Ngb-pt-0924-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་མུ་ར་ནཱ་མ། བོད་སྐད་དུ། ཀླུ་ནག་པོ་བསད་པའི་མན་ངག་ཅེས་བྱ་བ། ཀླུ་རིགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །གཏད་ཁྲམ་ཀུན་གྱི་མཐར་ཐུག་ཀླུའི་དུག་མདའ་རོ་མ་ཁྲམ་འདེབས་ཞེས་བྱ་བ་མན་ངག་གི་རྟོག་པའོ། །གཏད་པའི་ཆོ་ག་གང་དང་གང་ལ་ཡང་། དང་པོ་ཀླུ་ལ་ཀླུ་གཏོར་གཏང་ཞིང་ཞི་བས་བྲིད་ལ་བསྟེན། །ཐབ་གཞོབ་ཁོན་དང་མི་གཙང་པ་ལ་འཛེམ། །གནས་ནི་བྱང་དང་བྱང་ཤར་གནས་མཆོག་ཀླུ་རྣམས་དེ་རུ་བྱ། །ཀླུ་ཡི་དུག་ཅན་དག་ལ་གསང་སྔགས་མི་གདབ་སྟེ། །མ་ཉེས་བགྲང་ཞིང་མནའ་དང་བརྩིགས་ལ་གཟེམ། །གནམ་ཁྲམ་ནག་པོ་གཤེད་ཀྱི་ལས་ཀྱི་ཀླུ་དང་ཀླུ་ཡི་རིགས་བརྟག་བྱ། །དེ་ནི་དུས་ཚོད་མཚོན་ཆ་འདྲ་བར་ཤེས་པར་བྱ། །ཀླུ་རྗེ་ཀླུ་བཙན་བྱ་ཁྱུང་ག་རུ་དང་། །རྟ་མགྲིན་རྒྱལ་པོ་ཡིད་ལ་གསལ་བར་བྱ། །ས་ཡིས་བདག་ལྟོ་འཕྱེ་བརྩིབ་གཅེས། །བསྒྲུབ་པ་ཕྱི་ནང་གསང་བ་གང་བྱེད་ཀྱང་། །གཉེན་པོ་བསྒྲུབ་དང་ཀླུ་བསྒྲུབ་གཏད་དང་གསུམ། །གཉེན་པོ་འཇམ་དཔལ་བྱ་ཁྱུང་ཡིན་པར་བཤད། །སྒྲུབ་པ་ནག་པོ་མགོ་དགུ་ཡིན་པ་སྟེ། །བསད་པ་གང་ཡིན་འཁོར་ལོ་ཐུན་གྱིས་བྱ། །གཏད་པ་ནག་པོ་མགོ་དགུ་ཉིད་ལ་གཏད། ཁྲམ་ནི་གཟའ་གཤེད་ནག་པོས་ཁྲམ་ལ་བཏབ། ཁྲམ་ནི་ཡམ་ཤུད་དམར་པོ་སྲོག་བདག་ནག་པོ་དང་། །འགོང་པོ་ན་གུ་བཙན་གྱི་ཤུ་བོ་དང་། །གདོལ་པ་ནག་པོ་མ་མོའི་ཁྲམ་ལ་གདབ། །དྲེགས་པ་དྲུགའ་།་གནད་གཅོད་པ་ཡི་ཁྲམ། །འཕྲིན་ལས་ཁྲམ་འདེབས་དྲུག་པོས་མི་འཆོར་བ་ཡི་གནད། །བསེ་བྱང་ཁྲམ་གྱིས་བླ་སྲོག་གནས་པའི་ཁྲམ། །འདི་ནི་ཁྲམ་ཁ་ཞེས་སུ་ཀླུ་ཡིས་བཤད། ཁམས་ལྔ་འབྱུང་བའི་བསད་ཁྲམ་མི་རིགས་ལྔ། །གང་ལ་ཡང་སྟེ་གཏད་ཁྲམ་བྱེད་དུས་སུ། །བརྒྱ་བརྒྱ་ཙམ་མམ་སྟོང་གིས་འགྲུབ་པར་འགྱུར། །གང་ཡིན་རྟོག་པར་གྲགས་པའི་སྐབས་འདི་རྣམས། ཁ་སྐོང་བ་ཡི་ལེའུ་འདི་རྣམས་གསང་། །འཕྱོ་དང་འདྲ་སྟེ་སྐྲུ་གྲི་ཡིན་པས་གཅེས། །རིན་ཆེན་རི་རབ་ལྟེ་བ་ཀླུ་བདག་གནས། །ཕྱོགས་བཞི་ཀླུ་ཡི་རྒྱལ་པོ་རིགས་བཞི་སྟེ། །རེ་རེ་ལ་ཡང་ལྔ་ལྔ་ཡིན་པས་ན། །ཀླུ་ཡི་རིགས་དང་དུས་ནི་གཅེས་པ་བཤད། །གང་ཡིན་བསྒྲུབ་པའི་དུས་ཚེ་ཀླུ་ཡི་གཟུགས། །བསྒྲུབ་རྫས་གང་ཡིན་དེ་ལ་གུར་གྱིས་དབུབ། །ཐ་མ་སྦྲུལ་བརྒྱད་དག་གིས་འཁོར་བར་བྱ། །འདི་དག་བྱིན་འབེབས་དགྲ་བོ་འགུགས་ཤིང་གནས་བྱེད་དེ། །མི་འཆོར་བ་ཡི་ཁྲམ་ཆན་ཡིན། །སྒྲུབ་དང་གཏད་པ་གང་བྱེད་དུས་ཀྱི་ཚེ། །སྲང་དང་སྲང་སྒོ་བྱ་ར་ས་དང་ནི། །ལྐུགས་ས་དག་ཏུ་རིམ་བཞིན་འཆི་བདག་ཁྲེམས་པ་གཅེས། །ཨ་ཏི་ཧོ་མ་གོ་རུ་ཀ་མཚངས་པ་ཀླུ་གནས་གཏེར། རོ་མ་ཁྲམ་འདེབས་མན་ངག་གི་སྐབས་ཏེ་དང་པོའོ།། །།གཏད་ཁྲམ་ཀུན་གྱི་ཏི་ཀ་ནག་པོ་མགོ་དགུ་པ། །བསྒྲུབ་དང་ཀླུ་བསྒྲུབ་གཏད་དང་གསུམ། །རྩ་སྔགས་བཟླས་ཤིང་ཁྲག་རྗེས་གཅད་པར་བྱ། །གནས་ནི་བྱང་ཕྱོགས་ཁ་བལྟས་པའོ། །འོག་ཕྱོགས་བྲག་ཕུག་བྱང་ངམ་ནུབ་བལྟས་པའི། །དྲུང་ན་ཤིང་གནས་པ་ད་ནགས་ཚལ་ལོ། །དེར་ནི་གཉེན་པོ་བསྒྲུབ་པའི་ལས་བྱ་སྟེ། །ཀླུ་བསྒྲུབ་དུས་ཉིད་གནས་དེར་རབ་ཏུ་ཤིས། །ཐོག་མར་རྣལ་འབྱོར་དབང་ཕྱུགས་གདེང་ལྡན་པས། །སྟོང་པའི་དོན་ཉིད་སྔོན་དུ་བྱ་བ་གཅེས། །སྙིང་རྗེ་ནམ་མཁའི་ས་བོན་ཧྭ༷། །མཐིང་ནག་ཧ་ལ་ཧ་ལའི་འོད་ཟེར་འཕྲོ། །དེ་ཡི་ཁྱད་པར་མངོན་པར་ཤར་བ་ནི། །ཨེ་ཡ༷་བ༷་སུ་ལ༷་ར༷་བྲུ༷་རྣམས་སོ། །དེ་ལས་གྱུར་པའི་སྦྲུལ་ནག་གཞལ་ཡས་ནི། །སྦྲུལ་ནག་འཁྱིལ་བའི་ཁང་པ་ལ། །རིགས་བཞི་ཀླུ་ཡི་གུང་ཕྱམ་བྱས། །སྦྲུལ་དང་སྦལ་པ་གཅལ་དུ་དགྲམ། །དམངས་རིགས་ཀླུ་ཡིས་དྲལ་ཕྱམ་བྱས། །མེ་རི་སྨུག་ནག་འབར་བ་ལ། །གདོལ་པ་ནག་པོ་གདན་དུ་བཏིང་། །ཨོ་ཕ་ཤ་ག་དུ་བྲུ༷་ལས་གྲུབ། །དེ་ནས་ཀླུ་དག་བསྐྱེད་པ་འདིའོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྟ་ཕེ་ཕན་ནུ་པ་ལག་ཤ་ཧུ༷། ཨོ༷་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཕེ་ཕན་ནུ་པ་ལག་ཧུ༷། ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་རྦ་དུ་ཙ་སྨྱོ། རུ་ཧུ༷། ཡབ་ཡུམ་སྲས་བཅས་བསྐྱེད་པའི་སྔགས། །ཀླུའི་ལུས་སུ་གྲུབ་བོ། །དེ་ནས་བསྒྲུབ་པའི་སྙིང་པོ་འདིའོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཏི་ཀུ་ལ་ཕེ་ཤན་ཕོས་ཕོས་ཤིག་ཤིགས་ཆུམ་ཆུམ་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་སྲོག་ལ་མྱ་ར་ཡ་ཛ༷༷ཛ༷༷ དེ་ལ་གྲུབ་པའི་རྟགས་ཀྱང་འབྱུང་། །ནག་པོ་གནས་པའི་ས་ཕྱོགས་ནས། ཁམ་པ་ནག་པོའི་ས་བླངས་ལ། །ཀླུ་ནག་སྦྲུལ་གྱི་གཟུགས་བྱས་ལ། ཁ་ནས་མེ་འབར་མིག་ནས་དམར། །དེར་ནི་གནས་ཀྱི་མཎྜལ་དབུས། །བསེ་བྱང་དམར་ནག་དེ་དག་ལ། །མིང་བྱང་བྲིས་ལ་རུ་གཞུག །བསེ་བྱང་གཡམ་པའམ་དགྲ་གཟུགས་ལ། །སྙིང་ཁར་སེང་ལྡེང་ཕུར་བུ་གདབ། །སོགས་པའི་སྣ་ཕྱོགས་གཅིག་ཏུ་ནི། །སྦྲུལ་ནག་ཁ་རུ་གཞུག་པར་བྱ། །དེ་ནི་རྡོ་ཕུགས་དག་ཏུ་གཞུག །རབ་ཏུ་དགྲ་ཡི་ཕ་མས་མགོ །དེ་འོག་རྗེ་དཔོན་རབས་ཆད་མགོ །ཡང་ན་བུ་སྲིང་ནལ་མའི་མགོ །ཐ་མར་རབས་ཆད་མོན་གྱི་མགོ །ལིང་ག་དང་བཅས་བསད་པ་དང་། །ཐུན་གྱི་ལས་ཀུན་རྡོགས་པར་མནན། །དུར་ཁྲོད་རོ་ཡི་གཡམ་པ་ལ། །འཁོར་ལོ་རྩིབས་བརྒྱད་བྲིས་ལ་མནན། །དེ་ནས་ཆུ་མིག་དོང་བྱེད་ན། །རྒྱལ་རིགས་ཤར་ན་རབ་ཏུ་གནས། །མི་ཡི་མགོ་གཤེད་ཀླུ་ཡིན་པས། །དོང་མིག་ཤར་དུ་བསྟན་པ་ལ། །མེ་ཏོག་ཨུཏུལ་པདྨ་ཅན། །བདུད་རྩི་ཆུ་དང་སྤོས་དྲིར་ལྡན། །དེ་ནི་ནང་གི་སྤྲ་རྟགས་ཡིན། །ཕྱི་རོལ་ས་དཀར་སྣུམ་བག་ཅན། །མི་མགོན་རྒྱལ་པོ་དེ་ན་གནས། །དེ་ལ་གཏད་ཁྲམ་བྱ་བ་མིན། །ལྷོ་ན་བྲམ་ཟེ་ཀླུ་གནས་ཏེ། །ཆུ་མིག་གདོང་བལྟས་ལྷོ་རུའོ། །ཆུ་མིག་སེར་ལ་འོ་མ་ཁ། །དེ་ནི་ནང་གི་པྲ་བརྟགས་ཡིན། །ཕྱི་རིམ་ས་སེར་སྣུམ་བག་ཅན། །དེ་ན་བྲམ་ཟེ་ལྐུག་པ་གནས། །ནུབ་ཕྱོགས་རྗེའུ་རིགས་ཀླུ་གནས་ཏེ། །ཆུ་མིག་ཁ་ནི་ནུབ་ནས་བལྟས། །ཆུ་མདོག་ཁ་ནི་དམར་སེར་ཁ། །དེ་ནི་ནང་གི་སྤྲ་རྟགས་ཡིན། །ཕྱི་རོལ་ས་ནི་སྣུམ་བག་ཅན། །དེ་ནི་རྗེའུ་རིགས་ལྐུག་པའི་གནས། །བྱང་ཕྱོགས་དམངས་རིགས་གནས་པའི་ས། །ཆུ་མིག་ཁ་ནི་བྱང་དུ་བལྟས། །ཆུ་མདོག་ནག་པོ་དྲི་མི་ཞིམ། །རྡོ་དྲེག་ནག་ལ་ཉ་ལྕིབས་མང་། །ཕྱི་རོལ་ས་ནི་སྣུམ་བག་ཅན། །དེ་ན་དམངས་རིགས་ནག་པོ་གནས། །ཆུ་མིག་ཆུ་མཐར་མ་་།ར་བ། །ཀླུ་བདུད་ལྐུག་པ་དེ་ན་གནས། །དེ་ལ་གཏད་ན་ལས་མྱུར་རོ། ཁ་དོག་སྣ་ཚོགས་གནས་པ་ནི། །ཆུ་མིག་ཁ་ནི་གང་བལྟས་ཀྱང་། །དོང་མིག་གསུམ་དུ་འདུག་པ་ལ། །ཆུ་མདའ་གཅིག་ཏུ་འདུས་པ་ལ། །སྣ་ཚོགས་པ་ཡི་ལྐུག་པ་གནས། །ས་ཕྱོགས་འཇའ་ཚོན་སྣ་ལྔར་གནས། །ཆུ་གཙང་རྩ་ཆུའི་རོ་མདོག་བྲོ། །ཆུ་མིག་ལུ་མ་འཁྱིལ་བ་ན། །གོས་སྔོན་པྲ་མོའི་རིགས་ཀྱང་གནས། །བྲག་ན་མདོར་དང་བ་ཚ་ཅན། །དེ་ན་ཀླུ་བཙན་སྔོ་ནག་ཡོད། །ཆུ་མིག་དོང་གི་ཁར་སོང་ལ། །ནཱ་ག་འདུ་བའི་ཡ་སྟགས་དང་། །སྦྲུལ་དང་སྦལ་པའི་དུ་བ་གཏང་། །ཀླུ་ནག་པོ་བསྒྲུབ་པ་དང་ཆུ་མིག་དོང་དབྱེ་བའི་སྐབས་ཏེ་གཉིས་པའོ།། །།ཀླུའི་བདག་པོ་ལ་འཕྲིན་ལས་བཅོལ་བ། །ཧུ༷། བདུད་ཀྱི་བདུད་ཅིག་འཆི་བདག་ཀླུ་ཡི་བདུད། །འགྲོ་བ་མི་ཡི་བདུད་དུ་ཁྱོད་ལས་ལྷག་པ་མེད། །སྔགས་པ་དག་གིས་གདུངས་ཤིང་བོས་པའི་ཚེ། །སྐད་ནི་ངེས་པར་འབྲུག་ཏུ་སྒྲོགས། །བང་ནི་ངེས་པར་གློག་པས་མགྱོགས། །འཆི་བདག་ནག་པོ་མགོ་དགུ་པ། །ལུས་ལ་སྔོ་དམར་འོད་ཟེར་འཕྲོ། །སྤྱན་མིག་དམར་པོ་ཁྲག་ཏུ་འཁྱིལ་བ་ལ། །མཛེ་དང་ཤུ་བའི་འོད་ཟེར་འཕྲོ། །ཞལ་ནས་མེ་ཡི་འཁོར་ལོ་འཁྱིལ། །སྔོན་དམུར་མཛེ་དང་ཤུའི་ནད་རླངས་འཐོན། །ཆེ་གེ་མོ་ལ་མཛེ་ནད་དང་ལྷོག་པ་ཐོང་། །ནག་པོ་ཏི་པ་ཙ་ཡ། ན་ག་དགྲ་བོ་ཀྲོ་དྷི་ཤྭ་རྡི་ཨ་ཤན་རྦད། པུ་ཤུད་རྦད། ཀུ་རག་ཤ་རྦད། ཏི་པ་ཙ་པ་ཙ་ཁ་ཡན་ཧུ༷་ཤ་ནན། དགྲ་བོ་ནཱ་ར་ཡ་ཛ༷༷ ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །སྔོན་དམར་ནད་ཀྱི་ཆར་པ་འབེབས། །ཀླུ་བདུད་སྟོང་ནི་ཐུགས་ཀྱི་སྤྲུལ་པར་འགྱེད། །ཆེ་གེ་མོ་ལ་མཛེ་དང་ལྷོག་པ་ཐོང་། །ནག་པོ་ཏི་པ་ཙ་ཏི་ཙུ་ཏ་ར་ཙུ་ཏ་སྲ ན་ག་ཀླུ་ཤག །ཆེ་གེ་མོ་ལ་མྱ་ར་ཡ། ས་བདག་སྟོང་ནི་སྐུ་ཡི་གཡས་ནས་རྒྱུག །ཀླུ་བདུད་ཀླུ་སྐམས་སྟོང་ནི་གཡོན་ནས་རྒྱུག །ཀླུ་བཙན་ཀླུ་སྲིན་སྟོང་ནི་སྐུ་ཡི་ཕོ་ཉར་འགྱེད། །ཆེ་གེ་མོ་ལ་མཛེ་དང་ལྷོག་པ་ཐོང་། །ནག་པོ་ཏི་པ་ཙ་ཏི་ཙི་ར་ཙི་ར་ཙ་ར་པ་རུ་ཤན། ཆེ་གེ་མོ་མྱ་ར་ཡ་ཡེ། ཀླུ་བདུད་ནག་པོ་ཁྱོད་ཀྱི་ཡུམ། །ཀླུ་མོ་ནག་མོ་སྤྱན་གཅིག་མ། །བུད་མེད་ལུས་ལ་སྦྲུལ་གྱི་མཇུག་མ་ཅན། །འཇའ་ཚོན་སྣ་ལྔའི་འོད་ཟེར་ལུས་ལ་འཕྲོ། །གཡས་ན་ནད་ཀྱི་རྐྱལ་བ་ཐོགས། །གཡོན་ན་མཚོན་གྱི་གྲུ་གུ་འཐུལ། །ཀླུ་དང་ས་བདག་སྤྲུལ་པར་འགྱེད། །ཆེ་གེ་མོ་ལ་མཛེ་དང་ལྷོག་པ་ཐོང་། །ནག་པོ་ཏི་པ་ཙ་ཨུ་ཕུག་ཤ་རྦད། ནག་པོ་ཤ་བ་ཏི་དེ་འདྲ་པ་ཏི་རྦད། བཱ་རུ་ན་ཕེ་ཤན་ནཱ་ག་ཕས་ཡེ། ཨེ་ཀྲ༷་ཕེ་ཤན་ཧྲུ༷་ནན། ཕེ་ལ༷་ཤག་ཤིག་ནིར་ཡན་དགྲ་བོ་མ་ར་ཡ་ཛ༷༷ ཉེས་པར་བྱེད་པའི་སྡིག་ཅན་འདི། །གཏད་དོ་འཆི་བདག་ཉིད་ལ་གཏད། །ནག་པོ་མགོ་དགུའི་ལག་ཏུ་གཏད། །ཀླུ་བདུད་ནག་པོའི་ལག་ཏུ་གཏད། །ཀླུ་བདུད་ལག་ནས་འཆོར་མི་སྲིད། །ཀླུ་མོ་ནག་མོའི་ལག་ཏུ་གཏད། །ནག་མོ་སྤྱན་གཅིག་ལག་ཏུ་གཏད། །ཡ་སྨྱུ་ར་ཛའི་ཟས་སུ་གཏད། །གཤིན་རྗེ་ནག་པོའི་ལག་ཏུ་གཏད། །བསྐལ་པ་བརྒྱ་ཁྲི་བཟླས་པ་ན། །གཤིན་རྗེ་ནག་པོ་ཆོས་འཆད་ཀྱིས། །བུ་སྨད་འཁོར་དང་ཞིང་དུ་བཅས། །གཤིན་རྗེ་རྒྱལ་པོའི་ལག་ཏུ་གཏད། །དབང་པོ་སྣ་ལྔ་ཡོན་དུ་ཕུལ། །འདི་ནས་བསྐལ་པ་དུས་མཐའ་ནས། །བྱང་ཆུབ་སེམས་ནི་མ་སྐྱེས་ཕར། །གཏན་དུ་ཐར་པ་མེད་པར་གྱིས། །ཅེས་པས་གཏད་པའི་ལས་བྱའོ། །བསྐུལ་བ་དང་གཏད་པའི་སྐབས་ཏེ་གསུམ་པའོ།། །།དེ་ནས་ཐུན་ཟོར་འཕང་། གཏད་རྗེས་བཅད་པ་ཁྲག་ཡིན་ནོ། །རྦད་པའི་སྔགས་འདིས་བྱ་བ་ཡིན། །ནཱ་ག་རྭ་ཛ་ཀུ་ར་སྨྱོ། །ནཱ་ག་རྭ་ཛ་ཁྱུག་ཁྱུག་སྨྱོ། །གཉེན་པོ་བྱ་ཁྱུང་ཉིད་ཡིན་ནོ། ཁྱབ་བདག་ཐུགས་ཁར་གསལ་བར་བྱ། །དུང་གི་ལུས་ལ་གཡུ་ཡི་གཤོག །གསེར་གྱི་མགོ་ལ་ལྕགས་ཀྱི་མཆུ། །རྡོ་རྗེ་ལས་གྲུབ་སྡེར་མོ་ཅན། །སྙིང་གི་དཀྱིལ་དུ་ལས་བྱ་ཞིང་། །བཟླས་བརྗོད་བྱས་ན་གདོན་མི་ཟ། །ཆང་རྗེས་བརྒྱ་དང་ཆང་ཕུད་དང་། །སྦལ་ལྕོང་ཉ་ཤ་ཆེད་དུ་དགོས། །ཆུ་ལ་གནས་པའི་སྲོག་ཆགས་རྣམས། །ཇི་སྙེད་པ་དག་དགོས་པར་བཤད། །གཏོར་མ་སྔགས་འདིས་དབུལ་བ་ཡིན། །ཨོ་བཛྲ་བད་ཏི་ག་རུ་ཌ་ནཱ་ག་ས་ར་ཡ་མ་ས་ན། མཧྭ་རག་ཏ། ཙིསྟ་བ་སུ་ཏ་མ་ཧྭ་གོ་རོ་ཙ་ན། ནཱ་ག་སྨྱུ་ར་ཡ། པ྅་ཨ་མྲི་ཏ། ཁ་ཁ་ཁུ་ཧི་མཧྭ་བ་ལིང་ཏ། པུ་ཙ་ས་མ་ཡ། ཁ་ར༷་ཁ་ཧི། ཧ་ཧ་ཧི་ཧི། ནཱ་ག་ཧུ༷་ཧཱུཾ་ཕཊ་གྲྭཧྭ། གཉན་པོ་མཆོད་པའི་སྐབས་ཏེ་བཞི་པའོ།། །།སྙིང་པོ་འདིས་ནི་རང་ལུས་བསྲུང་། །ཨོ་པ་ཁྲི་སྲུཧྭ། ཨོ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཧུ༷་ཧུ༷་ཛུ་ཛ། ནཱ་ག་རྭ་ཛ་སྲི་ཛུ། ཧཱུཾ་ཧུ༷་ཕཊ་ཕཊ། ཨ་པ་ར་ས་ར་ས་ར་ཤ་པ་ར་པ་ར་ཡ། ཧྲི་ཏྲ་ཡ། ཀྲོ་དྷ་ཡ། བན་ཏྲ་ཡ། པྲ་ན་ཙ་ར། སུ་མུ་རུ་ནཱ་ག་ཙ་ར་ཙ་ཡ་གྲྭཧྭ། ཏབྱ་ཐུ། ཨོ་བ་གི་ཙི་ཏ་ཤུ་ལི་ཤུ་ལི། ཤཤཤུ་ཤུ །ཏི་ཏི་བི་བི་ཏི། ནཱ་ག་ཧུ་ཡུ། ཧུ་ཡ་ཧུ་ཡ། ཧུ་རི་ཏི་སྲུཧྭ། ཏབྱཐུ། ཨོ༷་ཙད་ཏ་ཙད་ཏ། ཙི་ཏི་ཙི་ཏི། ཤན་ཏ་ཤན་ཏ། སརྦ་ར་ནཱ་ག་ཙི་ཏི་གྲྭཧྭ། རང་ལུས་བསྲུང་བ་སྐབས་ཏེ་ལྔ་པའོ།། །།དེ་ལྟར་གཉེན་པོ་ལས་བྱས་ནས། །དེ་ནས་ཀླུ་བདག་བསྒྲུབ་པ་ཡིན། །སྦྲུལ་དང་སྦལ་པའི་དུ་བ་གཏང་། །གདུག་པའི་ཡང་སྙིང་ཆེད་དུ་བསྒྲུབ། །ནག་པོ་གྲུབ་པའི་རྟགས་བྱུང་ནས། །གཏད་པའི་ཆོ་ག་བཤད་པ་ནི། །དང་པོ་བརྣག་པའི་ཆོ་ག་ཡིན། །ཐོད་པ་ཤ་མེད་དག་པར་བཀྲུ། །ལག་པ་མི་རེག་གོས་ཀྱིས་གྲིལ། ་རྒོན་ཏུ་ཤིས་པའི་བྱ་སྐྲུ་ལ། །སེ་བྱང་ཞེས་སུ་བཤད་པ་ཡིན། །བསེ་བྱང་དཀར་ནག་དྲུང་དུ་བསྟན། ཁྲག་གི་ཆོ་ག་འདི་དག་ཡིན། །སྨྱུག་མ་ཀླུ་ཡི་དུག་ཡིན་པས། །དེ་ཡིས་ནམ་དུ་བྱ་བ་མིན། །ཙན་དན་དཀར་དམར་སྨྱུག་གུས་བྲི། །སྦྱིན་གསུམ་ཀླུ་ཡི་དུག་ཡིན་པས། །དེས་ནི་ནམ་དུའང་བྱ་བ་མིན། །ར་དཀར་བ་དཀར་འོ་མས་བྱ། །སྣག་ཚ་ཀླུ་ཡི་དུག་ཡིན་པས། །མཚལ་ཆེན་ཅོག་ལས་བྲི་བར་བྱ། །ཀེ་ལེ་ཀེ་ལེ་ཆེ་གེ་ཧུ༷་ཧུ༷། ནཱ་ག་ལེ་ནཱ་ག་ལེ་ཆེ་གེ་ཧུ༷་ཧཱུཾ། ཏུམ་པ་ལེ་ཏུམ་པ་ལེ་ཧཱུཾ། ཧྲུ༷་ཡ་ཧུ༷་ཡ་ཧཱུཾ་ཡ། པྲ་ཙ་ལེ་པྲ་ཙ་ལེ་ཧུ༷། དུ་རུ་དུ་རུ་ཧུ༷་ཧུ༷། ཡ༷་མེ་ཡ༷་མེ་ཧུ༷། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧུ༷། དུ་ར་ལི་དུ་ར་ལི་ཧུ༷། པུ་ར་པུ་ར་ཧུ༷་ཧུ༷། ན་མ་ལེ་ན་མ་ལེ་པྲ་ཙ་ལེ་ཧུ༷། བསེ་བྱང་རྒྱུ་གསུམ་རྣམ་གྲང་དྲུག །དཀར་དམར་སྣོན་པོ་རེ་རེ་སྟེ། །ནག་པོ་ཞེས་ནི་རབ་ཏུ་བཤད། །མོན་དང་མཛེ་པོ་རབ་ཆད་གསུམ། །ཡང་ན་མགོ་ཅན་དག་ལ་རྫོགས། །བསེ་བྱ་ཧུ༷་རྣམས་ཨ་མུ་ག །ཁྲམ་ཞེས་བྱ་བ་དེ་དག་ཡིན། །བསེ་བྱང་མེད་ན་་།ག་་།ག་ནི། །ནག་པོ་ཀླུ་ཡི་དུག་ཡིན་པས། །དར་དཀར་གྲོ་ག་ཀ་རི་ཀ །དེ་དག་ལ་ནི་བྲི་བར་བྱ། །བསེ་བྱང་ཁྲམ་ཁ་བཅའ་བའི་སྐབས་ཏེ་དྲུག་པའོ།། །།མི་རིགས་ལྔ་པ་ལྔ་གླིང་བྱ། །ཡང་ན་ཁམས་ལྔ་བརྩིས་བྱས་ལ། །སོ་སོར་བཤད་པ་གཏད་པ་ཡིན། །ས་ཁམས་ཁྲམས་ལ་གདབ་པ་ནི། །ཆུ་མིག་བྱང་དུ་བལྟས་པ་ཡི། །སྔོ་ནས་འདོམ་དོ་བཞི་བཅལ་ཏེ། །བུ་རུ་ནག་པོར་མིང་རུས་དག །སྤྱི་གཙར་གཏམ་ལ་སྔགས་འདིས་གཏད། །དྲི་མུ་ར་དགྲ་སྙིང་དམར་པོ་ལ། དུ་ཡ་ནི་དུ་ཡ་ནི། དུ་བ༷་ཧ་རི་ཧྲི་དུ་ཡ་མེ། རག་ཏ་ཚལ་པ་དུ་སྙིང་དུ་ར་དུ། མ་ཡ་མ་རྭ་ཛ། ནཱ་ག་ལེ་ནཱ་ག་ལེ། དགྲ་བོ་ཡི་སྙིང་དུ་ཡ་ནི། །དུ་བ༷། བ་དུ་ཧུ༷་ཕཊ། ཅེས་ནི་གདབ་ཅིང་མནན་པར་བྱ། །ས་ཁམས་ཁྲམ་ལ་གདབ་པའི་སྐབས་ཏེ་བདུན་པའོ།། །ཁེརྒོང་ཁམས་ཁྲམ་ལ་གདབ་པ་ནི། །བྱང་དུ་བལྟས་པའི་ཆུ་མིག་ནས། །དེ་ནས་འདོམ་གང་གཅལ་བ་རུ།བ་རུ་དམར་པོའི་ལིང་ག་གཞུག །སྤྱི་གཙར་བཅུག་ལ་སྔགས་འདིས་གཏད། །ཨོ་ཡ་ཧུ༷་ཡ། ན་ག་ལེ་ནཱ་ག་ལེ། ར་དུ་བ༷་ས་ཀུ་མ་ལ། ག་ཧ་ཡ་ནི། དུ་ཀྲ་བ༷་དུ། དུ་པ་ཡ་ནི། ར་དུ་བ༷་པ་ཀྲ་ཧྭ་ཡ་ནི། དུ་ཡ་དུ་ཀྲ་ཡ་ནི། རུ་ལུ་བ༷་དུ། དུ་པ་ཡ་ནི། ཚིག་ཏུ་འདི་དག་བརྗོད་པར་བྱ། །ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུ་འཇོག་པོའི་རིགས་རྣམས་ཀྱི་དགྲ་བོ་འདིའི་སྙིང་ནས་དྲོངས་ཤིག །ནཱ་ག་རྭ་ཛ་ས་མ་ཡ། ནི་རག་ཤ་ནི་ལ་གྲ་ཧ་ཡ་དུ། བ༷་ནི་བ༷་བ་ནི། སན་ཙ་ཡ། མེ་ནན། བ༷་དུ། པྲ་ཡ་ནན། མུ་ར་རག་ཤ །མེ་སན་ཙ་ཡ་ནི། ཨ་ལོ་བ༷་པ་ཀྲ་གྲྭཧྭ། ཞེས་བརྗོད་ལ་གཏད་དོ། །ཤིང་ཁམས་ཁྲམ་ལ་དབབ་པའི་སྐབས་ཏེ་བརྒྱད་པའོ།། །།ལྕགས་ཁམས་གཏད་པའི་ལས་བྱ་ན། །ཆུ་མིག་བྱང་བལྟས་ཁར་ཕྱིན་ཏེ། །འདོམ་བཞི་ཕྱིར་འགྱེད་ས་རུ་གཏད། །ཧི་མི་ལེ་བེ་བེ་བེ་དུ་ཀྲ་ཡ། ཁྲ་ར་ནཱ་ག་ཡ། ཧ་ར་ན་ག་ཡ་གསན་ཙ་ནི། རག་ཏ་བ༷་པ། ཡ་ཏྲ་ཏ་ཡ་ནི། བཱ་ར་ཡ། དུ་པ་ལི་པ༷་བ་ཡ། དུ་ལིང་སན་ཙ་ཡ། ནི་ལུ་ཡ། ཡ་བཱ་ར་ཡ། ཨེ་མ་ནི་ར་དུ་ཛ། ཕ་མེས་མགོ་རབས་ཡང་ན་བསྟོད། །དེ་ལ་ངན་སྔགས་སྦྱོར་བ་བརྡེག །ནི་སན་ཙ་ཡ། མ་རག་ཏ། དུ་ལིང་སྙིང་མ་ར་ཡ། དུ་བ༷་བ་ཤ་སྙིང་མྱ་ར་ཡ། ཀུ་མ་རཀྟ་མེ་ཛུ་ཛ། ལྕགས་ཁམས་ཁྲམ་ལ་གདབ་པའི་སྐབས་ཏེ་དགུ་པའོ།། །།མེ་ཁམས་གཏད་པའི་ལས་བྱ་ན། །ཆུ་མིག་ཁ་ནི་ལྷོ་ར་བལྟས་པའི། །གོན་ནས་འདོམ་གསུམ་གཅལ་བར་གཏད། །ཐོད་པ་མེད་ན་བསེ་བྱང་ལ། །མིང་དང་རུས་སུ་བཅས་པ་གཏད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །ངན་སྔགས་འདི་དག་བརྡེག་པར་བྱ། །མུ་ར་ཡ་ནི་དུ་ཡ་ནི་མུ་ར་ཡ་ནི། དུ་ཡ་ནི་མྱ་ར་ཡ་དུ་ཀྲ། མྱ་ར་ཡ་ས་སྙིང་། མ་མ་རག་ཏ་སྨྱོ། ནཱ་ག་ལེ་ནཱ་ག་ལེ། དུ་ཡ་དུ་ཡ། ཧུ་ཡ་ཧུ་ཡ། ཏི་ཧུ་་་་་་ཕ་མེས་ཐོད་པ་ཡང་ན་ཁྱི། །དེ་ན་ནི་ངན་སྔགས་བརྡེག་པར་བྱ། ཨེ་ཨེ་རི་ཤི་ཤི །མང་ས་སན་ཙ་ཡ། ནི་རག་ཤ་ཏ་ཡ་སྙིང་དུ་ཡ་ཀྲ་ཧ་ཡ་ནི། དུ་ཡ་སན་ཙ་ཡ། ཞེས་པས་བརྡེག་པར་བྱ་བ་ཡིན། །མེ་ཁམས་ཁྲམ་ལ་གདབ་པའི་སྐབས་ཏེ་བཅུ་པའོ།། །།ཆུ་ཁམས་གཏད་པའི་ལས་བྱ་ན། །ཆུ་མིག་ཕྱོགས་བཅུར་བལྟས་པ་རུ། །གཉའ་ནས་འདོམ་གང་གཅལ་བ་རུ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལ། །ངན་སྔགས་འདི་དག་བརྡེག་པར་བྱ། །ནཱ་ག་ལེ་རུ་ཏྲ་ཧུ༷་ཡ་ནི། རུ་ཏྲ་ཧུ་ཡ་དུ་ར་ཡ་སྲོ་ག་ལ། ཕྱིན་ཅི་མ་འོ་ག་སྲོ་ག་གི་ལུང་། །དམ་ཉམས་སྙིང་ཕྱུང་ཞལ་དུ་གསོལ། །མུ་ཧྭ་རག་ཏ་དུ་ཡ་ནི། ཡ་དུ་ཀྲ་ཧ་ཡ་ནི་སན་ས་ཡ་དུ་ནན། ཆུ་ཡི་ཁམས་ཀྱིས་མགོ་བོ་སྐྱོན། །བར་དུ་གླང་གི་མགོ་བཅུག་ལ། །བདུད་ཀྱི་སྔགས་ཀྱི་གདབ་བར་བྱ། །རག་ཏ་ནི་སན་ཙ་ཡ། མ་མ་ད༷་ད༷་དུ། ལི་སན་ཛ། ཆུ་ཁམས་ཁྲམ་ལ་གདབ་པའི་སྐབས་ཏེ་བཅུ་གཅིག་པའོ།། །།འཕྲིན་ལས་ཁམས་ནི་ཤིང་བུ་ལ། ཁྲམ་དཀར་ཁྲམ་ནག་དང་པོ་སྟེ། ཁྲམ་དམར་ཁྲམ་ནག་གཉིས་པའོ། ཁྲམ་སྔོན་ཁྲམ་ནག་གསུམ་པ་ཡིན། །མགོ་ཅན་ཉིད་ལ་རྫོགས་ཀྱང་རབ། །ཧུ༷་བཛྲ་ནི་དུ་དུ་དུ་ནི་དུ་ནི་དུ་ཤི་ཁྲེ་ཁྲེ་ཁྲེ་ཤི །ནཱ་ར་ཡ་དུང་དུ། རྡོ་རྗེ་ཁྲམ་འདེབས་མའོ། །རུ་ཀ་ནི་དུ་དུ་དུ་ནེ་དུ་ནེ་ཁྲ༷་ཁྲ༷་ཤི་མྱ་ར་ཡ་དུང་དུ། དྲང་སྲོང་ཁྲམ་འདེབས་མའོ། ཁུ་ཡ་ནི་དུ་དུ་དུ་ནེ་དུ་ནེ་ཁྲ༷་ཁྲ༷་ཤི་ནཱ་ར་ཡ་དུང་དུ། གཤིན་རྗེའི་ཁྲམ་འདེབས་མའོ། །རག་ཤ་ནི་ཡ་དུང་དུ་དུ་དུ་ནེ་དུ་ནེ་ཁྲ༷་ཁྲ༷་ཤི་མུ་ར་ཡ། སྲིན་མོ་ཁྲ༷་འདེབས་མའོ། །ནཱ་ག་ནི་དུང་དུ་དུ་ནེ་དུ་ནེ་ཁྲ༷་ཁྲ༷་ཤི་ནཱ་ར་ཡ་དུང་དུ། ཀླུའི་ཁྲམ་འདེབས་མའོ། །རིའི་ནི་དུང་དུ་དུ་ནེ་དུ་ནེ་ཁྲ༷་ཁྲ༷་ཤི་མྱ་ར་ཡ་དུང་དུ། མ་མོ་ཁྲམ་འདེབས་མའོ། །འདི་དག་ནི་ཁྲམ་ཤིང་རེ་རེ་ལའོ། །འཕྲིན་ལས་ཀྱི་བདག་མོ་དྲུག་གིས་ཁྲམ་ལ་གདབ་པའི་སྐབས་ཏེ་བཅུ་གཉིས་པའོ།། །།ས་བདག་ལྟོ་འཕྱེ་ནག་པོ་སྟེ། །ཉི་མ་འདུན་འགྲོའི་རིམ་པ་བཞིན། །རྒྱབ་ཀྱི་གཡས་སུ་འཁོར་བར་བཤད། །ས་བདག་ལྷོ་འཔྱེ་སྐྱེས་བུ་ཡི། །ལྟོ་བར་གཏད་ན་ཐམས་ཅད་འགྲུབ། །འོག་མ་དང་པོ་བསྐོས་པ་ན། །ཕ་དང་བུ་དང་ཆུང་མ་འཆི། །རྒྱབ་ཏུ་བསྐོས་ན་བདག་ཉིད་འཆི། །ཡུལ་འཁོར་འཆོར་བར་འགྱུར་བ་ནི། །མཇུག་མར་བསྐོད་ན་ནོར་རྣམས་འབྲི། །སྐོར་བ་བྱེད་པ་གཡས་སུ་བསྐོར། ཁུང་པུར་རིན་ཆེན་རྩི་སྨན་བླུགས། །དེ་རྗེས་གཏད་རྫས་བཅུག་ལ་གཏད། །ལྟོ་འཕྱེ་ཁྲམ་གྱི་སྐབས་ཏེ་བཅུ་གསུམ་པའོ།། །།ས་མ་ཡ། བསད་ཁྲམ་ནག་པོ་བདུད་ཀྱི་ལས། །དྲག་པོའི་སྟེགས་བུ་ཆེན་པོ་ལས། །གང་ཡིན་གཟུགས་མིང་བྲིས་བཅུག་ནས། །གནས་ནས་དགུག་ཅིང་བསྟིམ་པར་བྱ། །ཡང་ན་དམ་ཤིང་དམར་ནག་ལ། །སྲོག་བདག་ནག་པོ་བསྒོམས་ཤིང་བསད། །སྒྲོལ་གིང་ཆེན་པོར་རབ་བསྒོམས་ཤིང་། །དྲག་པོ་སྟོབས་ཀྱིས་བསད་པ་འདིའོ། །རྩ་ཙ༷་ཁུང་ཁུང་། དྲིལ་དྲིལ། རུ་ལུ་ཛུ། འཇུག་རྟུ༷་ཐུམ་ནག་པུཎྜ་ཛུ། ཙང་ཙང་ཕྱུང་ཕྱུང་སྐྱ་རེ་ཛུ། རག་ཤ་འབྲུ་ཁྲི། སྨྲ་བྱེད་ཙཀྲ་ཛུ། ཁ་ཐུ༷་འབྲུ་སྣ་ཛུ། ཁ་རང་ལང་ས་ཛུ། མ་ཏང་ནག་པོ་ཛ། ཀྭ་ལ་ཡཀྟ་ཛུ། དྲག་བསྔགས་བརྒྱད་པ་བསད་པའི་སྔགས། །མུ་ར་ཡ་ཞེས་གྲགས་པའི་ཡིན། །མ་ལུས་སྒྲོལ་ལ་ཐེ་ཙོམ་མེད། །དེས་ནི་མྱུར་དུ་མ་སོད་ན། །གདུག་པའི་རྫས་རྣམས་མ་ལུས་པ། །ཡང་སྙིང་ནག་པོས་བསད་པ་ཡིན། །སྐྲུར་ཨ་ཤག་ཤ་ཐུན་སྙིང་རྗེས་གཟུང་། ལྕགས་སྒྲོག་ནག་པོ་སོད། རྣམ་མཐོངས་ནག་པོ་རྡིབ། མེ་རེང་སྐྱ་བོས་སོད། སྤྲིན་ལམ་དམར་པོ་ཕྱི། རག་ཤ་ནག་པོ་ཛ། ཡང་ནག་པོ་སྟིབས། ཤ་འདྲོལ་དུང་ཏིང་ཛུ། ཁྱི་འདྲོལ་པུ་ཏྲ་སྨྱོ། ཞེས་པས་བརྡེག་ཅིང་བསད་པ་ཡིན། །དེ་ནས་རོ་ཡི་ཐལ་བའམ། །དྲག་པོ་ཤ་དང་ས་བསྲེས་ཏེ། །ཞེ་སྡང་དྲག་པོའི་སྦྱོར་བ་ཡིས། །མདུན་དུ་ཁུང་བ་ཨེར་བྱས་ཏེ། །རྒྱལ་སོལ་ཀ་ལས་གདབ་པ་ཡིན། །དྲེགས་པའི་ཤིང་བུ་བརྩིགས་པ་ལ། །དུག་གི་ཤིང་གེ་མེ་སྤར་ཏེ། །དེ་ནས་སྔགས་པ་ཤ་སྣ་གསུམ། །གཟུགས་དང་བསྡེབས་ཏེ་ངན་སྔགས་བརྡེག །དེས་ནི་མྱུར་དུ་བསོད་པ་ཡིན། །བསྟབ་པ་བྱ་ན་འདི་ལྟ་སྟེ། །གྲུ་གསུམ་ཞལ་དུ་རབ་བསམས་ལ། །མེ་རི་ཁ་དོག་སྣ་ཚོགས་འཕྲོ། དེ་ནི་འཁོར་དང་བདག་ཉིད་ཀྱིས། །སྟོབ་པར་བྱས་ཏེ་སྔགས་འདིའོ། །བཛྲ་ཡག་ཤ་ཁ་ར༷་ཁ་ཧི། དུ་ནི་དུ་ཏི་ཁུ་ཧི། ཡག་ཤ་ནག་པོ་ཁུ་ཧི། ཤ་འདྲོལ་ར་ཧུ་ལ་ཁུ་ཧི། ཁྱི་འདྲོལ་ར་ཧུ་ལ་ཁུ་ཧི། འཛིན་པོ་པུ་ཏྲ་ཁུ་ཧི།ལྡོམ་པོ་ཆང་ཁྱུང་ཁའ་ཧི། རག་ཤ་རག་ཤ་ཁུ་ཧི། རུ་ཏྲ་རུ་ཏྲ་ཁུ་ཧི། གོ་རོ་ཙ་ནཱ་ཁུ་ཧི། ཤ་རྒྱུད་སྙིང་རྒྱུད་ཁ་ཧི། དབང་པོ་རྣམ་ལྔ་ཁུ་ཧི། དེས་ནི་བསྟབ་པ་རྫོགས་དང་མནན། །བདུད་ཀྱི་བསད་ཁྲམ་ནག་པོའི་སྐབས་ཏེ་བཅུ་བཞི་པའོ།། །།ནག་པོ་ཀླུ་ལ་གཏད་ཁྲམ་བྱ། །ནཱ་ར་ཡ་མཛེ་ཅན་གྱི་ལས། །གསང་བ་ཡང་སྙིང་ན་གུ་ཡི། །སྔོན་དུ་མཚོ་སྨན་བསྒྲུབ་པ་བྱ། །ཆུ་གཏོར་མང་པོ་སྔོན་དུ་གཏང་། །བཅའ་གཞི་རྫོགས་པར་གྱུར་བ་དང་། །གསང་སྔགས་འདི་དག་བཟླས་པར་བྱ། །ཨོ༷་ནཱ་ག་ཤུ་དུམ་པ་ལ། ནཱ་ག་ར་ཛ་ས་མ་ཡ་འདུས་འདུས། ཀླུ་རྣམས་ཀུན་གྱི་སྙིང་ཟགས་ནས། །སྤྲིན་བཞིན་འདུས་པར་གྱུར་པ་ཡིན། །བདུན་འབུམ་ཉི་ཁྲིའི་གྲངས་ཐིམ་ནས། །ཀླུ་ཡི་བདག་པོ་དངོས་པོར་འགྲུབ། །སྦྲུལ་དང་སྦལ་པ་མཎྜལ་ཁར། །ཡང་ན་རྨི་བའི་ལྟས་སུའོ། །དུང་ཕོར་ར་དཀར་འོ་མ་བླུགས། །སྨན་དང་འབྲས་དང་སྦྲང་རྩི་དག །ཅོག་པའི་ཁུ་བ་བླུགས་ནས་ནི། །བསྐུལ་བ་གདོལ་པ་ནག་པོ་བསྐུལ། །ཀྱེ་རྒྱལ་མཚོ་ཆེན་པོའི་གཏིང་རུམ་ན། །རིགས་བཞི་ཀླུ་རྣམས་བཞུགས་པ་ནི། །གཞན་ལ་མི་གཡོ་མི་འབོད་ཀྱིས། །ནག་པོ་གདོལ་པ་ཅན་གྱི་རིགས། །གཞུགས་ནི་ཆབ་མིག་དོང་ལ་བཞུགས། །ཆིབས་སུ་རུས་སྦལ་ནག་པོ་ཆིབས། །ཆུ་སྲིན་མགོ་དགུའི་ཁྲི་སྟེངས་ན། །ནག་པོ་འཛིན་ཤེས་གཏོང་མི་ཤེས། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །གཏད་པའི་དགྲ་བོའི་ཡན་ལག་ཆིངས། །གཡོ་བ་མེད་པའི་ནད་རྣམས་ནི། །ཚོར་བ་མེད་པའི་སྙིང་ལ་གཏོང་། །སྙིང་ནད་འབར་བའི་ནད་ཀྱང་གཏོང་། །སླར་འཚོ་བྱ་བ་མིང་ཡང་མེད། །ཙི་ཛི་ཛ་ལའི་མངའ་བདག་མཛད། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཨེ་རྒྱ་ཧི་ན་མ་ས་མ་ཏི་ནཱ་ག་རུ་པ་ཛ་ལ་ཛ་ལ་གྲྭཧྭ། སྤྱན་དྲངས་པར་ནི་རིག་པར་བྱ། ཨོ་ཨ་ལ་ལ་ཧོ། ནཱ་ག་རྭ་ཛ་པུ་ཙ་ཡ་པུ་ཙ་ཡ་ནཱ་ག་བུས་པ་ཧྲི༷་ཧྲི་སྲུཧྭ། མཆོད་པ་དབུལ་བའོ། །བསད་པ་རྫོགས་དང་གཏད་པ་ནི། །བྱང་བལྟས་ཆུ་མིག་རྡོ་ནག་ཅན། །རྟ་འབག་ཅན་དེར་ཉི་མ་མེད། །དེར་ནི་ཟླ་བའི་ཉི་མ་ལ། །གཏད་པའི་ལས་དག་བྱ་བ་ཡིན། །དེས་ཀྱང་རྟགས་མི་ཕྱིན་པ་ན། །གྲ་མ་སྐྱེར་པར་འོམ་བུའི་ཧོམ། །འོ་མ་སྦྲང་རྩི་ཁྲག་དང་ལྕེ་པོག་བསྲེག །ཀླུ་གནས་ས་རུ་བྱ་བ་ཤིས། །ནཱ་ག་རྭ་ཛ་ས་མ་ཡ། སྙིང་ཁྲག་ལ་ཐུན་མུགས་མུགས་དམ་དམ་ཛུ་ཛུ༷༷ དྲགས་ན་རང་ལ་གནོད་པར་བཤད། །ཆུ་མིག་ཁྲག་ཏུ་འབབ་པར་འགྱུར། །གདོལ་པའི་ཡང་སྙིང་གཏད་ཁྲམ་གྱི་སྐབས་ཏེ་བཅོ་ལྔ་པའོ།། །།བསད་པའི་འཁོར་ལོ་མཐར་ཐུག་པ། །བདུན་པ་གང་ཡང་གྲངས་ཐིམ་ན། །མནན་པའི་ལས་ནི་ཞིབ་ཏུ་བྱ། །དང་པོར་བརྟགས་ཏེ་ནུབ་ཕྱོགས་ནས། །དྲག་པོའི་ཐོད་པ་བླངས་ནས་སུ། །དྲག་སྔགས་གདབ་བའི་ལིང་ག་གཞུག །ཚོན་སྐུད་བྲ་ལག་བཅིངས་ནས་སུ། །རྐང་པ་སྦྲུལ་ནག་སྒྲོག་ཏུ་གཞུག །ཐ་མར་ཝ་ཐོད་དྲག་སྔགས་བྲི། །རྐང་མཐིལ་གཡས་གཡོན་སྦལ་པའི་ཁར། །སྲད་བུ་ནག་པོས་བཅིང་བར་བྱ། །རིགས་བཞི་གནས་སུ་གཏད་པར་བྱ། །རྒྱལ་པོ་དག་ལ་གཏད། །དེ་བཞིན་གཞན་ཡང་ཤེས་པར་བྱ། །རུས་ཕྲན་རྣམས་ནི་དམངས་རིགས་ལ། །ཆུ་མིག་ཁ་དོག་ཕྱོགས་ཀྱིས་བརྟག །འཕྲིན་ལས་རྣམ་བཞིས་གཟིར་བར་བྱ། །མན་ངག་སྤྱིའི་བཅིངས་འདི་དག་གོ །གནས་དང་དུས་སོ་བསྐོས་པ་གསུམ། །རྫས་དང་འཕྲིན་ལས་གསང་སྔགས་གསུམ། །རྒྱུད་དང་ཁུངས་སུ་སྦྱར་བར་བྱ། །དོན་གྱི་མན་ངག་འདི་རྣམས་སོ། །ཀླུ་གཟུགས་རུས་སྦལ་འདྲབ་བྲི། །ཕྱི་རོལ་རིམ་བཞི་སྔགས་ཀྱིས་བསྐོར། །ཨ་ནན་ཏན་ཕུ༷༷ ད་ག་ཤ་ཀ་པེ། མཐའ་ཡས་འཇོག་པོ་ཀར་ཀོ་ཏ། །བ་སུ་གི་དང་སྟོབས་ཀྱི་རྒྱུ། །ནོར་རྒྱས་དུང་སྐྱོང་བ་རུ་སྟེ། །ཕོ་ནག་པོ་ནག་པོ་སྲོག་ལ་ཡ། ཐ་ཐ་བུར་བུར། དགྲ་བོ་མཐར་བརླག །དྲུང་བུར་དྲུང་བུར། དགྲ་བོ་གྱེན་ཤ་སྟམ་པ་ཡ། མཐའ་ཡས་དགྲ་བོ་རྩ་བ་བདུན་རྒྱུད་ལ་ཡ། ཀླུ་ཡི་དམོད་པ་ནག་པོ་ཡིན། གུ་རུ་པདྨ་འབྱུང་གནས་ཀྱིས་ཀླུའི་དམོད་པ་བསྡེབས་པའི་སྐབས་ཏེ་བཅུ་དྲུག་པའོ།། །།དགྲ་གཟུགས་བྲི་ཞིང་བཅའ་བ་ནི། ཁ་མིག་ཡོན་པོར་དོད་པར་བྱ། །ལག་པ་བྲང་ལ་ཞ་བར་བྱ། །གཡས་དང་གཡོན་ན་སྦྲུལ་གྱིས་འཁྱུད། །སྦྲུལ་མགོ་སྤྱི་བོར་གཟུགས་པར་བྱ། །བུ་རམ་ཀ་ར་འདམ་བུ་དང་། །མངར་སྒྱུར་རོ་རྣམས་ཐམས་ཅད་ལ། །བད་ཀར་ར་དཀར་འོ་མས་སྦྱར། །དགྲ་བོའི་མིང་རུས་གཟུགས་ལ་བྱུག །ཀླུ་དང་དགྲ་གཟུགས་ལྟོ་སྦྱར་ལ། །ཚོན་སྐུད་སྣ་ལྔས་བྱང་དུ་གཞུག །གོང་མའི་སྔགས་དང་བཅིངས་པའི་སྔགས། །མགོ་བོར་ཚེར་མི་འཕུར་པས་གདབ། །ཕུར་པ་ཀེ་རེ་སླར་མི་འབྱུང་། །རིགས་བཞི་གནས་པའི་ས་རུ་ནི། ཁྲུ་གང་བརྐོས་བའི་ས་རུ་བྱ། །ཀླུ་གཏོར་དྲི་དང་ལྡན་པ་བསྔོ། །སྔགས་དང་བཅོལ་བ་ལས་བཞིན་བྱ། །རྒྱུན་དུ་ཕྱོགས་དེར་ཆུ་གཏོར་བཏང་། །ཀླུ་ཡི་མིང་དང་གཟུགས་བྱས་ལ། །དགྲ་གཟུགས་གོང་མ་འདྲ་བ་ལ། །གོང་གི་ཐབས་དང་ལས་བཞིན་བྱ། །མང་པོས་བྱས་ན་གདོན་མི་ཟ། །ཧུ༷་ཧུ༷་བ་བ་ནི་ར་ཛུ་ཛུ་ལྭ༷་ཡ་ཞི་ཞི༷་པྲ་ལ་ཤེར་ཤེར་ཐུ༷་ཐུ༷་སོད་སོད། རུ་ལུ་ཤཱ་ག་ཧུ༷་ཕཊ། དགྲ་བོ་ལ་ཀླུ་ནད་ཐོང་། མཛེ་ཐོང་། ཡུངས་ཀར་བསྔགས་ལ་གཟུགས་ལ་བརྡེག །ཀ་མ་ཀ་མེད་བརླག །ནག་པོ་ཀ་མེད་བརླག །རུག་པ་ཀ་མེད་བརླག །གཟིར་ཅིང་མནན་པར་བྱའོ། །ཛ༷༷ཧུ༷་བ༷་ཧོ། དགྲ་བོ་འདི་སྤྲ་ཏ་ཧ་རྣུ་ཆུ༷། སྲོག་ལུས་དབང་པོ་ལྔ་ཆུམ་ཆུམ། ཀླུ་རྒྱལ་གདུག་པ་ཅན་གྱིས་ཆུམ་ཞེས་བཟླས་ཏེ་མནན་ནས། །རྡོ་རྗེ་རྒྱ་གྲམ་གྱིས་གཅད་དོ། །མནན་པའི་སྐབས་ཏེ་བཅུ་བདུན་པའོ།། །།དེ་ནས་ཀླུ་དགྲ་ལ་ལས་བྱེད་པའི་སྔགས་འདིའོ། །གམ་འཛིན་ཆེན་མོས་སྟ་ལ་ལོང་ལ་སོད་ཅིག །ལྕགས་སྲིན་ཆེན་པོས་སྟ་ལ་ལོང་ལ་སོད་ཅིག །གནུགས་སྲིན་ཆེན་པོས་སྟ་ལ་ལོང་ལ་སོད་ཅིག །དགྲ་བོ་འདི་སྟ་ལ་ལོང་ལ་སོད་ཅིག །ཀུ་རུ་སོད་ལ་ལ་སོད། ཡང་ཀུ་སོད། པུ་ཏི་སོད། ཆིན་ཀ་ར་སོད། ཁ་ཊ༷་ག་གུར་ཤ་ན་ཡ་ཕཊ། དགྲ་བོའི་སྲོག་ལུས་རོལ་བར་མརྫོད། །དེ་ནས་ཀླུ་ལ་གཏད་དོ། །ཟླ་བ་ཉ་གསུམ་ལ་ཆུ་གཏོར་ཕྱོགས་སུ་གཏང་ངོ་། །སྲ་བྲུ་བའི་སྔགས་ནི། ཨོ༷་མར་མེར་ཐབས་ཐིབས་གནམ་ས་སྡོད་ཕྱེ། ཞེས་པས་བརྐོས་ལ་འཁོར་ལོས་མནན། འགོང་པོ་སྣ་མེད་ཡན་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།འཛམ་གླིང་ཀླུ་རྣམས་ཐམས་ཅད་ཀུན། །དབང་དུ་བསྡུ་ན་གང་གིས་བསྡུ། །ཟིལ་གྱིས་མནན་ན་གང་གིས་མནན། །ལས་ལ་ན་གཟུད་ན་གང་གིས་གཟུད། །དབང་དུ་རྟ་མགྲིན་རྒྱལ་པོས་བསྡུས། །ཟིལ་གྱིས་བྱ་ཁྱུང་ག་རུས་མནན། །ལས་ལ་ཀླུ་མོ་ནག་མོས་གཟུད། །མནན་པ་དང་གནས་བསྒག་པའི་གསང་སྔགས་སོ། །ཨོ་ལ༷་ཧུ༷་ལ༷་སྟ༷་པ་རསྣ་ནན། ཏབྱཐུ། ཧ་ཏི་ཀ་ཏི། ཀུ་མུ་ལུ་ཀུ་མུ་ལུ། ཤྭ་ཤྭ་ཤུ་ཤུ་ཏི་ཏི་བི་རི་ཧུ་ཡུ་ཧུ་ཡུ། ཧུ་ཧུ་ཛི་ཏི་ཏི་ཛུ་གྲྭཧྭ། ཀླུ་ལ་གནས་བསྒག་པའི་སྐབས་ཏེ་བཅུ་དགུ་པའོ།། །།བརྣག་པའི་དགྲ་ལ་ལས་བྱ་ན། །སྦྲུལ་གཟུགས་འཇིགས་པ་བྱས་ནས་ནི། །དར་དཀར་གྲོ་ག་ཤིང་ལྤགས་ལ། །ནག་པོ་ཀླུ་ཡི་སྙིང་པོ་དང་། །དགྲ་བོའི་མིང་རུས་སྤེལ་ཏེ་བྲི། །ཕ་མེས་ཐོད་པར་སྐྲུལ་གཟུགས་དང་། །ལིང་གར་བཅས་པ་དེར་བྲུབ་ལ། །ཀླུ་ནག་ཡོད་པར་གྲགས་པར་མནན། །ནཱ་ག་བྲེ་ནི་ནཱ་ག་བྲེ་ནི། ནཱ་ག་ནན་རྭ་ཛ་ཧ་ཧ་ཧུ༷་ཕཊ་ཕཊ། གསང་སྔགས་དེ་དག་བཟླས་བྱ་ཞིང་། །ཀླུ་ལ་གཏད་པའི་ལས་ཀྱང་བྱ། །གལ་ཏེ་དུར་དུ་སྦས་བ་ན། །རྩ་བ་དགུ་བརྒྱུད་གཅོད་པར་བྱེད། །ནཱ་ག་ལ་གཏད་པའི་སྐབས་ཏེ་ཉི་ཤུ་པའོ།། །།གནམ་ཁྲམ་ནག་པོ་གཤེད་ཆེན་འདིས། །རིགས་ལྔ་གཏན་ལ་ངེས་པར་འབེབས། །ལོ་དང་ཟླ་བ་ཞག་དང་དུས། །ཕྱོགས་དང་བརྟགས་ཏེ་འབྱུང་བ་བདུན། །ངེས་པར་གཏན་ལ་ཕེབས་ན་ཐེབས། །འགོར་དང་འགྱངས་ལ་ལྡོག་པས་ན། །དུས་འདི་མཚོན་ཆ་རྣོན་པོ་འདྲ། །དེས་ན་གནམ་ཁྲམ་ཤེས་པར་བྱ། །གནམ་ཁྲམ་གྱི་དོན་གྱི་སྐབས་ཏེ་ཉེར་གཅིག་པའོ།། །་།ར་ན་རྒྱལ་པོ་ཝ་གདོང་ཅན། །དེ་ཡི་ལོ་ཡང་རྒྱལ་པོ་སྟེ། །ཟླ་བ་ཡང་ནི་རྒྱལ་པོ་ཡིན། །ཞག་ཀྱང་རྒྱལ་རིགས་ཡིན་པས་ན། །དུས་ཚོད་རྒྱལ་རིགས་ཡིན་པར་བཤད། །ཕྱོགས་ནི་ཤར་ཕྱོགས་རྒྱལ་པོའི་རིགས། །རྟགས་ཀྱང་རྒྱལ་རིགས་ཁོ་ན་སྟེ། །འབྱུང་བ་སྤྲིན་ཡང་རྒྱལ་རིགས་སོ། །རྒྱལ་པོ་རྒྱལ་རིགས་རྗེའུ་རིགས་དང་། །བྲམ་ཟེ་དམངས་དང་གདོལ་པ་སྟེ། །རྒྱལ་རིགས་ཉི་ཤུ་རྩ་ལྔ་ཡིན། །རྒྱལ་པོ་ཝ་གདོང་ཁྲམ་གྱི་སྐབས་ཏེ་ཉེར་གཉིས་པའོ།། །།བྲམ་ཟེ་རྒྱལ་པོ་བོང་གདོང་ཅན། །དེ་ཡི་ལོ་ཡང་བྲམ་ཟེ་སྟེ། །ཟླ་བ་ཡང་ནི་བྲམ་ཟེ་ཡིན། །ཞག་ཀྱང་བྲམ་ཟེ་ཡིན་པས་ན། །དུས་ཚོད་བྲམ་ཟེ་ཡིན་པར་བཤད། །ཕྱོགས་ནི་ལྷོ་ན་བྲམ་ཟེ་གནས། །རྟགས་ཀྱང་བྲམ་ཟེ་ཁོ་ན་སྟེ། །འབྱུང་བ་སྤྲིན་ཡང་བྲམ་ཟེའོ། །བྲམ་ཟེ་རྒྱལ་པོ་རྗེའུ་བྲམ་ཟེ། །དམངས་དང་གདོལ་བ་དེ་བཞིན་ཏེ། །བྲམ་ཟེ་ཉི་ཤུ་རྩ་ལྔ་ཡིན། །བྲམ་ཟེ་བོད་གདོང་གི་གནམ་ཁྲམ་གྱི་སྐབས་ཏེ་ཉེར་གསུམ་པའོ།། །།རྗེའུ་རིགས་རྒྱལ་པོ་ཁྱི་གདོང་ཅན། །དེ་ཡི་ལོ་ཡང་རྗེའུ་རིགས་ཏེ། །ཟླ་བ་ཡང་ནི་རྗེའུ་རིགས་སོ། །ཞག་ཀྱང་རྗེ་རིགས་ཡིན་པས་ན། །དུས་ཚོད་དག་ཀྱང་རྗེའུ་རིགས་སོ། །ཕྱོགས་ནི་ནུབ་ན་རྗེའུ་རིགས་གནས། །རྟགས་ཀྱང་རྗེའུ་རིགས་ཁོ་ན་སྟེ། །འབྱུང་བ་སྤྲིན་ཀྱང་རྗེའུ་རིགས་ཡིན། །རྗེའུ་རིགས་རྒྱལ་པོ་བྲམ་ཟེ་དང་། །དམངས་དང་གདོལ་པ་ལ་སོགས་པ། །རྗེའུ་རིགས་ཉི་ཉུ་རྩ་ལྔ་ཡིན། །རྒྱལ་པོ་ཁྱི་གདོང་གི་ཁྲམ་གྱི་སྐབས་ཏེ་ཉེར་བཞི་པའོ།། །།དམངས་རིགས་རྒྱལ་པོ་བྱ་རོག་གདོང་། །དེ་ཡི་ལོ་ནི་དམངས་རིགས་ཏེ། །ཟླ་བ་ཡང་ནི་དམངས་རིགས་སོ། །ཞག་ནི་དམངས་རིགས་ཡིན་པས་ན། །དུས་ཚོད་དག་ཀྱང་དམངས་རིགས་སོ། །ཕྱོགས་དང་རྟགས་ནི་དམངས་ཀྱི་རིགས། །འབྱུང་བ་སྤྲིན་ཡང་དམངས་རིགས་ཡིན། །དམངས་རིགས་རྒྱལ་པོ་རྗེ་དང་ནི། །བྲམ་ཟེ་གདོལ་པ་ཉི་ཤུ་ལྔ། །དམངས་རིགས་ཞེས་སུ་གསུངས་པ་ཡིན། །བྱ་རོགས་གདོང་གི་ཁྲམ་བསྟན་པའི་སྐབས་ཏེ་ཉེར་ལྔ་བའོ།། །།གདོལ་པ་འཛིན་ཤེས་གཏོང་མི་ཤེས། །དེ་ཡི་ལོ་ཡང་གདོལ་པ་སྟེ། །ཟླ་བ་ཡང་ནི་གདོལ་པ་ཡིན། །ཞག་ཀྱང་གདོལ་པ་ཡིན་པས་ན། །དུས་ཚོད་ཀྱང་ནི་གདོལ་པའོ། །ཕྱོགས་དང་འབྱུང་བ་རྟགས་དང་ནི། །གདོལ་པ་ཉི་ཤུ་རྩ་ལྔ་ཡིན། །ནག་པོ་གདོལ་བའི་ཁྲམ་གྱི་སྐབས་ཏེ་ཉེར་དྲུག་པའོ།། །།སྤྲུལ་པ་རིགས་ལྔའི་ཀླུ་བདག་འདི། །གཤིན་རྗེ་ཡ་མ་རྭ་ཛ་ཤར། །ལྷོ་ན་མྱོས་བྱེད་འབར་བ་གནས། །ནུབ་ན་ཨརུ་མ་རུའོ། །བྱང་ན་རལ་པ་ཚར་དགུ་ཡིན། །བྱང་ཤར་འཆི་བདག་ནག་པོ་ཡིན། །ཀླུ་ཡི་རིགས་ཀྱི་བདག་པོ་སྟེ། །གཤིན་རྗེ་ཞེས་སམ་འཆི་བའི་བདག །གནམ་ཁྲམ་ཐམས་ཅད་དེ་ཡི་ཕྱེ། །གཤིན་རྗེའི་སྐབས་ཏེ་ཉེར་བདུན་པའོ།། །།དེ་ནས་གསང་བའི་ཡེ་ཤེསཆེན་པོ་ཤར་བ་ནི། །ཨོ་ཕེ་ལ༷་ཧུ༷། སྐུའི་འབྲུ་བཞི་པའོ། །ཧུ༷་ཁྲ༷། བྲི་ཙུ། ཐུགས་ཀྱི་འབྲུ་བཞི་བའོ། །ཨེ་བ༷་ཁྲམ་ཙུ། གསུང་གི་འབྲུ་བཞི་པའོ། །ཕ༷་ཁྲ༷་ཛ་ཏི། ཡོན་ཏན་གྱི་འབྲུ་བཞི་པའོ། །བྲུ༷་ཁྲ༷་ཀྲ༷་སྲུ༷། འཕྲིན་ལས་ཀྱི་འབྲུ་བཞི་པའོ། །ཕེ་ལ༷་ཙུ་ཁྲ༷། བརྣག་པའི་འབྲུ་བཞི་པའོ། ཁྲོ་རུ་ཀ་་ །བྱ་ཁྱུང་གི་འཐུ་བཞི་པའོ། ཁྲི་པས་ཁྲོ། བྱ་ཁྱུང་གསུམ་གིའོ། །ཧ་པ་ཁྲི་ཁྲོ༷། བྱ་ཁྱུང་ཐུགས་ཀྱིའོ། །འབྲུ་བཞི་འདི་དག་ཡེ་ཤེས་ལྷཡི་སྙིང་པོ་ཡིན། །བྲིས་ནས་ལུས་ལ་བཏགས་ན་གོ་ཆར་འགྱུར། །གསེར་རམ་དངུལ་ལམ་རིན་ཆེན་ཐེཌརླ། །སྦྲུལ་ཤུན་ལ་སོགས་དེ་ཡི་བྲ་བར་བཤད། །ས་མ་ཡ་བརྣག་པ་ན་ར་སྐན། །བརྣག་པ་སྙིང་ལ་དགོངས་པ་ཡི་གེ་འབྲུ་བཞིའི་སྐབས་ཏེ་ཉེར་བརྒྱད་པའོ།། །།གཏད་ཁྲམ་ནག་པོ་གསང་བའི་གཟེར། །གཏི་མུག་ལས་གྱུར་གདོལ་པ་གསུམ། །གཉན་ནི་ནམ་མཁའ་དག་ལ་གནས། །ས་བདག་རི་དང་ས་གཞི་ལ། །ཀླུ་ནི་ཆུ་ལ་གནས་ལ་ཡིན། །གཉན་པོ་ཆུ་དང་ཤིང་ལའང་གནས། །ཆུ་མིག་ལུ་མར་འདུག་པ་ལས། །གོས་སྔོན་པྲ་མོའི་རིགས་དག་གནས། །ཆུ་མིག་ཆུ་མ་ཤོར་བ་ལ། །གདུག་བྱེད་ནག་པོ་ལྐུག་པ་གནས། །ས་བདག་ནུབ་བལྷས་ཆུ་མིག་ན། །ནཱ་ག་ནག་པོ་བྲམ་ཟེ་གནས། །ནུབ་བྱང་བལྟས་པའི་ཆུ་མིག་ན། །བཙན་དང་བྲམ་ཟེ་མོའི་རིགས་གནས། །བྱང་ཤར་བལྟས་པའི་ཆུ་མིག་ན། །དམངས་རིགས་ནག་པོ་གནས་པ་ཡིན། །ལྷོ་ན་ཀླུ་ནི་སེར་པོ་གནས། །ས་གཞི་ནག་པོ་སྦྲུལ་ཅན་ན། །ནག་པོ་མགོ་དགུ་གནས་པ་ཡིན། །ས་དམར་སྣུམ་བག་ཅན་དག་ན། །དམར་པོ་ལྐུག་པ་ཞེས་པ་གནས། །སེར་པོ་སྣུམ་བག་ཅན་དེ་ན། །བྲམ་ཟེ་ལྐུག་པ་བྱ་བ་གནས། །བྲག་སྣ་འདོར་དང་བ་ཚ་ཅན། །རོ་སྐམས་མཚེ་ན་ཀླུ་བཙན་གནས། །ཆུ་མིག་གདོང་ནི་མིག་ཡིན་ནོ། །འདོམ་དོ་པ་ནི་སྙིང་ཁར་འདོད། །གསུམ་པ་ལྟེ་བ་ཡིན་པར་བཤད། །དོང་ནས་འདོམ་གང་ཁ་ཡིན་ནོ། །ཆུ་མིག་བརྟག་པའི་སྐབས་ཏེ་ཉེར་དགུ་པའོ།། །།ས་ཕྱོགས་དབེན་པ་གནོད་སྤྱིན་གནས། །གཟའ་སྦྱང་ཆེན་པོ་བསྒྲུབ་པར་བྱ། །འབྲས་ཆེན་རྩི་སྨན་འོ་མ་དང་། །ཏིལ་དང་ར་ཁྲག་རྩི་ཏས་མཆོད། །སྲོག་གི་སྙིང་པོ་འདི་དག་གོ །ཨོ་པ་ཤི་མ་གི་ཏུ་ཏུ་མ་ཏི་ཀི་ཛ་ལ་ཏེ་ས་མ་ཡ་ཛུ་ཛུ། རྟགས་རྣམས་བྱུང་ནས་གསུང་པ་ཙམ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག །འཇིགས་བྱེད་ཆེན་པོ་སྤྲུལ་པ་ནི། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་ཐམས་ཅད་མིག་གིས་ཁེངས། །སྐུ་མདོག་བརྗིད་པའི་སྨུག་ནག་ལ། །ཕྱག་གཡས་ཆུ་སྲིན་ཞགས་པ་ཐོགས། །གཡོན་པ་སྦྲུལ་གྱི་ཞགས་པ་ཐོགས། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་འཚོས་བའི་རྫུ་འཕྲུལ་ཅན། །མིང་བརྒྱ་པོ་ལ་མཁན་སྟོང་པོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །བར་སྣང་ཁམས་ན་གནས་པའི་ཚེ། །འཇིག་རྟེན་ཁམས་རྣམས་ཞབྲུག་པར་བྱེད། །ཉི་མ་ཟླ་བ་ཟས་སུ་ཟ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །ཀླུ་རྒྱལ་མ་ལུས་ཞབྲུག་ཅིང་བཀྲག །ཐོག་དང་སེར་བ་སྐར་མདའ་སྟོང་། །འཇིགས་བྱེད་རོག་ཏི་མི་བསྒྲུངས་པ། །དམ་རྫས་གཏོར་མ་འབུལ་ལགས་ཀྱིས། །སྡང་བའི་བགེགས་དང་དགྲ་བོ་ལ། །གློ་བུར་ནད་དང་ཀི་ཀང་ཕོབ། །དེ་སྐད་བསྐུལ་ལ་བསད་པ་བརྩམ། །ཨོ༷་ཁ་ཤ་བ་རི་ཐུན་རིལ། ཨོ་ཁ་བྲ་དུ་ནི་ལྐུགས། །སྣ་ལ་སེ་ལང་ཀྲི་ཏི་རྨུགས་རྦད་ཡ། གཟའི་ཁྲམ་ཤོད་བཏང་བའི་སྐབས་ཏེ་སུམ་ཅུ་པའོ།། །།དེ་ནས་ཡམ་ཤུད་དམར་པོ་ལ། །འབྲུ་སྐྱེམས་བཤོས་བུས་མཆོད། །ལུག་ཀྱང་བརྒྱན་དུ་བརྩལ་བྱས་ལ། །བཤོས་བུ་རི་རབ་འདྲ་བར་བརྟག །ཧ༷་ཤ༷་ཏྲི་དམ་བཙལ་ཏྲི་རག་མ་ས་མ་ཡ་ཛ་ཛ། དེས་ནི་སྲོག་བདག་མྱུར་དུ་འོང་། །ཀྱེ་འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ནས། །བདུད་དང་གཤིན་རྗེ་དེ་ན་གནས། །གཞལ་ཡས་དམར་པོའི་བསེ་མཁར་ནས། །མི་རེད་དམར་པོ་མདུང་ཙམ་ཅིག །ཆིབས་སུ་བྱ་ཁྱུང་སྨུག་པོ་ཆིབས། །ཕྱག་ན་རྒྱལ་མཚན་རུ་མཚོན་འཕྱར། །སྤྲུལ་པ་མི་དམར་རྟ་དམར་འགྱེད། །མངག་གཞུག་འགོང་པོ་དཔུན་དགུ་འགྱེད། །སྒྲོལ་གིང་ཆེན་པོར་དམ་བཅས་པ། །འབྲུའི་གཏོར་མ་ཆང་དང་ནི། །དམ་རྫས་སྤྱན་གཟིགས་སྣ་ཚོགས་འབུལ། །གསོལ་ལོ་ཡམ་ཤུད་དམར་པོ་མཆོད། །ཏྲི་ཁ་ཐུན་སྨྱོ། ཏྲི་ཁ་ཐུན་སྨྱོ། མུ་ར་ཡ་ཐིག་ཐིག་སྨྱོ། ཞེས་པས་རྦད་པའི་ལས་བྱའོ། །སྲོག་བདག་དམར་བོས་བསད་པའི་སྐབས་ཏེ་སོ་གཅིག་པའོ།། །།གཏད་ཁྲམ་གསང་བའི་ལས་ཅིག་ལ། །ཐོད་ཆེན་ནང་དུ་མིང་རུས་གཞུག །ཐལ་འདག་དག་གིས་ཁ་གཅད་ལ། །དྲག་པོའི་སྔགས་འདི་གདབ་པར་བྱ། ཁྲ་ལ་རྔ་མོ་ཆུམ། ཤ་ལ་རྔ་མོ་ཐུན། ཤ་ལ་རྔ་མོ་ནན། དེ་ཡི་དམོད་པ་འདི་ཡིན་ནོ། །སྡིག་ཅན་ཁྱོད་ཀྱིས་ཅི་མ་བྱས། །རི་རབ་ཆེན་པོའི་འོག་ཏུ་གཞུག །འཁོར་ལོ་ཆེན་པོའི་རྩིབས་ལ་བསྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྒྱུར། །ཅེས་བརྗོད་ལ་མནན་པ་བྱའོ། །ཀླུའི་དམོད་པ་ནག་པོ་སྐབས་ཏེ་སོ་གཉིས་པའོ།། །།ཡང་ནི་གཏད་ཁྲམ་ལས་དག་ལ། །ཐོད་པར་མིང་རུས་བཅུག་པ་ལ། ཁྲག་དང་སོལ་ཕྱེས་སྔགས་འདི་གདབ། །སྟུ༷་ན་ག་པོ་སོད། སྨྱུ་ར་ཡ་ཏྲིམ་སོད་ནཱ་ར་ཡ་ཏྲི་ཡ༷་སོད། །ཙཀྲ་དུ་རྦད། ཙཀྲ་དུ་ཏྲི་རྦད། ཙཀྲ་དུ་ཏྲི་སོད། ཤ་ལ་རྔམ་མོ་ཆུམ། ཤ་ལ་རྔ་མོ་ནན། གླང་དམར་ཐོད་པའམ་ཐོད་ཆེན་མནན། ཀླུ་མགོ་ནག་པོའི་སྐབས་ཏེ་སོ་གསུམ་པའོ།། །།ཨོ༷་ཏ་ཀི་ཙ་ཀྱི་ཤུ་མུ་ལ། ཤཤ་ཤུ་ཤུ་ཏི་ཧེ་བ་རེ་ཧུ་ལུ་ཧུ་ལུ་གྲྭཧྭ། ཀླུའི་རྒྱལ་པོ་བྱ་ཁྱུང་ག་རུའི་གསང་སྔགས་ཀྱི་སྐབས་ཏེ་སོ་བཞི་པའོ།། །།རོ་མ་གཏད་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱི་རིམ་པ་བསྟན་པ། དགོས་པའི་ཡི་གེ་བསྟན་པ་རིན་པོ་ཆེའི་བསྲུངས་མ། གསང་བའི་དོན་བསྟན་པ་ཀླུའི་རྒྱལ་པོ་གསང་བའི་ལུང་། རྒྱ་གར་གྱི་མཁས་པ་ཀ་མ་ལ་ཤི་ལ་དང་། པདྨ་འབྱུང་གནས་ཀྱིས་ཚངས་པ་ཀླུ་ཁང་དུ་གཏམས་པ་རྫོགས་སོ།། །།ལེའུ་གྲངས་སུམ་ཅུ་རྩ་བཞི་པ། མཁས་པས་བརྟགས་ཏེ་སྡེབ་པར་བྱའོ། །འདི་བས་དཀོན་པའི་ཡིག་སྣ་མེད་པ་ཡིན།། །།