Ngb-pt-0913-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ག་རུ་ཊ་མ་རི་ཀེམ་ཀེ་ཀརྨ་ཏན་ཏྲ། བོད་སྐད་དུ། བྱ་་ང་གློག་འགྱུའི་ལས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་གླིང་། ས་བདག་ཀླུ་གཉན་གྱི་ཕོ་བྲང་གྲོང་ཁྱེར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་ཁྱུང་གི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཕྱོགས་བཅུའི་འཇིག་རྟེན་ལས་ཀྱི་ཁྱུང་བསམ་གྱིས་མི་ཁྱབ་པ་ང་་་བས་ཅིག་ཏུ་བཞུགས་སོ། །དེ་ནས་གནོད་སྤྱིན་གྱི་དེད་དཔོན་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་འཇིག་རྟེན་ཁམས་ན། གནོད་སྦྱིན་གྱི་གདུག་པས་ཟིན་པའི་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ལ། ལས་གང་དང་གང་གིས་ཕན་གདགས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །ཡི་དྭགས་ཀྱི་གདུག་པས་ཤིན་ཏུ་ཉོན་མོངས་པར་གྱུར་པའི་སེམས་ཅན་ནི་བསམ་གྱིས་མི་ཁྱབ་ཀྱང་། ཕན་གདགས་པའི་ཆོ་ག་ཁྱུང་གི་ལས་བརྒྱ་རྩ་བརྒྱད་བསྟན་གྱིས། ལག་ན་རྡོ་རྗེ་ཡིད་ལ་བཟུང་ལ་ཉོན་ཅིག །ཁམས་གསུམ་གྱི་སེམས་ཅན་ནི། །སྡུག་བསྔལ་བརྒྱ་དང་གསུམ་གྱིས་བཙས་པ་འདི་དག །སྲིད་པའི་འཁོར་ལོར་ཡང་ནས་ཡང་དུ་འཁོར་བ། རྣམ་པར་རྟོག་པ་ལས་བྱུང་བའི་བགེགས་ཀྱིས་དུས་ཐམས་ཅད་གཙེ་བ་རྟོགས་པའི་ནད་དང་རྒྱུན་དུ་མི་འབྲལ་བ་ལས་ལས་བྱུང་བའི་རྐྱེན་གྱིས་དུས་མེད་དུ་གཙེ་བ་ལས་བཟློག་པའི་ཆོ་ག་བསྟན་པར་བྱའོ། །ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་གདུག་པ་ཅན་ཐམས་ཅད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབུའི་གཙུག་གནས་འོད་ཟེར་རྣམ་པ་ལྔ་བྱུང་སྟེ། སྟེང་གི་ཕྱོགས་སུ་འོད་ཟེར་འཕྲོས་པས། སྟེང་གི་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་གདོན་གྱིས་ཟིན་པའི་སྡུག་བསྔལ་བ་ཐམས་ཅད་ལས་གྲོལ་བར་གྱུར་ཏོ། །ལྗགས་ཀྱི་རྩེ་མོ་ལ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྔགས་ཀྱི་ཡིག་འབྲུར་འཕྲོས་པ། བར་སྣང་ཁམས་ཀྱི་སེམས་ཅན་གདོན་གྱིས་ཟིན་པའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་གྱུར་ཏོ། །ཞབས་ཀྱི་མཐེ་མོང་གཡས་པ་ལས་ཁྱུང་བསམ་གྱིས་མི་ཁྱབ་པ་བཏོན་ཏེ། འོག་གི་ཕྱོགས་སུ་འཕྲོས་པས། ས་བདག་ཀླུ་གཉན་གྱི་གདོན་གྱིས་ཟིན་པའི་སྡུག་བསྔལ་བ་ཐམས་ཅད་ལས་གྲོལ་བར་གྱུར་ཏོ། །དེ་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་པར་གྱུར་པ། ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཐམས་ཅད་མཐོང་ནས། ཤིན་ཏུ་ངོ་མཚར་བར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ངོ་མཚར་བས་བསྟོད་དོ། །ཨེ་མའོ་བྱམས་མགོན་ཐུགས་རྗེ་ཅན། །སེམས་ཅན་ཉོན་མོངས་པ་རྣམས་ལ། །ཐུགས་རྗེའི་ཉི་མ་རབ་ཏུ་ཤར། །རྟོག་པ་འཇོམས་མཛད་ཕྱག་འཚལ་བསྟོད། །ཨེ་མ་རྨད་བྱུང་ཡ་མཚན་དབུ། །འོད་ཟེར་རྣམ་ལྔ་རབ་ཏུ་ཤར། །གདུག་པའི་ནད་རྣམས་ཀུན་ཏུ་བྱུང་། །སེམས་ཅན་བདེར་འགྲོལ་ངོ་མཚར་བསྟོད། །བཅོམ་ལྡན་ལྗགས་ཀྱི་པདྨ་ལས། །འོད་ཟེར་དྲག་པོའི་སྔགས་འཕྲོས་པས། །གདུག་པའི་ཚོགས་རྣམས་ཀུན་ཏུ་བཅོམ། །ཐུགས་རྗེ་ཉིད་འོད་བསྟོད་ཕྱག་འཚལ། །བཅོམ་ལྡན་ཞབས་གཡས་མཐེ་བོང་ལས། །བསམ་གྱིས་མི་ཁྱབ་ཁྱུང་བཏོན་ཏེ། །ས་བདག་ཀླུ་ཡི་གདུག་པ་བཅོམ། །བདེ་ལ་དགོད་མཛད་ཕྱག་འཚལ་བསྟོད། །ཨེ་མའོ་བྱམས་མགོན་ཐུགས་རྗེ་ཅན། །གདུག་པའི་ནད་ལས་ཀུན་གྲོལ་མཛད། །གཞན་དོན་འབའ་ཞིག་མི་སྐྱོ་བའི། །ཉི་ལྟར་སྙོམས་ལ་ཕྱག་འཚལ་བསྟོད། །ཅེས་འཁོར་རྣམས་ཀྱིས་བསྟོད་དོ། །གདུག་པ་ལས་གྲོལ་བའི་སེམས་ཅན་རྣམས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས། བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་པ། ཨེ་མའོ་ཐུགས་རྗེ་ཆེན་པོའི་བདག །ཐུགས་རྗེ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡང་དག་ཡེ་ཤེས་འོད་འཕྲོས་པས། །བདག་དང་ཉོན་མོངས་སྡུག་བསྔལ་བཅོམ། །ཡེ་ཤེས་ཟེར་གྱིས་རྣམ་རྟོག་བསྲེགས། །ཐུགས་རྗེ་ཉི་མའི་འོད་བཞིན་ཤར། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །བྱམས་པའི་ཆུ་བོའི་རྒྱུན་བཞིན་དུ། །སེམས་ཅན་ཀུན་ལ་འབབ་པར་མཛད། །སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །འགྲོ་བའི་དོན་རྣམས་རྟག་ཏུ་མཛད། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། འཁོར་དུ་འཁོད་པར་གྱུར་ཏོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་བྱ་བའི་རིམ་པ་བཀའ་སྩལ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །ངས་ཁྱུང་གི་ལས་བརྒྱ་རྩ་བརྒྱད་བསྟན་པར་བྱའོ། །སྐུའི་དཀྱིལ་འཁོར་དང་། གསུང་གི་དཀྱིལ་འཁོར་དང་། །ཐུགས་ཀྱི་དཀྱིལ་འཁོར་སྟེ། དཀྱིལ་འཁོར་རྣམ་པ་གསུམ་གྱི་ལས་བརྒྱ་རྩ་བརྒྱད་ཀྱི་གཞི་གཟུང་བར་བྱའོ། །དེ་ལ་གསུང་གི་དཀྱིལ་འཁོར་ནི་འདི་དག་གོ །ཨོ་བཛྲ་ག་རུ་ཊ་ཧཱུཾ། ཨོ་བུརྙ་ག་རུ་ཊ་ཧུ༷། ཨོ་བཛྲ་རཏྣ་ག་རུ་ཊ་ཏྲ༷། ཨོ་པདྨ་ག་རུ་ཊ་ཧྲི། ཨོ་ཀརྨ་ག་རུ་ཊ་ཨ། ག་རུ་ཊ་ཡཀྟ། ག་རུ་ཊ་ཡ་མ། ག་རུ་ཊ་ཧུ་ལུ། ག་རུ་ཌ་ཙིན་ད། ཨེ་པྲཛི་ག་རུ་ཊ། བམ་་པ་ག་རུ་ཊ། མ་ཨུ་ལོ་ཀེ་ག་རུ་ཊ།ཡ་གན་དྷི་ག་རུ་ཊ། ཛ་ག་རུ་ཊ། ཧུ༷་ག་རུ་ཊ། བ༷་ག་རུ་ཊ། ཧོ་ག་རུ་ཊ། ཞེས་བྱ་བ་ནི། གསུང་གི་དཀྱིལ་འཁོར་རོ། །དེ་ནས་སྐུ་ཡི་དཀྱིལ་འཁོར་ནི། །འཁོར་ལོ་རྩིབས་བཞི་དཀྱིལ་འཁོར་ལ། ཁྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །རྟ་བས་རོལ་མོ་ཀུན་གྱིས་བརྒྱན། །སྣ་ཚོགས་རྒྱན་གྱིས་རབ་ཏུ་བརྒྱན། །དེར་ནི་སྐུ་ནི་རབ་ཏུ་བསྐྱེད། །དབུས་སུ་རྡོ་རྗེ་ཁྱུང་ཆེན་ནི། ཁྲར་དུ་འཁོར་ལོ་ཁྱུང་ཆེན་ཏེ། །ལྷོར་ནི་རིན་ཆེན་ཁྱུང་ཆེན་ཏེ། །ནུབ་ཏུ་པདྨའི་ཁྱུང་ཆེན་ནོ། །བྱང་དུ་ལས་ཀྱི་ཁྱུང་ཆེན་ཏེ། །ཕྱོགས་བཞི་དབུས་དང་ལྔ་ལའོ། །དབུས་སུ་རྡོ་རྗེ་ཁྱུང་ཆེན་ནི། །ཤར་དུ་གནོད་སྤྱིན་ཁྱུང་ཆེན་ཏེ། །ལྷོར་ནི་གཤིན་རྗེ་ཁྱུང་ཆེན་ནོ། །ནུབ་ཏུ་དབང་མཆོག་ཁྱུང་ཆེན་ཏེ། །བྱང་དུ་ཁྲོ་རྒྱལ་ཁྱུང་ཆེན་ནོ། ཁྲར་ལྷོར་མེ་ཏོག་ཁྱུང་ཆེན་ཏེ། །ལྷོ་ནུབ་བདུག་སྤོས་ཁྱུང་ཆེན་ནོ། །ནུབ་བྱང་མར་མེའི་ཁྱུང་ཆེན་ཏེ། །བྱང་ཤར་དྲི་ཆུའི་ཁྱུང་ཆེན་ནོ། ཁྲར་ཏུ་ལྕགས་ཀྱུའི་ཁྱུང་ཆེན་ཏེ། །ལྷོར་ནི་ཞགས་པའི་ཁྱུང་ཆེན་ནོ། །ནུབ་ཏུ་ཁྱུང་ཆེན་ལྕགས་སྒྲོག་སྟེ། །བྱང་དུ་ཁྱུང་ཆེན་རལ་གྲིའོ། །དེ་ལྟར་ཁྱམས་དང་སྒོ་རྣམས་སུ། །ཁྱུང་ཆེན་རྣམས་ནི་བསྐྱེད་པར་བྱའོ། །ཨོ་དང་ཧུ༷་དང་ཏྲ༷་དང་ཧྲེ། །ཨ་སྟེ་གཙོ་བོ་རྣམས་བསྐྱེད་དོ། །ཨེ་བ༷་མ་ལྭ་བཞི་ལས་ནི། །ཁྱུང་ཆེན་མ་བཞི་བསྐྱེད་པར་བྱ། །ཧུ༷་དང་སྭ་དང་ཧྲི་དང་ཧ། །ཕྱོགས་ཀྱི་ཁྱུང་ཆེན་བསྐྱེད་པར་བྱ། །ཛ༷༷ཧུ༷་བ༷་ཧོ་བཞི་ལས་ནི། །སྒོ་ཡི་ཁྱུང་ཆེན་རབ་ཏུ་བསྐྱེད། །སོ་སོའི་ཁ་དོག་རྣམ་བཞི་ནི། །དཀར་པོ་སེར་པོ་དམར་པོ་དང་། །དམར་པོ་ལྗང་ཁུའི་མདོག་ཏུ་འོང་། །གཙོ་བོ་རྣམས་ཀྱི་ཕྱག་མཚན་ནི། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་བསྣམས་པའོ། །མཚམས་ཀྱི་ཁྱུང་ཆེན་མོ་རྣམས་ནི། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཕྱག་ན་བསྣམས་བའོ། །ཕྱོགས་ཀྱི་ཁྱུང་ཆེན་བཞི་རྣམས་ནི། །དཀར་པོ་སྔོན་པོ་དམར་པོ་དང་། །ལྗང་ཁུ་དག་གི་མདོག་ཏོཇོ། །ཁྱུང་གི་མ་བཞི་སྒོ་བ་ཡང་། །སྐུ་མདོག་དེ་བཞིན་ཤེས་པར་བྱ། །སྐེ་ཚེ་ཀ་ར་བྲི་ར་དང་། །བལ་པོ་སེའུ་དང་བསེའི་ལྕགས་རྣམས། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །རལ་གྲི་ཕྱག་ན་བསྣམས་པའོ། །དེ་དག་སྐུ་ཡི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་བསྟན་པར་བྱ། །སོ་སོའི་ལྷ་རྣམས་ཕྱག་རྒྱ་སྟེ། །ས་མ་ཡ་སྟུ༷་ཞེས་བརྗོད་ལ། །སོར་མོ་ཕན་ཚུན་བསྣོལ་བྱས་ལ། །གུང་མོ་གཉིས་བཤིབས་གྱེན་དུ་བསྒྲེངས་། མཐེ་བོང་མཐེའུ་ཆུང་ཕྱོགས་སུ་བརྐྱང་། །རྡོ་རྗེ་ཁྱུང་ཆེན་ཕྱག་རྒྱ་ཡིན། །རྡོ་རྗེ་ཐལ་མོ་རྒྱབ་སྤྲད་དེ། །མཛུབ་མོ་མཐེའུ་ཆུང་བསྣོལ་བྱས་ལ། །སོར་མོ་ལྷག་མ་ཀུན་གཏོར་ལ། །ཁྱུང་ཆེན་འཁོར་ལོའི་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །གུང་མོ་གཉིས་གཤིབས་གྱེན་དུ་བསྒྲེང་། །མཛུབ་མོ་གཉིས་ནི་གློ་རུ་གཟུགས། །རིན་ཆེན་ཁྱུང་ཆེན་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །སོར་མོ་རྣམས་ཀྱི་ཁ་འབྱེད་པ། །པདྨའི་ཁྱུང་ཆེན་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །གུང་མོ་གཉིས་པོ་གྱེན་དུ་བསྒྲེང་། །ཁྱུང་ཆེན་རལ་གྲིའི་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །མེ་ཏོག་འཛིན་བའི་ཚུལ་བྱེད་པ། །ཁྱུང་ཆེན་མེ་ཏོག་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །བདུག་སྤོས་འདེགས་པའི་ཚུལ་བྱེད་པ། །ཁྱུང་ཆེན་བདུག་སྤོས་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །མར་མེ་འདེག་པའི་ཚུལ་བྱས་པ། །ཁྱུང་ཆེན་མར་མེའི་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །དུང་ཕོར་འཛིན་པའི་ཚུལ་བྱས་པ། །ཁྱུང་ཆེན་དྲི་ཡི་ཕྱག་རྒྱ་ཡིན། །སོར་མོ་ཕན་ཚུན་བསྣོལ་བ་ལས། །རྡོ་རྗེ་འཛིན་པའི་ཚུལ་བྱེད་པ། །གནོད་སྤྱིན་ཁྱུང་ཆེན་ཕྱག་རྒྱ་ཡིན། །རྡོ་རྗེ་ལག་པ་གཡོན་པ་ཡིན། །གཡས་པའི་འཁྲིག་མ་བཟུང་ནས་ནི། །གཤིན་རྗེ་ཁྱུང་གི་ཕྱག་རྒྱ་ཡིན། །སོར་མོ་པདྨའི་ཚུལ་བྱེད་པ། །དབང་གི་ཁྱུང་ཆེན་ཕྱག་རྒྱ་ཡིན། །མཐེའུ་ཆུང་ལུ་གུ་རྒྱུད་བསྣོལ་ཞིང་། །གཡས་ཀྱི་སོར་མོ་བརྐྱང་བྱས་པ། །ཁྱུང་ཆེན་རལ་གྲིའི་ཕྱག་རྒྱ་ཡིན། །མཛུབ་གཉིས་ལྕགས་ཀྱུ་ལྟར་བྱས་ལ། །ཁྱུང་ཆེན་ལྕགས་ཀྱུའི་ཕྱག་རྒྱ་ཡིན། །ལག་ཞོབྲིག་གཉིས་བསྣོལ་བཞག་པ་ལྟར། །བྱས་ཏེ་འདྲེན་པའི་ཚུལ་བྱེད་པ། །ཁྱུང་ཆེན་ཞགས་པའི་ཕྱག་རྒྱ་ཡིན། །མཐེབ་མཛུབ་གཉིས་ནི་ལུ་གུ་རྒྱུད། །ལྕགས་སྒྲོག་ཁྱུང་ཆེན་ཕྱག་རྒྱ་ཡིན། །ལག་གཡས་གུང་མོ་བསྒྲེང་བྱས་པ། །ཁྱུང་ཆེན་འབེབས་བྱེད་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ། །ལས་ཀྱི་ཕྱག་རྒྱ་ཤེས་པར་བྱ། །སོ་སོའི་སྔགས་རྣམས་བརྗོད་པ་ནི། །ཆོས་ཀྱི་ཕྱག་རྒྱར་ཤེས་པར་བྱ། །དེ་དག་ཐམས་ཅད་ལྡན་པར་ནི། །ཕྱག་རྒྱ་ཆེན་པོར་རབ་ཏུ་བརྗོད། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱིས། །གདུག་པ་མ་ལུས་སྒྲོལ་བར་བྱེད། །སྐུ་གསུང་ཐུགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་མཆོད་པའི་རིམ་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །ཆོ་གའི་རིམ་པ་ངས་བཤད་ཀྱིས། །མཆོད་པ་རྒྱ་ཆེར་བྱ་བ་དང་། །བསྙེན་ཅིང་བསྒྲུབ་པར་བྱ་བའོ། །དང་པོར་ས་ནི་བཟུངས་བྱས་ཏེ། །སེམས་ཀྱི་དབང་དང་རྫོགས་སངས་རྒྱས། །ཡིད་མཐུན་པ་ནི་བཟུང་བའོ། །སེམས་བཟུངས་པ་དེ་བྱིན་གྱིས་བརླབས། །བྱིན་བརླབ་རྣམ་པ་གཉིས་ཡིན་ཏེ། །ཆོས་ཀྱི་དབྱིངས་སུ་བྱིན་བརླབས་དང་། །སྐུ་ལ་གཟུངས་སུ་བྱིན་བརླབས་པའོ། །ཆོས་ཀྱི་དབྱིངས་སུ་བྱིན་བརླབས་པ། །སྔགས་དང་ཕྱག་རྒྱ་འདི་ཡིས་བརླབས། །ཨོ་དྷརྨ་དྷ་དུ་སྭ་བྷ་ཝ་ཨུདྨ་ཀོ྅ཧ༷། ཞེས་བརྗོད་ཅིང་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ས་གཞི་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རང་བཞིན་རྣམ་པར་དག་པར་བྱིན་གྱིས་བརླབས་པའོ། །ལག་པ་ཐལ་མོ་སོ་སོར་བཀྱེད་ལ། ཨོ་དུ་པ་ཀྭ་ཡ་པྲེ་ཏིསྣྲོ་བ༷། །ཞེས་བརྗོད་པས་སྒྱུ་མའི་གཟུགས་སུ་བྱིན་གྱིས་བརླབས་སོ། །དེ་ལྟར་ས་གཞི་བྱིན་གྱིས་བརླབས་སོ། །ཡོན་ཆབ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ལ་སོགས་པས་མཆོད། །དེ་ནས་ས་ཡི་ལྷ་མོ་ལ། །སྦྲན་བཏང་མཆོད་པ་གཞུངབཞིནབྱ། །དེནས་དངོས་གྲུབ་ནོད་པའི་ཕྱིར། །བསྙེན་པར་བྱ་བའི་ལྷ་རྣམས་ལ། །དབང་བསྐུར་དངོས་གྲུབ་བླང་བར་བྱ། །སྟ་གོན་ལ་སོགས་ཆོ་ག་བྱ། །གཞུད་དང་མཐུན་པའི་རྫས་རྣམས་ཀྱིས། །ལྷ་རྣམས་ལ་ནི་རབ་ཏུ་མཆོད། །དངོས་གྲུབ་རབ་འབྲིང་གང་ཐོས་པའི། །ལྟས་ཀྱང་ཚུལ་བཞིན་བལྟ་བར་བྱ། །དེ་ནས་དཀྱིལ་འཁོར་ཆེན་པོ་ཡི། །མཆོད་པ་ལ་ནི་རབ་ཏུ་འཇུག །སྣ་ཚོགས་དྲི་ཡིས་ཆག་ཆག་གདབ། །འཇིག་རྟེན་འདས་པའི་ལྷ་རྣམས་ལ། །སྣ་ཚོགས་དྲི་ཡི་ཐིག་ལེ་བྱ། །འཇིག་རྟེན་པ་ཡི་གདུག་པའི་དོན་རྣམས་ནི། །སྤོས་དང་ས་་གྱི་ཐིག་ལེ་བྱ། །དེ་ནི་ཐིག་ལེའི་ལྷ་རྣམས་ལ། །མཆོད་པ་རྣམས་ཀྱིས་ཚུལ་བཞིན་མཆོད། །ཚོན་སྣ་ལྔ་དག་ཐིག་སྐུད་ནི། ཁྱུང་ཆེན་ལྔར་ནི་བྱིན་གྱིས་བརླབས། །རང་བཞིན་ཐིག་ནི་ནམ་མཁའ་ལ། །བཏབ་སྟེ་དཀྱིལ་འཁོར་བྱིན་བརླབ་བོ། །གཟུགས་བརྙན་ཐིག་ནི་མཎྜལ་ལ། །བརྟེན་ཏེ་དཀྱིལ་འཁོར་བྲི་བར་བྱ། ཁྲུ་བཞི་པའམ་བརྒྱད་དག་གིས། །དཀྱིལ་འཁོར་བྱས་ཏེ་ཚངས་ཐིག་གདབ། །སློབ་དཔོན་ཤར་ལྟ་སློབ་མ་ནི། །ནུབ་ཏུ་བལྟས་ཏེ་ཐིག་གདབ་བོ། །སློབ་དཔོན་ལྷོར་བསྟས་སློབ་མ་ནི། །བྱང་དུ་བལྟས་ཏེ་གཉིས་པ་གདབ། །ཚངས་ཐིག་ནི་ཚད་དག་གིས། །ཟུར་བཞི་དག་ནི་རབ་བཙལ་ན། །དེ་ནས་ཕྱོགས་ཀྱི་ཐིག་རྣམས་གདབ། །ཆ་ཆེན་བཅུ་དྲུག་དག་ཏུ་བགོ །རེ་རེའང་བཞི་བཞིར་བགོ་བར་བྱ། །དབུས་སུ་འཁོར་ལོ་རྩིབས་བཞི་ལ། །ཕྱི་རོལ་ཁྱམས་ཀྱི་བསྣམ་བུ་བྱ། །དེ་ཡི་ཕྱི་རོལ་སྒོ་བཞི་ནི། །རྒྱན་དང་ལྡན་པར་བྱ་བའོ། །ཐིག་གི་ཆོ་ག་དེ་ལྟར་བཤད། །དེ་ནས་ཚོན་གྱི་ཆོ་ག་ནི། །གཞུང་དང་ལྡན་པར་བྱ་བ་སྟེ། །དཔའ་བོ་འབྲུ་ལྔའི་ཡི་གེ་ཡིས། །ཚོན་སྣ་ལྔ་ནི་བྱིན་གྱིས་བརླབས། །བྱིན་བརླབས་ཚོན་ནི་རབ་ཏུ་དགྱེ། །དཀར་པོ་ལ་སོགས་རིམ་པ་ཡང་། །གཞུང་བཞིན་དུ་ནི་དགྱེ་བ་ཡིན། །ཚོན་བཀྱེ་དཀྱིལ་འཁོར་བཞུགས་གསོལ་ནས། །དེ་ནི་མཆོད་པའི་རྫས་རྣམས་ཏེ། །ཡོན་ཆབ་ལ་སོགས་རྫས་རྣམས་དང་། །མཆོད་པ་འབྱོར་ཚོགས་གྱུར་པ་རྣམས། །དབུལ་བྱའི་ཕྱིར་ནི་བསག་པ་ཡིན། ་གཙོ་བོ་ཁྱུང་ཆེན་ལྷ་རྣམས་ལ། །གདུག་པའི་གདོན་བགེགས་གང་ཡིན་པ། །མིང་དང་གཟུགས་སུ་བཅས་པ་ཡི། །གཏོར་མ་དག་ནི་དབུལ་བར་བྱ། །མེ་ཏོག་ལ་སོགས་མཆོད་པ་རི། ་ཁྱུང་གི་ལྷ་མོ་རྣམས་ལ་དབུལ། །ས་བདག་ཀླུ་གཉན་གཟུགས་བྱས་པའི། །གཏོར་མ་ཕྱོགས་ཀྱི་ཁྱུང་ལ་དབུལ། །ཞལ་ཟས་སྣ་ཚོགས་གཏོར་མ་ནི། །སྒོ་བའི་ཁྱུང་ལ་དབུལ་བར་བྱ། ཁྲ་སྣ་སྣ་ཚོགས་གཏོར་མ་ནི། །གནོད་སྦྱིན་ཚོགས་ལ་དབུལ་བར་བྱ། །ཞལ་ཟས་དཀར་གསུམ་འཚོགས་པ་ལ། །ཀླུ་སྨན་སྣ་ཚོགས་བཏབ་པ་ནི། །གཏོར་མ་ས་བདག་ཀླུ་ལ་སྦྱིན། །ཞལ་ཟས་སྣ་ཚོགས་བསྲེགས་བྱས་ལ། །དྲི་ཟའི་ཚོགས་ལ་མཆོད་པ་བཞིན། །དེ་ལྟར་མཆོད་པའི་རྫས་རྣམས་ནི། །ཚངས་པར་གྱུར་པའི་མཆོད་པ་དབུལ། །རྣལ་འབྱོར་ཁྲོ་བོ་ཆེན་པོའི་ལུས། །ཐུགས་ཀར་ཡི་གེ་ཧུ༷་ལས་ནི། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །བར་ཆོད་བགེགས་རྣམས་ཐམས་ཅད་བསལ། །རྡོ་རྗེ་ར་བ་དྲ་བ་དང་། །རྡོ་རྗེ་གུར་དུ་གྱུར་པ་ཡིས། །བར་གཅོད་བགེགས་རྣམས་ཚར་གཅོད་འགྱུར། །དེ་དབུས་དཀྱིལ་འཁོར་ཆེན་པོ་ནི། །བསྡུས་དེ་མཆོད་པ་དབུལ་བར་བྱ། །དེ་ནས་ལྷ་རྣམས་དཀྱིལ་འཁོར་ནི། །བསྐྱེད་དེ་མཆོད་པ་རྒྱས་པར་དབུལ། །རང་བྱུང་སྔགས་ནི་འདི་དག་གིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྐྱེད། །ཨོ་ཤཱ་རྒྱ་ཏྭ་རྙོ་ན་བཛྲ་སྭ་བྷ་ཝ་ཨུདྨ་ཀོ྅ཧ༷། དེ་ཡིས་རང་བཞིན་རྣམ་དག་བསྒོམ། །ཡ༷་ར༷་བ༷་ལ༷་སྲུ༷་རྒྱུ༷་ཙཀྲ་ཞེས་བརྗོད་པས། །འབྱུང་པའི་དཀྱིལ་འཁོར་རི་རབ་བཅས། །འཁོར་ལོ་དག་དང་ལྡན་པ་བསྒོམ། །འཁོར་ལོ་རྩིབས་བཞི་ལྟེ་བ་ནི། །ཧུ༷་ལས་གནམ་ལྕགས་རྡོ་རྗེ་མཆུ། །གཤོག་པ་རྡོ་རྗེས་བལྟམས་པས་འགེ་ངས། །འཇིག་རྟེན་ཁམས་ཀུན་གཡོག་པར་བཀབ། །ཀླུ་གཉན་ལ་སོགས་གདུག་པ་འདུལ། །དེ་ལྟར་ཁྱུང་ཆེན་སྐུ་ནི་བསྒོམ། ཁྲར་དུ་འཁོར་ལོ་ཁྱུང་ཆེན་ཏེ། །མཆུ་དང་གཤོག་པ་འཁོར་ལོ་ལ། །སྡེར་མོ་འཁོར་ལོའི་རང་བཞིན་ལ། །གདུག་པ་ལ་སོགས་སྒྲོལ་བྱེད་བསྒོམ། །ལྷོར་ནི་རིན་ཆེན་ཁྱུང་ཆེན་ཏེ། །མཆུ་གཤོག་རིན་ཆེན་འབརབལ། །གཤོགཔསའཇིག་རྟེན་ཁམས་ཀུན་ཡོག་པར་བཀབ། །གདུག་པའི་ཚོགས་རྣམས་མ་ལུས་སྒྲོལ། །ནུབ་ཏུ་པདྨའི་ཁྱུང་ཆེནཏེ། །མཆུགཤོག་པདྨའི་གེ་སར་བཅས། །འཇིག་རྟེན་ཁམས་ཀུན་གཡོག་པར་བཀབ། །གདོན་ཚོགས་གདུག་པ་མ་ལུས་འཇོམས། །དེ་ལྟར་སྐུ་ནི་རབ་ཏུ་བསྐྱེད། །བྱང་ཕྱོགས་རལ་གྲིའི་ཁྱུང་ཆེན་ཏེ། །མཆུ་གཤོག་རལ་གྲིས་གཏམས་པ་ནི། །འཇིག་རྟེན་ཁམས་ནི་གཡོག་པར་བཀབ། །གདུག་པའི་ཚོགས་རྣམས་རྩད་ནས་གཅོད། །དེ་ལྟའི་ཁྱུང་ནི་རབ་ཏུ་བསྐྱེད། །ཁྱུང་ཆེན་ལྔ་པོ་འདི་དག་ནི། །དུག་ལྔ་རྩད་གཅོད་ཁྱུང་ཆེན་ཏེ། །ཁྱུང་ཆེན་རིགས་ལྔ་བསྒོམ་པ་ཡིན། ཁྲར་ལྷོར་ཁྱུང་ཆེན་མེ་ཏོག་སྤྱན། །རྡོ་རྗེ་ཅིག་འགྲེ་མཆུ་འདར་མ། །རྡོ་རྗེ་ཕྲ་མོ་གཤོག་སྦུབས་ཅན། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །ལྷོ་ནུབ་ཁྱུང་ཆེན་བདུག་སྤོས་སྤྱན། །མཆུ་ནི་རིན་ཆེན་འབར་བའི་མཆུ། །གཤོག་པ་རིན་ཆེན་ཟུར་གྱི་བལྟམས། །དེ་ལྷའི་སྐུ་ནི་རབ་ཏུ་བསྐྱེད། །ནུབ་བྱང་ཁྱུང་ཆེན་མར་མེའི་སྤྱན། །མཆུ་ནི་པདྨ་རྭ་ག་ལ། །མཆུ་གཤོག་འདབ་བརྒྱད་གེ་སར་བལྟམས། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །བྱང་ཤར་ཁྱུང་ཆེན་དྲི་ཡི་སྤྱན། །མཆུ་ནི་རལ་གྲིའི་མཆུ་སྣང་ཞིང་། །གཤོག་པ་རལ་གྲི་རྩེ་གསུམ་བལྟམས། །དེ་ལྟའི་སྐུ་ནི་རབ་བསྐྱེད་ནས། །ཤར་ཕྱོགས་གནོད་སྤྱིན་ཁྱུང་ཆེན་ནི། །མཆུ་གཤོག་རྡོ་རྗེ་བལྟམས་པ་གདེངས། །འབྱུང་པོའི་ཚོགས་རྣམས་ཀུན་འདུལ་བ། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །ལྷོཕྱོགསགཤིནརྗེའིཁྱུང་ཆེན་ནི། །མཆུ་གཤོག་རྡོ་རྗེ་དབྱུག་ཏོསབལྟམས། །གཤིནརྗེགདུག་པའི་གདོན་ཚོགས་འདུལ། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །ནུབ་ཕྱོགས་དབང་གི་ཁྱུང་ཆེན་ནི། །མཆུ་གཤོག་པདྨའི་སྤུ་གྲིས་བལྟམས། །ཀླུ་རྒྱལ་གདོན་ཚེགས་འདུལ་བར་བྱེད། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །བྱང་ཕྱོགས་ཁྲོ་བོའི་ཁྱུང་ཆེན་ནི། །མཆུ་གཤོག་རལ་གྲི་རྩེ་ལྔས་བལྟམས། །དྲེག་པའི་གདོན་ཚོགས་གདུལ་བར་བྱེད། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། ཁྲར་སྒོར་ཁྱུང་ཆེན་ལྕགས་ཀྱུ་སྟེ། །མཆུ་ཡང་རྡོ་རྗེ་ལྕགས་ཀྱུའི་མཆུ། །གཤོག་པ་རྡོ་རྗེ་བལྟམས་པས་གདེངས། །གདུག་པའི་གདོན་ཚོགས་འགུགས་པར་བྱེད། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །ལྷོ་སྒོར་ཁྱུང་ཆེན་ཞགས་པ་སྟེ། །མཆུ་ཡང་རྡོ་རྗེ་ཞགས་པའི་ཆུ། །གཤོག་པ་ཞགས་པས་བལྟམས་པས་གདེངས། །གདུག་པའི་གདོན་ཚེགས་འདྲེན་པར་བྱེད། །དེ་ལྷའི་སྐུ་ནི་རབ་ཏུ་བསྐྱེད། །ནུབ་ཏུ་ཁྱུང་ཆེན་ལྕགས་སྒྲོག་སྟེ། །མཆུ་ཡང་རྡོ་རྗེ་ལྕགས་སྒྲོག་སྟེ། །གཤོག་པ་རྡོ་རྗེ་ལྕགས་སྒྲོག་བལྟམས། །གདུག་པའི་ཚོགས་རྣམས་འཆིང་བར་མཛད། །དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད། །བྱང་སྒོར་ཁྱུང་ཆེན་རལ་གྲི་སྟེ། །མཆུ་ཡང་གནམ་ལྕགས་རལ་གྲི་མཆུ། །གཤོག་པ་རལ་གྲིས་བལྟམས་བས་གདེངས། །གདུག་པའི་ཚོགས་རྣམས་རྩད་གཅོད་མཛད། །དེ་ལྷའི་སྐུ་ནི་རབ་ཏུ་བསྐྱེད། །ཁྱུང་ཆེན་དཀྱིལ་འཁོར་རྫོགས་པ་དང་། །ཕྱི་རོལ་སྤྲུལ་པའི་ཁྱུང་དག་ནི། །བྱ་ཁྱུང་ཁྲོས་པས་སྣ་ཚོགས་ཏེ། ཁེན་ཏུ་གསོད་ལ་དགའ་བའོ། །ཡང་ཅིག་སྤྲུལ་པའི་ཁྱུང་རྣམས་ནི། །ཁྲོས་ཏེ་ཁྱུང་གི་ཆར་འབབ་པའི། །བསམ་གྱིས་མི་ཁྱབ་ཁྱུང་བསྒོམ་མོ། །དེ་ལྟའི་དཀྱིལ་འཁོར་བསྐྱེད་པ་ལ། །ཡོན་ཆབ་ལ་སོགས་མཆོད་པ་ནི། །སྔགས་འདི་དག་གིས་དབུལ་བར་བྱ། །ཨོ་ཨ་མྲི་ཏ་སྭད་པྱུ་ཛ་ག་རུ་ཊ་པྱུ་ཙ་ཁ་ཧི། ཨོ་པུཛི་པུ་ཙ་མེབྷས་ག་རུ་ཌ་པྲུ་ཙ་ཁ་ཧི། ཨོ་རྙུ་བཱ་པྲུ་ཙ་མེ་བྷ་ས་ག་རུ་ཎ་པྲུ་ཙ་ཁུ་ཧི། ཨོ་ཨུ་ལོ་ཀ་པྱུ་ཙ་མེ་བྷ་ས་ག་རུ་ཌ་པྱུ་ཙ་ཁུ་ཧི། ཨོ་གན་དྷ་པུ་ཙ་མེ་ག་ས་ག་རུ་ཌ་པུ་ཙ་ཁུ་ཧི། ཨོ་བ་ལི་ཏ་མེ་བྷ་ས་ག་རུ་ཌ་པུ་ཙ་མེ་ཁུ་ཧི། ཨོ་ཨ་ཀྭ་རོ་མུ་ཁ༷་སརྦ་དྷརྨུ་ཎའ༷་ཨ་བྱ་ནུད་པསྣོ་ཏྭན་ཁུ་ཧི་ཁུ་ཧི། ཞེས་བརྗོད་དེ་གཏོར་མ་ལ་སོགས་པ་རྒྱས་པར་དབུལ་ལོ། །མཆོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །འདི་དག་གིས་བསྟོད་པའོ། །གདུག་པ་མ་ལུས་ཀུན་འདུལ་བ། །མཐུ་སྟོབས་དཔལ་ལྡན་རྡོ་རྗེ་ཕྱག །བྱ་ཁྱུང་ཉིད་དུ་སྐུ་སྤྲུལ་ནས། །གདུག་པ་མ་ལུས་ཀུན་འདུལ་མཛད། །གང་གིས་གང་ལ་འདུལ་བ་ཡིན། །དེ་དག་དེ་ཡི་སྐུར་ནི་སྟོན། །བདེ་གཤེགས་མཛད་སྦྱོད་རྫོགས་མཛད་པ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཞེ་སྡང་གདུག་པ་ཀུན་འདུལ་བ། །རྡོ་རྗེ་བྱ་ཁྱུང་ཆེན་པོ་སྟེ། །ཞེ་སྡང་རྩད་ནས་གཅོད་མཛད་པ། །སྒོ་གསུམ་བ་་དེ་ཕྱག་འཚལ་བསྟོད། །གཏི་མུག་ཛོགས་རྣམས་ཀུན་འཇོམས་པའི། །འཁོར་ལོ་ཁྱུང་ཆེན་དྲག་པོ་སྟེ། །ཐམས་ཅད་དབྱིངས་སུ་སྒྲོལ་མཛད་པ། །སྐྱེ་ཤི་རྩད་གཅོད་ཕྱག་འཚལ་བསྟོད། །ང་རྒྱལ་དྲེགས་པ་ཀུན་འཇོམས་པ། །རིན་ཆེན་ཁྱུང་ཆེན་དྲག་པོ་སྟེ། །མི་གཉིས་དབྱིངས་སུ་སྒྲོལ་མཛད་པ། །ཐུགས་རྗེའི་བདག་ལ་ཕྱག་འཚལ་བསྟོད། །འདོད་ཆགས་རྩད་ནས་གཅོད་མཛད་པ། །པདྨ་ཁྱུང་ཆེན་དྲག་པོ་སྟེ། །ཐམས་ཅད་མཉམ་པ་ཉིད་དུ་སྦྱོར། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཕྲག་དོག་མ་ལུས་རྩད་གཅོད་པའི། །རལ་གྲི་ཁྱུང་ཆེན་དྲག་པོ་སྟེ། །ཐམས་ཅད་སྒྲོལ་བའི་ལས་ལ་བརྩོན། །སོ་སོ་འཕྲིན་ལས་རྫོགས་མཛད་པ། །འཁོར་བ་རྩད་གཅོད་ཕྱག་འཚལ་བསྟོད། །དུག་ལྔ་རྩད་གཅོད་ཁྱུང་ཆེན་ལྔ། །སོ་སོ་རིགས་ཀྱི་སྐུའི་ཐུགས་དམ་སྐོངས། །འགྲོ་བའི་དོན་ལ་བརྟག་བརྩོན་མཛད། །ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །མེ་ཏོག་ཁྱུང་ཆེན་བདུག་སྤོས་ཁྱུང་། །མར་མེ་ཁྱུང་ཆེན་དྲི་ཡི་ཁྱུང་། །བདེ་གཤེགས་ཐུགས་དམ་སྐོང་མཛད་པ། །སྒོ་གསུམ་དང་བས་ཕྱག་འཚལ་བསྟོན། །ཕྱོགས་ཀྱི་བགེགས་རྣམས་ཚར་གཅོད་པ། །གནོད་སྦྱིན་ཁྱུང་ཆེན་དང་ནི་གཤིན་རྗེའི་ཁྱུང་། །དབང་གི་ཁྱུང་དང་ལས་ཀྱི་ཁྱུང་། ཁྲོ་ཆེན་ཁྱུང་ལ་ཕྱག་འཚལ་བསྟོད། །འགུགས་བྱེད་ལྕགས་ཀྱུའི་ཁྱུང་ཆེན་དང་། །འདྲེན་བྱེད་ཞགས་པའི་ཁྱུང་ཆེན་དང་། །སྡོམ་བྱེད་ལྕགས་སྒྲོག །ཁྱུང་ཆེན་དང་། །འབེབས་བྱེད་ལས་ཀྱི་ཁྱུང་ལ་བསྟོད། །འགྲོ་བའི་དོན་ལ་མྱུར་དོན་མཛོད། ཁྱུང་གི་ཆར་ཆེན་རབ་ཏུ་འབེབས། །ནད་པ་རྣམས་ཀྱི་སྨན་གྱི་མཆོག །སྡུག་བསྔལ་སྒྲོལ་ལ་ཕྱག་འཚལ་བསྟོད། །ཡང་སྤྲུལ་ཁྱུང་ནི་ཐོག་ལྟར་དྲག །ཟས་སུ་ཀླུ་གཉན་ཐམས་ཅད་ཟ། །ཡུལ་མཁར་གནས་སུ་བཅས་པ་ཡང་། །སྐད་ཅིག་ཙམ་ལ་ཟ་བར་བྱེད། །སྐུ་སྤྲུལ་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱ་ཁྱུང་གི་ལས་བརྒྱ་རྩ་བརྒྱད་གང་ལགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ཉོན་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་གཙེ་བ་གདུལ་བའི་ཐབས། བསྒྲུབ་པར་གཅད་པ་ངས་བསྟན་པར་བྱའོ། །ནད་བཞི་བརྒྱ་ལས་གྱུར་པ་རྣམས་ནི། སྨན་གྱིས་གསོ་བར་བྱའོ། །གནོད་སྤྱིན་གྱིས་ཟིན་པ་རྣམས་ལ་ནི། སྣ་ཚོགས་ཐབས་ཀྱིས་གསོ་བར་བྱའོ། །ལས་ཀྱི་ནད་ཀྱིས་ཟིན་པ་རྣམས་ནི། །དགེ་སྦྱོར་ལ་བརྩོན་པར་བྱའོ། །སེམས་ཀྱི་ཕུང་པོ་ལ་ནད་གཞི་ཆེན་པོ་གསུམ་འདུད་པའི་ནད་དང་བཞིས་གཙོས་བས།ནད་བཞི་བརྒྱ་རྩ་བཞི་རྒྱས་བར་བྱེད་པ། ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར། སྨན་བཞི་བརྒྱ་རྩ་བཞི་པོ། །ནད་གཞི་ལྡང་བའི་དུས་ནི། དུས་ཆེན་པོ་བཞིའོ། །དཔྱིད་ཟླ་གསུམ་གྱི་དུས་ནི་བད་ཀན་གྱི་ནད་ལྡང་ངོ་། །དབྱར་ཟླ་གསུམ་གྱི་དུས་ནི་རླུད་གི་ནད་ལྡང་ངོ་། །སྟོན་ཟླ་གསུམ་གྱི་དུས་ན་ནི་མཁྲིས་པའི་ནད་ལྡང་ངོ་། །དགུན་ཟླ་གསུམ་ལ་འདུ་བའི་ནད་ལྡང་ངོ་། །བད་ཀན་གྱི་ཁ་ཟས་ནི་རྩུབ་པའོ། །རླུད་གི་ཁ་ཟས་ནི་སྣུམ་པའོ། །མཁྲིས་པ་དང་ཁྲག་ནད་ཀྱི་ཁ་ཟས་ནི་སྒྱུར་བ་དང་ཁ་བའོ། །འདུ་བའི་ནད་ཀྱི་ཁ་ཟས་ནི་ཆ་མཉམ་པར་གྱུར་པའོ། །བད་ཀན་གྱི་ནད་ཀྱིས་ཟིན་པ་ལ་ནི། གཞི་ཁྲུས་ཀྱིས་བཅོས་པར་བྱའོ། །བད་ཀན་གསར་དུ་ཞུགས་པ་ནས་མ་ཞུ་བར་ན་བ་ལ་ནི། ཕོ་བ་འདྲིལ་ཞིང་ན་སྟེ་འཁྲུ་བ་ལ་ནི། རྡོ་དུགས་དང་། ཆུ་ཚན་དང་། ཁྲོན་བུའི་སྨན་མར་གཏང་བར་བྱའོ། །བད་ཀན་མ་ཞུ་བ་རྙིང་པ་རྐྱེན་གྱིས་གསེར་དུ་ན་བ་སྒྱུག་བྲོ་ཞིང་། ཁ་ཟས་ཡིད་ཁར་མི་འོང་ཞིང་། ཁོང་པ་རྐོང་འི་་་་བ་ལ་ནི། བད་ཀན་གྱི་མཚོ་དང་ཕོ་བའི་ཁ་ལ་མེ་རྩ་གདབ་བོ། །དེས་མ་ཐུབ་པར་གྱུར་ན། ཁྲོན་བུ་དང་། དོང་ཁ་དང་། ཨ་རུ་ར་དང་གསུམ་ཆ་བསྙམས་ཏེ། ཆུ་བསྲོས་པའི་ནང་དུ་བླུག་སྟེ། བླུད་པས་འདྲེན་བཤལ་དུ་འགྱུར་རོ། །རྐང་པ་ནས་རལ་མའི་དུགས་བྱའོ། །གཞུག་མ་ནས་རྡོའི་དུགས་བྱའོ། །མགོ་བོ་ནས་ཡོས་ཀྱི་དུགས་བྱའོ། །དེས་ནི་བད་ཀན་སྨུག་པོའི་ནད་རྣམས་སེལ་བར་འགྱུར་རོ། །བད་ཀན་གྱིས་ལུས་གྱོང་ཞིང་། དང་ཀ་མི་བདེ་བ་དང་། ལུས་རྩུབ་པར་གྱུར་བ་ལ་ནི། བཅའ་སྒ་དང་། སྲན་མ་དཀར་པོའི་ཐུག་པ་དང་། བྲའོ་ཆང་བཏང་ན་སེལ་བར་འགྱུར་རོ། །བད་ཀན་གྱིས་དེ་གདོང་དུ་ལུང་པ། རྐང་ལག་འཇིག་པ་ལ་ནི། འོ་མ་དང་། སྦྲང་རྩི་དང་། བཅྭའ་ལྒ་གསུམ་བཏང་བས་སེལ་བར་འགྱུར་རོ། །སྤྱིར་བད་ཀན་གྱི་ནད་ཀྱི་སྨནགྱིམཆོག་ནི། ལྒ་དང་དུག་གིས་བྱའོ། །བད་ཀན་གྱི་ནད་བཅོས་པའི་ཐབས་ཏེ་དང་པོའོ།། །།རླུད་ནད་ཀྱིས་མགོ་འཁོར་ཞིང་མིག་གིས་མི་མཐོང་བ་ལ་ནི། མགོ་ལ་སྣུམ་མནན་བྱ་ཞིང་། ཞུན་མར་ཤའི་དྲོད་ཙམ་བལ་ཡེའུ་ཡིས་སྣ་དང་རྣ་བ་ནས་བཙིར་བར་བྱའོ། །མགོ་འཁོར་ཞིང་སྒྱུག་བྲོ་བ་ལ་ནི། སྤྱི་བོའི་གཙུག་ནས་འཚོགས་མར་མཚོ་གསུམ་བཅལ་བར། མེ་བཙའ་གདབ་པར་བྱའོ། །རླུང་ནད་ཁོང་པ་འཁྲོག་ཅིང་ཕོ་ལོག་ཏུ་ན་བ་ལ་ནི། འབྲས་བུ་གསུམ་གྱི་སྨན་མར་གྱིས་སྐུ་བྱུག་བྱ་བ་དང་། འཇམ་རྩི་བཏང་བ་དང་། ལྟོ་སྟོང་ལ་སྨན་ཐུན་རེ་གཏང་བར་བྱའོ། །ཚ་བའི་རླུད་དག་ནི་མར་དང་འབྲས་བུ་གསུམ་གྱི་སྨན་དག་གིས་སེལ་བར་འགྱུར་རོ། །རླུད་གིས་གདོང་སྐྲངས་ཤིང་། རྨ་དང་སེར་ཀ་མི་སོས་པ་ལ་ཤ་བཀྲ་དང་ཤ་རོ་མི་སོ་།་པ་ནི། འཇམ་ཀྲུས་གཏང་བར་བྱའོ། །བཙན་དུག་གི་སྨན་མར་དང་ཆུ་བརྒྱབ་པས་སེལ་བར་འགྱུར་རོ། །རླུད་མཁྲིས་ནད་ཀྱིས་མིག་སེར་པོར་གྱུར་པ་དང་། གཟེར་ཞིང་ན་བ་ལ་ནི། རྒྱ་ཚུགས་དང་སྣུམ་བསྲེས་པའི་མཉེས་པས་འཚོ་བར་འགྱུར་རོ། །རླུད་གིས་གཉིད་མི་ཕེབས་ཤིང་སྙིང་མི་དགའ་ལ་འཕྱོ་བ་ལ་ནི། སྲོག་གི་རླུད་ཡིན་ཏེ། ཚིགས་པ་ལྔ་ལ་མེ་བཙའ་གདབ་པར་བྱའོ། །སྙིང་ཀར་སྣུམ་བསྐུས་ཞིང་མཉེས་པས་ཀྱང་སེལ་བར་འགྱུར་རོ། །རླུང་ནད་ཀྱིས་རྐང་ལག་རེངས་ཤིང་ཆུ་རྒྱུས་ན་བ་ལ་ནི། སྐུ་བྱུག་རྒྱུན་དུ་བྱས་ན་སེལ་བར་འགྱུར་རོ། །རླུད་ནད་ཀྱིས་ཤ་བསྐམས་ཤིང་མདོག་སྔོན་པོར་སོང་བ་ལ་ནི། དབྱར་ཟླ་གསུམ་ལ་འཇམ་རྩི་གཏང་བས་སེལ་བར་འགྱུར་རོ། །རླུད་ནད་སེལ་བ་སྟེ་གཉིས་པའོ།། །།མཁྲིས་པའི་ནད་སེལ་བ་ནི། ཚྭ་དང་ལྟར་བུ་དང་སྦྱང་ལ་གཏང་བས། ཤ་རྩི་སེར་པོར་སོང་བ་དང་། མིག་སེར་པོར་སོང་བ་དང་། མཁྲིས་པ་སྒྱུག་པ་ལ་ཕན་པར་འགྱུར་རོ། །མཁྲིས་ནད་ཀྱིས་བྲང་ཚ་ཞིང་ན་བ་དང་། མཁྲིས་ཐོག་ཏུ་གཟེར་བ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། བཅའ་སྒ་དང་། ཆང་སྒྱུར་དང་སྦྱར་ཏེ་འཐུངས་པས་སེལ་བར་འགྱུར་རོ། །མཁྲིས་པའི་ནད་ཀྱིས་ལུས་ལ་དྲེག་པ་ཆགས་ཤིང་མཆིན་པ་ལྟུང་སྙམ་བྱེད་པ་དང་། དྲན་པ་མི་གསལ་བར་གྱུར་པ་ལསཚིགས་པ་བདུན་པའི་གཡོན་ཕྱོགས་སུ་མཚོན་གང་གཞལ་བའི་སར་མེ་བཙའ་བཏབ་པས་འཚོ་བར་འགྱུར་རོ། །མཁྲིས་པའི་ནད་བཅོད་པའི་ཐབས་ཏེ་གསུམ་པའོ།། །ཁྲག་གི་ནད་ཀྱིས་མགོ་བོ་གཟེར་ཞིང་ན་བ་ལ། འཚོགས་མར་གཏར་ཁ་བྱས་པས་འཚོ་བར་འགྱུར་རོ། ཁྲག་ནད་ཀྱིས་སྟོད་གཟེར་ཞིང་ན་བ་དང་ལག་པ་སྦྲིད་པ་ལ་ནི། ཆུ་གྲང་མོ་གྲོད་པར་བླུག་ལ་བདུག་པ་དང་། ཏིག་ཏ་དང་རྒུན་མའི་ལོ་མ་སྦྱར་བའི་ཐང་བཏང་བས་སེལ་བར་འགྱུར་རོ། ཁྲག་ནད་ཀྱིས་རྐང་ལག་མི་ཐེག་པར་སྤྲིད་ཅིང་ན་བ་དང་། ལུས་ལྕི་ཞིང་ན་བ་ནི། ཞོ་དང་། ཀ་ར་དང་། སྟར་ཀ་དང་། རྒྱམ་ཚ་དང་སྦྱར་ཏེ་གཏང་བས་སེལ་བར་འགྱུར་རོ། ཁྲག་ནད་ཕོ་ལོག་ཏུ་ན་ཞིང་གཟེར་ཟུག་ཆེ་བ་ལ་ནི། ལོངརྩ་གཏར་བ་དང་། རྡོ་གྲང་དང་། ཆུ་གྲང་གིས་དུགས་བྱའོ། །དེ་ལྟར་བྱས་པས་ནད་སེལ་བར་འགྱུར་རོ། ཁྲག་ནད་གསོ་བའི་ཐབས་ཡིན་ཏེ་བཞི་པའོ།། །།འདུ་བའི་ནད་གསོ་བའི་ནི་རླུངདང་མཁྲིས་པ་འདུས་པས། ལུས་སྟོད་སྨད་དུ་ཆད་ཅིང་ན་བ་དང་། རྣ་བ་གཟེར་བ་དང་། མགོ་འཁོར་བ་ལ་ནི་ར་ཤ་དང་། ཞོ་དང་། ཀ་ར་དང་། སྦྲང་ཆ་སྙམ་པ་གཏང་བས་སེལ་བར་འགྱུར་རོ། །རླུད་དང་བད་ཀན་དུ་བསྡོངས་ནས་ཁ་གདོང་སྐྱ་རྦོབ་ཏུ་སྐྲངས་པ་དང་། རྣ་བ་འོན་པ་དང་། སྙིང་འདར་བ་ལ་ནི། བཅྭའ་ལྒ་དང་། དབྱི་མོང་དང་། པི་པི་ལིང་དང་། ན་ལེ་ཤམ་མར་དང་སྦྱར་བ་གཏང་བས་སེལ་བ་འགྱུར་རོ། །རླུ་་དང་བད་ཀན་བསྡོངས་པས། གྲང་ཞིང་ཕོ་བ་ན་བ་ལ་ནི། ལྟོགས་པས་ཁོང་པ་ན་བ་དང་། རྩིབ་ཐོག་ཏུ་གཟེར་ཞིང་ན་བ་ལ་ནི། ཟས་བ་་ཅན་བཟའ་བ་དང་། ཚ་བ་གསུམ་དང་། རྡོ་ཚན་གྱི་དུགས་ཀྱིས་སེལ་བར་འགྱུར་རོ། །རླུད་དང་། བད་ཀན་དང་། ཁྲག་ཏུ་བསྡོམས་པས་སྙིང་འཕྱོ་བ་དང་། རྒྱུ་མ་གཟེར་བ་དང་། གྲེ་བ་འཛེར་ཀྱེན་ན་བ་དང་། རྐང་མི་བདེ་བ་ལ་ནི། སྐྱོར་གོང་གི་རྩ་གཏར་བ་དང་།ལྒའི་ཐངབཏང་བ་དང་། འབྲས་བུ་གསུམགྱི་སྨན་མར་གཏང་བས་སེལ་བར་འགྱུར་རོ། ཁྲག་ནད་ཤས་ཆེ་བ་ལ་ནི། གྲང་བའི་སྨན་གཏང་བར་བྱའོ། །བད་ཀན་རླུད་ཤས་ཆེ་བ་ལ་ནི། དྲོས་སྨན་ཤས་ཆེར་གཏང་བར་བྱའོ། ཁྲག་མཁྲིས་ཤས་ཆེ་བ་ནི། བསིལ་བའི་སྨན་གཏང་ངོ་། །ནད་བཞི་ཆ་མཉམ་པ་ལ་ནི། སྨན་ཡང་ཆ་མཉམ་པ་གཏང་ངོ་། །ནད་བཞི་རྣམས་ཀྱི་བརྟག་པ་ནི། རྩ་དང་། ཆུ་དང་། ལུས་ཀྱིས་བརྟག་པར་བྱའོ། །འདུ་བའི་ནད་གསོ་ཐབས་ཏེ་ལྔ་པའོ།། །།ནད་བཞིས་སེམས་ཅན་གཙེས་པ་རྣམས་ལ། སྨན་གྱིས་གསོས་པས་འབྱང་བ་སྟེ། དེའི་ཕྱིར་སྨན་ནི་རྟེན་པ་ལས། །སེམས་ཅན་རྣམས་ཀྱི་དོན་དུ། །དང་པོ་ནད་གཞི་བརྟག་པ་དང་། །བར་དུ་སྨན་གྱི་སྦྱོར་བ་དང་། །ཐ་མར་སྨན་གྱི་ལོ་བསྲུངས་དང་། །ཟས་ཀྱི་སྦྱོར་བ་བྱ་བ་དག །སྨན་པས་ཉམས་སུ་བླང་བ་ནི། །ནད་གཞི་ལས་ནི་གང་གྱུར་བ། །ལེ་ལོ་མེད་པར་གསོ་བའོ། །འོན་ཏང་ནད་ཀྱི་སྡུག་བསྔལ་ཞི། །ནད་གཞི་བརྟག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གདོན་གྱིས་གཙེ་བ་ལ། །ཐབས་ཀྱི་རིམ་པ་འདི་དག་གིས། །བ་་ཏེ་སེམས་ཅན་བདེ་ལ་འགོད། །གནོད་སྤྱིན་དྲེགས་པས་ཟིན་པ་ལ། །སྡིག་མེད་ཤ་ནི་སྣ་ཚོགས་ལ། །གཏོར་མ་རྣམ་པ་ལྔ་བྱས་ཏེ། །ཕྱོགས་བཞི་དབུས་དང་ལྔར་བཞག་ནས། །སྔགས་འདིས་བྱིན་གྱིས་བརླབས་ཏེ་དབུལ། །ཨོ་བཛྲ་ཡཀྟ་བ་ལིན་ཏ་ཁུ་ཧི། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། ཕྱོགས་བཞི་དབུས་དང་ལྔར་གཏོར་ན། །གནོད་སྤྱིན་གྱི་ནི་གདུག་པ་ཞི་བར་འགྱུར་རོ། །དེས་ཀྱང་འདུལ་བར་མ་གྱུར་ན། བདག་ཉིད་རྡོ་རྗེ་བྱ་ཁྱུང་ཆེན་པོར་བསྒོམས་བྱས་ཏེ། ཁ་ནས་རལ་གྲི་དང་།འཁོར་ལོ་དང་། མདུང་ཐུང་དང་། རྡོ་རྗེ་དང་། རིན་པོ་ཆེ་ཟུར་བརྒྱད་པ་དང་། པདྨའི་འཁོར་ལོ་དང་། ཀམ་པ་ལ་སྲོག་གི་འཁོར་ལོ་རྣམས་བྱུང་སྟེ། གནོད་སྤྱིན་ལ་མཚོན་ཆའི་ཆར་བབ་པས་ཞི་བར་འགྱུར་རོ། །གནོད་སྤྱིན་འདུལ་བའི་ཐབས་ཏེ་དྲུག་པའོ།། །།གནོད་སྤྱིན་ལ་འཕྲིན་ལས་བཅོལ་བ་ནི། གང་འདོད་པར་བྱ་བ་དེའི་མིང་བྲིས་ལ། ལས་ཀྱི་ཁྱུང་ཆེན་པོའི་མགུལ་ཏུ་བཏགས་ཏེ། སྔགས་འདི་བཏབ་ན་གནོད་སྤྱིན་གྱི་ཚོགས་ཐམས་ཅད་ལས་མྱུར་དུ་བྱེད་བར་འགྱུར་རོ། །ཨོ་ཡསྒ་ཀརྨ་ན་མ་མ་ར་ཡ་ཛ་ཛ་ཤར་སྨྱོ་སྨྱོ། ཞེས་བརྗོད་པས། གང་ལ་བསྒོ་བའི་ལས་བྱེད་པར་འགྱུར་རོ། །སྲོད་དང་ཐོ་རངས་ལ་མི་ཚིག་གིས་བར་མ་ཆོད་པར་སྔགས་འདི་ལ་བརྩོན་པར་བྱའོ། །སྔགས་འདིས་སྐྲངས་བློ་ལ་འདེབས་པའི་དུས་སུ། མཚེའི་ཁུ་བ་དང་བསྣུམ་ལ་བཟླས་ཏེ་གདབ་པར་བྱའོ། །གདོན་གྱིས་གཙེ་བ་ལ་ནི་ཉུངས་ཀར་དང་། སྐེ་ཚེ་དང་། དུག་ཏུ་བསྲེས་པ་ལ་བཟླས་པས་གདབ་པར་བྱ། དགྲ་གསད་པར་བྱ་བའི་དུས་ནི། དགྲའི་ཕྱི་ས་དང་རྐང་རྗེས་ལ་གཟུགས་བྱས་ཏེ། སྙིང་ཁ་ནས་ཁྱུང་གི་སྡེར་མོས་བཟུང་སྟེ། སྔགས་འབུམ་བཟླས་ཏེ། སྙིང་གས་ནས་འཆི་བར་འགྱུར་རོ། །གནོད་སྦྱིན་ལ་འཕྲིན་ལས་བཅོལ་བའི་ཐབས་ཏེ་བདུན་པའོ།། །།འབྱུང་པོའི་ནད་ཀྱིས་ཟིན་པ་ལ་ནི། ཁ་ཟས་རྣམ་པ་སྣ་ཚོགས་པའི་གཏོར་མ་གསུམ་བྱས་ལ། སྔགས་འདིས་བྱིན་གྱིས་བརླབས་ལ་བྱིན་པར་བྱའོ། །ཨོ་དྷི་མྱེ་ཏྲི་བ་ལིང་ཏ་ཁ་ཧི། ས་མ་ཡ་ཧོ་ཁའི། ཞེས་བྱིན་གྱིས་བརླབས་ཏེ། ས་བླ་ས་འོག་ས་སྟེང་གསུམ་དུ་གཏོར་མ་གཏང་བས། འབྱུང་པོའི་ནད་ལས་གྲོལ་བར་འགྱུར་རོ། །ཨོ་ཏྲི་ཏྲི་ཁུག །ཅེས་བརྗོད་པས། གང་འདོད་པ་བཅོལ་བར་བྱའོ། །འབྱུང་པོའི་ཕྲིན་ལས་བཅོལ་བའི་ཐབས་མན་ངག་སྟེ་བརྒྱད་པའོ།། །།གཤིན་རྗེའི་གདུག་པས་ཟིན་པ་ལ་ནི། རིན་པོ་ཆེའི་ཁྱུང་གི་ལས་བྱས་ཏེ། ཁྲག་སྣ་ཚོགས་དང་། སྲོག་པ་རྩ་ར་སྦགས་པའི་གཏོར་མ་བདུན་བྱས་ཏེ། དེའི་སྟེང་དུ་ཡང་གཤིན་རྗེའི་མིང་བྲིས་ལ། སྔགས་འདིས་གཏོར་མ་སྤྱིན་པར་བྱའོ། །ཨོ་ཡ་མ་བ་ལིང་ཏ་ཨ་མྲི་ཏ་ཁ་ཧི། ཞེས་བརྗོད་པས། གཤིན་རྗེའི་གདུག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །གཤིན་རྗེ་ལ་འཕྲིན་ལས་བཅོལ་བ་ནི། གང་བསྒྲུབས་པར་མིང་བྲིས་ལ། རབས་ཆད་ཀྱི་ཐོད་པར་བཅུག་སྟེ། སྔགས་འདི་གདབ་པར་བྱའོ། །ཨོ་ཡ་མརྙ་ཀ་མྱ་ར་ཡ་སརྦ་དུ་་མ་ར་ཡ་ཕཊ། ཅེས་བརྗོད་པས། གང་ལ་བྱ་བའི་ལས་འགྲུབ་བར་འགྱུར་རོ། །བསྒྲུབ་པར་བྱ་བ་ནི་གང་འདོད་པའོ། །སྒྲུབ་པར་བྱེད་པ་ནི་ཁྱུང་གི་སྐུའོ། །དེ་ལྟར་འདུལ་བ་ནི་སྔགས་ཉིད་འབུམ་དུ་བཟླས་པསསོ། །གཤིནརྗེའིཐབས་དང་མན་ངག་སྟེ་དགུ་པའོ།། །།སྲིན་པོའི་གདུག་པས་ཟིན་པ་ལ་ནི། ཤ་རུལ་དང་། ཉ་རུལ་དང་། སྒོག་སྐྱ་དང་། ལ་ཕུག་དང་། ཆང་དང་སྦྱར་བའི་གཏོར་མ་དགུ་བྱས་ཏེ། དེའི་སྟེང་དུ་སྲིན་པོའི་མིང་བྲིས་ཏེ། སྔགས་འདིས་གདབ་བོ། །ཨོ་ནི་རི་ཏི་བ་ལིང་ཏ་ས་མ་ཡ་ཁའི། ཞེས་བརྗོད་དེ་དབུལ་བར་བྱའོ། །གཏོར་མ་དེ་ཡང་ཉི་མ་མྱུར་གྱི་དུས་སུ་དབུལ་བར་བྱའོ། །སྲིན་པོ་ལ་འཕྲིན་ལས་བཅོལ་བ་ནི། གང་འདོད་པའི་མིང་བྲིས་ཏེ། ཁྱི་ཐོད་ཀྱི་ནང་དུ་བཅུག་ལ། སྔགས་འདི་འབུམ་ལྔ་ཁྲི་བཟླས་ལ། ཤིང་རིས་ལ་བཏགས་ཏེ་རྒྱ་མཚོ་ཆེན་པོར་གཏོར་ན། ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེའི་སྔགས་ནི་འདིའོ། །ཨོ་ནི་རི་ཏི་ས་ཏྲ་མ་ར་ཡ། པུ༩་པ་སརྦ་ས་དུམ་ཕཊ། ཅེས་བརྗོད་པས། ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྲིན་པོའི་ཐབས་ཀྱི་མན་ངག་སྟེ་བཅུ་པའོ།། །།ཀླུ་གདུག་པའི་ནད་ཀྱིས་ཟིན་པ་ལ་ནི། བྱ་ཁྱུང་གི་ཏིང་ངེ་འཛིན་དུ་ཞུགས་པ། ཀླུའི་གྲོང་ཁྱེར་ཐམས་ཅད་ཟ་རེ་བསྒོམ་པར་བྱའོ། །ཟས་རེས་སྒོམ་པའི་སྔགས་ནི་འདིའོ། །ཨོ་ནཱ་ག་སརྦ་ག་རུ་ཌ་ཁུ་ཧི། ཞེས་སྟོང་ཁྲི་བཟླས་པས་ཁྱུང་ཐམས་ཅད་ཀླུའི་གྲོང་ཁྱེར་ལ་རྒྱུག་ཅིང་ཀླུ་རྣམས་སྤྱན་ལ་འཚོ་བར་མཛད་དོ། །ཀླུ་ཐམས་ཅད་ཀྱི་སྙིང་འདར་ཞིང་མྱས་མྱོས་སུ་འགྱུར་རོ། །ཀླུ་རྒད་པོ་རྒད་མོ་ཐམས་ཅད་ཀྱང་མྱ་ངན་གྱི་ཁང་པར་ཞུགས་སོ། ཁྱུང་ནམ་མཁའ་ལས་སྒྲ་སྒྲོགས་ཏེ།ཀྱིང་གུང་དང་ཏོག་ཏོག་གི་སྒྲས་བརྗོད་པས། ས་གཞི་ཡང་གཡོས། རྒྱ་མཚོ་ཡང་ཁོལ་བར་གྱུར་ཏོ། །ཀླུ་རྒད་པོ་རྒད་མོ་ཐམས་ཅད་ཀྱང་མྱ་ངན་གྱི་ཁང་པར་ཞུགས་སོ། །ཀླུ་རྣམས་ཀྱང་རང་དབང་མེད་པར་ཟས་སུ་འདུ་བའོ། ཁྱུང་གི་གཤོག་པ་བརྡབས་པས། ཀླུ་ཐམས་ཅད་སྙིང་གས་ཤིང་། གདུག་བའི་ཤེས་པ་དང་བྲལ་ཏེ། ཤིན་ཏུ་ཉམས་པར་གྱུར་ཏོ། །ཀླུ་ལ་ཟ་རེས་བསྒོམ་པ་སྟེ་བཅུ་གཅིག་པའོ།། །།བདག་ཉིད་ཁྱུང་གི་སྐུར་བསྒོམས་ཏེ། མཆུ་ནི་སྣ་ཚོགས་རྡོ་རྗེ་མཆུ། །གཤོག་པ་རྡོ་རྗེས་བལྟམས་པས་གདེང་། །འཇིག་རྟེན་ཁམས་ཀུན་ཡོག་པར་བཀག །རྡོ་རྗེ་སྡེར་མོས་ཐམས་ཅད་འཛིན། །ཀླུ་ཡི་གྲོང་ཁྱེར་ཐམས་ཅད་ལ། །བྱ་ཁྱུང་ལས་ཀྱི་ཟ་རེས་དབབ། །རིགས་བཞི་ཀླུ་ཡི་གྲོང་ཁེར་ལ། །ཤར་པྱོགས་རྒྱལ་རིགས་ཀླུ་དཀར་ལ། །རྡོ་རྗེ་ཁྱུང་གི་ཟ་རེ་དབབ། །གནམ་ལྕགས་སྡེར་མོས་སྙིང་ནས་བཟུང་། །ཟ་བྱེད་སྤྱོད་མཆུས་མགོ་ནས་ཟོས། །རྡོ་རྗེ་གཤོག་པས་མཐའ་ནས་བསྡུས། །སྤྱན་མིག་ཡེ་ཤེས་མེ་འབར་བས། །རྒྱལ་རིགས་ཀླུ་རྣམས་དབང་རྩ་བསྲེགས། །རྩད་གཅོད་སྔགས་ནི་འདི་དག་གོ །ཨོ་ནཱ་ག་ཙ་བིན་དུར་མ་ར་ཡ་ནཱ་ག་ཐུམ་རིམ་རིལ་མྱོགས་མྱོགས་རྦད་རྦད། ནཱ་ག་མ་ར་ཡ་ཕཊ། ཅེས་བརྗོད་དེ། རྒྱལ་རིགས་ཀྱི་ཀླུའི་གཟུགས་ལ་འབུམ་ལྔ་ཁྲི་བཟླས་ལ་གདབ། ཀ་ར་བྲི་རའི་ལྕག་གིས་ཐོ་རངས་བྲབ། ནམ་གུང་དང་ཉི་མ་གུང་ལ་བལ་པོ་སེའུ་ཤིང་ལྕག་གིས་བྲབ། དགོངས་ནས་སྲོད་ཀྱི་བར་དུ་སྨག་ཤད་ཀྱི་ལྕག་གིས་བྲབ། སྐེ་ཚེས་ཐུན་གཞུག་བརྟུལ། དེ་ལྷར་བྲབས་པ་ནི། རྒྱལ་རིགས་ཀླུ་རྩད་ནས་བཅད་པར་འགྱུར་རོ། །རྒྱལ་རིགས་ཀྱི་ཀླུ་མཆོད་པ་ནི། འོ་མ་སྨན་སྣ་ཚོགས་སྦྱར་ཏེ། ཀླུའི་གཟུགས་བདུན་བྱས་ལ། ལི་ཕྱིད་གཙང་མའི་སྟེངས་སུ་བཞག །འོ་མ་དང་སྨན་ལ་སྔགས་འདིས་བཟླས་ལ་གཟུགས་ལ་གཏོར་བས། ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །ཨོ་ནཡ་ནཱ་ག་ར་ཙ་ཧུ་ཡ་ནཱ་ག་ཧུ་ཡུ་ཡུ་གྲྭཧྭ། ཞེས་སུམ་འབུམ་ཏེ་གཏོར་བས། སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །ཐབས་དང་མན་ངག་སྟེ་བཅུ་གཉིས་པའོ།། །།ཀླུ་བྲམ་ཟེའི་རིགས་ལ་ཟ་རེས་དབབ་པ་ནི། རིན་བོ་ཆེའི་ཁྱུང་ཏུ་བསྒོམས་ཏེ། མཆུ་རིན་པོ་ཆེ་འབར་བར་འདུག་པ། གཤོག་པ་རིན་པོ་ཆེས་བལྟམས་པ། འཇིག་རྟེན་གྱི་ཁམས་ཡོག་པར་བཀབ་པ། སྡེར་མོས་ཀླུ་བྲམ་ཟེའི་རིགས་སྙིང་ནས་འཛིན་པ། རིན་པོ་ཆེའི་མཆུས་མགོ་ནས་ཟ་བ། རིན་པོ་ཆེའི་གཤོག་པས་མཐའ་ནས་་་་་ན་པ། སྔགས་ཀྱི་གཟེར་དྲག་པོས་བྲམ་ཟེའི་རིགས་སེར་པོ་རྩད་ནས་གཅོད་པའོ། །སྔགས་ནི། ཨོ་ནཱ་ག་ཡ་ན་ག་ཏི་ག་ན་རུ་དུམ་མུ་རྭ་ཡ་ཛ་ལ་ཡསྒ་རྦད།དིང་རུ་ཕུང་ཕུང་རྦད་སོད། ཅེས་སུམ་འབུམ་བཟླས་ཏེ། བྲམ་ཟེའི་རིགས་ཀྱི་གཟུགས་ལ། སྐེ་ཚེ་དང་ཚིལ་ཆེན་གྱི་ཐལ་བ་དང་། ཉུགས་ནག་ཏུ་བསྲེས་ཏེ་བྲབ་པར་བྱའོ། །ཀ་ར་བྲི་རའི་ལྕག་གིས་ནི་མགོ་ལ་བྲབ་བོ། །བལ་པོ་སེའུ་ཤིང་གིས་ནི་སྙིང་ལ་བྲབ་བོ། བསི་ལྕག་གིས་ནི་ཡན་ལག་ལ་བྲབ་བོ། །སྲོད་ཐོ་རངས་ཉིན་གུང་གསུམ་ལ་ནི་བྱེ་མས་བྲབས་པས། དེ་ལྟར་བྱས་པས་ནི་གདུག་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །མཆོད་པར་འདོད་པ་ནི། ནེའུ་མཐོ་གང་སོར་བཞི་ཤིང་རྩི་སྣ་ཚོགས་ཀྱིས་རྒྱན་ལ། རྩི་སྨན་སྣ་ཚོགས་ཀྱིས་འོ་མ་ལ་བརྒྱན་ཏེ། བྲམ་ཟེའི་རིགས་ཀྱི་གཟུགས་ལ་སྔགས་འདི་བཟླས་ཤིང་གཏོར།ནད་ཀྱི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེའི་སྔགས་ནི་འདིའོ། །ཨོ་ན་ཡ་ན་ག་ཧུ་ཡ་ཧུ་ཡ་པྲ་ཏི་ཡུ་ཡུ་གྲྭཧྭ། ཞེས་བཟླས་པར་བྱའོ། །བྲམ་ཟེའི་རིགས་ཀྱི་ཐབས་ཀྱི་མན་ངག་སྟེ་བཅུ་གསུམ་པའོ།།སྡོམ །།རྗེ་རིགས་ཀྱི་ཀླུ་ལ་ཟ་རེས་དབབ་བ་ནི། པདྨའི་ཁྱུང་ཆེན་པོར་བསྒོམས་ཏེ། མཆུ་ཡང་པདྨ་འབར་བར་འདུག་པ། གཤོག་པ་པདྨས་ཤིན་ཏུ་བལྟམས་པས་འཇིག་རྟེན་གྱི་ཁམས་གཡོག་པར་བཀབ་པ། སྡེར་མོས་རྗེའུ་རིགས་ཀྱི་སྙིང་ནས་འཛིན་པ། པདྨའི་མཆུས་མགོ་ནས་ཟ་བ། གཤོག་པས་མཐའ་ནས་སྡུད་པ། སྔགས་ཀྱི་གཟེར་དྲག་པོ་ཡིས། ཀླུ་རྗེའུ་རིགས་རྩད་ནས་གཅོད་པའི་སྔགས་འདི་འོ། །ཨོ་རུ་ཏི་ན་ག་མུ་ར་ཡ། ཐུ༷་ཐུ༷་ཤི་ཤི །རྦད། ཅེས་བཞི་འབུམ་དུ་བཟླས་ཏེ། རྗེའུ་རིགས་ཀྱི་གཟུགས་དམར་པོར་བྱས་ལ་གདབ་པར་བྱའོ། །ཀ་ར་ལྟི་རའི་ལྕག་གིས་ནི་ཉི་མ་ཟེར་ཀར་བྲབ་བོ། །སེ་ཤིང་གིས་ནི་དགོངས་བྲབ་བོ། །སྨག་ཤད་ཀྱིས་ནི་ནམ་གུང་ལ་བྲབ་བོ། ཁྲག་སྣ་ཚོགས་དང་། །དུག་སྣ་ཚོགས་དང་། བྱེ་མ་སྐེ་ཚེས་ནི་ཐོ་རངས་བྲབ་བོ། །མཆོད་པར་འདོད་པ་ནི། འོ་མའི་རྫིང་བུ་བཞི་བྱས་ལ། དེར་སྣ་ཚོགས་དང་། རྗེ་རིགས་ཀྱི་ཀླུའི་གཟུགས་གཞུག་གོ །དེ་ལ་སྔགས་འདིས་གདབ་བོ། །ཨོ་ན་ཡ་ནཱ་ག་པ་ཏི་ཧུ་ཡ་ཧུ་ག་རུ་ཌ་ཡུ་ཡུ་གྲྭཧྭ། ཞེས་ཀླུའི་གཟུགས་སྔགས་ཁྲི་བཟླས་ཏེ་བཏབ་པས། གདུག་པའི་ནད་ལས་གྲོལ་བར་འགྱུར་རོ། །རྗེའུ་རིགས་ཀྱི་ཐབས་དང་མན་ངག་སྟེ་བཅུ་བཞི་པའོ།། །།དམངས་རིགས་ཀྱི་ཀླུ་ལ་ཟ་རེས་དབབ་པ་ནི། ལས་ཀྱི་ཁྱུང་ཆེན་པོར་བསྒོམས་ཏེ། མཆུ་རལ་གྲིར་འདུག་པ། གཤོག་པ་རལ་གྲིས་བལྟམས་པས། འཇིག་རྟེན་གྱི་ཁམས་ཡོགས་པར་བཀབ་པ། སྡེར་མོས་དམངས་རིགས་ཀྱི་སྙིང་ནས་འཛིན་པ། རལ་གྲིའི་མཆུས་མགོ་ནས་ཟ་བ། རལ་གྲིའི་གཤོག་པས་མཐའ་ནས་སྡུད་པ། ཁ་ནས་སྔགས་གཟེར་དྲག་པོས་དམངས་རིགས་རྩད་གཅོད་བའོ། །སྔགས་ནི་འདིའོ། །ཨོ་མ་ཏི་ཡ་མ་ནཱ་ག་མ་ར་ཡ་ཐུ༷་རིལ་ཞུང་ཞུང་མྱོགས་རྦད། ཅེས་ཉིས་འབུམ་ལྔ་སྟོང་བཟླས་ལ། དམངས་རིགས་ཀྱི་གཟུགས་ལ་གདབ་པར་བྱའོ། །དུག་དང་ཁྲག་གིས་ནི་དུས་གསུམ་དུ་བྲབ་པར་བྱའོ། །ཉི་རྩེ་དང་། སྲོད་དང་། ཉིན་གུང་ངོ་། སྐེ་ཚེ་དང་། ཀ་ར་སྙི་ར་དང་། བལ་པོ་སེའུ་ཤིང་དང་། སྨག་ཤད་ཀྱི་ལྕག་དྲིལ་ལ། དུས་གསུམ་དུ་མགོ་ནས་རྐང་པའི་བར་དུ་བྲབ་པར་བྱའོ། །དེས་ནི་དམངས་རིགས་རྩད་བཅད་པར་འགྱུར་རོ། །མཆོད་པར་འདོད་ན་ནི། ཀླུ་གཟུགས་ནག་པོ་བརྒྱ་རྩ་བརྒྱད་བྱས་ལ། འོ་མ་དང་རྩི་སྨན་སྦྱར་ལ། སྔགས་འདི་ལྔ་སྟོང་དུ་བཟླས་ལ་གཏོར་བར་བྱའོ། །ཨོ་ན་ཡ་ནཱ་ག་ས་ར་སན་ཏི་ཧུ་ཡ་ཧུ་ཡ་བྲ་ཏི་ཡུ་ཡུ་གྲྭཧྭ། ཞེས་བརྗོད་པས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དམངས་རིགས་ཐབས་དང་མན་ངག་སྟེ་བཅོ་ལྔ་པའོ།། །།ཀླུ་སྲིན་དང་། ཀླུ་བསེན་ལ་ཟ་རེས་དབབ་པ་ནི།འཁོར་ལོའི་ཁྱུང་ཆེན་པོར་བསྒོམས་ཏེ། མཆུ་གསེར་གྱི་འཁོར་ལོ་འདུག་པ། གཤོག་པ་གསེར་གྱི་འཁོར་ལོས་བལྟམས་པ། འཇིག་རྟེན་གྱི་ཁམས་ཀུན་ཡོག་པར་བཀབ་པ། ཞལ་ནས་སྔགས་ཟེར་དྲག་པོས་ཀླུ་སྲིན་རྩད་ནས་གཅོད་པར་མཛད་པའོ། །སྔགས་ནི་འདི་དག་གོ །ཨོ་ནཱ་ག་ཏྲི་ནན་དུ་དུ་རྦད་པུར་སོད། དུ་དུ་ཤི་ཤི་རྦད། ཅེས་ཉིས་འབུམ་ལྔ་ཁྲི་བཟླས་ལ། ཀླུ་སྲིན་ཀླུ་བསེན་གྱི་གཟུགས་ལ་གདབ་པར་བྱའོ། །སེའུ་ཤིང་གི་ཕུར་པ་སོར་བཞི་པ་དང་། སྨག་ཤད་སོར་བཞིའི་ཕུར་པས་གཟུགས་ཀྱི་སྙིང་དཀྱིལ་དུ་གདབ་པར་བྱའོ། ཁྲག་དང་། དུག་དང་། སྐེ་ཚེའི་ཐུན་ཡང་གདབ་པར་བྱའོ། །དེས་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །མཆོད་པར་འདོད་ན་ནི། རྩི་སྨན་དང་། འབྲང་རྒྱས་དང་། འཕང་འཕྲ་ལོ་དང་། འཛོའ་རྡོལ་གྱི་གཟུགས་སྣ་ཚོགས་བྱས་ལ། སྔགས་འདིས་མཆོད་དོ། །ཨོ་ནཱ་ག་ཧུ་ཡ་ཧུ་ཏྲི། ཞེས་སྟོང་ཉིས་བརྒྱ་བཟླས་ལ་མཆོད་པར་བྱའོ། །རིགས་བཞིའི་ཀླུ་སྲིན་དང་། ཀླུ་བསེན་དང་བཅས་པའི་ཐབས་མན་ངག་སྟེ་བཅུ་དྲུག་པའོ།། །།རིགས་བཞིའི་ལེའུ་སྟེ་བཅུ་དྲུག་པའོ།། །།གཉན་ཐམས་ཅད་ཁྱུང་གིས་ཐོག་དབབ་པ་ནི།རིགས་ཀྱི་ཁྱུང་ནམ་མཁའ་ལ་ལྡིང་ཞིང་། རྡོ་རྗེ་འཁོར་ལོ་དང་། རིན་པོ་ཆེ་དང་།པདྨ་དང་། རལ་གྲི་དང་། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པར་གྱུར་ནས། གཉན་གྱི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་སྣ་ཚོགས་སུ་འདུག་པ་ཐོག་དབབ་པའི་སྔགས་ནི་འདིའོ། །ཨོ་ས་ཀྲ་ར༷་ར༷་ཤིག་ཤིག་རྡུལ་ཕྱུང་ཐུ༷་རིལ་སྨྱོ། ཞེས་སུམ་འབུམ་བཟླས་ལ། གཉན་གྱི་གཟུགས་ལ་གདབ་པར་བྱའོ། །གཉན་མཆོད་པར་འདོད་ན་ནི། ཤིང་མདོམ་གང་ལ་ཤར་དུ་གཉན་གྱི་རྒྱལ་པོའི་གཟུགས་ལྷོར་རྒྱལ་ཕྲན་གྱི་གཟུགས་བྲིས། ནུབ་ཏུ་ཐིང་ཤའི་གཟུགས་བྲིས། བྱང་དུ་གཉན་གྱི་རྒྱལ་པོ་བཞིའི་གཟུགས་བྲིས།ཤིང་གི་རྩི་སྨན་སྣ་ཚོགས་ཀྱི་ཕུར་པ་གདབ། རྐེད་པར་བལ་ཚོན་སྣ་ཚོགས་ཀྱི་ཕུར་པ་དང་། ནད་ཀྱི་མིང་གདགས། རྩ་བར་ས་སྣ་ལྔའི་ཕུར་པ་གདགས། དེ་དག་གི་མཆོད་པའི་སྔགས་ནི། ཨོ་ཏི་ཀ་ནན་ཏ་ཞུང་རྦད་ཧུ༷་ལིང་ཧུ༷་ཡ་གྲྭཧྭ། ཉིས་སྟོང་སུམ་བརྒྱ་བཟླས་ཏེ། གཟུགས་ལ་གདགས་པས། གདུག་པས་ཟིན་པའི་ནད་ལས་གྲོལ་བར་འགྱུར་རོ། །གཉན་གྱི་རྒྱལ་པོ་མཆོད་པའི་ཐབས་དང་མན་ངག་སྟེ་བཅུ་བདུན་པའོ།། །།རྫ་ཐག་ཐུག་ལ་གནས་པའི་གཉན་འདུལ་བ་ནི། བདག་ཉིད་ཁྱུང་གི་སྐུར་བསྒོམས་ལ། རྡོ་རྗེ་ལྕེའི་རྩེ་མོ་ལ་དྲག་པོའི་སྔགས་བསྒོམ་པརབྱའོ། །གཤོགཕུགསཐམས་ཅད་ལ་ཡང་གཉན་ཏིག་ནན་མ་ར་ཡ་ཞེས་བསྒོམ་པར་བྱའོ། །གཉན་ཐམས་ཅད་རྩད་ནས་གཅོད་པའི་སྔགས་ནི། ཨོ་སརྦ་ན་ག་ཛ་ལ་རམ་མྱ་ར་ཡ་ཕཊ་ཕཊ། ཅེས་བཞི་འབུམ་བཟླས་ཏེ། རྫ་ཐག་ཐུག་གི་གནས་སུ་གཉན་གྱི་གཟུགས་བྱས་ལ་བཏབ་བས། གཉན་གྱི་གནས་ཐམས་ཅད་དུ་མེ་འབར་ཏེ། གནས་ཁང་དང་བཅས་པ་ཚིག་པར་འཀྱུར་རོ། །ལྕགས་ཐུ་ལུམ་བསྲེགས་པ་དང་། སྐེ་ཚེ་དང་། དུག་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་སྦྱར་བ་ལ།དུད་པ་བཏང་བ་དང་། དེའི་ཐུན་གྱིས་བྲབ་པ་དང་། ཀར་བཱ་རི་དང་། སེའུ་ཤིང་དང་། སྨག་ཤད་ཀྱི་ལྕག་གིས་ཉིན་མཚན་དུས་དྲུག་ཏུ་བྲབ་པར་བྱའོ། །ཕུར་བུའི་ཐུན་ཡང་གཉན་གྱི་མགོར་གདབ་པར་བྱའོ། །དེ་ལྟར་བྱས་པས་རྫ་ཐག་ཐུག་གི་གཉན་ཐམས་ཅད་རྩད་གཅད་པར་འགྱུར་རོ། །གཉན་འདུལ་བའི་ཐབས་དང་མན་ངག་སྟེ་བཅོ་བརྒྱད་པའོ།། །།ཐང་སྐམ་ཤིང་སྐམ་གྱི་གཉན་འདུལ་བ་ནི། བདག་ཉིད་འཁོར་ལོའི་ཁྱུང་ཆེན་པོར་བསྒོམས་ལ། མཆུ་དང་གཤོག་པ་ཐམས་ཅད་གསེར་གྱི་འཁོར་ལོ་ལ། གཤོག་ཕུགས་ནས་ཀྱང་གསེར་གྱི་བྱ་ཁྱུང་བསྒྲང་བ་ལས་འདས་པ། གཉན་གྱི་གྲོང་ཁྱེར་ལ་རྒྱུག་པའོ། །གསེར་གྱི་སྡེར་མོ་ལས་གཉན་ཐམས་ཅད་སྙིང་ནས་འདྲེན་ཅིང་། ཟ་བའི་སྔགས་འདིའོ། །ཨོ་ག་རུ་ཌ་ནཱ་ག་མ་ར་ཡ་དུ༷་དུ༷་ཙིསྟ་མུ་ར་ཡ་ཚལ་པ་རྦད་རྦད་ན་ག་མ་ར་ཡ་ཕཊ། ཅེས་བདུན་ཁྲི་སུམ་འབུམ་བཟླས་ལ། གཉན་གྱི་གཟུགས་ལ་ཉི་ལན་གསུམ་མཚན་ལན་གསུམ་དུ། ཁྲག་དང་། དུག་དང་། ལྕགས་ཀྱི་ཐུ་ལུམ་བརྡེག་པར་བྱའོ། །ར་གློ་བསྲོས་བས་ནི། ནང་ནུབ་ཏུ་གཟུགས་བདུག་པར་བྱའོ། ཁྱི་ཁྲག་དང་། ཕག་ཁྲག་དང་། བུལ་ཏོག་དང་། རྭའི་གཞོབ་ཀྱིས་ནི། ན་བའི་སར་བསྐུ་བར་བྱའོ། །ཐང་སྐམ་གྱི་གཉན་འདུལ་བའི་ཐབས་དང་མན་ངག་སྟེ་བཅུ་དགུ་པའོ།། །།གཉན་ཐམས་ཅད་སྤྱིར་འདུལ་བ་ནི། བདག་ཉིད་གནོད་སྤྱིན་ཁོས་པའི་ཁྱུང་ཆེན་པོར་བསྒོམས་ལ། མདུན་དུ་ཐུན་ཁུང་གྲུ་གསུམ་རྐོས། དེའི་ནང་དུ་ཕག་ཐོད་བཞག་ལ། ཕག་ཐོད་ཀྱི་ནང་དུ་གཉན་ཐམས་ཅད་ཀྱི་མིང་བྲིས་ལ། གྲོ་ག་འམ་ཤོག་བུ། གཉན་གྱི་གཟུགས་བྲིས་ལ་ནང་དུ་གཞུག །ཞིང་ཆེན་གྱི་གཡང་གཞིས་ཁ་ནས་དགབ་གཤོབ་སྣ་ཚོགས་དང་། དུག་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་སྦྱར་བས་ཐུན་ཏུ་གདབ། སེའུ་ཤིང་གིས་གཞུ་བྱ། སྨག་ཤད་ལ་མདའ་བྱ། ཀ་ར་བྲི་རའི་མདེའུ་གཞུག །ཁྲའི་སྒྲོས་སྦྲོན་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་ཐོད་པར་མདའ་ཐུན་བྱའོ། །དེའི་སྔགས་ནི་འདིའོ། །ཨོ་ག་རུ་ཌ་ར་ག་ན་ག་མ་ར་ཡ། ས་སྒ་མ་ར་ཡ་ཙིཏི་ལ་ཧུར་ཐུམས། མ་ར་ཡ་སྨྱོ་སྦྱོ། ཞེས་སྟོང་ལྔ་བརྒྱ་བཟླས་ཤིང་མངའ་བཟའ། ཁྲི་ཚོ་ཞིང་མདས་བརྡེག །ཉིས་འབུམ་ཞིང་མཐའ་རྟུལ། གཉན་གྱི་ཁང་པ་ལ་སྐེ་ཚེའི་གཞུག །ཛ་ལ་ཤིག་ཅེས་བསྲེག་པར་བྱའོ། །གཉན་སྤྱིར་འདུལ་བའི་ཐབས་དང་མན་ངག་སྟེ་ཉི་ཤུ་པའོ།། །།ས་བདག་གདུལ་བ་ནི། བདག་ཉིད་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ། དབུ་ལ་རིགས་ལྔའི་ཁྱུང་གིས་བརྒྱན་པ། རྡོ་རྗེ་དྲིལ་བུ་འཛིན་པ། སྤྲུལ་པའི་ཁྱུང་བསམ་གྱིས་མི་ཁྱབ་པ་ཕོ་ཉར་འགྱེད་པ།དེ་ལྟར་བསྒོམས་ཏེ། ས་གཞི་ཐམས་ཅད་དབང་བྱེད་པའི་ས་བདག་ཆེན་པོ་འདིས་དབང་དུ་བསྡུ་བར་བྱའོ། །ཨོ་བཛྲ་བཱ་ཁི་ག་རུ་ཌ་མུན་རིག་མུན་རིག་ཐུམ་རིལ་རྦད་རྦད་ཛ་ཛ། ཞེས་ས་བདག་ཐམས་ཅད་དབང་དུ་བསྡུ་བའོ། །རུ་རུ་འདུ་ར་ཞུག་ཛ་ཏུ་ཁུ་སྣ་ར་ཉ་ཁུག་ཛ། རྩེ་་་ར་ག་བུ་ར༷། ན་ག་འུ་ར༷་ཁུག་ཛ། ཞེས་གཉན་ཐམས་ཅད་དབང་དུ་བསྡུ་བའོ། །བཛྲ་བཱ་ནེ་ན་ག་མ་ར་ཡ་ཛ་ཛ། བཱ་ཤ་ཁུག་ཛ། ཞེས་ཀླུ་ཐམས་ཅད་དབང་དུ་བསྡུ་བའོ། །ས་བདག་ལས་གྱེས་པ་ཐམས་ཅད་དབང་དུ་བསྡུ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།ས་བདག་གི་རྒྱལ་པོ་བསྒྲལ་བ་ནི། བདག་ཉིད་རིགས་ཀྱི་ཁྱུང་གི་ཏིང་ངེ་འཛིན་དུ་ཞུགས་ལ། ས་གཞི་ཐམས་ཅད་ས་བདག་གི་གྲོང་ཁྱེར་དུ་གནས་པ་ལ། ཁྱུང་ཐམས་ཅད་ཀྱི་བཟའ་བའི་ཞིང་དུ་གྱུར་པར་བསྒོམས་ལ། ཧ་ས་ཞེས་འོར་གསུམ་དུ་གཞད་པར་བྱའོ། །སེ་ཏ་ཞེས་གཤོག་པ་ལན་གསུམ་དུ་ས་ལ་བརྡབ་པར་བྱའོ། ཁྲོ་དྷ་ཧོ་ཞེས་འོར་གསུམ་དུ་ཁྲོས་པས་གནམ་ས་དཀྲུག་པར་བྱའོ། །ཀྲིང་ཀླུ་ཚལ་པ་ཞེས་སྒྲ་བསྒྲགས་པས། ཐམས་ཅད་སྙིང་འགས་ཤིང་འཆི་བར་འགྱུར་རོ། །དེ་ལྟར་ཤི་བ་ལ་བཟའ་བའི་ཐབས་སྔགས་ནི་འདིའོ། །ག་རུ་ཌ་ཁའི་ཀོ་དྷ་ཁའི། ཞེས་ལན་སུམ་འབུམ་བཟླས་ལ་བཟའ་བར་བྱའོ། །ལྕགས་ཀྱི་ཐུ་ལུམ་ལ་སོགས་པའི་རྫས་ནི། ཉི་མ་དྲོས་པ་དང་དགོངས་བརྡེག་པར་བྱའོ། །ས་བདག་ཐམས་ཅད་རང་རང་གི་གདུག་པ་དང་བྲལ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་གནས་པར་འགྱུར་རོ། །ས་བདག་སྤྱིའི་ཐབས་ཏེ་རྩ་གཉིས་པའོ།། །།རྫིང་སྐམ་པོ་ལ་གནས་པའི་ས་བདག་ནི། བདག་ཉིད་གཤིན་རྗེའི་ཁྱུང་ཆེན་པོར་བསྒོམས་ལ། མཆུ་ཡང་རིན་པོ་ཆེ་འབར་བའི་མཆུ། གཤོག་པ་རིན་པོ་ཆེ་ཟུར་བརྒྱད་ཀྱིས་བལྟམས་ང་། སྡེར་མོས་ས་བདག་ཐམས་ཅད་ཀྱི་སྙིང་ནས་འཛིན་པ། མཆུ་ས་བདག་གི་སྲོག་པ་རྩ་ལ་བསྡམས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་འབར་བ། ས་བདག་གི་གནས་ཐ་།་་་ཅད་སྲེག་པར་བྱེད་པའི་སྔགས་ནི་འདིའོ། །ལང་ར་ཙ་མ་ར་ཡ་ཕཊ། ཏྲི་ཁུག་ཞུང་སྨྱོ། ཞེས་འབུམ་བཟླས་ལ། ཉ་ལྕིབས་ལ་ས་བདག་གི་གཟུགས་བྱས་ལ་དགབ་བོ། །ཀ་ར་བྲི་ར་དང་། སེའུ་ཤིང་དང་། སྨག་ཤད་ཀྱི་ལྕག་གིས་བྲབ་པར་བྱའོ། །མི་གཙང་བ་སྣ་ཚོགས་ཀྱི་ཐུན་ཡང་གདབ་བོ། །དེ་ལྟར་བྱས་པས་ས་བདག་གི་ཕོལ་འབྲས་ལ་སོགས་པ་ནད་བཏང་བ་དང་བྲལ་བར་འགྱུར་རོ། །རྫིང་སྐམ་པོ་ལ་གནས་པའི་ས་བདག་འདུལ་བའི་ཐབས་ཏེ་རྩ་གསུམ་པའོ།། །།ཆུ་མིག་རྡོ་སྐམ་དང་ཞིང་ལ་གནས་པའི་ས་བདག་གདུལ་བའི་ཐབས་ནི། བདག་ཉིད་ལས་ཀྱི་ཁྱུང་དུ་བསྒོམས་ཏེ། མཛེ་རྟོལ་དང་ཕག་གི་གཟུགས་བྱས་ལ། ཉ་ལྕིབས་ཀྱིས་གྲིལ། ཤིང་རིང་པོ་ལ་བཏགས་ལ། གདུག་པའི་སྔགས་ཀྱིས་གདབ་པར་བྱའོ། །དེ་ལ་སྔགས་ནི་འདིས་བྱའོ། །ལམ་ར་ཙི་མ་ར་ཡ་ཕཊཅེས་འབུམ་མམ་ཁྲི་བཟླས་ལ་གཟུགས་ལ་གདབ་པས། ཐམས་ཅད་ལྡང་མི་ནུས་པར་འགྱུར་རོ། །ཞིང་རོལ་སྙིང་བ་དང་། ཆུ་མིག་རྡོ་སྐམ་ལ་གནས་པའི་ས་བདག་གདུལ་བའི་ཐབས་ཏེ་རྩ་བཞི་པའོ།། །།ཞིང་མུ་མ་དང་ཁང་རྨང་ལ་གནས་པའི་ས་བདག་གདུལ་བའི་ཐབས་ནི་བདག་ཉིད་སྤྲུལ་པའི་བྱ་ཁྱུང་དུ་བསྒོམས་ཏེ། བུད་མེད་ནག་མོ་དང་། ཕྱི་བ་དང་། ཕག་གི་གཟུགས་བྱས་ལ། དོང་གྲུ་གསུམ་པའི་ནང་དུ་གཞུག །ཁྲག་ཕུལ་གང་བསྐོལ་ལ་གཟུགས་ཁ་སྦུབ་སྟེ། སྔགས་འདི་བཟླས་ལ་གསད་པར་བྱའོ། །ཨོ་ག་རུ་ཌ་ནཱ་ག་ལ༷་མ་ར་ཡ་ཕཊ། ཅེས་བརྗོད་པས། ས་བདག་ཐམས་ཅད་ཁ་ནས་ཁྲག་སྒྱུག་ཅིང་ལུས་ཀྱང་དུམ་བུར་འཆད་པར་འགྱུར་རོ། །ས་བདག་ཕྲ་མོ་གདུལ་བའི་ཐབས་ཏེ་རྩ་ལྔ་པའོ།། །།སྤྱིར་ན་ས་བདག་ཀླུ་གཉན་གནོད་པ་ལ་ལས་འདིས་མཐའ་བརྟུལ་བར་བྱའོ། །བདག་ཉིད་གནམ་ལྕགས་རྡོ་རྗེ་ཁྱུང་གི་ཏིང་ངེ་འཛིན་དུ་ཞུགས་ལ་མདུན་དུ་གྲུ་གསུམ་པ་གསུམ་བཅས་ལ། གཅིག་ཏུ་ཀླུའི་གཟུགས་བཞག །གཅིག་ཏུ་གཉན་གྱི་གཟུགས་བཞག །གཅིག་ཏུ་ས་བདག་གི་གཟུགས་བཞག །ཀླུའི་གཟུགས་ནི་བཅོ་བརྒྱད་དོ། །ཕུར་བུ་ཡང་བཅོ་བརྒྱད།ལྕགས་ཀྱུ་ཡང་བཅོ་བརྒྱད། བྲབ་པའི་སྔགས་རྫས་ཀྱང་ཚང་བར་བསག་གི །གཅིག་ཏུ་གཉན་གྱི་གཟུགས་ཀྱང་ཉི་ཤུ། ཕུར་བུ་ཡང་ཉི་ཤུ། ལྕགས་ཀྱི་ཐོ་ལུམ་ཀྱང་ཉི་ཤུ། གཞན་ཡང་བྲབ་པའི་རྫས་ཚང་བར་བསག་གོ །གཅིག་ཏུ་ས་བདག་གི་གཟུགས་ཀྱང་ཉི་ཤུ། ཕུར་བུ་ཡང་ཉི་ཤུ། ལྕགས་ཀྱུ་ཡང་ཉི་ཤུ། ཁ་སྐོངས་ཀྱི་ཐུ་ལུམ་ཡང་ཉི་ཤུ། གཞན་ཡང་བྲབ་པའི་རྫས་ཚང་བར་བསག་གོ །སྔགས་འདིས་ཐམས་ཅད་ལ་བརྡེག་པར་བྱའོ། །དེའི་སྔགས་ནི་འདིའོ། །ཨོ་ན་ག་ཐུག་ཐུམ་རྦད། ཀི་ལི་ཀི་ལྭ་ཡ་མ་ར་ཡ་ཕཊ། ཏིར་ཏེ་ཀེ་ཧུར་ཐུམ་ས་རྦད། ར༷་རེ་ཤིག་ཤིག །ས་མ་ཡ་མྱ་ར་ཡ་ཕཊ། ཅེས་འབུམ་བཟླས་ལ་ཕུར་བུ་ཡང་གདབ། ལྕག་གྲིས་བྲབ། ཐུ་ལུམ་བརྡེག་གོ །རྫས་གཞན་གྱི་ཐུན་ཡང་བརྡེག་གོ །དེ་ལྟར་བྱས་པས་དེ་འཕྲང་བརྒྱ་རྩ་བརྒྱད་དུ། ཤིང་ལ་བཏགས་ཏེ་བཞག་གོ །ཡང་ན་ནི་འཕྲང་ལྔ་བཅུ་རྩ་བརྒྱད་དུ་བདག་པར་བྱའོ། །སྤྱིའི་གཟུགས་ལྔ་བཅུ་རྩ་བརྒྱད་དོ། །ཕུར་བུ་ལྔ་བཅུ་རྩ་བརྒྱད་དོ། །སོགས་པའི་རྫས་ཀྱི་མཐའ་བརྟུལ་བའོ། །སྤྱིའི་མཐའ་བརྟུལ་བ་སྟེ་རྩ་དྲུག་པའོ།། །།ཀླུ་གཉན་ཐམས་ཅད་ལ་བྱ་ཁྱུང་གི་ཆར་དབབ་པ་ནི། བདག་ཉིད་བྱ་ཁྱུང་དུ་བསྒོམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་བྱ་ཁྱུང་དུ་མ་གྱུར་པ་མེད་པར་བསྒོམས་ལ། གདོན་ཐམས་ཅད་ཀྱང་ཁྱུང་གི་ཟས་སུ་མ་གྱུར་པ་མེད་པར་བསམས་ལ། སྔགས་འདིས་ནམ་མཁའ་ལ་ཁྱུང་གི་ཆར་དབབ་བོ། །ག་རུ་ན་དིང་རི་དིང་རི་རྦད། ག་རུ་ཌ་ཁ་ཐུམ་ཁ་ཐུ༷་ཐུ༷། ཛ་རེ་ཛ་རེ་སྨྱོ། ཤར་ཤར་སིལ་སྨྱོ། ཞེས་ནམ་མཁའ་ལས་ཁྱུང་གི་ཆར་ཕབ་སྟེ། གང་དུ་ཡང་འབྲོས་པའི་གནས་མེད་པར་བྱའོ། ཁྱུང་གི་ཆར་དབབ་པ་སྟེ་རྩ་བདུན་པའོ།། །།ས་བདག་ཀླུ་གཉན་ཐམས་ཅད་བསྲེག་པ་ནི། བདག་ཉིད་ཕྱག་ན་རྡོ་རྗེའི་ཏིང་གེ་འཛིན་དུ་ཞུགས་ལ། ཐུགས་ཀ་ནས་ཡི་གེ་ར༷་བཏོན་ཏེ། ར༷་ཕྱོགས་བཅུར་འཕྲོས་ཏེ། ཡེ་ཤེས་ཀྱི་མེར་གྱུར་ནས། ས་ལ་གནས་པའི་ས་བདག་དང་། ཆུ་ལ་གནས་པའི་ཀླུ་དང་། རྫ་དང་ཤིང་ལ་གནས་པའི་གཉན་ཐམས་ཅད་བསྲེག་པའི་རྫས་དང་སྔགས་འདིའོ། །ཨོ་བཛྲ་བཱ་ཁི་ནཱ་ག་ས་མ་ཡསྒ་ཨསྣེ་ཛ་ལ་ར༷་ནཱ་ར་ཡ་ཕཊ། ཅེས་ཉི་ཁྲི་ལྔ་སྟོང་བཟླས་ལ། སྐེ་ཚེ་ལ་བཟླས་ནས་གནོད་པའི་གནས་ཐམས་ཅད་དུ་གཏོར་བས། གནས་ཁང་དང་བཅས་པ་ཚིག་པར་འགྱུར་རོ། །ས་བདག་ཀླུ་གཉན་བསྲེགས་པའི་ཐབས་ཏེ་རྩ་བརྒྱད་པའོ།། །།ཀླུ་གཉན་གྱི་ནད་ཤ་བཀྲས་ཟིན་པ་ལ། མར་ཁུ་དང་། ཀ་ར་དང་། ཟར་མའི་མེ་ཏོག་དང་། གོ་སྙོད་རྣམས་སྦྱར་ལ། སྔགས་འདིས་བཏབ་སྟེ་བསྐུས་ནས། ཤ་བཀྲའི་ནད་ལས་གྲོལ་བར་འགྱུར་རོ། །ཏི་ཐི་མར་ཏི་མ་ར་ཡ་ཕཊ། ཅེས་ལྔ་ཁྲི་བཟླས་ལ་བསྐུའོ། །ཤ་བཀྲ་གསོ་བའི་ཐབས་ཏེ་རྩ་དགུ་པའོ།། །།ས་བདག་ཀླུ་གཉན་གྱིས་ཟིན་པའི་འབྲས་འདུལ་བ་ནི། སྲུབ་ཀ་དང་། ནག་ཚུར་དང་། ཚྭ་དང་། རྒྱམ་ཚ་དང་།དུད་པ་དང་། བྱེའུ་ལན་ས་རྣམས་བསྲེས་ཏེ། རའི་གཅིན་གྱིས་སྦྲུས་པ་ལ། སྔགས་འདི་བཏབ་ལ་བརླན་པས་སོས་པར་འགྱུར་རོ། །ཨོ་ས་ཏ་ས་ཏི་ནཱ་ག་མུ་ར་ཡ་ཕཊ། ཅེས་འབུམ་བརྒྱད་ཁྲི་བཟླས་པས་གྲོལ་བར་འགྱུར་རོ། །འབྲས་གསོ་བ་སྟེ་སུམ་ཅུ་པའོ།། །།ཀླུ་གཉན་གྱི་ནད་ཤུ་བ་གསོ་བ་ནི། ནག་ཚུར་དང་། སྦྲང་དང་། ཀ་ར་དང་། གླ་བ་རྣམས་སྦྱར་ལ། ཁྱིའི་གཅིན་གྱིས་སྦྲུས་ལ། ཙིསྟའིཕྱེམརྣམས་མར་དང་སྦྱར་ལ། སྲོད་ཐོ་རངས་གཉིས་བསྐུལ་བའི་སྔགས་འདིའོ། །ཨོ་བཛྲ་བཱ་ཁེ་དྷི་དྷ་ནཱ་ག་མྱ་ར་ཡ་ཕཊ། ཅེས་གསུམ་འབུམ་ལྔ་ཁྲི་བཟླས་ཏེ་ཤུ་བ་ལ་བསྐུས་ན། ཤུ་བའི་ནད་ལས་གྲོལ་བར་འགྱུར་རོ། ཁུ་བ་གསོ་བ་སྟེ་སོ་གཅིག་པའོ།། །།ས་བདག་ཀླུ་གཉན་གྱིས་ཆུ་རྒྱུས་ན་བ་ལ། སྒུར་པོར་སོང་བ་གསོ་བའི་ཐབས་ནི། འབྲས་བུ་གསུམ་གྱི་སྨན་དང་། པུ་ཤེལ་རྩེ་དང་། ན་ག་གེ་སར་རྣམས་སྦྱར་ཏེ། མར་དང་སྦགས་ལ་བཟའ་བ་དང་། ལུས་ལ་བྱུག་པར་བྱ་བའི་ཐབས་དང་སྔགས་ནི་འདིའོ། །ཨོ་བཛྲ་བཱ་ཁེ་ཧུ་ཡ་ཧུ་ཡ་དུ་མ་མ་ར་ཡ་ཕཊ། ཅེས་འབུམ་ཁྲི་བཟླས་ཏེ། ལུས་ལ་བྱུག་པ་དང་། བཟའ་བ་དང་། མཁན་པ་ལ་སོགས་པས་དུགས་བྱས་པས། ནད་དེ་ལས་གྲོལ་བར་འགྱུར་རོ། །ཆུ་རྒྱུས་ན་བ་དང་། ལུས་སྒུར་པོར་སོང་བ་གསོ་བ་སྟེ་སོ་གཉིས་པའོ།། །།ས་བདག་ཀླུ་གཉན་གྱིས་རྨ་དང་སེར་ཀ་མི་སོས་པ་དང་། ཤ་བཟི་གུར་བྱེད་པ་ལ་ནི། གློ་རྩ་གཏར་བ་དང་། བ་ཤ་ཀ་དང་། ཏིཀྟ་ར་ཤར་སྦྱར་ཏེ། ཉིན་དང་མཚན་དུ། དུས་གསུམ་ལ་བཏང་ན། ནད་དེ་ལས་གྲོལ་བར་འགྱུར་བའི་སྔགས་འདིའོ། །ཨོ་བཛྲ་བཱ་ཁེ་ག་རུ་ཌ་ན་ག་ཨ་ག་ནི་མུ་ར་ཡ་ཕཊ། ཅེས་འབུམ་ཕྲག་གསུམ་བཟླས་ཏེ་ཟོས་ན། ནད་དེའི་སྡུག་བསྔལ་ལས་གྲོལ་བ་དང་། ལུས་ཤིན་ཏུ་མཉེན་པ་དང་། དབང་པོ་ཡང་ཤིན་ཏུ་བདེ་བར་འགྱུར་རོ། །སེར་ག་དང་ཤ་གཟའི་གུ་གསོ་བའི་ཐབས་སོ། །སོ་གསུམ་པའོ།། །།ས་བདག་ཀླུ་གཉན་གྱི་བེམས་པོ་གསོ་བ་དང་། སྐྲངས་བློ་བཏང་བ་འདུལ་བ་ནི། འབྲས་བུ་གསུམ་གྱི་སྨན་མར་གྱིས་བསྐུ་བྱུག་བྱ་བ་དང་། འཇམ་རྩི་བཏང་བ་ནི། བཅུ་བརྡེག་པ་སྟེ། དེ་དག་ལ་སྔགས་འདི་བཟླས་ཏེ་བཏབ་པར་བྱའོ། །ཨོ་ནཱ་ག་ཨ་ན་ལེ་ཨ་ན་ལེ། བི་ཤཱན་ཏེ་བི་ཤཱན་ཏེ་ནཱ་ར་ཡ་ཕཊ། ཅེས་འབུམ་དང་བདུན་ཁྲི་བཟླས་ལ། རྫས་དེ་དག་བཏབ་པས་བེམས་པོ་ལ་སོགས་པ་ཟློག་པར་བྱེད་དོ། །གདུག་པ་ཐམས་ཅད་ཀྱང་བཏང་སྟེ་སེལ་བར་འགྱུར་རོ། །བེམས་པོ་གསོ་བའི་ཐབས་ཏེ་སོ་བཞི་པའོ།། །།ས་བདག་ཀླུ་གཉན་གྱིས་འོན་དིག་ཏུ་སོང་བ་གསོ་བ་ནི། སྒོག་སྐྱ་དང་མར་དུ་བསྲེས་ལ་མེས་བདུག་ལ། རྣ་བར་བླུག་པའི་སྔགས་ནི་འདིའོ། །ཨོ་པྲ་བ་མ་ཏུ་ཏི་ནཱ་ག་བཱ་ར་ཡ་ཕཊ། ཅེས་ལྔ་འབུམ་དུ་བཟླས་ཏེ་བཏབ་པས། འོན་པའི་སྡུག་བསྔལ་དང་། ལྐུགས་པའི་སྡུག་བསྔལ་ནད་དང་། ཚ་བ་མེ་དཔལ་གྱི་ནད་སེལ་བར་འགྱུར་རོ། །སྐྱ་རེངས་ཤར་ནས་ནམ་ནངས་ཀྱ་བར་དུ་གཏོར་བས། གདུག་པ་ཐམས་ཅད་ཕྱིར་འབྲོས་པར་འགྱུར་རོ། །འོན་དིག་དང་མེ་དབལ་གསོ་བ་སྟེ་སོ་ལྔ་པའོ།། །།ས་བདག་ཀླུ་གཉན་གྱིས་གཞོགས་བསྐམས་སུ་སོང་བ་འདུལ་བ་ནི། མཁན་པ་ཤུགས་པ་དང་། རིལ་མ་བཙོས་པའི་དུགས་བྱས་ལ། དུག་གི་སྨན་མར་དང་། འབྲས་བུ་གསུམ་གྱི་སྨན་མར་དང་། ལྒའི་ཐང་རྣམས་བྱས་ལ། སྔགས་འདིས་བཏབ་སྟེ་གཏང་བར་བྱའོ། །ཨོ་བཛྲ་ག་རུ་ཌ་ཏུ་ན་ཏེ་ཐང་ཐང་མ་ར་ཡ་ཕཊ། ཅེས་དགུ་ཁྲི་ལྔ་སྟོང་བཟླས་ཏེ། དེ་རྣམས་གཏད་བར་བྱའོ། །དུས་དུས་སུ་ཁྱུང་ལ་མཆོད་པ་བྱའོ། ཁྲག་སྣ་ཚོགས་དང་ལྕག་གསུམ་གྱིས་སྡིག་པར་བྱའོ། །གཞོགས་བསྐམས་གསོ་བའི་ཐབས་ཏེ་སོ་དྲུག་པའོ།། །།ས་བདག་ཀླུ་གཉན་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཁྱུང་གིས་ཉོན་མོངས་པའི་གནས་བསྒྲལ་བ་ནི། ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཏེ། ཐམས་ཅད་ཀྱང་མི་གནས་པའི་མྱ་ངན་ལས་འདས་པར་བསྒྲལ་ཏེ། སྙིང་རྗེ་ཆེན་པོས་བསྒྲལ་བའི་ལས་ལ་བརྩོན་པར་བྱའོ། །ལས་ཀྱི་དབང་གིས་ཉོན་མོངས་པ་དང་རིགས་ཀྱི་ཁྱུང་དང་གཉིས་སུ་མེད་པར་བྱས་ཏེ། རྟོག་པ་ཐམས་ཅད་དང་བྲལ་བའི་ལྟ་བས་མི་གནས་བའི་དབྱིངས་སུ་བསྒྲལ་བར་བྱའོ། ཁྱུང་ཆེན་པོ་རྣམས་ཀྱང་སེམས་ཅན་གྱི་དོན་ལ་ས་བདག་གི་གྲོང་ཁྱེར་ལ་བརྩོན་པར་གཤེགས་པའོ། །ང་རྒྱལ་ཆེན་པོ་ན་གདུག་པ་ཐམས་ཅད་དུས་གཅིག་ཏུ་འདུལ་བའོ། །ཀླུ་འདུལ་བའི་ཁྱུང་གིས་ལྟ་བ་བྱ་ཁྱུང་གློག་འགྱུར་ལས་ཀྱི་རྒྱུད་ལས། ས་བདག་ཀླུ་གཉན་འདུལ་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་དྲེགས་པ་ཅན་བདུད་དང་། སྲིན་པོ་དང་། རྒྱལ་པོ་དང་། དམུ་དང་། བཙན་དང་། མ་ཡམས་བཅུ་གསུམ་དང་། མ་མོ་དང་། སྲིན་མོའི་ཚོགས་ཐམས་ཅད་དང་། གདོན་ཕལ་པར་གྱུར་པ་ཆོམས་བདལ་བའི་ཐབས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག སེམས་ཅན་ཐམས་ཅད་གཅིག་ལ་གཅིག་གཙེས་པ་དང་། དྲེགས་པ་ཅན་གྱིས་གཙེས་པ་ལ་ཕན་གདགས་བསྟན་པར་བྱའོ། །བདུད་ཀྱིས་ཟིན་པ་རྣམས་ལ་ནི། ངར་ཟན་ནག་པོ་ཁྲུ་གང་པ། ཞེང་སོར་བཞི་པ། སྙིང་ཀར་གླས་གང་བཙུགས་པ། བཞིན་མཚལ་གྱིས་བྱུགས་པ། ཟེར་མོའི་སྐྲ་ཡོད་པ། སྦུ་གུའི་མིག་ཡོད་པ། མགྲོན་བུའི་སོ་ཡོད་པ། གཡས་སུ་གསེར་བཀུར་པ། གཡོན་དུ་གཡུ་བཀུར་བ། རུས་པ་དུང་ཡོད་པ། དེའི་སྙིང་ཀར་བདུད་ཐམས་ཅད་ཀྱི་མིང་བྲིས་ལ་གླན། དེ་ལས་བདག་ཉིད་ལས་ཀྱི་ཁྱུང་གི་ཏིང་ངེ་འཛིན་དུ་ཞུགས་ལ་སྔགས་འདི་བཟླས་ཏེ། ཨོ་ཀརྨ་ར་ལེ་པྲ་ཏི་པྲུ་ཙ་ཁུ་ཧི་གྲྭ་ཧྭ། ཞེས་བརྗོད་ལ། གྲངས་བདུན་ཁྲི་བརྗོད་ལ་ནད་པ་ལ་བསྐོར་ཏེ་བཏང་ན་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །བདུད་བཅོས་པ་སྟེ་སོ་བརྒྱད་པའོ།། །།དེ་ལྟར་བྱིན་ཡང་ཉན་དུ་མ་འདོད་ན། བདག་ལས་ཀྱི་ཁྱུང་ཆེན་ཁྲོས་པར་བསྒོམས་ཏེ། སྡེར་མོས་ཡ་བདུད་ཐམས་ཅད་ཀྱི་སྙིང་ནས་བཟུང་། གཤོག་པས་མ་བདུད་ཐམས་ཅད་ཀྱི་མགོ་གནོན་པ། རལ་གྲིའི་མཆུས་བདུད་རོལ་པོ་རྒྱ་མངས་ཟ་བ། དེའི་སྔགས་ནི་འདིའོ། །ག་རུ་ཌ་ཐིབས་ཐིབས་མུན་རུམ་ཤ་ཟོ། །ར་དྷ་རི་དྷི་བཱ་ར་ཡ་ཕཊ། ཅེས་འབུམ་བཟླས་ལ། བདུད་ཀྱི་མིང་བྲིས་ལ་བཏབ་སྟེ། མེར་བསྲེགས་ཏེ་བཏང་ན། བསྐལ་པ་གསུམ་པ་ཡང་འདའ་བར་མི་འགྱུར་རོ། །དྲག་པོ་བདུད་བ་་བ་སྟེ་སོ་དགུ་པའོ།། །།དམུག་གཙེས་པ་རྣམས་ལ་ནི། ཕུག་རོན་གྱི་གསོབ་ཀྱི་ནང་དུ། ཁ་ཟས་སྣ་ཚོགས་བླུགས་ལ། དམུའི་མིང་བྲིས་པ་ཐམས་ཅ་་ཀྱང་གཤོག་པ་ལ་གདགས། བདག་ཉིད་ལས་ཀྱི་ཁྱུང་དུ་བསྒོམས་ཏེ། སྔགས་འདི་བཟླས་ལ་མཆོད་པར་བྱའོ། །གཏི་མུག་རུམ་ཐིབས་ཐིབས་པྲུ་ཙ་ཁུ་ཧི།སུམ་ཁྲི་ལྔ་སྟོང་བཟླས་ལ་ནད་པ་ལ་བསྐོར་ཏེ་བཏང་བས། ནད་ཀྱི་སྡུག་བསྔལ་དེ་ལས་གྲོལ་བར་འགྱུར་རོ། །དམུ་བཅོས་བའི་ཐབས་ཏེ་བཞི་བཅུ་པའོ།། །།དེས་མ་ཐུལ་ན་དམུའི་རྒྱལ་པོའི་མིང་བྲིས་ཏེ། སྙིང་ཀར་སེང་ལྡེང་གི་ཕུར་པ་སོར་བཞིས་བཏབ་ལ། སྔགས་འདིས་གདབ་པར་བྱའོ། །སུ་ཏ་ཀི་ལི་ཀི་ལྭ་ཡ་མུ་ར་ཡ་ཕཊ། ཅེས་འབུམ་བཟླས་པས། དམུ་རྗེ་དང་། དམུ་བདུད་དང་།དམུ་བཙན་ཐམས་ཅད་ཀྱང་ཧ་ག་དངངས་ཏེ་འབྲོས་པར་འགྱུར་རོ། །དྲག་པོ་དམུ་གདུལ་བ་སྟེ་ཞེ་གཅིག་པའོ།། །།རྒྱལ་པོ་ཟིན་པ་བཅོས་པ་ནི། རིན་པོ་ཆེ་སྣ་བཞི་དར་ཟན་བ་དང་བ་ནི་མཁར་བྱས་ཏེ། མཁར་དེའི་ནང་དུ་ཡང་རྒྱལ་པོའི་གཟུགས་བཞག་ལ། དེའི་མདུན་དུ་མཆོད་པའི་རྟེན་ཆང་བསེ་ཕོར་གང་གི་ནང་དུ། བུ་རམ་དང་སྤྱན་གཟིགས་སྣ་ཚོགས་བླུག་ལ་བཞག །དེ་ལ་མཆོད་པའི་སྔགས་ནི་འདིའོ། །ཨོ་ར་ཙ་ཤི་ཀྲིན་ཏིང་བྱུ་ཙ་ཁུ་ཧི།ཁྲི་ལྔ་སྟོང་བཟླས་ལ། གདོན་གྱིས་ཟིན་པ་ལ་བསྐོར་ཏེ་བཏང་ན། སྡུག་བསྔལ་དང་བྲལ་བར་འགྱུར་རོ། །རྒྱལ་པོ་ཡང་རང་གི་གནས་སུ་གཤེགས་པར་འགྱུར། རྒྱལ་པོའི་བཅོས་ཏེ་ཞེ་གཉིས་པའོ།། །།དེས་ཀྱང་དུལ་བར་མ་གྱུར་ན། རྒྱལ་པོ་སྲོག་གི་སྙིང་པོ་ནས་དྲངས་ཏེ། ར་ཙ་ཐང་ཤང་ཤི་ཤི་རྦད། སྒ་་རིལ་སྒ་་རིལ་ཐུམ་ཀིམ་ཏ་ཀིམ་ཏ་ཁུག ཁྲེལ་ཤེལ་ནི་ར་ཛ། ཞེས་ཁྲི་ཚོ་གཅིག་བཟླས་ལ། བདག་ཉིད་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ཁྱུང་དང་བཅས་པ་བསྒོམས་ཏེ། རྡོ་རྗེ་ལས་གསུམ་དུ་གསོར་ནས། རྡོ་རྗེའི་སྟང་སྟབས་བྱས་པས། རང་གི་གསུས་སུ་འགྲོ་བར་འགྱུར་རོ། །རྒྱལ་པོ་བསྐྲད་པའི་ཐབས་ཏེ་ཞེ་གསུམ་པའོ།། །།རྒྱལ་ཕྲན་གྱིས་གཙེས་པ་བཅོས་པ་ནི། ངར་ཟན་སྣ་ཚོགས་ལ་རིན་པོ་ཆེ་བརྡར་ཏེ། བཤོས་བུ་གྲུ་བཞི་ཆག་གང་བར་བྱས་ལ། མདའ་ཟ་འོག་འཁར་ཐབས་གཟུགས། ལྤགས་སུ་གྲོ་པོར་དང་། ཞལ་ཟས་ཀྱིས་བརྒྱན་ལ། སྔགས་འདིས་བཏབ་སྟེ་བཏང་ངོ་། །དེའི་སྔགས་ནི་འདིའོ། །ཨོ་ཙ་ར་བ་ལི་ཤ་པྱུ་ཙ་ཁུ་ཧི། ཞེས་ཉི་ཁྲི་བཟླས་ལ། ནད་པ་ལ་བསྐོར་ཏེ་བཏང་བར་བྱའོ། །རྒྱལ་ཕྲན་སིལ་མ་བཅོས་པ་སྟེ་ཞེ་བཞི་པའོ།། །།ཐེའུ་བྲང་གི་གདོན་གྱིས་ཟིན་པ་ལ་ནི། ར་རུ་དང་། ཉུངས་ཀར་དང་། རའི་ཚིལ་དང་། སྒོག་སྐྱ་རྣམས་བསྲེས་པས། འབྲོས་པར་འགྱུར་བའི་སྔགས་ནི་འདིའོ། །ཏྲི་ནན་མ་ར་ཡ་ཕཊ། ཅེས་སྟོང་ལྔ་བརྒྱ་བཟླས་ཏེ། བསྲེགས་པས་ཤིང་ཏུ་ཡང་ཧ་ག་དངངས་ཏེ་འབྲོས་པར་འགྱུར་རོ། །ཐེའུ་བྲང་བཅོས་པའི་ཐབས་ཏེ་ཞེ་ལྔ་པའོ།། །།ཡུལ་གདོན་གྱི་འགོང་པོ་བཅོས་པ་ནི། ར་སོག་དང་ཁྱི་སོག་ལ་འགོང་པོའི་མིང་དང་རུས་སུ་ཆས་པ་ལ། སྐུད་པ་སྔོན་དམར་གྱིས་ལན་དགུར་བཅིང་ངོ་། །ར་རུ་ལུག་རུ་དང་། རྣ་རུ་དང་། སྦ་མ་དང་། སྒོག་པ་དང་། ཉུངས་ཀར་དང་། གུ་གུལ་རྣམས་བསྲེགས་ཏེ། མེར་བསྲེགས་པས་འབྲོས་པའི་སྔགས་ནི་འདིའོ། །ཏྲི་པུ་ཐ་ཐེའུ་ནན་མ་ར་ཡ་ཕཊ། ཅེས་སྟོང་བདུན་བརྒྱ་བཟླས་པས། ཁ་ནས་ཁྲག་སྒྱུག་ཅིང་འབྲོས་པར་འགྱུར་རོ། །ཡུལ་གདོན་འགོང་པོ་བཅོས་པའི་ཐབས་ཏེ་ཞེ་དྲུག་པའོ།། །།དྲེ་བོའི་གདོན་བསྐྲད་པ་ནི། གང་གིས་མི་ཤི་བའི་ནད་དང་མིང་བྲིས་ལ། བྲག་ནག་པོའི་དྲེག་པ་དང་། སྲུབ་ཀ་དང་། བུལ་ཏོག་དང་། ས་སྤྱིན་བསྲེས་ལ། གཟུགས་སོར་བཞི་པ་བྱས་པ་ལ། མིང་བྲིས་པ་གླན། དེ་ཚོན་སྣ་ལྔའི་སྐུད་པས་བཅིངས་པ་ལ་ཐེམ་པའི་འོག་ཏུ་དོང་གྲུ་གསུམ་བྲུས་ལ། དེའི་ནང་དུ་དུག་སྣ་ཚོགས་དང་།འགལ་པ་དང་། ཀྱི་ཐོད་ཀྱིས་མནན་ལ་བཞག་པའི་སྔགས་ནི་འདིའོ། །ཏྲི་ནན་ཏྲི་ནན་དུ་དུ་ནན། ཤི་ཀྲི་ནན། མ་ར་ཡ་ཕཊ། ཅེས་སྟོང་རྩ་བརྒྱད་བཟླས་ཏེ། མནན་པས་ལྡང་མི་ནུས་པར་འགྱུར་རོ། །དྲེ་བོ་འདུལ་བའི་ཐབས་ཏེ་ཞེ་བདུན་པའོ།། །།སྲིན་པོའི་གདོན་གྱིས་ཟིན་པ་ལ་ནི། སྦྲུལ་སྔོན་པོའི་པགས་པ་དང་། མིའི་ཐོད་པ་དང་། རའི་སྙིང་ལ་སྲིན་པོའི་མིང་བྲིས་ཏེ། སྔགས་འདི་བཏབ་པས་སྲིན་པོའི་ནད་ལས་གྲོལ་བར་འགྱུར་རོ། །ན་རི་ཏི་རི་ཧུ་ལ་ནིམ་ནིམ་མ་ར་ཡ་ཕཊ། ཅེས་ཁྲི་བཟླས་པས། ལྷོ་ནུབ་ཏུ་གཏོར་བས་ནད་ལས་གྲོལ་བར་འགྱུར་རོ། །སྲིན་པོའི་གདོན་བཅོས་པ་སྟེ་ཞེ་བརྒྱད་པའོ།། །།བཙན་གྱི་གདོན་གྱིས་ཟིན་པ་ལ་ནི། །ར་དམར་པོའི་རྭ་དང་། ལུག་གྲོ་བོ་ཤ་གདོང་གི་ཐོད་པ་དང་། བྱེ་བ་པོའི་བསོའ་ལ་སྔགས་འདི་བཟླས་པས། ནད་ལས་གྲོལ་པར་འགྱུར་རོ། །སེ་བཙན་དང་པྲ་དུན་སེ་ན། དུམ་དུམ་རྦད་མ་ར་ཡ་ཕཊ། ཅེས་ཁྲི་ལྔ་སྟོང་བཟླས་ལ། ནད་པ་ལ་བསྐོར་གནོད་པའི་སར་བསྐྱལ་བས་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །བཙན་བཅོས་པ་སྟེ་ཞེ་དགུ་པའོ མ་ཡམས་བཅོས་པ་ནི། བལ་ཚོན་སྣ་ཚོགས་དང་། ལ་བཙས་སྣ་ཚོགས་དང་། བ་ཚྭ་དང་། རམ་བུ་རུག་པ་དང་། ནས་སྔོན་མོ་རྣམས། སྣོད་གཙང་མར་བླུག་ལ། སྔགས་འདི་བཏབ་སྟེ་བཏང་བས། ནད་རྣམས་སེལ་བར་འགྱུར་རོ། །དེའི་སྔགས་ནི་འདིའོ། །མ་ཡན་ཏེ་ཏྲག་ཏྲག །བིང་བིང་ནན། ཅེས་ཁྲི་ཆིག་སྟོང་བཟླས་པས། སྡུག་བསྔལ་དེ་ལས་གྲོལ་བར་འགྱུར་རོ། །མ་ཡམས་བཅོས་པ་སྟེ་ལྔ་བཅུ་པའོ།། །།མ་མོའི་གདོན་བཅོས་པ་ནི། ཁྲག་སྣ་ཚོགས་དང་། ཤ་སྣ་ཚོགས་དང་། ཁ་ཟས་སྣ་ཚོགས་པས་གཏོར་མ་བྱས་ལ། བྱ་ནག་མོ་དང་སྦྲགས་ཏེ། གཏང་བའི་སྔགས་ནི་འདིའོ། །མ་མ་ཏྲག་རསྒ་དུན་སྨྱོ། མ་མ་ཁ་ཐུན་ལེ་སྨྱོ།ཞེས་ཁྲི་ལྔ་སྟོང་བཟླས་ལ། ནད་པ་ལ་བསྐོར་ཏེ་བཏང་བས། ནད་ལས་གྲོལ་བར་འགྱུར་རོ། །མ་མོའི་གདོན་བཅོས་པ་སྟེ་ང་གཅིག་པའོ།། །།དགྲ་ཡི་འཇིགས་པ་བསྲུང་བ་ནི། ཕུབ་དང་། མདའ་གཞུ་དང་། མདུང་དང་དེ་སོགས་པ་སྣ་ཚོགས་ཀྱི་གཟུགས་ཤིང་མ་བྱས་ཏེ། དགྲ་འོང་བའི་ལམ་དུ་སྦས་ནས་བཞག་སྟེ། དམག་གི་དཔུང་འཇིག་པའི་སྔགས་ནི་འདིའོ། །ར༷་ར༷་ཏི་ཐང་ཁྲོལ་ཏུག་ཏུག་འདྲིམ་འདྲིམ་སྨྱོ། ཞེས་བདུན་ཁྲི་བཟླས་ལ་འབྲང་གི་གཟུགས་ལ་གཏོར་བས། དམག་ནད་འཐབས་འཇིག་པར་འགྱུར་རོ། །དམག་གི་དཔུང་བཟླས་པ་སྟེ་ང་གཉིས་པའོ།། ་།།རྒྱལ་པོ་དཔུང་གི་ཚོགས་བཟླས་པ་ནི། ས་ནག་བུམ་པ་ཁྲུ་གང་བ་བྱས་ཏེ། དེའི་ནང་དུ་གླང་པོ་དང་། རྟ་དང་། རྐང་ཐང་དང་། དམག་གི་གཟུགས་བྱས་ལ། ཁར་བསྲེག་ཤིང་ལྔ་བཙུགས་ཏེ། གནམ་ལྕགས་ཀྱི་རལ་གྲི་གང་བས་བུམ་པའི་སྐེ་བྲེགས་པ་དང་། བསྲེག་ཤིང་རྣམས་རྡོའི་མེས་བསྲེག་བའི་སྔགས་འདིའོ། །ཨོ་་ག་ཤ་ཁ་རག་ཐུན། ཐུམ་རིལ་མུགས། ཅེས་ལྔ་འབུམ་བཟླས་ཏེ། བསྲེག་ཤིང་ལ་མེ་བཏང་། བུམ་པའི་སྐེ་བྲེགས་པས། དཔུང་གི་ཚོགས་ཐམས་ཅད་རང་དེའི་ལུས་ལ་མེ་འབར་ནས་བརྒྱལ་བར་འགྱུར་རོ། །ང་གསུམ་པའོ།། །།གནོད་པར་བྱེད་པ་རེངས་པར་བྱེད་པ་ནི། ཐང་ཆུ་དང་། སྤྱིན་དང་། ཚལ་དང་། བྱ་རྒོད་ཀྱི་རུས་པ་དང་། དགྲ་ས་འདུས་པའི་མདུན་བྱས་པའི་ས་དང་།ས་སྦྱིན་ལ་གཟུགས་ཁྲུ་གང་བ་བྱས་ལ། དེའི་ཡན་ལག་ཐམས་ཅད་སྔོན་དམར་གྱི་དྲ་བར་གཞུག །ཚོན་སྣ་ལྔའི་སྐུད་པ་གཉིས་ཀྱིས་ཕྱོགས་བཞིར་འཐེན་པས་རེངས་པར་འགྱུར་བའི་སྔགས་ནི་འདིའོ། །དྲི་ཤི་ཀྲིན་ཨ་ན་ཡ་ཧུ༷་ཕཊ། ཀྲིན་དྷན་ཕཊ། ཅེས་བཞི་འབུམ་བརྒྱད་ཁྲི་བཟླས་ལ། གཟུགས་དེ་ལ་གདབ་པར་བྱའོ། །གནོད་བྱེད་ཀྱི་ལམ་དུ་གཟུགས་དེ་སྦས་པས། རེངས་པར་འགྱུར་བའོ། །རེངས་པའི་ལས་ཏེ་ང་བཞི་པའོ།། །།སྨྱོར་གཞུག་པ་ནི། མདུང་རྩེ་གསུམ་བྱས་ལ། དེའི་སྟེང་དུ་དགྲའི་གཟུགས་བཀལ་དོང་བ་དང་། རི་ཤོ་བ་དང་། ཤིང་ལོ་ལ་སྔགས་བཏབ་སྟེ། གཟུགས་ལ་གདགས་པས་སྨྱོ་བར་འགྱུར་རོ། །དེའི་སྔགས་ནི་འདིའོ། །ཨ་པར་ཤ་ཡ། ཛ་ལ་བ་ཡ། ཞེས་འབུམ་ཉི་ཁྲི་བཟླས་པས་སྨྱོ་བར་འགྱུར་རོ། །སྨྱོ་བའི་ཐབས་ཏེ་ང་ལྔ་པའོ།། །།ལྐུགས་སུ་གཞུག་པ་ནི། ཕོ་ཤོག་པ་དང་། བ་སྤྲུ་བདང། བའིགཅིནགསུམསྦྱར་ལ།དགྲའི་གཟུགས་བྱའོ། ་་ས་ནག་ལ་སྔགས་འདི་བཟླས་སོ། ཁ་ཐུམ་རིལ་ཤ་དུན་མྱགས། ཅེས་ཉི་ཁྲི་སུམ་སྟོང་བཟླས་ལ། གཟུགས་ལ་བཏགས་པས་ལྐུགས་པར་འགྱུར་རོ། །ལྐུགས་སུ་གཞུག་པ་སྟེ་ང་དྲུག་པའོ།། །།དགྲའི་མཚོན་དགྲ་རང་ལ་བཟློག་པ་ནི། འབྲས་དང་། ཉུངས་ནག་དང་། སྐེ་ཚེ་དང་། ལྕགས་པྱེ་ལ། སྔགས་འདི་བཟླས་ཏེ། ཨོ་ཚལ་པ་དུམ་བུ་ས་ལེ་ཏྲ༷་ཏྲ༷་སྨྱོ་སྨྱོ། ཞེས་ཁྲི་དགུ་སྟོང་བཟླས་ལ། འུར་རྡོའི་ནང་དུ་བླུག་སྟེ། དགྲའི་ཕྱོགས་སུ་འཆང་ངོ་། །མཚོན་བཟློག་པའི་ཐབས་ཏེ་ང་བདུན་པའོ།། །།ཆུ་བསྒྱུར་བའི་ཐབས་ལ། རི་མཐོན་པོའི་ས་དང་། ཐལ་བ་དང་། མཆོད་རྟེན་རྙིང་པའི་ས་དང་། ཕ་བོང་གི་དྲེག་པ་ལ་མཆོད་རྟེན་མཐོ་གང་སོར་བཞི་པ་བྱས་ལ། སེང་ལྡེང་གི་ཕུར་བ་སོར་བརྒྱད་པ་དང་སྦྲགས་ཏེ། ཆུ་འོང་བའི་སར་གཞུག་པའི་སྔགས་འདིའོ། །བ་རུ་ཏན་ཏི་ཀོ་ལ་ཀོ་ལ་སྨྱོ་སྨྱོ། ཏིང་ཀོ་ལ་སྨྱོ་སྨྱོ། ཞེས་ཁྲི་ལྔ་སྟོང་བཟླས་པས། ཆུ་བཟློག་པར་འགྱུར་རོ། །ཆུ་བཟློག་པའི་ཐབས་ཏེ་ང་བརྒྱད་པའོ།། །།སྦྲུལ་གདུག་བས་གཙེས་པའི་ཐབས་ནི། སྦྲུལ་གདུག་པས་ཟིན་པ་ལ། བ་སེར་སྐྱའི་མར་དང་། རྩི་མ་གིའི་སྨན་ལ་སྔགས་འདིས་བཏབ་པས་གྲོལ་བར་འགྱུར་རོ། །ཨོ་པ་རི་པ་རི་ཏ་ལི་གྲྭཧྭ། ཞེས་སུམ་སྟོང་བཟླས་པར་བྱའོ། །སྦྲུལ་གདུག་པས་ཟིན་པའི་འཇིགས་པ་ལ་ནི། རྩི་མ་གི་རྟེན་པས་གྲོལ་བར་འགྱུར་རོ། །སྦྲུལ་གདུག་པ་གསོ་བ་སྟེ་ང་དགུ་པའོ།། །།རིམས་ཀྱིས་གཙེས་པ་ལ་ནི། བདག་ཉིད་ཁྱུང་དུ་གྱུར་པ་དེས། སྔགས་འདིས་བཏབ་པས་གྲོལ་བར་འགྱུར་རོ། །ཨོ་བེ་ར་བེ་ར་བཛྲ་ད་རི་ཕཊ། ཅེས་ཆུ་གཙང་མ་ལ་སྔགས་སྟོང་དུ་བཟླས་ཏེ། བ་་བ་དང་ཁྲུས་བྱས་པས། ནད་ལས་གྲོལ་བར་འགྱུར་རོ། །རིམས་གསོ་བ་སྟེ་དྲུག་ཅུ་པའོ།། །།འབྲུམ་བུའི་ནད་གསོ་བ་ནི། སྦྲང་དང་། ཀ་ར་དང་། མར་དང་། བ་ཁུ་དང་སྦྲགས་པ་ལ་སྔགས་གདབ་བོ། །ཨོ་ར་རིས་ག་ཤུ་ཤུ་ཀམ་སྲུཧྭ། ཞེས་ལྔ་ཁྲི་བཟས་པས་ལུས་ལ་བསྐུ་བ་དང་། ཁར་ཟོས་པ་དང་། འབྲུམ་བུའི་ནད་ལས་གྲོལ་བར་འགྱུར་རོ། །འབྲུམ་བུ་གསོ་བ་སྟེ་རེ་གཅིག་པའོ།། །།རྡོ་ཤུ་ནད་གསོ་བ་ནི། ཤིང་མར་དང་། བཅའ་ཁུ་དང་། བྲི་ཏ་ས་འཛིན་དང་། སྦྲང་དུ་སྦྱར་བ་བཟའ་བ་དང་། རྡོ་ཤུ་ལ་བསྐུས་པས། འཚོ་བའི་སྔགས་ནི་འདིའོ། །ཨོ་ཤུ་ཏི་ཤུ་ཏི་ཧུ་ལུ་ཧུ་ལུ་གྲྭཧྭ། ཞེས་བཞི་ཁྲི་ལྔ་སྟོང་དུ་བཟླས་པ་ནི།སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །རྡོ་ཤུ་བ་གསོ་བ་སྟེ་རེ་གཉིས་པའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ལོ་ཏོག་ལ་འཚེ་བ་རྩ་བ་དང་ལོ་མ་མ་རུངས་པ་བགྱིད་པ་གདུལ་བའི་ཐབས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ལ་ལོ་ཏོག་རྩ་བ་དང་ལོ་མ་མ་རུངས་པར་བྱེད་པ་ལ།ཕན་གདགས་པའི་ཆོ་ག་ངས་བཤད་ཀྱིས་ཉོན་ཅིག །རྩ་བ་ལ་གནོད་པར་བྱེད་པ་བཅོས་པའི་ཐབས་ནི། ལུང་པ་གསུམ་གྱི་ཆུ་དང་བ་སྤྲུ་བའི་ཐལ་བ་སྲེས་ལ། སྔགས་འདི་བཏབ་པས་ལོ་འབྲས་འཕེལ་བར་བྱེད་པའི་སྔགས་འདིའོ། །ཨོ་ཤ་ཁ་ཐུམ་རིལ་རྦད་གྲྭཧྭ། ཞེས་བདུན་ཁྲིར་བཟླས་པར་བྱའོ། །གཏོར་མ་ཆུ་ལ་སྔགས་བཏབ་པས་ནི། རྩ་བ་དང་སྡོང་པོ་ཤིན་ཏུ་རྒྱས་པར་འགྱུར་རོ། །རྩ་བ་གསོ་བ་སྟེ་རེ་གསུམ་པའོ།། །།ཆར་དབབ་པ་ནི་བག་ཟན་ལ་ཀླུའི་གཟུགས་མགོ་བརྒྱད་པ་བྱས་ལ། ཆུ་མིག་བྱང་ནས་ལྷོར་ལྟས་པར་ཁྱེར་ལ། སྐེ་ཚེ་བརྒྱ་རྩ་བརྒྱད་ལ་སྔགས་འདིས་བཏབ་སྟེ། ཆུ་མིག་གི་ནང་དུ་དོར་བར་བྱའོ། །དེའི་སྔགས་ནི་འདིའོ། །ཨོ་ནཱ་ག་ཏ་ལི་ནན་སྲུཧྭ། ཞེས་དགུ་ཁྲི་བཟླས་པ་་་ཀླུའི་གཟུགས་ཆུར་དོར་བར་བྱའོ། །ནམ་འདོད་པའི་དུས་སུ་ཆར་པ་འབབ་པར་འགྱུར་རོ། །ཆར་དབབ་པ་སྟེ་རེ་བཞི་པའོ།། །།སེར་བ་བསྲུང་བ་ནི།གང་བསྲུང་བ་ནི་བྱ་བའི་ས་སྒོ་ལ། མཐོ་མདའ་གང་ཟུར་བཞི་པ་རྩིག །དེར་འབྲུ་སྣ་ཚོགས་དང་། ཐལ་ཆེན་གྱི་རྟ་གཞུག །ཐལ་ཆེན་ལ་སྔགས་འདི་བཟླས་ལ་ཕྱོགས་བཞིར་གཏོར་བར་བྱའོ། །དེའི་སྔགས་ནི་འདིའོ། །ར་ལེ་ཧུར་ཐུམས་སྨྱོ། འདའ་ཤ་ཧུར་ཐུམས་སྤྱོ། ་་སྨྱོ། མ་མ་ཤི་ཤི་སྨྱོ། སརྦ་ཀར་ཏི་ཀ་སྨྱོ། ཞེས་འབུམ་བཟླས་ཏེ་གཏོར་ན་སེར་བ་མིང་མི་གྲགས་པར་འགྱུར་རོ། །སེར་བ་བཟློག་པ་སྟེ་རེ་ལྔའོ།། །།སད་བསྲུང་བ་ནི། འབྱུང་བ་བཞིའི་རླངས་པ་ལས་སྤྲིན་བསྡུ་བ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་སྣ་ཚོགས་པ་ལ་སྔགས་འདི་བཟླས་སོ། །ཡེ་ཐུམས་ཧྲིལ་བསྡུས་པྲ་ཏི་ར་མ་གྲྭཧྭ། ཞེས་ལྔ་ཁྲི་བཟླས་ལ་ཆུ་བསྐོར་ཞིང་རླངས་པ་ཕྱིན་པ་ལ་བཏབ་སྟེ། ཕྱོགས་བཞིར་གཏོར་ན་སྤྲིན་འདུས་ཏེ་སད་སེལ་བར་འགྱུར་རོ། །སད་བསྲུང་པ་སྟེ་རེ་དྲུག་པའོ།། །།འདབ་ཆགས་ཀྱིས་འབྲས་བུ་ལ་གཙེ་བ་ལ།གསོ་བ་ནི་ཉུངས་ཀར་དང་ཐལ་བ་ལ་སྔགས་འདི་བཟླས་ཏེ་གཏོར་བར་བྱའོ། །ཏེ་པང་ཏེ་པང་ཤི་ཀྲིན་ཛ་ལེ་བྱ། ཞེས་ཁྲི་དྲུག་སྟོང་དུ་བཟླས་ལ་གཏོར་ཏེ། འདབ་ཆགས་ཐམས་ཅད་ཀྱི་མཆུ་འཆིང་བར་འགྱུར་རོ། །འབྲས་བུ་དུས་སུ་སྨིན་པར་འགྱུར་རོ། །འབྲས་བུ་གསོ་བ་སྟེ་རེ་བདུན་པའོ།། །།ལོ་ཏོག་ཤིན་ཏུ་འཕེལ་བར་བྱ་བ་ནི། ས་བོན་ཐམས་ཅད་བསོགས་ལ། འབྲུ་མར་གྱིས་བྱུགས་ལ། སྔགས་འདི་བཟླས་བར་བྱའོ། །ཨོ་ཡ་ར་ནི་ཧྲ་མང་ག་ག་ན་ཁང་སྲུཧྭ། ཞེས་འབུམ་ཉི་ཁྲི་བཟླས་ཏེ་བཏབ་པས་ལོ་ཏོག་ཤིན་ཏུ་འཕེལ་བར་འགྱུར་རོ། །ལོ་ཏོག་གསོ་བ་སྟེ་རེ་བརྒྱད་པའོ།། །།རྩ་བ་དང་ལོ་འབྲས་གསོ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ནད་འཚེ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བསྟན་པར་བྱའོ། །དོམ་གྱིས་གཙེས་པ་ལ་ནི། རྒྱ་ལྕང་དང་འོ་མའིཤིང་ལ་སྔགས་འདི་བཟླས་ཤིང་བཏབ་སྟེ། ལག་ཏུ་ཁྱེར་ན་འབྲོས་པར་འགྱུར་རོ། །དེའི་སྔགས་ནི་འདིའོ། །ཨོ་ཤ་ག་དྷ་ཏེ་ལ་ནད་གྲྭཧྭ།ཞེས་སྟོང་ལྔ་བརྒྱ་བཟླས་པས་འབྲོས་པར་འགྱུར་རོ། །དོམ་གྱིས་གཙེས་པ་གསོ་བ་སྟེ་རེ་དགུ་པའོ།། །།སྟག་གིས་གཙེས་པ་བསྲུང་བ་ནི། ཉུངས་ཀར་དང་། སྟག་ཤའི་ལོ་མ་དང་། ཅོང་ཞི་རྣམས་སྦྱར་ལ་སྔགས་་དི་གདབ་བོ། །ཨུ་ཀྲོདྷ་དན་ད་གྲྭཧྭ། ཞེས་ཉི་ཁྲི་བཟླས་པས་གཏོར་ན་འཇིགས་པ་སེལ་བར་འགྱུར་རོ། །སྟག་གི་འཇིགས་པ་བསྲུང་བ་སྟེ་བདུན་ཅུ་པའོ།། །།ཆོམས་རྐུན་ཀྱི་འཇིགས་པ་བསྲུང་བ་ནི། རྡོ་ལི་གུ་མིག་དང་། ཕག་པའི་ཁྲག་དང་། མེ་མར་གྱི་ཤིང་དུ་སྦྱར་ལ་མི་ཕྱུགས་ལ་བྱུགས་པས། གཞན་གྱིས་མི་མཐོང་བར་འགྱུར་བའི་སྔགས་ནི་འདིའོ། །ཀྲོདྷ་ཐིབས་ཐིབས་མུག་ཏིང་གྲྭཧྭ། ཞེས་སུམ་ཁྲི་བཞི་སྟོང་བཟླས་པས་མི་མཐོང་བར་འགྱུར་རོ། །སྒྲིབ་ཤིང་སྟེ་དོན་གཅིག་པའོ།། །།ལྟས་ངན་དབབ་པ་ནི། ཁྲའི་གསོབ་དང་། འུག་པའི་མགོ་དང་། སྲིན་བྱའི་སྙིང་རྣམས་ལ་སྔགས་འདི་བཟླས་པས། ལྟས་ངན་འབབ་པར་འགྱུར་རོ། །དེའི་སྔགས་ནི་འདིའོ། །མ་དུན་ཏྲག་རསྒ་གྲ་ཏི་སྨྱོ་གྲྭཧྭ། ཞེས་འབུམ་ཉི་ཁྲི་བཟླས་ཏེ། དགྲ་ཕྱོགས་སུ་འཕངས་པས། ལྟས་ངན་སྣ་ཚོགས་འབབ་པར་འགྱུར་རོ། །ལྟས་ངན་དབབ་པ་སྟེ་དོན་གཉིས་པའོ།། །།གོ་མཚོན་ཐམས་ཅད་དབང་བསྐུར་བ་ནི། གོ་མཚོན་ཐམས་ཅད་བསོགས་ལ། སྔགས་འདིས་དབང་བསྐུར་བར་བྱའོ། །རསྒ་རསྒ་ཨ་བི་ཤིན་ཙ་གྲྭཧྭ། ཞེས་བཞི་ཁྲི་བརྒྱད་སྟོང་དུ་བཟླས་ནས། མཚོན་གཞན་གྱིས་མི་ཕེད་པར་འགྱུར་རོ། །གོ་དབང་བསྐུར་བ་སྟེ་དོན་གསུམ་པའོ།། །།ས་བདག་ལ་སོགས་པ་འདུལ་བའི་ཐུན་ནི། ཐུ་ལུམ་གྱི་ཐུན་བྱ། ལྕགས་ལ་སོགས་པའི་ཐུ་ལུམ་ལ་སྔགས་འདི་གདབ་པར་བྱའོ། །ཏུག་ཐུམ་རིལ་རྦད། ཅེས་ཁྲི་ཆིག་སྟོང་དུ་བཟླས་ལ། གདོན་བགེགས་ལ་བརྒྱབ་པས་གཏན་བརླག་པར་འགྱུར་རོ། །རྡོ་ཐུན་ཏེ་དོན་བཞི་པའོ།། །།བྱེ་ཚན་གྱི་ཐུན་ནི། ས་པྱེ་དང་། ལྕགས་ཕྱེ་དང་། རྡོ་ཕྱེ་ལ་སྔགས་འདི་གདབ་པར་བྱའོ། །ནཱ་ག་ཨསྣེ་ཛ་ལ་ར༷་མྱ་ར་ཡ་ཕཊ། ཅེས་ཁྲི་སུམ་སྟོང་བཟླས་པས། བྱེ་མ་བསྲེགས་ཏེ་གདོན་ལ་བཏབ་པས། ཐམས་ཅད་འཚིག་པར་འགྱུར་རོ། །བྱེ་ཚན་གྱི་ཐུན་ཏེ་དོན་ལྔ་པའོ།། །།དུག་ཐུན་ནི་དུག་སྣ་ཚོགས་ལ་སྔགས་འདི་བཏབ་བོ། །རཀ་ཏ་ཏུག་ཐུན་རིལ་མྱ་ར་ཡ་ཕཊ། ཅེས་སྟོང་ལྔ་བརྒྱ་བཟླས་པས། ཐུན་གདོན་ལ་བཏབ་པས། མྱོས་ཤིང་འཐིབས་པར་འགྱུར་རོ། །དུག་ཐུན་ཏེ་དོན་དྲུག་པའོ།། །།ཕུར་བུའི་ཐུན་ནི། གདུག་པ་ཅན་གྱི་ཕུར་བུ་སོར་བརྒྱད་པ་ལ་སྔགས་འདིས་བཏབ་བོ། །ག་རུ་ཌ་ནཱ་ག་ཀི་ལི་ཀི་ལྭ་ཡ་ཕཊ། ཅེས་བཞི་བརྒྱ་བཟླས་ཏེ། གདོན་ལ་ཕུར་བུ་བཏབ་པས།གདོན་ཐམས་ཅད་བརླག་བར་འགྱུར་རོ། །ཕུར་ཐུན་ཏེ་དོན་བདུན་པའོ།། །།སྐེ་ཚེའི་ཐུན་ནི། སྐེ་ཚེ་སྟོང་རྩ་བརྒྱད་ལ་སྔགས་འདིས་གདབ་བོ། །ར༷ར༷་ཛ་ལ་ས་ར་ར་ཕཊ། ཅེས་སྟོང་རྩ་བརྒྱད་བཟླས་ཏེ་གདོན་ལ་བཏབ་པས། །དེས་ཐམས་ཅད་འཚིག་པར་འགྱུར་རོ། །སྐེ་ཚེའི་ཐུན་ཏེ་དོན་བརྒྱད་པའོ།། །།གུ་གུལ་དང་རྭ་གཤོབ་ལ་སོགས་པའི་མི་གཙང་བའི་ཐུན་ནི། མི་གཙང་བའི་རྫས་དེ་རྣམས་ལ་སྔགས་འདིས་བཟླས་པར་བྱའོ། །ནཱ་ག་ཐིབས་ཐིབས་ཐུམ་མུ་ར་ཡ་ཕཊ། ཅེས་སུམ་སྟོང་བཟླས་ཏེ་གདབ་པས། གདོན་ཐམས་ཅད་འབྲོས་པར་འགྱུར་རོ། །མི་གཙང་བའི་ཐུན་ཏེ་དོན་དགུ་པའོ།། །།གདུག་པའི་ཤིང་གི་ལྕག་གི་ཐུན་ནི།ཀ་ར་བྲི་ར་དང་། སེའུ་ཤིང་སྨག་ཤད་ཀྱི་ལྕག་ལ་སྔགས་འདིས་གདབ་བོ། །ནག་ཞུང་ཞུང་རྦད་མ་རྭ་ཡ་ཕཊ། ཅེས་ཁྲི་དྲུག་སྟོང་བཟླས་ཏེ་བྲབས་པས། གདོན་ཐམས་ཅད་འཆི་བར་འགྱུར་རོ། །ལྕག་ཐུན་ཏེ་བརྒྱད་ཅུ་པའོ།། །།ནང་ལ་ནང་འཚེ་བ་དང་། ཐུན་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་པ་བཤིག་པ་གསོ་བའི་ཐབས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྟན་པ་བསྲུང་བའི་ཐབས་དང་མན་ངག་ངས་ཤད་ཀྱིས། ལག་ན་རྡོ་རྗེ་ཉོན་ཅིག །བསྟན་པ་ལ་རྒྱལ་པོའི་དགྲ་དར་ན། འདིས་བཟློག་པར་བྱའོ། །རྒྱལ་པོ་ཆེན་པོ་བཞིའི་གཟུགས་བྱས་ལ། སྔགས་འདིས་གདབ་པར་བྱའོ། །ཨོ་ཏྲི་པྲ་མ་ཡེ་མ་ར་ཙ་གྲྭཧྭ། ཨ་ཏྲི་ཡ་མ་ར་ཙ་ཡེ་གྲྭཧྭ། ཨརུ་ཧྲི་ན་ག་ར་ཙ་ཡ་གྲྭཧྭ། རསྒ་ཏྲི་ར་ཙ་ཡ་གྲྭཧྭ། ཞེས་འབུམ་བཟླས་ཏེ། ཕྱོགས་བཞིར་གཟུགས་གཞག་པས། དཔུང་གི་ཚོགས་ཐམས་ཅད་རང་ཞི་བར་འགྱུར་རོ། །རྒྱལ་པོའི་དཔུང་བཟློག་སྟེ་གྱ་གཅིག་པའོ།། །།འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་འགྱུར་བ་ནི། མེ་རྡོ་དང་། ཤིང་དང་། རྡོ་ཕོལ་ལ་སྔགས་འདིས་གདབ་པོ། །རུ་པ་པྲ་ཏི་ཨསྣི་ཛ་ལ་ར༷་སྨྱོ་སྨྱོ། ཉིས་འབུམ་བཟླས་ཏེ། ཕྱོགས་ཐམས་ཅད་དུ་གཏོར་བས་མེས་ཁེངས་པར་འགྱུར་རོ། །མེས་ཟིལ་གྱིས་མནན་པ་སྟེ་གྱ་གཉིས་པའོ།། །ཁྲསྟི་ལ་རྫུ་འཕྲུལ་དུ་བྱ་བ་ནི། འོ་མ་དང་། སེ་བ་དང་། ཁམ་བུ་གསུམ་ལ་སྔགས་འདིས་གདབ་པར་བྱའོ། །ཨོ་པྲ་ཏི་གུ་རང་ཏྲི་སྲུཧྭ། ཞེས་སུམ་འབུམ་བཟླས་ཏེ། ཤིང་དེ་འབུམ་གྱི་ལྕག་གིས་རང་ལ་བྲབས་ན་དམག་གི་དཀྱིལ་ན་འདུག་པ་རུ་མཐོང་ངོ་། །རྫུ་འཕྲུལ་བསྟན་པ་སྟེ་གྱ་གསུམ་པའོ།། །།ཕ་རོལ་པོ་ཐམས་ཅད་བློ་གཏོར་དུ་གཞུག་པ་ནི། རི་ཤོ་བ་དང་རྐང་རྗེས་ཀྱི་ས་ལ་གཟུགས་བྱས་ཏེ། དགྲའི་མིང་ཐམས་ཅད་ཁར་བཅུག་ལ། སྔགས་འདིས་གདབ་བོ། །རུ་རུ་ཛ་ལ་རྦད། ཐིབས་སྭཧྭ། ཞེས་འབུམ་ཁྲི་བཟླས་པས། ཕ་རོལ་པོ་འཐིབས་ནས་བློ་གཏོར་བར་འགྱུར་རོ། །བློ་གཏོར་དུ་གཞུག་པ་སྟེ་གྱ་བཞི་པའོ།། །།ཕ་རོལ་པོ་ལ་ནད་ཚོགས་དབབ་པ་ནི། གླ་བའི་གྲོད་པའི་ནང་དུ་ཁྲག་སྣ་ཚོགས་བླུག་ལ། སྔགས་འདིས་གདབ་པར་བྱའོ། །མ་མ་ཏྲག་རསྒ་རུ་ལུ་རུ་ལུ་སྨྱོ་སྨྱོ། ཞེས་འབུམ་བཞི་བརྒྱ་བཟླས་ལ། གྲོད་པ་ཁབ་ཀྱིས་བཙགས་ལ། དགྲའི་ཁང་པ་ལ་ལན་གསུམ་དུ་སྒོར་ན། རིམས་ནད་སྣ་ཚོགས་པ་འབབ་པར་འགྱུར་རོ། །རིམས་ནད་དབབ་པ་སྟེ་གྱ་ལྔ་པའོ།། །།ཐམས་ཅད་དབང་དུ་བསྡུ་བའི་ཐབས་ནི། ཏ་ལའི་ལོ་མ་དང་རྒུན་འབྲུམ་ལ་སྔགས་འདི་བཟླས་ཏེ། ཨོ་བ་སུ་དྷ་ར་བ་སུ་དྷ་ར་གྲྭཧྭ། ཞེས་འབུམ་ཉི་ཁྲི་འདས་ལ་ཡུལ་དུ་གཏོར་བས་ཐམས་ཅད་དབང་དུ་འགྱུར་རོ། །དབང་དུ་བསྡུ་བ་སྟེ་གྱ་དྲུག་པའོ།། །།སེར་བ་ནག་པོ་དབབ་པ་ནི། སེར་བའི་ཆུ་དང་།དུང་པ་དང་། རྒྱ་ནག་དང་། དུག་སྣ་ཚོགས་ལ་སྔགས་འདི་བཟླས་པར་བྱའོ། །ཕྲོམ་ཡ་དུན་ཕྲོམ། ཧ་ལ་ཧ་ལ་དུད་ཕྲོམ། ལྕགས་དྲིལ་སྨྱོ། ཞེས་བཞི་འབུམ་ལྔ་སྟོང་དུ་བཟླས་ལ། ཡུལ་ཕྱོགས་སུ་གཏོར་བ་དང་། མི་གཙང་བ་སྣ་ཚོགས་ཀྱི་དུད་པས་ཡུལ་ལྷ་བདུགས་པས། ད་ལྟ་ཉིད་དུ་འབབ་པར་འགྱུར་རོ། །སེར་བ་ནག་པོ་དབབ་པ་སྟེ་གྱ་བདུན་པའོ།། །།སེར་བ་དམར་པོ་དབབ་པ་ནི། བཙོད་ཀྱི་ཁུ་བ་དང་། རྒྱ་སྐྱེག་དང་།ཁྲག་དང་། སེར་བའི་ཆུ་རྣམས་བསྲེས་ལ། སྔགས་འདི་བཟླས་པར་བྱའོ། །རཀློ་རཀློ་ཤུ་ཏྲི་ཕྲོམ་ཧྲིལ་སྨྱོ། ཞེས་འབུམ་ལྔ་ཁྲི་བཟླས་པས། གང་འདོད་པའི་ཡུལ་དུ་གཏོར་ན། སེར་བ་དམར་པོ་འབབ་པར་འགྱུར་རོ། །སེར་བ་དམར་པོ་དབབ་པ་སྟེ་གྱ་བརྒྱད་པའོ།། །།ཐོག་དབབ་པ་ནི། ཐོག་གིས་བསད་པའི་རུས་པ་དང་། ས་སྣ་ཚོགས་དང་། ཡུགས་ས་མོའི་དོར་རྟ་དང་། ཁྲག་བྲེ་གང་ཟངས་སུ་བླུགས་ལ་སྔགས་འདི་གདབ་བོ། །མུ་ནི་མུ་ནི་ཀུརྨ། ཤག་ཤག་ཤར་ཧྲིལ་སྨྱོ། ཞེས་ལྔ་འབུམ་བཟླས་ལ། ཁྲག་བསྐོལ་ཏེ་ཡུལ་ས་ལ་གཏོར་བས། ད་ལྟ་ཉིད་དུ་འབབ་པར་འགྱུར་རོ། །ཐོག་དབབ་པ་སྟེ་གྱ་དགུ་པའོ།། །།གསེར་གྱི་མདའ་འཕང་པ་ནི། གསེར་ནས་ཙམ་སྲན་མ་ཙམ་ཁམ་ཕོར་རམ་མེ་ལོང་དུ་བཞག་སྟེ། སྔགས་འདི་གདབ་པར་བྱའོ། །མ་རུ་རྩེ་ཤར་དྷིལ་དུ་དུ་ཤར་གྲྭཧྭ། སུམ་འབུམ་བཟླས་ལ། མེས་བསྲེགས་ཏེ་ལྟས་ངན་བྱས་སྤྲོན་བའི་མདའི་ནང་དུ་བླུག་སྟེ་འཕང་ངོ་། །གང་འདོད་བ་དེ་ལ་གསེར་འབབ་པར་འགྱུར་རོ། །གསེར་འཕང་བ་སྟེ་དགུ་བཅུ་པའོ།། །།ཉི་མ་བསད་པ་ནི། ཁྲག་གླང་གང་ལ་སྔགས་འདི་བཟླས་ལ། སོ་མྱ་ཧ་ར་བུས་པ་ལག་ཙེ་བུར་མ་ར་ཡ་ཕཊ། ཅེས་བཞི་ཁྲི་བཟླས་ལ། ཚེས་བཅོ་ལྔའི་ཉི་མ་ཤར་ཁར་ནུབ་ནས་ཤར་དུ་ཁ་བལྟས་ཏེ་ཁྲག་བསྐོལ་ཞིང་། ཉི་མ་རྩེར་གྱིས་ཤར་བ་ལ་སྔགས་འདི་གདབ་བོ། །དེས་ནི་ཉི་མ་འཆི་བར་འགྱུར་རོ། །ཉི་མ་བསད་པ་སྟེ་གོ་གཅིག་པའོ།། །།གསོ་བར་བྱ་བ་ནི། འདོམ་ལ་སྔགས་འདིས་བཏབ་ལ་གཏོར་བར་བྱའོ། །ཨརུ་པ་ལོ་དྷ་དུ་ཤྭ་རི་ཏ་གྲྭཧྭ། ཞེས་སྟོང་སུམ་བརྒྱ་བཟླས་པས། སླར་སོར་ཆུད་པར་འགྱུར་རོ། །ཉི་མ་གསོ་བ་སྟེ་གོ་གཉིས་པའོ།། །།ཟླ་བ་བསད་པ་ནི། འཁར་གཞོང་གི་ནང་དུ་འོ་མ་ཕུལ་གང་བླུག་ལ། ཁྲག་ཁྱོར་གང་ཡང་གམ་དུ་བཞག །དེ་ལ་སྔགས་འདིས་གདབ་བོ། །ཨོ་སོ་མྱ་མ་ཏི་ཏི་ར་རྦད་། ཁ་ཤོ་ལ་ཡ་སུརུ་རྦད། ཁང་ཤོ་ལ་འབུམ་བཟླས་ཏེ། ཚེས་བཅོ་ལྔའམ། སྟོང་གི་ཟླ་ཚེས་ཀྱི་འོ་མ་ལ་ཤར་བ་དང་། ཁྲག་ཁྱོར་དེའི་ནང་དུ་བླུག་པ་དང་། འཆི་བར་འགྱུར་རོ། །ཟླ་བ་བསད་པ་སྟེ་གོ་གསུམ་པའོ།། །།ཟླ་བ་གསོ་བ་ནི། འོ་མའི་ནང་དུ་མེ་ཏོག་སྣ་ཚོགས་བླུག་སྟེ། སྔགས་འདིས་བཟླས་པར་བྱའོ། །སུ་་པ་ཏོ་ཡེ་དྭ་རྭ་གྲྭཧྭ། ཞེས་སྟོང་རྩ་བརྒྱད་བཟླས་ཏེ་གཏོར་བས་ཟླ་བ་འཚོ་བར་འགྱུར་རོ། །ཟླ་བ་གསོ་བ་སྟེ་གོ་བཞི་པའོ།། །།རི་བོ་བསྡུ་།་བ་ནི། ག་པུར་དང་། སྟར་ཀ་དང་། ཀ་ཤོ་ཀན་དྷ་བསྲེས་པ་ལ། སྡགས་འདི་བཟླས་པར་བྱའོ། །ཨ་མ་ཀེན་ཏ་རིལ་གྲྭཧྭ། ཞེས་ཁྲི་དྲུག་སྟོང་བཟླས་ལ།རི་བོ་ལ་བཏབ་པས། ཤིང་ཏུ་འདར་ཞིང་འགུལ་བར་འགྱུར་རོ། །རི་བོ་བསྒུལ་བ་སྟེ་གོ་ལྔ་པའོ།། །།ཡུལ་མཁར་སྒྱེལ་བ་ནི། སེམས་ཅན་མི་འདྲ་བའི་པགས་པ་བཞི་ལ་སྦུད་ཆུང་བརྒྱད་བྱ། སྡུད་པའི་ནང་དུ་བ་ཡི་བོ་ཞེས་པ་བྲིས་པ་བརྒྱད་བཅུག །ཁང་པའི་ཕྱོགས་བཞི་མཚམས་བཞིར་གཏར་གཞུག །ཡུངས་ཀར་ལ་སྔགས་འདི་གདབ་པར་བྱའོ། །ཨོ་མུ་ནི་མུ་ཏ་ལ་ཡེ་གྲྭཧྭ། ཞེས་འབུམ་བཟླས་ཏེ། ཡུལ་མཁར་ལ་གཏོར་བས་འཇིག་པར་འགྱུར་རོ། །ཡུལ་མཁར་སྒྱེལ་བ་སྟེ་གོ་དྲུག་པའོ།། །།གསང་སྡེ་དཀྲུག་པ་ནི། གུ་གུལ་དང་། ལ་བུག་དང་། སྐེ་ཚེ་དང་། སྒོག་སྐྱ་རྣམས་བསྲེས་པ་ལ། སྔགས་འདིས་གདབ་པར་བྱའོ། །ཨེ་ཀ་ཀ་རི་སྨྱོ། ཀ་ཏ་ཀ་རི་སྨྱོ། །ཞེས་ལྔ་ཁྲི་བཞི་སྟོང་བཟླས་ཏེ། ཡུལ་དུ་གཏོར་བས་གསང་སྡེ་འཁྲུག་པར་འགྱུར་རོ། །གསང་སྡེ་དཀྲུག་པ་སྟེ་གོ་བདུན་པའོ།། །།དུག་མདའ་འཕང་བའི་ཐབས་ནི། མདའ་བྱ་རྒོད་མའི་སྨྱུག་མའི་ནང་དུ་དུག་སྣ་ཚོགས་བླུག་ལ། སྔགས་འདི་གདབ་པར་བྱའོ། །མུག་ཏི་ཆུ་མ་གམ་ཤག །ཅེས་ཁྲི་དྲུག་སྟོང་བཟླས་ནས། མདའ་འཕངས་པས། དུག་གི་ནད་ཀྱིས་འཆི་བར་འགྱུར་རོ། །དུག་མདའ་འཕང་བ་སྟེ་གོ་བརྒྱད་པའོ།། །།བསྟན་པ་བསྲུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕྲིན་ལས་རྣམ་པ་བཞི་སྤྱིན་སྲེག་གིས་ཕན་གདགས་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །ཞི་བའི་སྤྱིན་སྲེག་བྱ་བ་ནི། ཐབ་ཁུང་ཟླུམ་པོར་བྱས་ལ། དེའི་ནང་དུ་འོ་མ་ཅན་གྱི་ཤིང་བཅུག་ལ། ཛ་ལ་ར༷། ཞེས་མེ་སྤར། ཤན་ཏིང་ཀུ་རུ་གྲྭཧྭ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། སྤྱིན་སྲེག་བྱའོ། །དེས་ནི་ཐམས་ཅད་ཞི་བར་འགྱུར་རོ། །ཞི་བའི་ལས་ཏེ་གོ་དགུ་པའོ།། །།རྒྱས་པའི་ལས་བྱ་བ་ནི། ཐབ་རིན་པོ་ཆེ་ཟུར་བརྒྱད་པ་བྱ། དེའི་སྟེང་དུ་སྐྱེར་པ་ལ་སོགས་པ་སེར་པོ་བཙུགས་ལ། ཨསྣེ་ཛ་ལ་ར༷། ཞེས་མེ་སྤར་བར་བྱའོ། །པུ་ཁི་ཀུ་རུ་གྲྭཧྭ། ཞེས་སྟོང་རྩ་བརྒྱད་ལ་མཆོད་པར་བྱའོ། །དེས་ནི་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་འགྱུར་རོ། །རྒྱས་པའི་ལས་ཏེ་བརྒྱ་ཐམ་པའོ།། །།དབང་གི་ལས་བྱ་བ་ནི། ཐབ་ཁུང་ཟླ་ཁམ་དུ་བྱས་ལ། དེར་ཤིང་དམར་པོ་བཙུགས་ལ། ཨསྣེ་ཛ་ལ་ར༷། ཞེས་མེ་སྤར་རོ། །བ་ཤ༷་ཀུ་རུ་གྲྭཧྭ། ཞེས་སྟོང་ཉིས་བརྒྱ་བཟླས་པས། ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །དབང་གི་ལས་ཏེ་བརྒྱ་གཅིག་པའོ།། །།དྲག་པོའི་ལས་བྱ་བ་ནི། ཐར་ཁུང་གྲུ་གསུམ་པར་བྱས་ལ། དེའི་ནང་དུ་ཤིང་ནག་པོ་ལ་སོགས་པའི་ཤིང་རྩིགས་ཏེ། ཨསྣེ་ཛ་ལ་ར༷། ཞེས་མེ་སྤར་བར་བྱའོ། །ཀྲོ་དྷ་མ་ར་ཡ་ཕཊ། ཅེས་ཁྲི་བཟླས་པས། ཐམས་ཅད་བསྒྲལ་བར་འགྱུར་རོ། །གང་བསམས་པ་ཉིད་ཡུད་ཙམ་གྱིས་བསྒྲལ་བར་འགྱུར་རོ། །དྲག་པོའི་ལས་ཏེ་བརྒྱ་གཉིས་པའོ།། །།ལས་རྣམ་བཞིའི་ལེའུ་སྟེ་བཅུ་གཉིས་པའོ།། །།ལག་ན་རྡོ་རྗེས་ཡང་གསོལ་བ། བཅོམ་ལྡན་འདས་ལས་ཀྱི་མཐའ་བརྟུལ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་བརྟུལ་བ་བསྟན་པར་བྱའོ། །མེ་ཟོར་གྱི་ལས་ཀྱིས་མཐའ་བརྟུལ་བ་བསྟན་པ། འཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་བྱས་པའི་མེ་རོ་ལ། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ། ཨསྣེ་ཡེ་ཏྲི་སྨྱོ་སྨྱོ། ཞེས་གདོན་བགེགས་ལ་འཕངས་པས། བགེགས་ཐམས་ཅད་ཚིག་པར་འགྱུར་རོ། །མེ་ཟོར་གྱི་ལེའུ་སྟེ་བརྒྱ་གསུམ་པའོ།། །།རྡོ་ཟོར་འཕང་པ་ནི། ལྕགས་ཀྱི་རྡོ་ལྔ་བསྲེགས་ལ། གནོད་པའི་བགེགས་ལ་འཕང་བའི་སྔགས་འདིའོ། །ཐུམ་ཐུམས་མ་ར་ཡ་ཏུག་ཐུམ་རིལ་སྨྱོ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། རྡོ་བསྲེགས་པ་འུར་རྡོའི་དཀྱིལ་དུ་བཅུག་ལ་འཕང་ངོ་། །རྡོ་ཟོར་ཏེ་བརྒྱ་བཞི་པའོ།། །།ཕུར་ཟོར་ནི། གདུག་པ་ཅན་གྱི་ཤིང་ལས་བྱས་པའི་ཕུར་པ་སོར་བརྒྱད་པ་ལ། སྔགས་འདི་ཁྲི་བརྒྱད་སྟོང་དུ་བཟླས་ཏེ། ན་ག་ཀི་ལི་ཀི་ལ་ཡ་མ་ར་ཡ་ཕཊ། ཅེས་བཟླས་ལ་གནོད་པའི་སར་བཏབ་ན་བརླག་པར་འགྱུར་རོ། །ཕུར་ཟོར་འཕང་པ་སྟེ་བརྒྱ་ལྔ་པའོ།། །།མདའ་ཟོར་འཕང་བ་ནི། མདའི་ནང་དུ་དུག་བླུགས་ལ། སྐེ་ཚེ་ཡང་བླུག །མདེའུ་ལ་གདོན་བགེགས་ཀྱི་མིང་བྲི། དེ་ནས་སྔགས་འདི་བཟླས་ཏེ། ནཱ་ག་ར་ཏི་མྱ་ར་ཡ་ཕཊ་སྨྱོ། ཞེས་སྟོང་རྩ་བརྒྱད་བཟླས་ལ། གནོད་པའི་སར་འཕང་ངོ་། །དེས་ནི་གཏན་བརླག་པར་འགྱུར་རོ། །མདའ་ཟོར་གྱི་ལེའུ་སྟེ་བརྒྱ་དྲུག་པའོ།། །ཁྲག་དང་དུག་གི་ཟོར་འཕང་པ་ནི། རབས་ཆད་ཀྱི་ཐོད་པར་ཁྲག་སྣ་ཚོགས་དང་དུག་སྣ་ཚོགས་བླུག་ལ་སྔགས་འདི་གདབ་པར་བྱའོ། །ཁྲག་ཏི་སྨྲ་ར་ན་ག་རྦད་སྨྱོ་སྨྱོ། ཞེས་སྟོང་ལྔ་ཁྲི་བཟླས་ལ། ཐོད་པ་འཕང་བར་བྱའོ། ཁྲག་དང་དུག་གི་ཟོར་ཏེ་བརྒྱ་བདུན་པའོ།། །།མནན་པའི་ལས་བྱ་བ་ནིགནོད་བྱེད་ཀྱི་གཟུགས་ལ་བྲོ་བརྡུངས་ཏེ། གྲུ་གསུམ་གྱི་ནང་དུ་གནོད་བྱེད་ཀྱི་མིང་བྲིས་ལ་བཅུག་ལ། དང་པོར་རིགས་ཀྱི་ཁྱུང་གི་བྲོ་བརྡུང་། ལས་ཀྱིས་མནར་བའི་སེམས་ཅན་ཁྱོད། །ང་ཡི་བཟའ་བའི་སྐལ་དུ་བྱུང་། །རིགས་ཀྱི་ཁྱུང་ཆེན་གཟན་ལ་འདུ། །གཤོག་པའི་འུར་སྒྲ་ཆེམས་སེ་ཆེམས། །མཚོན་ཆའི་སོ་འདར་ཁྲིགས་སེ་ཁྲིག །སྡེར་ཤད་བགེགས་ཀྱི་སྙིང་ལ་ཤད། ཅེས་བརྗོད་ཅིང་བྲོ་བརྡུང་བར་བྱའོ། ཁྲོས་པའི་ཁྱུང་དང་། ཁྱུང་གི་མ་རྣམས་ཀྱི་བྲོ་བརྡུང་བ་ནི། ཁྱུང་ཆེན་མཁའ་ལ་ལྡིང་པ་ཡིས། །གནོད་བྱེད་ཐམས་ཅད་སྙིང་འགས་འགྱུར། །མཁའ་ལས་མཚོན་ཆའི་ཆར་ཕབ་པས། །ཐམས་ཅད་མ་ལུས་རྡུལ་དུ་རློག །ལྕགས་ཀྱུའི་ཁྱུང་གིས་སྙིང་ནས་དྲོངས། །ཞགས་པའི་ཁྱུང་གིས་མགུལ་ནས་དྲོགས། །ལྕགས་སྒྲོག་ཁྱུང་གིས་ཡན་ལག་སྡོམས། །འབེབས་བྱེད་ཁྱུང་གིས་གཟུགས་ལ་ཕོབ། །ཅེས་བྲོ་བརྡུང་བར་བྱའོ། །དེའི་སྔགས་ནི་འདིའོ། ཁྲར་ཤར་སིལ་སིལ་མ་ར་ཡ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ཏེ། ཁྱུང་གི་གཟུགས་ཀྱིས་མནན་པར་བྱའོ། །མནན་པའི་ལས་ཏེ། ཁྱུང་གི་ལས་བརྒྱ་རྩ་བརྒྱད་པའོ། །ལས་ཀྱི་མཐའ་བརྟུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལག་ན་རྡོ་རྗེས། རྡོ་རྗེ་བྱ་ཁྱུང་ལ་སོགས་པའི་ཁྱུང་གི་འཁོར་ཐམས་ཅདཀྱིས། མེཏོག་ཕོལདང། པདྨ་དང་། མཉུ་ཤ་ཀ་ལ་སོགས་པའི་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་།ཙ་ངངཚོཚོང་དེཚིངགི་་་ཨེ་་རྗེསེ་་ ན་དན་ལ་སགས་པའ་དྲ་སྣ་ གས་དང་། ཞལ་ཟས་སྣ་ གས་ཀྱས་མཆད་ ། གས་སུ་བཅད་པ་འད་དག་ ས་མངན་པར་བསྟད་ད། ། ་མའ་བཅམ་ལྡན་ཐུགས་ ་ཅན། ། མས་ཅན་འགྲ་དན་རྟག་ཏུ་མཛད། །ཅེས་འདུལ་ཐབས་ནི་སྣ་ཚོགས་སྟོན། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས། །བར་ཆོད་མ་ལུས་ཀུན་འདུལ་བའི། །འགྲོ་བའི་སྡུག་བསྔལ་སེལ་མཛད་པ། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཐམས་ཅད་ཆོས་ཀྱི་དབྱིངས་མཁྱེན་ནས། །མི་དམིགས་དབྱིངས་སུ་སྒྲོལ་མཛད་པ། །མི་རྟོག་མཚོན་རྣོན་སྣ་ཚོགས་ཀྱིས། ཁུད་དྲུག་དགྲོལ་ལ་ཕྱག་འཚལ་བསྟོད། །དེ་སྐད་ལག་་རྗེང་ང་་་ང་་ངལེསྟེང་་ངངཅེ་་ན་རྡ་ ་དང་། ཁྱུང་ག་འཁརགྱས་མངན་པར་བསྟད་ནས་རྗས་སུ་ཡ་རང་ང་། །བསྟད་པའ་ འུ་ ་བཅུ་བཞ་པའ།། །།བྱ་ཁྱུང་གླག་འགྱུའ་ལས་ཀྱ་རྒྱུད་ ས་བྱ་བ་རྫགས་ས།། །།