མེད། །དོམ་བུ་ནག་གུ་ཆིབས་ཅིང་རྒྱུག །ལག་ན་གྲི་དང་ཐོད་པ་འཛིན། །ཉིན་ཞིང་རི་གསུམ་རྩེ་ལ་ཉལ། །མཚན་མོ་འགྲོ་བའི་ཚེ་སྲོག་ཉབ། །འཆི་བདག་བདུད་ཀྱི་བང་ཆེན་མཛད། །མཆེ་གཙིགས་སྤྱན་བཟློག་ཁྲག་མཐོར་རྒྱུག །སྲིད་པར་རྒྱུག་ཅིང་འདྲེ་བརྒྱ་རྩེ། །གཅན་ཆེན་འབར་བའི་དུས་ལ་བབ། །བཙན་གྱི་གཅེན་པོ་ལག་རིངས་སོ། །དམར་པོ་རལ་ཅན་མི་གྲུངས་པ། །ལུས་ལ་སྟག་ལྤགས་རློན་པ་གསོལ། །གཡས་ན་གདུག་པའི་རལ་གྲི་འཛིན། །གཡོན་ན་ཐོད་པ་ཁྲག་ཕོར་ཐོགས། །ཆིབས་སུ་འཕར་བ་དམར་པོ་ཆིབས། ཁྲག་འཐོར་གཟེར་ནད་གཏོང་བྱེད་ཅིང་། །སྲིད་པར་རྒྱུག་ཅིང་གཟེར་ནད་གཏོང་། །གདུག་པ་བཙན་གྱི་གཅེན་པོ་དེ། །ལག་དམར་དགྲ་སྙིང་འབྱིན་པའི་གཙོ། །ཤ་མེད་ཁྲག་མེད་རྒོད་རལ་ཅན། །གདུག་པ་བཙན་གྱི་ཆར་དུ་འབེབས། །ཉམས་པ་མ་ལུས་དོན་སྙིང་འབྱིན། །གདུག་བྱེད་བཙན་གྱི་དུས་ལ་བབ། །རྒྱལ་གྱི་བཙན་གྱི་དཀར་པོ་ཁྱོད། རྔམ་པ་ལག་རིངས་གྲི་རིངས་འཛིན། གནམ་ལ་རྒྱུ་ཞིང་ས་ཡི་གྱིང་། །གྱིང་ཆེན་མ་རུངས་ཀུན་གྱི་གཙོ། །ཆིབས་སུ་བོང་བུ་ལྟེ་དཀར་ཆིབས། །ལན་འགའ་སྤྱང་པོ་མགོ་དགུ་ཆིབས། །སྲིད་པའི་གདུག་པ་མ་ལུས་འཛིན། །ཚ་སྲོག་ཉབ་བྱེད་དུས་ལ་བབ། །རྒྱལ་གྱི་གཅེན་པོ་ད་ཚུར་བྱོན། །སྲིད་གཅན་ཁྲམ་པ་ཁ་དམར་དེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་བཀང་། ཁ་དམར་གདུག་པ་ཅན་དུ་བྱེད། ཁ་དགུ་སྲིད་པའི་ཅན་དུ་བྱེད། །ལག་དགུ་སྲིད་པའི་གྱིང་དུ་བྱེད། །དམིག་སྟོང་སྲིད་པའི་འདྲེ་རུ་ཆེ། །ཆིབས་སུ་ཕག་མོ་དབུ་དགུ་ཆིབས། །མགོ་བརྒྱ་དག་ནི་འཕྲེང་བར་བསྒྲེང་། །མཆེ་བ་འདར་ཞིང་སྲིད་པར་རྒྱུག ཁྲོས་ན་ཐེ་བྲང་མ་ཡམས་སྒྲོལ། །དྲེགས་ཅན་ཀུན་གྱི་སྣ་དྲངས་ནས། །སྲིད་པ་ཡོངས་ལ་གཅན་དུ་བྱེད། །གཅན་ཆེན་འབར་བའི་དུས་ལ་བབ། །གདུག་བྱེད་འབར་བའི་དུས་ལ་བབ། །སྒྲོལ་བྱེད་འབར་བའི་དུས་ལ་བབ། །གཅན་ཆེན་ཁ་དམར་དུས་ལ་བབ། །ཅེས་བསྐུལ་ཞིང་ལས་བཅོལ་ལོ། །དྲག་པོ་ཀུན་དང་སྦྱར། དེ་ཡིས་ལས་རྣམས་གྲུབ་པར་བྱེད། །མིང་ནི་སྒྲོལབྱེད་ཟངས་མདའ་ཅན། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གཅན་བཞི་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་པོ་རལ་གཅིག་དང་། བདུད་མོ་ཁ་བགྲད་མ་དང་། ཁྲི་གཞེར་མ་དང་། བདུད་མོ་དཔུས་མོ་འགྲོ་ཡ་དང་། རྒྱལ་པོ་ཡ་ཆོ་དང་། དཀར་པོ་སྤྱན་གཅིག་པ་དང་། ཡམས་ཤུད་དམར་པོ་དང་། ཁུ་ལེ་ལག་དགུ་དང་བརྒྱད་ཀྱིས།རང་རང་གི་བསྒྲུབ་པ་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །བྲག་རི་གདུག་པར་བསྒྲུབ་པར་བྱ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །གྲུ་བཞི་ནང་དུ་གྲུ་གསུམ་བརྒྱད། །གྲུ་གསུམ་དེ་རུ་ལིང་ཀ་རེ། །ཕུར་རེ་གཏོར་མ་རེ་རེའོ། །དེ་ལྟར་དམ་རྫས་མང་པོ་བསག །ཤ་ཁྲག་གཏོར་མ་མང་པོ་དང་། །སྙིང་སྣ་དང་ནི་ཤ་སྣ་དང་། །ཕུད་དང་སྤྱན་གཟིགས་བཤོས་བུ་དཀར་ཆས་མཆོད་དོ། ཁྲག་དུག་རྡོ་ཕྱེ་སྦྱར་བ་ཐུན། ཐུན་ཕོར་བརྒྱད་དམ་གཅིག་ཏུ་བྱ། །བ་དན་རྒྱལ་མཚན་ར་ལུག་གི །དེ་ལྟར་མདོས་དང་བཅས་པ་བཏང་། །དེ་ནས་བོད་རྦད་གསད་པ་བྱ། །ཨོ་ར་ཛ་ཨི་དན་ཛ་ཛ། ར་ཛ་ཡསྒོ་ཛ་ཛ། ར་ཛ་པྲ་ཏ་ཡ་ཛ། ར་ཛ་ཏྲི་ག་ར་ཡ་ཛ། མ་མ་ར༷་དུ་ཁྲི་མུན་དི་ཛ། བདུད་མོ་ཁ་ཀྲ་མ་རུ་ཤི་ཛ། མ་ཀེ་རུ་ར་ཀྲ༷་ར༷་ཡ༷་བི་ཛ། མ་མོ་ཧ་པུ་པེ་ཤེ་ཛ། དེ་ནི་བོད་པའི་སྔགས་སུ་ཤེས། ར་ཛ་ཧར་ཏིང་ཧྲིལ་རྦད། ར་ཛ་ཤ༷་ཏྲི་ག་ཁྱེར་ཡ་རྦད། ར་ཛ་ཧ༷་ཤ༷་པྲ་་ཤེ་རྦད། ཀ་རུ་པྲ་ཤ་ཡ་རྦད། རུ་རུ་ཤ༷་ཤ༷་ཧུ་ར་བྲེང་རྦད། རུ་རུ་ཀེ་ཀེ་མུ་དྷིལ་རྦད། རུ་རུ་ཏིང་གི་ཧར་ཧེར་རྦད། མ་མ་རུ་ཤ་ཡ་རྦད། དེ་ནི་རྦད་པའི་སྔགས་ཡིན་ནོ། །ཡསྒ་ཏྲི་ལིང་ཡ་ཛ། ཡསྒ་པྲ༷་ཡ་སྲིང་ལིང་སྲོད་ཡ༷།ཡསྒ་ཁ་ལ་དུན་རྒྱོན་སོད་ཡ། ཡསྒ་ཏྲི་ལིང་ཤ༷་སོད་ཡ། མ་ར༷་སྐ༷་ཤ༷་སོད་སོད། མ་མ་ང་དུང་ཁྱེར་སོད་ཡ། རསྒ་མོ་སོག་ཤི་ཁྱེར་སོད་ཡ། ཁ་ལ་མ་ཏ༷་རྦད་ཡ་སོད་སོད། དེ་ནི་གསད་པའི་སྔགས་སུ་ཤེས། །དེ་ལྟར་བོད་ཅིང་རྦད་པ་གསད་པར་བྱ། །དེ་ནས་བསྐུལ་ཅིང་རྦད་པར་བྱ། །ཧུ༷། ཁྱབ་བྱེད་ཆེན་པོ་མ་རུངས་བྱེད། །འཇིག་རྟེན་སྒྲོལ་བྱེད་ཕོ་མོ་བརྒྱད། །གདུག་པ་མ་རུངས་ལས་ལ་སྤྱོན། །རྔམ་པ་ཆེན་པོ་ཁྱེད་བརྒྱད་ཀྱང་། །དེ་རིང་སྲིད་པའི་ལས་མཛོད་ཅིག །དཀར་པོ་མ་ཆོམས་སྲིད་པའི་བདག །དཀར་པོ་སྤྱན་གཅིག་རྔམ་མའི་ཚོགས། །ཡམས་ཤུད་དམར་པོ་གསོད་བྱེད་འབར། ཁུ་ལེ་ལག་དགུ་རྔམ་པའི་ཚོགས། །རྒྱལ་པོ་ཆེན་པོ་ཁྱེད་བཞི་ཡང་། །གདུག་པ་ཆེན་པོ་དྲེགས་པའི་ཚོགས། །དྲེགས་ཆེན་མི་ཟད་སྤྲུལ་པར་བྱེད། །དྲག་པོས་སྒྲོལ་བའི་དུས་བབ་ལ། །སྐྱེ་འགྲོ་རལ་གཅིག་ཁམས་གསུམ་སྒྲོལ། །མཁའ་འགྲོ་འཇིག་རྟེན་ནད་ཡམས་གཏོང་། ཁྲི་གཞེར་ནད་སྤྱོད་བྲོ་ག་ཆང་། །དབུས་འགྲོ་འབྱུང་བ་དཀྲུག་པའི་བདག །སྲིད་པ་ཡོངས་ལ་དབང་བྱེད་མ། །ནད་ཁྲག་སྤྱོ་ཞིང་གདུག་པ་སྒྲོལ། །ཕུང་བྱེད་མ་ཚོགས་དུས་ལ་བབ། །ཅེས་བསྐུལ་ལས་བཅོལ་ལན་གསུམ་བྱ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གདུག་པ་ཕོ་མོ་བརྒྱད་ཀྱི་ལས་ཏེ། དུག་མདའ་ཅན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་རང་རང་གི་གཏད་པའི་ལས་འདི་སྨྲས་ཏེ། བདུད་ཀྱི་ནང་ནས་ཁྲམ་གྱི་ལས་འདི་རྣམས་སྨྲས་ཏེ། བདུད་ཀྱི་གཤེད་ཕོ་བཞི་སྟེ། ཁྱབ་པ་ལག་རིངས་དང་། ཟངས་པ་ངམ་ཆེན་དང་། དམུ་བདུད་སྟོད་དཀར་དང་།གཟའ་བདུད་རྔམ་པའང་བཞིས་རང་རང་ལ་གཏད་པའི་འདི་སྨྲས་སོ། །སྤྱང་ཀི་སྔོན་པོའའ་ཐོད་པ་ལ། །འཁོར་ལོ་ཟླུམ་པོའི་རི་བཞི་སྟེ། །ཕྱོགས་བཞིར་བདུད་ཀྱི་ཞལ་བཞི་བྱ། །དབུས་སུ་དམིགས་པ་ལྡན་པ་ལ། །མིང་དང་རུས་དང་ཉེས་པ་དགོད། །མཐའ་མ་ཟླུམ་པོ་སུམ་རིམ་ལ། །བདུད་པོ་བཞི་ཡི་སྔགས་ཀྱིས་བསྐོར། །གཡོན་ནས་བསྐོར་ལ་ཡིག་མགོ་ཕྱི། །བདུད་པོ་ཞི་བ་ལྟོ་བར་བསྐོར། །དེ་ནས་ངན་སྔགས་འདི་ཡིན་ཏེ། །ཨོ།་རི་རུ་རལྟོ་ཤམ། པ་ཧར་ཏེ། བྲེང་ཏོ་ར༷་ཡང་། མ་རུ་ཀ༷་ཏ༷་ཁྲ༷་ཤ༷་ཡ། པྲ་ཏ་ཡ་དོང་པ་རུ་ན་ཡ༷་ག་རོ་ད་ནི་ཆུས་དམ། དེ་ལྟར་འཁོར་ལོ་བྲི་བ་སྟེ༡། །སྨེ་ཁྲག་གསུམ་ལ་ངན་བྱའི་སྒྲོས། །ཕྱིའི་དུས་ན་བྲི་བར་བྱ། ཁ་ནི་མཟིང་ནག་དར་གྱིས་བཅད་པ་སྟེ། །ཚོན་སྐུད་དག་གིས་རྒྱ་གྲམ་བཅིངས། །དེ་ནས་མ་ཉེས་དང་ནི་འདིས་ཉེས་དབང་། །ཤིང་གཅིག་དྲུང་དུ་མནན་པར་བྱ། །དེ་ཡིས་དམིགས་པ་ཁྲག་སྒྱུད་ནད་ཀྱིས་འཆི། །ལྷ།་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་གཤེད་པོ་བཞི་ལ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་གྱི་རྒྱལ་པོ་ཨང་མི་གཏེར་དང་། དུ་ར་ར་རྩེ་དང་། ཡང་བཙན་ཐོད་ཀར་གསུམ་གྱིས་རང་རང་ལ་གཏད་པའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། གྲོ་ག་རས་སམ་ཤིང་ཤུན་ལ། དམིགས་པའི་གཟུགས་ནི་བྲིས་ནས་སུ། །དེ་ལ་མིང་རུས་ལྡན་པ་དང་།མགོ་ལ་ཨང་མི་གཏེར་གྱི་སྔགས། །སྙིང་ཀར་དུ་ར་ར་རྩེའི་སྔགས། །གསང་བར་བཙན་སྔགས་བྲིས་ཏེ། མ་ཉེས་དཔང་དང་འདིས་ཉེས་བྱ། །བདེན་པ་བཙན་ཆེན་མཆོད་ནས་ནི། །འཁོར་ལོ་ལིསྐོར་དྲིལ་བྱས་ལ། །དྲི་བུ་དག་ནི་ཐོད་པར་གཞུག །ཚོན་སྐུད་སྔོན་དམར་རྒྱ་གྲམ་བཅིངས། ཁྲག་ཐེམས་ས་ལ་མནན་པའོ། །ཨུ་རུ་རོ་རུ་ཤ༷་རྦད་ཡ། ཉི་པ་ར༷་ཏ་ཡ་ཁྲ༷་ཏ་སོད་ཡ། པ་ཏ་ཁྲ༷་ཏི་ཡ༷་ཡེ་རྦད་ན་རྦད་ཚལ་ཡ། དེ་ལྟར་སྔགས་བཀོད་ནས་མནན་བྱས་ན། །དམིགས་པ་གདུག་པའི་ནད་ཀྱིས་འཆི། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་ཆེན་པོ་གསུམ་ལ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤན་སྔར། རྒྱལ་པོ་མཆེད་གསུམ་གྱིས་རང་རང་ལ་གཏད་པའི་ལས་འདི་སྨྲས་སོ། །སྐྱ་དྲང་དང་། ཉི་པ་སད་དང་། ཁུ་ཏྲང་གསུམ་གྱིས་སྨྲས་པ་ནི། །དམིགས་པ་བརླག་པར་བྱ་བ་ནི། །སྤྱང་ཀི་སྔོན་པོའི་ཡ་མཁ་ཐདང་། །ལུ་གུ་འཛིང་ནག་སྙིང་གཉིས་ལ། །སྤྱང་ཀིའི་མཆེ་བ་དག་ལ་ནི། །ཉི་པ་སད་ཀྱི་སྔགས་ཀྱང་བྲི། །ཡ་རྐན་སྐྱ་དྲང་སྔགས་སུ་བྲི། །མ་མཁལ་ཁུ་ཏྲང་སྔགས་སུ་བྲི། །ལུ་གུའི་སྙིང་ལ་དམིགས་པའི་མིང་རུས་བྲི། །བར་དུ་སྙིང་བཅུག་ཐོད་པ་བསྡམས། །ཚོན་གྱི་སྐུད་པས་རྒྱ་གྲམ་བཅིང་། །དུར་མཆོད་དག་ཏུ་སྦས་བྱས་ན། །གང་ལ་དམིགས་པ་གདོན་མི་ཟ། །ཡག་ཀྲོ་ཏ་ནི། མུ་ཏ་ལ་ཏི་ཏི་ཤ༷་ཤ༷ མུ་ལ་རོ་ཤ་ཁྲ༷་ཏེ་ཡ༷།ཁ་ལ་པར་ཏ་སྲེ་ཤ་ཡ༷། དེ་ལྟར་ལས་བྱས་ཐོག་པ་མེད། ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་མཆེད་ལ་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཀླུ་རིགས་བཞིས་རང་རང་ལ་གཏད་པ་འདི་སྨྲས་སོ། །ཀླུ་བདག་ཏིང་འཛིན་ལྡན་པ་དེས། །རས་སམ་ཤིང་ཤུན་གྲོ་ག་ལ།༷ །འཁོར་ལོ་རྩིབས་ནི་བཅུ་དྲུག་བྱ། །ཐ་མ་རིགས་བཞི་སྦྲུལ་གྱིས་བསྐོར། །དབུས་སུ་སྦལ་པ་ཆེན་པོའི་གཟུགས། །གཟུགས་ཁྱིམ་དག་ལ་དམིགས་པའི་མིང་རུས་བྲི། །འཁོར་ལོའི་རྩིབས་ལ་ཀླུ་གཉན་སྔགས། །ཨོ་པྲེ་ཏ༷་ཡ། ཏྲ༷་པྲ༷་སད་ཡ། ཀར་ལོ་ཡ་མུ་སེ་ཁྲ༷་ཡ། ཨ༷་ཏྲ༷་པ་རེ་ཡ། ཀུ་རུ་ཆུམ་ཡ། ས་ར་ཏྲ༷་ས་ར་ཡ། མུ་ཀྲོ་ཏ་ལ་ཡ༷། པུར་ཤ༷་རྩེ་ཡ༷། དུ་ག་རོ་ཡ༷། ས་མ་རུ་ཏོ་ཁྲ༷་འདིང་། སུ་རོ་ཤ་ཡ། ཀ༷་ཏེ་རོ་འུ་ཡ༷། ས༷་སེ་ཏེ་པ་ཡ། ཀ་རུ་པོ་ཏི་ཡ། ཕྱོགས་བཞིར་མ་ནོར་འཁོར་ལོ་རྩིབས་ལ་བྲི། དེ་ལྟར་བྲིས་པ་མནན་པ་ནི། འཁོར་ལོ་དྲིལ་ལ་རྫས་ཀྱི་རིལ་བུ་བྱ། དེ་ནས་མཚོ་རྒྱུར་རམ་ཤིང་བརྡུང་ངམ། ཡང་ན་ཆུ་མིག་སྙིང་མའོ། །དམིགས་པ་མཛེ་ཡིས་འཛིན་པར་བྱེད། མཛེ་ནག་ལས་ཀྱི་འཁོར་ལོ་ཞེས། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་རིགས་བཞི་ལ་གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པའི་སིལ་མ་སྟོང་སྡེས་རང་རང་གི་ཁྲག་ཟོར་གྱི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །དྲེགས་པའི་ཁྲག་ཟོར་འཕང་བ་ནི། །མོན་པ་ནག་པོའི་ཐོད་པ་ལ། །དྲེགས་པའི་སིལ་མ་སྟོང་གི་སྙིང་པོ་བཀོད་ནས་ནི། །དེ་རུ་དུག་རྫས་སྣ་ཚོགས་དང་། །སྐེ་ཚེ་ཉུངས་ཀར་ཉུངས་ནག་དང་། ཁྲི་ར་དང་ནི་ཏིལ་ནག་དང་། །རྒྱ་བྲ་ཟུམ་གསུམ་ལ་སོགས་བཤམས། ་།་ཟན་དགུའི་སྙིང་། འདབ་ཆགས་དགུའི་སྙིང་། རྨིག་ཟླུམ་དགུའི་སྙིང་། རྐང་ལེབ་དགུའི་སྙིང་། རྟ་དང་། དྲེའུ་དང་།བོང་བུ་དང་། བཅོས་དང་གླང་འཆི་འཁྲིས། དེ་ལྟར་བསག་ཅིང་བསྲེས་ལ་སྒྱུར་གྱིས་བསིང་། །དེ་ལ་དྲག་པོའི་ཟོར་སྔགས་བཟླས། །ཨོ༷་ཁྲེ་ཏེ་ས་ལ་ར༷་ར༷། ཏྲ༷་སྨྱོ། སེ་མེ་ཏེ་འུ་ར༷་ཤིང་ཁུ་ཧི་སྨྱོ། མ་མ་ཏང་ལེ། ཤ༷་ཁྱེར་སྨྱོ། མ་རུ་ཐིབས་ན་ག་ཡ་སྨྱོ། ཡསྒ་ལ། ཤ་ས་ཟོར་ཡ། ཞེས་བཟླས་ཤིང་དྲེགས་པ་ཐམས་ཅད་བསྐུལ་ཞིང་། ལས་བཅོལ་ལ་འཕང་བར་བྱའོ། །དེ་ཡིས་ལས་རྣམས་གྲུབ་པར་བྱེད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་དྲེ་ངལེསྟེ་་་ངདྲེངངངང་་ཨོཛ༷ངལས། གས་པ་ཁྲག་ཟར་གྱ་ འུ་ ་བཅུ་དྲུག་པའ།། །།ད་ནས་ཡང་བཅམ་ལྡན་འདས་ཀྱ་སྤྱན་སྔར། གས་པ་རྣམས་ཀྱས་ལས་ཀུན་ལ་འཇུག་པའ་སྔགས་འད་དྲལ་ཏ་སྨྲས་ས། ། ་ ་དུར་ཡ་ཧ་༷ང་ངང༷ཁྱེསེང༷ཞེ་དྲེ་ངངཆེན་དྲེངངངངངལེརྦད། ཛ་དུར་ཡ་ཧ་རྦད། སྲག་ལ་སྐུར་སྲ་ལ་ཤ ར་ཡ་ཁ་ལ་དན་ ་སམ་ཏ་རྦད། གཤའ་མ་ཛ་དུར་ཡ། ས་སྨྲས་ས། །ལྷ་འ ་སྟང་ག་དྲ་བའ་རྒྱུད་ ་པ་ལས། གས་པ་རྣམས་ཀྱ་སྤྱར་དྲལ་བའ་སྔགས་ཀྱ་ འུ་སྟེ་དྲེ་ངངཆེ་་་་༷་བཅུ་བདུན་པའ།། །།ལྷ་འ ་སྟང་ག་དྲ་བའ་རྒྱུད་ ན་པ་ལས། བམ་པ་གསུམ་པ་རྫགས་ས།། །།མསྐོ་ལ། །