Ngb-pt-0927-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་ཏནྟྲ་པྲི་ཙུ་སྨྱུ་ར་ཡ་ན་མ། བོད་སྐད་དུ། ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་ཤིག་ཅེས་བྱ་བ། ཀླུའི་བདག་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཀླུ་ཡི་རྒྱལ་པོ་འཇིགས་བྱེད་ཆེ། །ནཱ་ག་རསྒ་ཡསྒ་ཞེས། །སྦྲུལ་ནག་མགོ་དགུ་དྲག་པོ་གཟུགས། །འཆི་བའི་བདག་གམ་གཤིན་རྗེ་སྟེ། །ཀླུ་ཡི་རྒྱལ་པོ་ཡིན་པར་བཤད། །གདོལ་པ་ནག་པོ་དམངས་ཀྱི་རིགས། །འདིར་ནི་ནག་པོ་ཡིན་པས་ན། །རྒྱལ་པོ་རྗེའུ་བྲམ་ཟེ་ལ། །ཀུན་ལ་ལས་ནི་བཅོལ་བ་ལས། །དེ་ལ་གཏད་པར་བྱ་བ་མིན། །ཇི་ལྟར་རྗེས་སུ་སྣང་བས་དཔག །རིགས་སོགས་མཁས་པས་བརྟག་པ་ལས། །བྱང་དང་བྱང་ཤར་གནས་མཆོག་སྟེ། །ས་དབྱིབས་གནག་ཅིང་འཇིགས་པའི་དམས། །རྩུབ་དང་དྲག་པོའི་ཤིང་ལྡན་པ། །བྲག་དང་ཆུ་འཐབ་རྒྱ་གྲམ་ལམ། །ནག་པོ་ལྐུག་པ་དེ་མིན་པ། །ཀླུ་ཡི་གནས་གཞན་སྤངས་པ་ཡིན། །ཇི་ལྟར་རྒྱལ་པོ་རང་ལ་ལྡོག །རྗེའུ་བྲམ་ཟེ་ལས་མི་ནུས། །དོན་མེད་ལས་འགྱངས་ཡུག་པ་ཡིན། །ནག་པོ་གདུག་པ་གཤིན་རྗེ་སྟེ། །ཇི་ལྟར་གནས་པའི་ས་དགྲ་ཡང་། །གཏང་དམག་དྲང་བའི་ས་ཕྱོགས་ཏེ། །ཇི་ལྟར་ནག་པོ་ཉིད་ལ་སྦྱར། །ནག་པོ་ཁྲུ་བ་ཁ་ཞེས་པ། །གདོལ་པ་ནག་པོ་ཆིག་ཤུར་པ། ་་་ཐུམ་བྱེད་པའི་ཁྱིམ་ཐབ་ཡིན། །དེ་ཕྱོགས་སའི་པྲག་ཤི་ཆུ། །ཀླུ་ནག་ལྕེ་མདུང་བཅུབདུནཏེ། །གཤིནརྗེའིགནས་ཁང་སྐྱོན་ར་ཡིན། །ཆུ་གླང་ལ་སོགས་དུད་འགྲོའི་གཟུགས། །རྭ་དང་རྨིག་བཞིར་རྩལ་རྫོགས་པས། །ལྕེ་མདུང་ཞེས་སུ་བཤད་པ་ཡིན། །དེ་བཞིན་སྦལ་པའི་སྦར་བཞི་དང་། །སྡིག་པའི་རྭ་དང་མཇུག་རྩེ་ཡིན། །ཉའི་གཤོག་རྩེ་རྩལ་རྫོགས་བཞིན། །ཇི་སྙེད་སེམས་ཅན་གཟུགས་ལ་དཔག །འདི་དག་ས་ཁྲམ་ནག་པོས་ཏེ། །འདི་དག་ངེས་པ་ཁོ་ན་ཡིན། །རྒྱལ་པོ་ལ་སོགས་གནས་མི་སྦྱར། །བྱང་ཤར་གནས་མཆོག་གཡའ་གོང་ན། །མཚོ་ནག་དུག་དང་འདྲ་བ་འཁྱོམ། །གདོལ་པ་མཐོང་བའི་དུག་གཅན་ཡོད། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱང་། །ནག་པོ་དུག་དེ་འཇོམས་པ་མེན། །འཆི་བའི་བདག་པོ་གཤིན་རྗེ་གཤེད། །སྤྲུལ་པའི་འཁོར་ལོ་འདི་བསྒོམས་ན། །ལུས་ཀྱི་ཀླུ་རྣམས་དབང་དུ་འདུ། །སྡིག་པ་གོ་ཆ་བསྒོ་བ་དང་། །ལྷག་གསུམ་ལུས་ལ་བསྒོམ་བྱས་ཏེ། །ནག་པོའི་ས་ཕྱོགས་དེ་དག་ཏུ། །གཟེར་གདབ་དུག་ཆུ་རེ་བས་བསྐོར། ཁྲ་རུ་རྩི་སྨན་ལྡན་པས་བསྐོར། ཁྲུ་གང་འོག་ཏུ་མཁས་པས་གཏད། །ཀླུ་ཡི་རྒྱལ་པོ་བྱིན་དགའ་སྟེ། །ས་བདག་ལྡོག་ན་འཇིགས་སྐྲག་འཐིབས། །ཚ་ཐུར་ནག་པོའི་འཁོར་ལོ་བསྟེན། །གཏད་ཁྲམ་གཏད་བྱ་གཏད་དམག་དྲང་། །ཞེས་གསུངས་སོ། །ཀླུ་ནག་པོའི་རྒྱུད་སྡིགཔཕུངགཤིགསལས། གཏད་པའི་དམིགས་པ་བཙལ་བ་ཀླུའི་རྒྱལ་པོའི་ལེའུ་སྟེ་དང་པོའོ།། །།ཀླུ་ཡི་རྒྱལ་པོ་འཆི་བའི་བདག །གསང་སྔགས་དུག་ནི་སྤུ་གྲི་སྟེ། །ཀླུ་ཡི་རང་གནད་སྲོག་ཡིན་པས། །ལྷ་མེན་མཚོན་ཆ་ལྟ་བུ་ཡིན། །ནག་པོ་གདུག་པའི་སྨོན་པ་ཡིན། །ཡང་དག་པར་ནི་བཤད་པར་བྱ། །ཡང་སྙིང་ནག་པོའི་སྲོག་གི་གཟེར། །ཨོ༷་ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྒ་ཧེ་ཁུ་ལ་ཕེ་ཤན་ནག་པོས་ཤིག་ཤིག་ཆུམ་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་ཟུང་ཟུང་། ཆིངས་ཆིངས། ཨ་མུ་ཀ །སྨྱུ་ར་ཡ། ཀླུ་ཡི་རྒྱལ་པོ་མགོ་དགུ་པའི། །སྲོག་ཡི་གེ་སྐྲུ་གྲི་ཡིན། །སྐྲུ་གྲི་བཅད་པའི་ཡུལ་མེད་པར། །མཚོན་ཆ་བཅངས་ན་རང་གཅོད་ཡིན། །ནཱ་ག་དུ། ག་ནཱ་དུ། ནཱ་ག་ཤན་དུ། ཧེ་མི་ཧེ་མི། ནཱ་ག་འདུས་འདུས། འཁོར་གྱི་ཀླུ་རྣམས་བསྡུ་བ་ཡིན། །ནག་པོ་བ༷་ཙི་ཙི་རྒྱས་སྒག་ཐུར་སྙིང་ལ་འགུལ་མྱགས་མྱགས་རྩ་བཞི་སྐུམས་ཤན་ཤན་སྲོག་ལ་ཤན་ཐུར་སོད་སྲུཧྭ། ཡང་སྙིང་ནག་པོ་ཞེས་བྱ་བ། །གསད་པའི་ཡང་སྙིང་སྐྲུ་གྲི་ཡིན། །ནཱ་ག་རྭ་ཛ་ཨ་ནན་ཏ་ནན། ནཱ་ག་པུ་ནཱ་ག་པུ། ཀ་ཧུ༷་ཛ་ཧུ༷་ཛ། པདྨ་ནི་ཛ་ཤམ་ཁབ་ལ་ནི་ཛ། དགྲ་བོ་དམ་པ་ཡ་ནི་ཛ། ག་ལ་གེའུ་སུ་ནི་ཛུ། བསྟན་པའི་བར་ཆར་བྱེད་པ་ཡི། ཤ་ཏྲུ༷་སྲོག་ནི་སྤོ་ཡིན་ཏེ། །དེ་དག་འགུགས་པ་ཀླུ་ཡི་སྔགས། །ཀྱོ་བ་ལུ་གུ་རྒྱུད་ཅེས་པ། །ཀླུ་ཡི་བདག་པོས་བཤད་པ་ཡིན། །ནཱ་ག་ཤན་ཏིང་དུན་སྲི་བ་ས་ནཱ་ག་ནན། ནཱ་ག་རྭ་ཛ་ན་ན་ནཱ་ག་མི་ར་རྦུད། ཤན་ཏི་ཤ་ནུ་ཚུབས། ནག་པོ་ཨོ་ར་ལི་གཤམ། ནཱ་ག་དུན་དུན་གྱེལ། །ནཱ་ག་དུ་ཡ་ཡུ། ཙུབས་ཙུ་ཉུ་ཤ་རྦད། །ཀླུ་ཡི་དམོད་གཟེར་ནག་པོ་སྟེ། །ངན་སྔགས་ནག་པོ་ཐུན་གཅིག་པ། །དམོད་པ་སྐྲུ་གྲི་ཀླུ་ཡིས་བཤད། །ས་བྱི་པ་ཅོག་ཁུག་ལིང་ཁུག་ལིང་ཧེ་ཧེ་ཕཊ། ཨོ༷་བཛྲ་ཀྲོདྷ་ས་མ་ཡ་ཕཊ། ས་བྱི་བཅོག་ལིང་མ་མ་མུགས་མུགས་ཧི་བྱི་ལ་ཆོ་ཆོ། ཨ་ལ་གུག་ལིང་གྲྭཧྭ། ཀླུ་ཡི་བདག་པོས་གཟེར་བ་སྟེ། །དབང་སྡུད་གཅུན་པར་བཤད་པ་ཡིན། །ཕེ་ག་ལག་ཤ་ཧུ་ཡ་ཧུ་ཡ། བསྐྱེད་པ་སྐུ་ཡི་ཡི་གེར་བཤད། །གཤེད་ཆེན་ནག་པོ་ནཱ་གའི་བདག །ཁྱབ་བདག་རྡོ་རྗེ་དྲག་པོ་ཆེ། །སྲོག་གི་ངོ་བོ་དེ་ཉིད་དེ། །གདུག་པའི་ཡི་གེ་འབར་བ་ཆེ། །མྱོས་བྱེད་འབར་བ་དྲག་པོ་ཆེ། །ངེས་པར་ནཱ་གའི་སྲོག་གི་འབྲུ། །དུག་ཆེན་མཚོན་ཆས་གཅོད་པར་བྱེད། །ནཱ་ག་རསྒ་དེ་བ་ཧོ། ཞེས་གསུངས་སོ། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་ཤིག་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དཔལ་ལྡན་རྡོ་རྗེ་དྲག་པོ་ཡིས། །ལས་སུ་བྱ་བ་ཡང་དག་གོ །འབྲས་བུ་སྨིན་དང་ལོ་ཏོག་རྒྱས། ཁྱད་པར་དབྱར་གསུམ་ཟླ་བ་ཡིན། །དབྱར་ས་ནས་ནི་དགུན་སའོ། །འདི་དག་འཁོར་གྱི་ཀླུ་རིགས་ཡིན། །རྒྱ་མཚོའི་གཏིང་དུ་གནས་པར་བཤད། །དེ་ནས་དབྱར་གྱི་བརྒྱད་པ་ལ། །ཆུ་མིག་དོང་རུ་ཀླུ་རྣམས་འོང་། །རྟགས་ཀྱི་ཚད་མར་ཤེས་པར་བྱ། །ཕོ་བྲང་མཚོན་དང་ཕུན་གྱིས་ཤེས། །མེ་ལོང་མཉེན་ཤེས་བཤད་པའང་ཡོད། །གཉན་ར་གདུག་པའི་ས་བདག་ལ། །དཀྱིལ་འཁོར་མདའ་གང་གྲུ་བཞིར་བྱ། །སྨན་དང་འོ་མས་ཆག་ཆག་གདབ། །རྒྱ་མཚོའི་གཏིང་དུ་གཞལ་ཡས་དབྱིབས། །ཕོ་བྲང་ལྕགས་ཀྱི་ཁད་པ་ལ། །ཡིད་ཀྱིས་རྒྱུ་བའི་སྒོ་གཅིག་ལྡན། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །ཞི་བ་སྦྲུལ་གྱི་ཆུན་འཁོར་ལྡན། །ཀླུ་ཤིང་རྒྱང་བུ་ཀླུ་གཟུགས་ལྡན། །གཏོར་མ་ལ་སོགས་མཆོད་རྫས་བཤམ། །ག་འུ་ནག་པོ་ཞེས་བྱ་བ། །མཛེ་ཅན་ཐོད་པས་གཤག་པར་བྱ། །ཕོ་ཐོད་མོ་ཐོད་སྟེང་དང་འོག །དབང་པོ་ཁ་དོག་དམར་ངོ།་ཡིན། །རྩིབས་དྲུག་ཙཀྲ་དམར་པོ་ལྡན། །དྲག་སྔགས་ཀླུ་གཟུགས་ཡང་དག་འབྲེལ། །དཀར་གསུམ་མེ་ཏོག་ཁུ་བ་ལས། །ཉམས་པའི་གཟུགས་ལ་སྡིག་པ་དྲུག །ལྔ་ཕུང་འཇོམས་ཕྱིར་ཡན་ལག་འཛིན། ཁ་སྦྱར་ལྕགས་ཀྱི་ཁང་པ་ཡིན། །མགོ་ལྕོག་དེའི་ནང་དུ་སྟེ། །ཀླུ་ཡི་དུག་ཀྱང་དེ་བཞིན་བྱ། །སྟོང་པ་ཉིད་ནི་རབ་གསལ་བ། །ཡི་གེའི་རང་བཞིན་དེ་དག་ལ། །ཞེ་སྡང་གདུག་པའི་སྐུ་རུ་བསམ། །ཕྲག་དོག་རྡོ་རྗེའི་གོ་ཆ་སྟེ། །སྲ་བརྟན་མི་ཤིག་རྡོ་རྗེ་མཆོག །དེ་ལས་འཕྲོ་འདུ་ཀླུ་ཡིན་པས། །རང་ལ་འདུས་ན་གཙང་མར་རིགས། །ཧ་ལ་ནག་པོ་ཡིན་པར་བཤད། །འཁོར་བསྡུ་བ་དང་གཉེན་པོ་ལ། །བཅུ་བཞི་སྔགས་ཀྱི་འཕྲེང་བ་སྟེ། །ཀླུ་ཡི་རྒྱལ་པོ་བསྒྲུབ་པར་བཤད། །དེ་རྟགས་མངོན་པར་འབྱུང་བ་ནི། །སྡིག་པ་སྤྲིན་ལྟར་གཏིབས་པ་དང་། །ཉ་སྦྲུལ་གློག་ལྟར་འཁྱུག་པ་དང་། །ཆུ་སྲིན་འབྲུག་ལྟར་སྒྲོགས་པ་ནི། །ཕྱི་དེ་འགྱུར་མེད་རྨི་ལྟས་ཡིན། །མངོན་རྟགས་རྫས་ལ་སྡོམ་རྒྱ་ཆགས། །གསང་རྟགས་ལུས་ལ་འབྱུང་བར་བཤད། །དེ་རྟགས་མངོན་པར་གྲུབ་པ་ན། །ནཱ་ག་སྡེ་བཞིས་འགུགས་པའི་ལས། །ཨ་མུ་ཁ་ཡི་སྲོག་གཏིག་སྟེ། །དྲག་སྔགས་བཅུ་བཞི་གཉིས་ཡིན་ནོ། །ཨ་མུ་ག་ལ་བཙག་བསྐུ་བཅིང་། །སོལ་བས་བྱུགས་དང་བཙོན་དུ་འཛིན། །རང་ལུས་རྟགས་ལས་གྲོལ་དང་ཉེ། །རྫས་ལ་སྡོམ་སྡིག་ཚང་བཅས་ན། །དེ་རྟགས་མངོན་དུ་གྱུར་པས་ན། །བསད་པའི་སྦྱོར་བ་བཤད་པར་བྱ། །བསད་དད་དབང་སྡུད་ཡང་སྙིང་སྟེ། །བཞི་བཅུ་བཞི་དང་བརྒྱད་གཉིས་ཏེ། །ཉི་ཤུ་རྩ་ལྔ་ལྡན་པ་ལ། །བརྒྱད་ཅུ་རྩ་ལྔ་མྱ་ར་ཡ། །ཕུང་ཤིག་ནག་པོའི་ལས་སུ་བཤད། །ལས་ཀྱི་མཐའ་བརྟུལ་དེ་རྟགས་ནི། །དམག་དང་མཚོན་ཆས་བརྒྱབ་པ་དང་། །ར་དང་རི་དྭགས་བསད་པ་དང་། །སྡོམ་སྡིག་རྫས་ལ་སྦྱར་བ་དང་། །ལུས་ཀྱི་རྟགས་ལས་གྲོལ་བར་བཤད། ཁྲམ་གདབ་ལས་བཅོལ་ཁ་དབྱེ་ཞིང་། །མཁས་པས་ཀླུ་ལ་གཏད་པར་བྱ། །སྡིག་ཅན་གང་ཞིག་འདའ་བྱེད་པ། །མྱུར་དུ་རླག་པར་ཡང་དག་བཤད། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་ཤིག་ལས། ཀླུའི་རྒྱལ་པོ་བསྒྲུབ་པ་དང་གཏད་པའི་ལས་འཕྲིན་ལས་ཀྱི་རྟོག་པ་སྟེ་ལེའུ་གསུམ་པའོ།། །།དྲོད་རྟགས་ཚད་ཀྱི་ལས་མཚོན་པ། །ནཱ་ག་རསྒའི་རྣལ་འབྱོར་ཆེ། །དྲོད་རྟགས་རྒྱལ་པོ་ལྔ་གཉིས་སོ། །བདག་པོ་ཡོད་ན་ཉམས་འཇིགས་ཤིང་། །ས་དབྱིབས་སྲོག་ཆགས་གཟུགས་འདྲ་ལ། །རྒྱལ་པོ་ལྟ་བུ་རྨི་ནའོ། །གསལ་ལ་མི་ཡེངས་དགྲ་དངོས་སམ། །བླ་རྟགས་བྱུང་བ་ངེས་པ་ཡིན། །ཆུ་མིག་མདོག་འགྱུར་སྐམ་པ་དང་། །བླ་རྟགས་བྱུང་ན་མུ་ར་ཡའོ། །བསམ་པ་མ་ཡེངས་དངོས་པོར་ཚུགས། །དམག་དཔོན་བྱེད་ན་ལས་ལ་མངག །བདག་པོ་དབང་དུ་གནས་པ་ཡིན། །བསམ་རྒྱུད་གསལ་ལ་ཤེས་པ་རྔམ། ཁམས་གསུམ་བདག་པོ་དམག་འདྲེན་པ། །འགྱུར་མེད་ལས་སུ་བཤད་པ་ཡིན། །རི་སོགས་འཇམ་བཞག་འཇིགས་གཟུགས་མེད། །ཉམས་འཕྱོ་ཕྱ་སངས་ཉམས་བག་མེད། །རྨི་ལྟས་ལུང་སྟོང་འགྲོ་བ་རྨི། །བདག་པོ་མེད་པས་སྤང་བར་བྱ། །ཏིང་འཛིན་མི་གསལ་རྟ་ལུག་འཚོ། །ཨ་མུ་ཀ་དེ་དོན་མི་འགྲུབ། །བསྐྱར་ཏེ་བསྒྲུབ་པ་སྤོགས་པར་བྱ། །ཆུ་འགྱུར་གཞན་དུ་འཕོས་བ་ན། །ཆུ་ཆེན་འགྲུབ་པ་རྨིས་པ་ན། ཁྲམ་ལ་མ་ཐེབས་མནན་ཏེ་བསད། བསམ་པ་སེང་སེང་བྱེད་པ་དང་། །ཏིང་འཛིན་མི་གསལ་བྱིང་བ་དང་། །འཚེར་ཤུ་སྟོང་པར་ཕྱིན་པ་རྨི། །ནཱ་ག་བསྐྱས་པའི་ཤུལ་ཡིན་པས། །གཏད་ཀྱང་ཁོ་བདག་མེད་པས་འགྱང་། །བདག་ཉིད་བསམ་ངོ་ཞན་པ་དང་། །འཇིགས་ཤིང་སྐྲག་དང་འདམ་དུ་ཞུགས། །ཕྱར་བ་ཁྲ་བོ་གྱོན་པ་དང་། །ལུས་ལ་རྨ་བྱུང་སེམས་ཅན་འཛུག །དེ་ནི་ལྡོག་པའི་རྟགས་སུ་བཤད། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་ཤིག་ལས། དྲོད་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།གཤེད་ཁྲམ་ནག་པོ་གསངབསྟེ། །གཤིནརྗེཀླུདང་བཙན་བདུད་གིང་། །མ་མོ་ཁྲམ་ཀ་ནག་པོ་སྟེ། །འདེབས་པའི་ཕྱིར་ན་ཁྲམ་ཡིན་ཏེ། །མི་འཆོར་བྱ་ཕྱིར་ཁྲམ་་་ཡིན་ནོ། །དྲེགས་པའི་ཡང་སྙིང་ནག་པོ་ཡིན། ཡ་སྨྱུ་རྭ་ཛ་ནག་པོ་དགྲའི་སྙིང་ལ་ཡ་ཡ་ཡ། གཤིན་རྗེ་ནག་པོ་ཛ་ཐུན་དགྲ་བོ་ལ་སྨྱོ། འདི་དག་གཤིན་རྗེའི་ཁྲམ་ནག་སྟེ། །གདུག་པའི་མཚོན་ཆ་ནག་པོའོ། །ནཱ་ག་ཀེན་རྩེ་འདུས་འདུས་ཛ་ཐུར་དགྲ་ལ་སྨྱོ། ཀླུ་ཡི་བྱད་ཁྲམ་ནག་པོ་ཡིན། །ཨ་བེ་ཤེ་ཧེ་ཐུམ་ཛ་ཐུར་དགྲ་ཡ་སྨྱོ། བཙན་གྱི་ཁྲམ་ནག་འབར་བ་ཡིན། ནག་པོ་ཁ་མུན་དྲ་དེ་ཆོད་ཙ་ཐུར་དགྲ་ལ་སྨྱོ། ཙ་ཐུར་སྙིང་ཐུར་སྙིང་ལ་ཡམ། བདུད་ཀྱི་བསད་ཁྲམ་ནག་པོ་ཡིན། བཛྲ་ས་དུ་སྙིང་དགྲ་ལ་ཡ༷་སྨྱོ། གི་གི་རྩིས་རྩིས་ལས་ཀྱིས་སོ། །ཛ་ཐུར་སྙིང་ལ་ཡ༷་ཡེ་སྙིང་ཐུར་དགྲ་ལ་སྨྱོ། མ་མོའི་ཁྲམ་ནག་ཅེས་སུ་བཤད། །དྲེགས་པ་ཁྲམ་ལ་གདབ་པ་དང་། །ལས་ལ་རྦད་དེ་བསྐུལ་བ་དང་། །བསད་པའི་ཡང་སྙིང་མཆོག་ཏུ་བཤད། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་གཤིགས་ལས། ཁྲམ་ནག་བསྟན་པ་སྟེ་ལེའུ་སྟེ་ལྔ་པའོ།། །།མ་གྲུབ་ཕུང་གཤིགས་སྤོགས་པའི་ལས། །བཅོ་བརྒྱད་སྔགས་ཀྱིས་སྤྱན་དྲངས་ལ། །འབྲུ་དགུས་རྣམ་ཤེས་གཟུགས་ལ་གཟུད། །སུམ་ཅུ་བཞི་པས་གནད་ལ་དབབ། །དྲེགས་པའི་ཁྲམ་གདབ་འཕྲིན་ལས་བཅོལ། །འབྲུ་རྒོད་དྲག་པོས་བརླབ་པར་བྱ། །ཞེས་གནད་ཀྱི་མཚོན་ཆ་འདི་གསུངས་སོ། །ཨ་མུ་ཀ་ཙ་སྲོག་རྦད། ར༷་ར༷་ནཱ་ག་མུ་ཁ་ར༷་ར༷། ཡང་ར༷་ར༷་རྦད་ར༷་ར༷། གསང་བ་ཨེ་གནས་དྲག་པོ་མྲ །ཚེར་མ་ཅན་གྱི་ཤིང་བཙེར་ལ། །གདུག་པའི་ལིང་ག་ལྡན་བྱས་ལ། །ཀླུ་ཡི་གནོད་གཟེར་དྲག་པོས་བསད། །ཅེས་གསུངས་སོ། །ཇི་སྲིད་རང་ལ་ལྡོག་པ་ན། །འཁོར་ལོ་རྩིབས་བཞི་ལྡན་པ་ན། །ཀླུ་ཡི་རང་གཤེད་གསང་བ་སྟེ། །གཉེན་པོ་ལྡན་པས་འཁོར་ལོ་བསྐོར། །ལྡོག་པ་སྲུང་བ་མ་ཡིན་ལ། །ཀུན་ལ་བྱ་བ་མ་ཡིན་ཏེ། །ནཱ་ག་རག་ཤ་ཞེས་བྱ་བ། དུག་གི་ཡན་ལག་ལྷ་བུ་སྟེ། །བྱ་བ་ཀུན་འགྲུབ་རླག་ཅེས་པ། ཁྱབ་བདག་རྡོ་རྗེ་རྒྱལ་པོས་བཤད། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་གཤིགས་ལས་ལེའུ་སྟེ་དྲུག་པའོ།། །།ཀླུ་ཡི་རྒྱལ་པོ་འཆི་བདག་གཙོ། །ངེས་པར་ལས་ལ་རྦད་པ་ནི། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །འཆི་བདག་ནག་པོ་སྐུ་བཞེངས་ཅིག །སྦྲུལ་ནག་ལུས་ལ་སྡིག་པའི་དབུ། །ཕུང་ཤིག་སྦྲུལ་གྱི་རལ་པ་ཅན། །ནག་པོ་འཛིན་ཤེས་གཏོང་མི་ཤེས། །སྔགས་པས་དུང་དུང་བོས་པའི་ཚེ། །སྐད་ཅིག་ལྷང་ལྷང་ཙེར་ཙེར་འབོད། །འཁོར་གྱི་ཀླུ་རྣམས་དབང་དུ་སྡུད། །སྤྱན་ནག་ཁྲག་གི་ཆར་པ་འབེབས། །གཡས་ན་སྦྲུལ་ནག་ཞགས་པ་རྣམས། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །ནད་དང་མཛེ་རིགས་ཡམས་སུ་འབེབས། ཁྲངས་ནས་རླུད་ནག་ཚུབ་མར་ལྡང་། །འཇིག་རྟེན་ཁམས་ཀུན་ནད་ཀྱིས་འགེངས། །ཞལ་ནས་སྡུག་པའི་ང་རོ་ཡིས། །འཇིག་རྟེན་ཀླུ་རྣམས་ལས་ལ་འཁོལ། །ཀླུ་བདུད་ནག་པོ་འཇིགས་པའི་སྐུ། །ནག་པོ་སྐུ་ཡི་གཡས་ཕྱོགས་ནས། །སྡིག་པ་སྨུག་ནག་འཇིགས་པར་འགྱེད། །རྭ་བགྲད་ཚངས་པའི་འཇིག་རྟེན་ཁེངས། །ཕུང་བཤིགས་དུག་གི་སྡིག་པ་ཡིན། །ཕོ་ཉར་སྡིག་པ་སྨུ་གནག་འགྱེད། །ནག་པོ་སྐུ་ཡི་གཡོན་ཕྱོགས་ནས། །སྡིག་པ་ཁམས་ནག་འཇིགས་པ་འགྱེད། །ས་འོག་རིམ་དགུ་ཀློག་བྱེད་ཅིང་། །ས་བདག་ཀླུ་ཡི་ཕོ་ཉ་འགྱེད། །རྦད་ན་དགྲ་ཡི་ཡུལ་ཁམས་འཇིག །ནག་པོ་ས་གཏོམ་རྒྱལ་བ་བྱ། །ནག་པོའི་སྐུ་ཡི་རྒྱབ་ཕྱོགས་ནས། ཁྲག་གི་སྡིག་པ་དམར་པོ་ལ བསེ་ཡི་རུ་རིངས་གནམ་དུ་སླེབ། །ཕོ་ཉར་ཀླུ་གླང་མང་པོ་འགྱེད། །ཀླུ་བཙན་འབུམ་ལ་དབང་སྒྱུར་ལ། །ཉམས་པ་དགྲ་ལ་མཛེ་རྒོད་གློ་བུར་ཐོང་། །ནག་པོ་སྐུ་ཡི་མདུན་ཕྱོགས་ན། །གསེར་གྱི་སྡིག་པ་འཇིགས་པ་ལ། །དུང་རུ་གནམ་དུ་ཟངས་སེ་ཟངས། །ཕོ་ཉར་དུང་ཕག་ཁྲ་མོ་འགྱེད། །ས་བདག་ནག་པོའི་དམག་དཔུང་སྡུད། །སྡིག་པ་ཕུང་ཤིགས་སྐུ་བཞེངས་ཤིག །ནག་པོ་འཛིན་ཤེས་གཏོར་མི་ཤེས། །ཡུམ་དང་འཁོར་དུ་བཅས་པ་རྣམས། །དམ་རྫས་བདུད་རྩི་མཆོད་འབུལ་གྱིས། །དགྲ་བོ་དམ་ཉམས་འཁོར་བཅས་རྣམས། །རྩ་བ་དགུ་རྒྱུད་རླུད་ལ་བསྐུར། །ཡང་ན་མྱོས་ཤིང་ལྐུགས་སུ་ཆུག །ཡང་ན་སྨྱོས་ཤིང་འབོག་ཏུ་ཆུག །ཡང་ན་མཛེ་དང་ཤུ་བ་ཐོང་། །ཞེས་པས་བསྐུལ་བར་ཡང་དག་བཤད། །ནཱ་ག་ས་ནཱ་ག་འཁོལ་བ་ཡིན། །ཀླུ་ཡི་རྒྱལ་པོ་ན་གའི་རྒྱུད། །གསང་བ་ཡང་ཏིག་སྐྲུ་གྲིའི་རྒྱུད། །ནག་པོ་བསྐོལ་བའི་ལས་རྒྱུད་འདི། ཁྱབ་བདག་ཡེ་ཤེས་ངས་བཤད་པའི། །མཚོན་ཆས་བསྟན་ལ་ཡུན་གནས་བྱེད། །མཁའ་འགྲོ་ཉེ་བར་ཐུགས་བརྩེའོ། །ཀླུ་ནག་པོའི་རྒྱུད་སྡིག་པ་ཕུང་གཤིགས་ལས། ལས་ལ་བསྐུལ་བ་ཞེས་བྱ་སྟེ་ལེའུ་བདུན་པའོ།། །།ཀླུ་རྒྱུད་སྡིག་པ་ཕུང་གཤིགས་ཀྱི་འཁོར་ལོ་རྫོགས་སོ།། །།ཀ་མ་ལ་དང་ཧུ༷་ཀ་རས། ཀླུ་གནས་ཀྱི་ཐུགས་གཏེར་འདི་བ་སུ་དྷ་ར་ལ་གཏད་པའོ། །རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །།རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་ཙཀྲ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོ། མྱ་ར་ཡ་བསད་པའི་འཕྲིན་ལས། གཤིན་རྗེ་ནག་པོའི་འཁྲུལ་འཁོར། དུག་སྦྲུལ་ནག་པོ་ལྟོ་དཀྲུག་གསང་བ་ཡང་སྙིང་ནག་པོ།