Ngb-pt-0926-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ས་ཁྲག་ཙཀྲ་ཤ་ཏྲུ༷་ནཱ་མ་ཏནྟྲ། བོད་སྐད་དུ། ས་བདག་སྲོག་གི་འཁོར་ལོ་ཞེས་བྱ་བའི་རྒྱུད། ནག་པོ་ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། །ཞེ་སྡང་གདུག་པ་ཀླུ་གཉན་བུ། །དམ་ཤི་ཕག་མིག་ཅེས་བྱ་བ། །ས་བདག་ཀླུ་གཉན་སྡེ་དཔོན་ཏེ། །ནག་པོ་འཛུམ་མེད་ཅེས་པར་གྲགས། །རབ་ཏུ་གདུག་པའི་བུ་དེ་དག །ཡསྣ་འཁོར་ལོ་ནག་པོ་དང་། །ནཱ་ག་དེ་མ་ས་ཏ་མ། །གདུག་པ་རྣམ་གཉིས་འཆོས་པའི་བུའོ། །རྒྱ་མཚོའི་གཏིང་ན་རབ་ཏུ་གནས། །མི་ཡི་ཁམས་རྣམས་འཁྲུག་བྱེད་པའི། །ལྟོ་འཕྱེ་སྦྲུལ་གྱི་མགོ་བོ་ཅན། །ཞེ་སྡང་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་ལ་སོགས་ལྟོ་འཕྱེའི་རིགས། །འདི་དག་འཁོར་དང་བཅས་པ་ཡིས། །རྡོ་རྗེ་ཅན་གྱི་སྦྱན་སྔ་སྲ །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ནཱ་གས་ནཱ་ག་འཁོལ་བས་ན། །ཀླུ་ཡི་རྒྱལ་པོ་གཙོ་བོར་བཤད། །ཀླུ་རྣམས་རིགས་ནི་ལྔ་ཉིད་དེ། །རྒྱལ་པོ་ལ་སོགས་ཡིན་པར་བཤད། །དེ་དག་གནས་པའི་བདག་ཀྱང་། ཁྲར་བལྟས་དྲག་འབབ་མེ་ཏོག་སྐྱེ། །ས་གཞི་རྡོ་ཡང་དཀར་པོར་ཆགས། །རྒྱལ་རིགས་ཡིན་པར་རབ་ཏུ་བཤད། །ལྷོར་བལྟས་གཏིང་དུ་དྲི་ཡང་ཞིམ། །རྟག་ཏུ་སྐྱེ་འབྲི་མེད་བར་འབབ། །རྗེའུ་རིགས་ཡིན་པར་ཤེས་པར་བྱ། །ནུབ་བལྟས་གཏིང་འབབ་སྒྲ་ཡང་ཆུང་། །རྒྱ་མཚོ་ཆེན་པོ་གླེབ་པར་འབབ། །བྲམ་ཟེའི་རིགས་སུ་ཤེས་པར་བྱ། །བྱང་བལྟས་གནག་ཅིང་ཉམས་མི་དགའ། རྟག་ཏུ་ཉི་མ་འཆར་མི་སྲིད། །རླུ་་ནག་ཚུབ་མ་རྟག་ཏུ་འབྱུང་། །གདོལ་པའི་རིགས་སུ་ཤེས་པར་བྱ། །དེ་དག་སྤྱི་ཡི་མཚན་ཉིད་དོ། །རེ་རེ་ལ་ནི་བཞི་བཞི་སྟེ། །སླེབ་པར་འབབ་པ་རྒྱལ་རིགས་ཡིན། །གཏིང་དུ་འབབ་ཅིང་དྲི་ཞིམ་པ། །རྗེའུ་རིགས་ཡིན་པར་ཤེས་བྱ། །གཏིང་འབབ་སྒྲ་ཆུང་བྲམ་ཟེའི་རིགས། །གྲིབ་གནས་ཀླུང་བདག་གདོལ་པའི་རིགས། །ཀུན་ལ་སྦྱར་བ་ཤེས་པར་བྱ། །ཕོ་བྲང་དག་གམ་ཕྱོགས་ཕྱོགས་སོ། །ས་བདག་སྲོག་གི་འཁོར་ལོ་ལས། རིགས་ཀྱི་གཏད་ས་བསྟན་པའི་ལེའུ་སྟེ་དང་པོའོ།། །།ནཱ་ག་དེ་བི་ས་ཏྭ་དང་། །ཡསྒ་འཁོར་ལོ་ནག་པོ་ཡི། །ལྟོ་འཕྱེ་ནག་པོ་སྒྲུབ་པ་དེས། །དང་པོ་རང་གི་མ་ཉེས་བགྲང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མ་ཉེས་པ་ཡི་དཔང་གཟུགས་སོ། །རིགས་དྲུག་ཀླུ་ཡི་གཏོར་མ་གཏང་། །བཅོམ་ལྡན་འདས་ཀྱིས་སྤྱོད་ལམ་བྱ། །དོན་དང་ལྡན་པའི་རྫས་ཀྱང་བསག །དམ་ཤི་ཕག་མིག་ཅེས་བྱ་བ། །བྱོལ་སོང་ཆེན་པོའི་རིགས་འདི་ཡང་། །མ་མོ་དག་དང་བསྡོངས་པས་ན། །རྫིངས་དང་ཉམས་ལྕིའི་ཆ་བར་འགྱུར། །བདུད་དང་བསྡོངས་ན་ཁྲག་ཏུ་སྒྱུག །བཙན་དང་བསྡོངས་པས་གྲི་ཐབས་འཆི། །དམུ་དང་བསྡོངས་པས་སྤོས་སྐྲངས་འཆི། །ནཱ་ག་གཅིག་པུས་ཟིན་པས་ན། །ཆུ་སེར་ནག་པོར་འབབ་པར་འགྱུར། །ས་བདག་དག་དང་བསྡོངས་པས་ན། །ལུས་སྦྱིད་རྐང་ལག་དག་རྐྱང་སྐམ། ་གདུག་པའི་ལས་དེ་ཤེས་གྱུར་ན། །དེ་རྣམས་གཅིག་དང་ཕྲད་པར་འགྱུར། །ས་བདག་ས་ལ་གནས་པ་དང་། །ཀླུ་མོ་ཆུ་ལ་གནས་པ་ཡིན། །མོ་རིགས་ལྔ་རུ་བྱུང་བ་ནི། །དམ་ཤི་ནག་མོ་ལྔ་བྱུང་སྟེ། །མི་ལུས་སྦྲུལ་མཇུག་ལྟོ་འཕྱེའི་མགོ །ཕག་མོ་ལྔ་ལ་ཡང་དག་ཞོན། །དེ་ཡི་སྦྱོར་བ་ཤེས་པ་ནི། །ནཱ་ག་གཟི་བརྗིད་ཅན་གྱིས་ཁྱིམ། །སྒོ་དྲུང་རྒྱབ་ཏུ་མཁས་པས་གཏད། །དེ་ཡི་གོ་ཆར་རབ་བསྟན་པ། །རྐང་པ་གཡས་པའི་ལོང་བུ་ལ། །རི་དྭགས་ལྟེ་བའི་ཕྱེ་མའོ། །ལག་པ་གཡོན་པའི་སོར་ཕྲག་ཏུ། །བྱ་ཁྱུང་སྙིང་པོ་གསོར་ལས་གྲུབ། །ནཱ་ག་གེ་སར་བུས་པ་དང་། །རྒྱ་མཚོ་ལྦུ་བ་སྦྲང་རྩིས་སྦྲུ། །རི་ལུ་རྒྱ་ཡི་རྭ་ཕུལགང་། །ཀླུ་ཡི་ཁྱིམ་ནས་འདོམ་གང་དུ། །རྩ་བ་བརྒྱད་དུ་ཤེས་པར་བྱ། །དམ་ཤི་ཕག་མོ་བསྒོམ་པ་ནི། །ལྕགས་ཀྱི་ཕག་མོ་ནག་མོ་ཤོན། །ལྷོ་འཕྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་སྦལ་ནག་རྒྱལ་མཚན་འཕྱར། །གཡོན་ན་སྡིག་པའི་གཡང་གཞི་འཕྱར། ཁ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག །གཟས་བ་པོའི་སྐེ་ནས་འཁྲིད། །མ་ཧེ་དམར་པོའི་སྟེང་དུ་བསྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་འཕུལ། །བདག་གི་དྲུང་དུ་འོང་པ་ཡིས། །གཟས་པ་དེ་དག་དེ་ལྟར་ནི། །མིག་ལས་འཕྲོས་པའི་སྦྲུལ་ནག་གིས། །གཟས་པོའི་མགོ་བོ་ཁར་བཅུག་ནས། །ཞེ་སྡང་སྟོབས་ཀྱིས་མཁའ་ལ་ལྡིང་། །སྙིང་ལས་འཕྲོས་པའི་ཕུ༷༷ལས་ནི། །ཀླུ་བདུན་ནག་པོ་ཞེས་བྱ་བ། །ལས་ཀྱི་ལྷར་ནི་ཡང་དག་བསྒོམ། །ཇི་ལྟར་ཕག་མོ་ལྔ་རེགས་བཞིན། །དཀར་དང་སེར་དང་དམར་དང་གནག །སྦྲུལ་གྱི་འཁོར་ལོ་འཕྲོ་བ་ཡི། །དཀར་གཏོར་རྒྱན་གྱིས་མཛེས་བྱས་ལ། །དཀར་གསུམ་མངར་གསུམ་ཨརྒ༷་སྦྲེང་། །ཀླུ་ཤིང་བརྒྱད་པོ་དངུལ་ཆུ་བསག །རྨ་བྱ་སྒྲོ་ལ་བྲིད་ཅིང་བརྟེན། །དེ་ཡི་བསད་པའི་སྦྱོར་བ་ཡང་། །དར་དཀར་གྲོ་ག་ཤིང་ལྤགས་ལ། །ཉམས་པའི་གཟུགས་ནི་བྲི་བར་བྱ། །ཨ་མུ་ཀ་ཡི་རྫས་ལྔ་ལ། །ཡན་ལག་མགོ་ལུས་ཚང་བར་བྱ། །སྙིང་ལ་རོ་ཉེ་ཟ་བ་བྲི། །ཡན་ལག་རིགས་བཞི་སྦྲུལ་གྱིས་འཕེན། །ག་བུ་སྦལ་པ་ཁོག་སྟོང་དག །གཅིག་གམ་ཡང་ན་ལྔ་རུ་བཤད། །ནད་དང་མཚོན་ཆ་སྣ་ཚོགས་བྲི། ཁམ་པའི་ཁ་འུ་གོང་བར་དུ། །ནཱ་གའི་ནོར་བརྒྱད་གསལ་བར་བྱ། ཁ་ཟས་ཚིགས་པ་རུས་པ་དང་། །རྩ་རྒྱུས་ཆད་པའི་དམར་ཁྲག་དང་། །ཆུ་ཡི་འབྲས་བུ་སླེ་ཅིག་དང་། །ཡི་དྭགས་འཇིགས་པའི་མཆོད་གནས་བརྒྱད། །ནང་གི་རྫས་སུ་བཤད་པ་ཡིན། ཁམ་པའི་ག་འུ་ཕྱི་བརྒྱད་དུ། ཁྱི་མོ་ནག་མོའི་སྣ་ཁྲག་དང་། །ཅོག་ལ་དམར་པོའི་ཁུ་བ་དང་། །རོ་བསྲེགས་ཐལ་བས་གཅན་སྦྱར་བླུགས། །ཚས་ཀྱིས་འཐེམས་པར་བྱ་བ་གཅེས། །མི་སྐྲ་ར་བལ་ཁྱི་བལ་དང་། །བྱང་སྒོང་སྦལ་པའི་ཤ་དག་དང་། །ཚ་དང་བ་གླང་མཁྲིས་པ་དང་། །སྐེ་ཚེ་དང་ནི་རམ་བུའི་ཕྱེ། །བསྲེགས་ཐལ་རིལ་བུ་དམོད་པས་གདབ། །དེ་དག་ངན་སྔགས་ངོ་བོ་ཡིན། །ས་བདག་སྲོག་གི་འཁོར་ལོ་ལས་ལེའུ་སྟེ་གཉིས་པའོ།། །།ནཱ་ག་དེ་བི་ས་ཏྭ་མ། །ས་བདག་ས་ལ་གནས་པ་དང་། །ཀླུ་མོ་ཆུ་ལ་གནས་པ་ཡི། །སྔགས་ཀྱི་ངོ་བོ་འདི་ཡིན་ཏེ། །གསང་བའི་བདག་པོས་རབ་ཏུ་བཤད། །ཛ་ཡེ་ཕུ༷༷བི་ཛ་ཡེ་ཕུ། ཙི་ཏི་ཙི་ཏི་ཕུ། ཙིསྟ་ཨརྙེ་ཕུ། ན་ན་སེ་ཕུ། ཤང་ཀ་རུ་ཏེ་ཕུ། ཀུ་ལུ་ཀུ་ཨུད་ཀ་ཏེ་ཕུ། གྲ་ཧེ་ཤ་ར་ཡེ་ཕུ། ས་ཤར་གྱི་ས་བདག་གཉན་གྱི་བུ། །ཞེ་སྡང་གཟུགས་བརྙན་ལྟོ་འཕྱེའི་རིགས། །དམ་ཤི་ཞེ་སྡང་ཕག་མིག་མ། །བྱོལ་སོང་གླན་པ་མཐུ་བོ་ཆེ། །ལྷོ་འཔྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་སྦལ་དཀར་རྒྱལ་མཚན་འཕྱར། །གཡོན་ན་སྡིག་པའི་གཡང་གཞི་འཕྱར། །དུང་གི་ཕག་མོ་དཀར་མོ་ཤོན། ཁ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག །དམ་ཉམས་དགྲ་ཡི་སྐེ་ལ་འཁྲིལ། །ཞེ་སྡང་དུང་ལྕེ་འབར་བ་ཡིས། །ས་དུག་མཛེ་ཤུ་གཡན་པ་དང་། །སྦོས་དང་སྐྲངས་དང་དམུ་ཆུ་དང་། །སྐམས་དང་་བུམས་པ་ལ་སོགས་པའི། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོང་། །ཀླུ་གླང་དཀར་པོའི་སྟེང་དུ་སྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་ཕུལ། །གཏད་དོ་ཁྱོད་ཀྱི་ལག་ཏུ་གཏད། །གཏད་ནས་གཏོང་ན་ཁྱོད་ལ་སྡིག །དེ་ཡི་སྤྲུལ་པ་རྣམ་གཉིས་ནི། །གདུག་པ་རྒྱལ་རིགས་ལྟོ་འཔྱེ་གཉིས། །ཞེ་སྡང་གདུག་པ་སྦྲུལ་གཉིས་ཀྱིས། །དམ་ཉམས་ལག་གཉིས་ཁར་ཆུག་ལ། །དུག་སྦྲུལ་གདུག་པ་དམར་པོ་ཡིས། །འདུད་པའི་ཚུལ་དུ་དྲ་བར་གྱིས། །གདུག་པ་ས་ལ་གནས་པ་ཡིས། །གཟི་བརྗིད་ཅན་གྱི་ཁྱིམ་དུ་ཁྲིད། །གཏད་དུ་མ་གཏང་ཤོ་ར་རི། །དམ་ཤི་སྤྲུལ་པ་རྣམ་གཅིག་ནི། །ཀླུ་བདུད་དཀར་པོ་ཞེས་བྱ་བ། །སྦྲུལ་གྱི་མཇུག་མ་རབ་ལྡན་ཞིང་། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་མཚོན་གྱི་རྐྱལ་པ་ཐོགས། །དམ་ཉམས་དགྲ་ལ་ནད་དལ་ཕོབ། ཁྲར་གྱི་ས་བདག་དམ་ཤི་མ། །གཏད་དོ་ཁྱེད་ཀྱི་ལག་ཏུ་གཏད། །གཏད་ནས་ཤོར་ན་གཉན་མིན་ནོ། །ཧུ༷། ལྷོ་ཡི་ས་བདག་གཉན་གྱི་བུ། །ང་རྒྱལ་གཟུགས་བརྙན་ལྷོ་འཕྱེའི་རིགས། ང་རྒྱལ་དམ་ཤི་ཕག་མིག་མ། །བྱོལ་སོང་གླན་པ་མཐུ་བོ་ཆེ། །ལྟོ་འཕྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་གསེར་སྦལ་རྒྱལ་མཚན་ཐོགས། །གཡོན་ན་སྡིག་པའི་གཡང་གཞི་འཕྱུར། །གསེར་གྱི་ཕག་མོ་སེར་མོ་ཞོན། ཁ་རླངས་གསེར་སྦྲུལ་སེར་པོར་འཁྱུག །དམ་ཉམས་དགྲ་བོའི་སྐེ་ནས་འཁྲིལ། །ང་རྒྱལ་དུག་ཆེན་འབར་བ་ཡིས། །ཆུ་དུག་མཛེ་ཤུག་ཡན་པ་དང་། །སྦོས་དང་གླང་དང་དམུ་ཆུ་དང་། །སྐམས་དང་འཁུམས་དང་གས་ལ་སོགས། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོང་། །ཀླུ་གླང་སེར་པོའི་སྟེང་དུ་སྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་ཕུལ། །གཏད་དོ་ཁྱོད་ཀྱི་ལག་ཏུ་གཏད། །གཏད་ནས་ཤོར་ན་གཉན་མིན་ནོ། །དེ་ཡི་སྤྲུལ་པ་རྣམ་གཉིས་ནི། །གདུག་པ་བྲམ་ཟེ་ལྟོ་འཕྱེའི་རིགས། །ང་རྒྱལ་གདུག་པ་སྦྲུལ་གཉིས་ནི། །དམ་ཉམས་ལག་གཉིས་ཁ་རུ་ཆུག །ཡན་ལག་བཞི་ནས་འཐེན་ནས་ནི། །འདུད་པའི་ཚུལ་དུ་འདུ་བར་མཛོད། །གདུག་པ་ཆུ་ལ་གནས་པ་ཡིས། །གཟི་བརྗིད་ཅན་གྱི་ཁྱིམ་དུ་ཁྲིད། །གཏད་དོ་མ་གཏང་ཤོ་ ར་རེ། །དམ་ཤི་སྤྲུལ་པ་རྣམ་གཅིག་ནི། །ཀླུ་བདུད་སེར་པོ་ཞེས་བྱ་བ། །སྦྲུལ་གྱི་མཇུག་མ་རབ་ལྡན་ཞིང་། །མི་ཡི་ལུས་ལ་ལག་པ་གཉིས། །མཛེ་དང་ཤུ་བའི་འཕོར་པ་ཐོགས། །ལུས་ལ་ནད་ཐུལ་ཁྲག་ཐུལ་གསོས། ཁྲག་སྦྲུལ་སེར་སྦྲུལ་ཤིགས་སེ་ཤིགས། །ལྷོ་ཡི་ས་བདག་དམ་ཤིའི་ཚོགས། །གཏད་དོ་མ་གཏང་ཤོ་ར་རེ། །གཏད་ནས་ཤོར་ན་གཉན་མིན་ནོ། །ཧུ༷། ནུབ་ཕྱོགས་ས་བདག་གཉན་གྱི་བུ། །འདོད་ཆགས་གཟུགས་བརྙན་ལྟོ་འཕྱེའི་རིགས། །འདོད་ཆགས་དམ་ཤི་ཕག་མི་གམ། །བྱོལ་སོང་གླེན་པ་མཐུ་བོ་ཆེ། །ལྟོ་འཕྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ནས་ཟངས་སྦལ་རྒྱལ་མཚན་ཐོགས། །གཡོན་ན་སྡིག་པའི་གཡང་གཞི་འཕྱར། །ཟངས་ཀྱི་ཕག་མོ་དམར་མོ་ཤོན། ཁ་རླངས་ཟངས་སྦྲུལ་དམར་པོ་འཁྱུག །དམ་ཉམས་དགྲ་བོའི་སྐེ་ལ་འཁྲིལ། །འདོད་ཆགས་དུག་ལྕེ་འབར་བ་ཡིས། །མེ་དུག་མཛེ་ཤུ་གཡན་པ་ཐོང་། །སྦོས་དང་སྒངས་དང་དམུ་ཆུ་དང་། །སྐམས་དང་འཁུམས་པ་ལ་སོགས་པའི། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོང་། །ཀླུ་གླང་དམར་པོའི་སྟེང་དུ་སྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་ཕུལ། །གཏད་དོ་མ་གཏང་ཤོ་ར་རེ། །དམ་ཤི་དེ་ཡི་སྤྲུལ་པ་ནི། །གདུག་པ་རྗེའུ་རིགས་ལྟོ་འཔྱེ་གཉིས། །འདོད་ཆགས་གདུག་པ་སྦྲུལ་གཉིས་ནི། །དམ་ཉམས་ལ་གཉིས་ཁར་ཆུག་ལ། །ཟངས་སྦྲུལ་གདུག་པ་དམར་པོ་ཡིས། །ཡན་ལག་བཞི་ནས་འཐེན་ནས་ནི། །འདུད་པའི་ཚུལ་དུ་བསྡུ་བར་གྱིས། །གདུག་པ་མེ་ལ་གནས་པ་ཡིས། །གཟི་བརྗིད་ཅན་གྱི་ཁྱིམ་དུ་ཁྲིད། །གཏད་དོ་མ་གཏང་ཤོ་ར་རེ། །དམ་ཤི་དེ་ཡི་སྤྲུལ་པ་ནི། །ཀླུ་བདུད་དམར་པོ་ཞེས་བྱ་བའི། །སྦྲུལ་གྱི་མཇུག་མ་རབ་ལྡན་ཞིང་། །མི་ཡི་ལུས་ལ་ལག་པ་གཉིས། །མཛེ་དང་ཤུ་བའི་ཐུལ་པ་ལ། །ནད་ཀྱི་རླངས་པ་ཕྱུ་རུ་སྲ །ལག་གཉིས་ཁྲག་གི་ཕོར་པ་ཐོགས། ཁ་ནས་སྦལ་ལྕོང་ཐ་ར་ར། །ཟངས་ཀྱི་སྡོམ་སྡིག་ཉིལ་ལི་ལི། །ནུབ་ཀྱི་ས་བདག་དམ་ཤི་ལ། །གཏད་དོ་མ་གཏང་ཤོ་ར་རེ། །ཧུ༷། བྱང་གི་ས་བདག་ཀླུ་ཡི་བུ། །ཕྲག་དོག་གཟུགས་བརྙན་ལྷོ་འཕྱེའི་རིགས། །དམ་ཤི་ཕྲག་དོག་ཕག་མིག་མ། །བྱོལ་སོང་གླེན་པ་མཐུ་བོ་ཆེ། །ལྟོ་འཕྱེ་ཆེན་པོའི་མགོ་བོ་ལ། །སྐྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་གཡུ་སྦལ་རྒྱལ་མཚན་ཐོགས། །གཡོན་ན་སྡིག་པའི་གཡང་གཞི་འཕྱར་། །གཡུ་ཡི་ཕག་མོ་སྔོན་མོ་ཤོན། ཁ་རླངས་གཡུ་སྦྲུལ་སྔོན་པོར་འཁྱུག །དམ་ཉམས་དགྲ་བོའི་སྐེ་ལ་འཁྲིལ། །ཕྲག་དོག་དུག་ལྕེ་འབར་བ་ཡིན། །རླུད་དུག་མཛེ་ཤུ་གཡན་པ་དང་། །སྤོས་དང་སྒངས་དང་དམུ་ཆུ་དང་། །སྐམས་དང་ལུབུམས་པ་ལ་སོགས་པའི། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོང་། །ཀླུ་གླང་སྔོན་པོའི་སྟེང་དུ་སྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་ཕུལ། །གཏད་དོ་མ་གཏང་ཤོ་ར་རེ། །དེ་ཡི་སྤྲུལ་པ་རྣམས་གཉིས་ནི། །གདུག་པ་དམངས་རིགས་ལྷོ་འཕྱེའི་རིགས། །ཕྲག་དོག་གདུག་པ་སྦྲུལ་གཉིས་ནི། །དམ་ཉམས་ལག་གཉིས་ཁར་ཆུག་ལ། །གཡུ་སྦྲུལ་གདུག་པ་མང་པོ་ཡི། །ཡན་ལག་བཞི་ནས་འཐེན་ནས་ནི། །འདུད་པའི་ཚུལ་དུ་འདུད་པར་གྱིས། །གདུག་པ་ཀླུ་ལ་གནས་པ་ཡི། །གཟི་བརྗིད་ཅན་གྱི་ཁྱིམ་དུ་ཁྲིད། །གཏད་དོ་མ་གཏང་ཤོ་ར་རེ། །དམ་ཤི་དེ་ཡི་སྤྲུལ་པ་ནི། །ཀླུ་བདུད་སྔོན་པོ་ཞེས་བྱ་བ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །ལག་གཉིས་ལྷོག་པའི་ཕོར་ཐོགས་མ། །སྡོང་རིངས་འཆི་བའི་ཡུགས་ས་མོ། །འབྲུམ་བུ་སྣ་ཚོགས་འཐུལ་བའོ། །ནད་ཀྱི་རླངས་པ་ཕྱུ་རུ་སྲ ཁ་ནས་སྦལ་ལྕོང་ཐོ་རོ་རོ། །གཡུ་ཡི་སྡོམ་སྡིག་ཉིལ་ལི་ལི། །བྱང་གི་ས་བདག་དམ་ཤི་མ། །གཏད་དོ་མ་གཏང་ཤོ་ར་རེ། །ཧུ༷། དབུས་ཀྱི་ས་བདག་ཀླུའི། །གཏི་མུག་གཟུགས་བརྙན་ལྟོ་འཕྱེའི་རིགས། །དམ་ཤི་གཏི་མུག་ཕག་མིག་མ། །བྱོལ་སོང་གླེན་པ་མཐུ་བོ་ཆེ། །ལྟོ་འཕྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །གཡས་ན་ལྕགས་སྦལ་རྒྱལ་མཚན་འཕྱར། །གཡོན་ན་སྡིག་པའི་གཡང་གཞི་འཕྱར། །ལྕགས་ཀྱི་ཕག་མོ་ནག་མོ་ཞོན། ཁ་རླངས་ལྕགས་སྦྲུལ་ནག་པོ་འཁྱུག །དམ་ཉམས་དགྲ་བོའི་སྐེ་ལ་འཁྲིལ། །ཏིག་མུག་དུག་ལྕེ་འབར་བ་ཡིས། །མཛེ་དུག་ཤུ་བ་གཡན་པ་དང་། །སྦོས་དང་སྒངས་དང་དམུ་ཆུ་དང་། །སྐམས་དང་འཁུམས་པ་ལ་སོགས་པའི། །མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོང་ ཀླུ་གླང་ནག་པོའི་སྟེང་དུ་སྐྱོན། །ལས་ཀྱི་རླུད་གིས་རྒྱབ་ནས་ཕུལ། །གཏད་དོ་མ་གཏང་ཤོ་ར་རེ། །དེ་ཡི་སྤྲུལ་པ་རྣམ་གཉིས་ནི། །བྱོལ་སོང་གདུག་པ་སྦྲུལ་གཉིས་ཀྱིས། །དམ་ཉམས་ལག་གཉིས་ཁར་བཅུག་ལ། །ལྕགས་སྦྲུལ་གདུག་པ་མང་པོ་ཡིས། །ཡན་ལག་བཞི་ནས་འཐེན་ནས་ནི། །འདུད་པའི་ཚུལ་དུ་བསྡུ་བར་གྱིས། །གདུག་པ་མཁའ་ལ་གནས་པ་ཡིས། །གཟི་བརྗིད་ཅན་གྱི་ཁྱིམ་དུ་ཁྲིད། །གཏད་དོ་མ་གཏང་ཤོ་ར་རེ། །དམ་ཤི་དེ་ཡི་སྤྲུལ་པ་ནི། །ཀླུ་བདུད་ནག་པོ་ཞེས་བྱ་བ། །སྦྲུལ་གྱི་མཇུག་མས་རབ་བརྒྱན་ཅིང་། །མི་ཡི་ལུས་ལ་ལག་པ་གཉིས། །ལག་གཉིས་མཁྲིས་པའི་ཕོར་ཐོགས་མ། །ལུས་ལ་ཁྲག་ཐུལ་ནད་ཐུལ་གྱོན། ཁ་རླངས་ནད་ཀྱི་རླངས་པ་འཕྱུར། །ལྕགས་ཀྱི་སྦལ་ལྕོང་ཐར་ར་ར། །ལྕགས་ཀྱི་སྡོམ་སྡིག་ཉིལ་ལི་ལི། །དབུས་ཀྱི་ས་བདག་དམ་ཤི་མ། །གཏད་དོ་མ་གཏང་ཤོ་ར་རེ། །གཏད་ནས་ཤོར་ན་གཉན་མེན་ནོ། །ས་བདག་་ང་་་སྟེཞི་་ངཅིཅི་་་་སྙི་སྟེང་སྲག་ག་འཁར་ལ་ལས་ལ༄་་ ་བ ་པའ།། །།ས་བདག་གཉན་སྲག་རགས་ལྔ་ག ག །ག ག་པུ་ཁ་ན་ཁྱད་པར་མཆག །བ་དང་འ་མ་ཞ་དང་མར། །ཞུན་མར་ ང་པ་྅་བུ་ ། །ཀླུ་ཡ་དམད་པ་ནག་པོའོ། །གདུག་པ་ཀླུ་ཡི་དུག་འདི་ནི། །ས་ཡ་བརྗོད་ན་ཀུན་ཀྱང་འཆི། །དེ་ནི་ངན་སྔགས་ངོ་བོ་སྟེ། །བྱེ་བ་བརྗོད་ན་གདོན་མི་ཟ། །འབུམ་ཕྲག་བརྗོད་ན་འཆི་བར་འགྱུར། ཁྲ་ཕྲག་གིས་ཀྱང་སྦྱོར་ཀ་རྫོགས། །རྫོགས་དང་སྔགས་པ་གོ་གྱོན་ཏེ། །རིགས་སོགས་དག་པའི་ཁྱིམ་དག་ཏུ། །དེ་ལ་སྔགས་ཤིང་ཁྱིམ་དུ་གཞུག །གདུག་པ་ཁྲོས་ན་ལས་རྣམས་མྱུར། །འབྱུང་བ་ཚ་གྲང་དགྲ་བྱུང་ཚེ། །མགོ་ལ་མཁའ་འགྲོ་སྒྲོ་དག་གིས། །ཉི་ཟླ་འཕང་དུ་བླངས་ནས་ཀྱང་། །ག་འུ་སྦྱོར་བ་ཁྱིམ་དུ་གཞུག །ས་ཡི་བདག་པོ་ལྟོ་འཕྱེ་བརྟག །དུས་སོགས་རིགས་བཞི་མཁས་པས་བརྟག །ཅེས་ཁྱབ་བདག་ཡེ་ཤེས་ཀྱིས་གསུངས་སོ། །ས་བདག་སྲོག་གི་འཁོར་ལོ་ལས། ལེའུ་སྟེ་ལྔ་པའོ།། །།ས་བདག་སྲོག་གི་འཁོར་ལོ་ཞེས་བྱ་བ། ཀླུ་རིགས་སྲོག་རྒྱུད་རྫོགས་སོ།། །།