Ngb-pt-0904-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། རྩ་རང་གར་བེ་གོ་རང་སྭ་ཏནྟྲ། བོད་སྐད་དུ། སྲོག་བདག་གསེར་གྱི་རྟ་པའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་དྲག་པོ་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཆེན་པོའི་གནས་ན་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་འཁོར་དཔག་ཏུ་མེད་པས་བསྐོར་ནས་བཞུགས་སོ། །དེ་ནས་རྒྱལ་པོ་གཞོན་ནུའི་སྲས་ཁྱེའུ་ཆུང་སྔོན་པོ་ཞེས་བྱ་བ། རང་རིགས་འདུལ་པའི་འཁོར་རྣམས་ཀྱི་ནང་ནས་ལངས་ནས་གཤིན་རྗེ་གཤེད་པོའི་ཐད་དུ་སོང་སྟེ་ལན་གསུམ་བསྐོར་བ་བྱས་ནས། སེམས་དཔའི་འདུག་སྟངས་སུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔའ་བོ་གཤིན་རྗེ་གཙོ། །འཇིག་རྟེན་སྟོང་ཁམས་འདི་དབ་ནི། །དབང་ཆེན་དྲེགས་པའི་རྒྱལ་པོ་ཅིག །སེམས་ཅན་ཀུན་ནི་སྒྲོལ་ལ་བརྩོན། །འཇིག་རྟེན་མི་རྣམས་ཟད་དུ་ཉེ། །འདི་ལ་ཐུགས་རྗེས་གཟུང་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་བ། ཁྱེའུ་ཆུང་ཉོན་ཅིག་ཁྱོད་ཀྱིས་ཞུ་བ་སྤོབས་པ་ལེགས་སོ། །ངས་གནང་བའི་སྐབས་དབྱེའོ། །ཞེས་གསུངས་སོ། །རྒྱལ་པོ་གསེར་གྱི་རྟ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡནའདསགཤིནརྗེགཤེད་ཀྱིས། ཐམས་ཅད་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་རྭ་ཛ་ལ་བྱིན་ཧ་ར་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་སངས་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་བསྐོར་བ་བྱས་ནས་ཕྱག་བཙལ་ཏེ། ཀྱེ་སྟོན་པ་པོས་ཇི་ལྟར་བསྒོ་བ་བཞིན་དུ་བདག་གིས་བགྱིའོ། །དཔའ་བོས་བཀའ་གསོལ་ཅིག་ཅེས་ཞུས་སོ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཁྱོད་ཀྱི་ང་ཡི་མངག་གཞུག་དང་། །ཇི་ལྟར་བསྒོ་བའི་ལས་རྣམས་གྱིས། ཞེས་གསུངས་སོ། །རྭ་ཛ་དེས་སྨྲས་པ། བདག་ནི་ཁྱེད་ཀྱི་ཞལ་མཐོང་བས་། །བྱང་ཆུབ་སེམས་དཔའ་དང་ལྡན་ཏེ། །སྡོམ་པ་བཞིན་དུ་བདག་བགྱིད་པས། །ཇི་ལྟར་སྐལ་དང་འཚམས་པ་ཡི། །རྡོ་རྗེ་དཔའ་བོ་ཆེན་པོ་ཡིས། །བདག་གི་ཟས་སྐལ་དབོག་ཏུ་གསོལ། །ཞེས་ཞུས་སོ། །རྒྱལ་པོ་གསེར་གྱི་རྟ་པའི་རྒྱུད་ལས། ལེ་བྱིན་ཧ་ར་དབང་བསྡུ་བ་དང་ལས་ལ་བཀོལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དཔའ་བོ་དེ་ལ་རྒྱལ་པོའི་རིགས་གསོལ་བ། ཀྱེ་ལྷ་དཔའ་བོ་ཆེན་པོ་གདུག་པ་འདི་ཡིས་ནི། །སྡེ་ནི་གང་གི་རིགས་སུ་གཏོགས། །རྩལ་དང་ནུས་པ་གང་ཅི་ཡོད། །བསྒྲུབ་ཅིང་བསྟེན་ན་ཇི་ལྷར་བྱ། །ཞི་ཞིང་བཅོས་ན་ཇི་ལྟར་བགྱི། །དཔའ་བོ་ཆེན་པོས་བཀའ་སྩལ་བ། །རྭ་ཛ་གདུག་པའི་མཐུ་ཅན་འདི། །སྡེ་ནི་དཀོར་བདག་རྒྱལ་པོར་གཏོགས། །སྲོག་དབུགས་ཀུན་གྱི་བདག་པོ་བྱེད །རྩལ་དང་ནུས་པས་བསམ་ལས་འདས། །བདག་ཉིད་བསྒྲུབ་ཅིང་བསྟེན་པ་ན། །གནས་ནི་རི་གསུམ་རྩེ་དག་ཏུ། །སྟེགས་བུའི་བཅའ་གཞི་བསྟན་པ་ནི། །མར་ལོ་ཚལ་བཀའ་མདུན་པ་ལས་ལ་ནི། །སྟེའུ་ནར་འཇོང་ཚུལ་དུ་བྱ། །ཐིག་གཉིས་བཏབ་པའི་ལེ་ཚེ་གསུམ། །ལེ་ཚེའི་དབུ་ལ་ཨེ་ཡི་གཟུགས། །ཁ་དོག་ལྕགས་ཕྱེ་ནག་པོས་བསྒྱུར། །ཤར་གྱི་ཟླ་ཁམ་ཤེལ་མིག་ཚུལ། །ནུབ་ཀྱི་ཟླ་ཁམ་བྱི་རུའི་ཚུལ། །བྱང་གི་ཟླ་ཁམ་སེར་པོ་བྲི། །རེ་ཀ་དུང་མདོག་འཁོར་ལོ་ལྕགས། །གྲུ་ཆད་ཤར་དཀར་ལྷོ་ཕྱོགས་སྔོ། །ནུབ་དམལ་བྱང་ཕྱོགས་སེར་པོར་བྲི། །ཕྱི་རོལ་རྩང་སྐྲ་ཐོད་འཕྲེང་གཏང་། །དེ་ཡི་ཕྱི་རོལ་མེ་རི་འབར། །གདུག་པའི་དལ་དུ་ལྷུན་གྱིས་གྲུབ། །རྭ་ཛ་གསེར་གྱི་རྟ་པའི་རྒྱུད་ལས། ལས་ཀྱི་ལྡེམ་ཚིག་དང་དལ་གྱི་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེའི་སྟེང་ལྷ་ཡི་གནས་ས་ནི། ཁུ་གསུམ་འབར་པའི་སྟེགས་བུ་ལ། །སྟོང་གསུམ་ཡིད་ཀྱི་གསེར་རྟ་ལ། །མི་མེན་རྒྱལ་གྱི་སྲས་པོ་ཤོན། །ལྕགས་ཀྱུ་ཞགས་པ་ཕྱག་ན་བསྣམས། ཁེན་ཏུ་ལྡེམ་ཞིང་བརྗིད་པ་དགོད། །གཡས་སུ་ཟླ་བ་ཚེས་པ་བྲིས། །གཡོན་དུ་ཉི་མ་གསལ་བ་བྲི། །དར་དཀར་གུར་དང་དམར་པོའི་ཡོལ། །རྒྱ་དར་མཐིང་ནག་གདུགས་ཆེན་དབུབ། །རྨད་དུ་བྱུང་བའི་གཏོར་མ་བཤམ། །ཁྲག་དང་བདུད་རྩིས་གནས་གསུམ་དགོད། །གསུར་ཆེན་དུད་པ་རྒྱུན་མི་གཅད། །རྣལ་འབྱོརལསཀྱིགཤིནརྗེབསྒོམ། །ཉིན་ནི་སོལ་ནག་བཅག་པ་འདྲ། །གོས་ནག་བགོ་ཞིང་ཐོད་ནག་བཅིང་། །དུས་སྐད་གཏོང་ཞིང་མིང་ནས་བོད། །མདུན་དུ་བྱང་ན་གཏོར་མ་བསྟབ། །མ་ཧ་བུ་ཙ་པྲ་ཏི་ཚ་ཧོ་ཁ་ཧི། ཞེས་གརྟར་མ་བསྟབ་པོ། །བསྟེན་ཅིང་ལས་སྔགས་དང་དྲང་འདོན་ན། །རྭ་ཛ་ས་མ་ཡ་ཧུ༷་ཧུ༷་ཛ། རི་ལི་པྲ་མ་ནི་ཧུ༷་ཧྭ༷་ཕཊ་ཕཊ། ཏྲི་ཙ་ལ་ལ་ལ་ཨ་ཤུ་མ་ཛ། དྲི་མ་ར་ཡ་དགྲ་བོ་ལོ་ཏོག་ཀྲོག །དྲི་བཱ་ར་ཡ་དགྲ་བོ་སོད་སོད། ་འེ་ཛ་མུ་ར་ཡ་ཧུ༷་ཧུ༷་ཕཊ། ཆེ་གེ་མོ་མུ་ར་ཡ་གྲྭཧྭ། རྭ་ཛ་གསེར་གྱི་རྟ་པའི་རྒྱུད་ལས། བསྒོམ་ལུགས་བོད་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསད་པའི་སྔགས་བསྟན་པ་ནི། །རྭ་ཛ་ཨ་ཤ་ན་མུ་རྦད། རྭ་ཛ་ཨ་ཏི་པ་ཏ་ཡེ་རྦད་རྭ་ཛ་བི་རྣམ་རྦད། རྭ་ཛ་མུ་པ་ཤ་ཡེ་བོད། རྭ་ཙ་མ་ཏ་ཡ་རྦད། པུ་ར་ག་ཡ་རྦད། ཨ་ཨ་ཏ་ལོ་ག་ཡ་མ་ཤ་ཤ་ཏྲི་ཏྲི་སྙིང་ཁ་རག་ཤ་ཁ་ཐུན་ཨ་དྲི་རྦད། ཏྲ་ཁ་ར་མུ་ར་ཡ་ཧུ༷་ཧུ༷། ཐུམ་རི་ལི་ལི་མ་ཏི་སྨྱོ། གུར་ཤི་ཏི་ན་ལི། གུར་ཏི་ཤི་ན་ལེ། ཤི་ཏེ་ཤི་ན་ལེ། ཤི་ན་ལེ། ལི་ཏོ་ཤི་ན་ལི། རྦད་ཏི་ཤི་ན་ལིང་ལིང་མ་ཏེ་སྨྱོ། ནམ་ཕྱེད་སྨད་ཀྱི་ཆ་ལ་དྲངས། །འདི་ནི་ལས་རྣམས་ཀུན་ལ་འཇུག །ན་མོ་རད་ན་ཏྲ་ཡུ་ཡ། ཙ་ལ་ཙ་ལ པྲ་ཙ་ལ་པྲ་ཙ་ལ། གུར་ཏི་ཕྲི་གྲམ་ག་མ་ནི་སྲུཧྭ། རྦད་དུ་རྦད་ཁྲག་ཏི་རྦད། མྱག་ངན་ནི་རྦད། མྱོགས་ནི་ལིང་འགྱེལ་ན་རླག །དུ་རྦད་དུ་དུ་རླག །བཤས་སོ་སྐམ་མོ་ཞེས་གསུངས་སོ། །ར་ཛ་གསེར་གྱི་རྟ་པའི་རྒྱུད་ལས། གསང་སྔགས་ཐུན་བཅའ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡནའདསགཤིནརྗེགཤེད་ཀྱིས་ཡང་བཀའ་སྩལ་བ།རྭ་ཛ་འདིའི་འཁོར་ན་རྭ་ཛ་དམར་པོ་བྱ་བ་ཡང་གནས་ཏེ། བསྒྲུབས་ན་ལས་དང་བསམ་པ་ཡང་འགྲུབ་པོ་ཞེས་གསུངས་སོ། །ཀྱེ་ཧོ་དཔའ་བོ་ཆེན་པོ་དེའི་སྒྲུབ་ཐབས་བཤད་དུ་གསོལ། །ཅེས་ཁྱེའུ་ཆུང་གིས་ཞུས་པ་དང་། ཉོན་ཅིག་བྱང་ཆུབ་སེམས་དཔའི་ཚོགས། །དྲག་པོའི་གནས་སུ་འདུག་ནས་ནི། །དེ་རུ་དཀྱིལ་འཁོར་གྲུ་གསུམ་བྱ། །ལིང་གི་ཕུར་པ་དེ་བཞིན་ཏེ། །རབས་ཆད་ནག་པོའི་ཐོད་པ་སྲ །སྙིང་ངན་སྙིང་ཁྲག་སྣ་ཚོགས་བསག །དེ་ལ་མཆོད་ཅིང་བསྒྲུབ་པ་བྱ། །སྤྱན་དྲང་མཆོད་བསྟོད་ལིང་ག་བསྒྲལ། །ཐལ་ཟོར་དྲག་པོར་གནས་དང་འཕང་། །ཨོ་མ་རུ་རྩེ་སྨྱུ་རུ་ཏྲི་ལི་ཤང་ག་དུ་ཡག་ཤ་ཀ་མ་མ་ནི་ཛ་ཛ། དེ་ནི་བོད་ཅིང་བསྒྲུབ་པའི་སྔགས། །ཨོ་ཏྲི་ཟ་ཡག་ཤ་སྙིང་ཙ་ཙ་ཤ་མ་ལ་མུགས་མུགས་རྦད་ཡ། དེ་ནི་ཐུན་དང་བསད་པའོ། །ར་ཛ་གསེར་གྱི་རྟ་བའི་རྒྱུད་ལས། ར་ཙ་དམར་པོའི་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་ཡང་བཀའ་སྩལ་པ། རྭ་ཛ་འདི་ཡི་འཁོར་ན། རྭ་ཛ་ནག་པོ་བྱ་བ་ཡང་གནས་ཏེ། བསྒྲུབས་ན་ལས་དང་བསམ་པ་ཡང་འགྲུབ་པོ། །ཞེས་གསུངས་སོ། །ཀྱེ་ཧོ་དེའི་བསྒྲུབ་པ་བཤད་དུ་གསོལ། །ཅེས་ཁྱེའུ་ཆུང་གིས་ཞུས་པ་དང་། །ཉོན་ཅིག་མོས་པའི་བློ་ཅན་རྣམས། །དབེན་པའི་གནས་སུ་འདུག་ནས་ནི། །དེ་རུ་མཎྜལ་དཀྱིལ་འཁོར་བྲི། ཁུ་བཞི་ཕྱི་ཁྱམས་སྒོ་དང་བཅས། །ནང་དུ་གྲུ་གསུམ་བཞི་བྱས་ལ། །དེ་ལ་ཚོན་རྩིས་ཁ་དོག་བསྒྱུར། །ལིང་ག་ཕུར་བུས་ཡན་ལག་ལྡན། །ས་མ་ཡ་ཏྲི་ཕ་ལ་ཡ་མ་བ་ཏི་ཁ་ལ་སྨྱོ། །རུ་ལ་རུ་ལ་ཧ་མ་མྱགས་ཐུམས་ཀི་ལི་ཀི་ལ་ཡ། ཞེས་གསུངས་སོ། །རྭ་ཛ་གསེར་གྱི་རྟ་པའི་རྒྱུད་ལས། རྭ་ཛ་ནག་པོ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྭ་ཙ་སྔོན་དམར་རྣམས་འདིས་བསྒྲལ་ལོ། །སྲོག་གི་བདག་པོ་ལི་བྱིན་ཧ་ར་སྐོས་རྗེ་བྲང་དཀར་དགྲ་བོའི་ལུས་ལ་སྐུ་སྐྱོད་ཆུག །ཏྲི་ཙ་པ་ལ་ཨ་ཤུག་མེ་གྲྭ་ཧྭ། དྲི་མྱ་ར་ཡ་དགྲ་བོའི་སྟོབས། །སྤོ་མ་ར་ཡ་དགྲ་བོ་སོད། འཇིག་རྟེན་སྲིད་པའི་རྒྱལ་པོ་ལོ་ ག་ད་ར་ཆུག་ཆུབ། །ར་ཧཱུཾ་ན་རྒྱོབ་རྒྱོབ། ར་ཏྲི་ར་ཏྲི་བཱ་ར་ཡ་ཛ། ཏྲི་ཏྲི་བ༷་རི་ལི་ལི་སོད་གཏོགས། རྒྱལ་པོའི་བཀའ་བྱུང་གིས་ལ་མར་རྟོགས། །ཕུང་པའི་དུས་བྱུང་གིས་ལ་མོར་སྒྲོལ། །ཟད་པའི་དུས་འབྱུང་གིས་ལ་འུར་སོད། །ཁ་ཁ་ལེ་ལེ། སྒྲོལ་བའི་གིང་། རྣོ་བའི་མཚོན་ཤེལ་གྱི་གྲི་གུག་དགྲ་བོའི་སྲོག་ལ་ཡ༷་ཡ༷་ཆོདགདུག་པའི་དཔལ་དགྲ་བོའི་སྲོག་ལ་ཀྲེགས་ཀྲགས་ཆོད། མ་ཧྭ་ར་ཛ་ཏྲི་ལིང་ཤིང་ཀ་ལ། དྲི་ཟ་ཡག་ཤ་གཟིར་ཙིསྟ་ཛ་ཛ། ཞེས་གསུངས་སོ། །ར་ཛ་གསེར་གྱི་རྟ་པའི་རྒྱུད་ལས། ར་ཛ་ཤེལ་གྱི་གྲི་གུག་གནན་སྔགས་སུ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁྱེའུ་ཆུང་གིས་ཞུས་པ། ར་ཛ་ཉིད་ཀྱི་བགྲུང་བ་བཤད་དུ་གསོལ། །ཉོན་ཅིག་བརྩོན་འགྲུས་དད་པའི་བདག །སུམ་ཐོག་མཁར་གྱི་བར་ཁང་དུ། །གཟེར་དང་ཟངས་མའི་སྣོད་དག་ཏུ། །རྗེན་པའི་ཟན་ལ་ཉི་ཟླའི་གཟུགས། །རྒྱལ་པོའི་གསེར་སྟོང་གསར་པ་ལ། །རྟ་དཀར་གཡག་དཀར་ལྔ་མཚོན། །རིམ་པས་མགུལ་དུ་བཏགས་པ་ནི། །ཉི་མ་རིགས་ཀྱི་གུར་དུ་གཟུགས། །ཁྱི་དཀར་སོགས་པ་གཡས་པ་ལ། །ནང་དུ་ཆེ་གེ་མོ་ཡི་མིང་རུས་བྲི། །ཕྱི་རུ་ལྟས་ངན་གཟུགས་དང་སྔགས། །སོག་པའི་གསང་ལ་སྔགས་འདི་བྲི། །རི་དི་རི་དི་དི་རེ་ཤོ་ཡ་ཡ། ཞེས་ནི་རྟ་དཀར་ཁྲག་གིས་བྲི། །ཞེས་ནི་ཟླ་བའི་སྟེང་དུ་གཟུགས། ་་ས་ཀར་དག་ལ་སྔགས་འདི་བརྗོད། ཁྲེལ་ལོ་ཏོ་པ་ཏི་ཁ་ལ་བོད་ཐུན་ཡ་ཡ། ཞེས་ནི་སོགས་པའི་ནང་དུ་བྲབ། །མ་ཁ་ལ་ཏི་ཡ༷་པ་ཤི་ཛ་ལི་བྱིན་ཧ་ར་སྨྱོ་སྨྱོ། དགྲ་བོའི་ཕྱོགས་སུ་འཕང་བར་བྱའོ། །གང་ལ་བྱ་བའི་ཆེ་གེ་རྣམས། །རྒྱལ་ནད་སྨྱོ་ནད་འཆི་བར་འགྱུར། །རྭ་ཛ་གསེར་གྱི་རྟ་པའི་རྒྱུད་ལས། རྭ་ཛ་གིང་དཀར་པོ་ཐུན་གྱིས་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཁྱེའུ་ཆུང་གིས་ཞུས་པ། །རྭ་ཛ་གདུག་པ་འདི་ལ་ནི། །གཞན་ལ་ཕན་གདགས་རིམ་པ་གང་། །སྒྲུབ་པ་གནོད་ན་ཇི་ལྟར་བྱ། །ཉོན་ཅིག་སྤོབས་པའི་བདག་པོ་ཁྱོད། །གཞན་ལ་ཕན་པ་བསྟན་པ་ནི། །མདོས་ཀྱི་མཆའ་པ་ཟག་པ་སྟེ། །མདོས་ནི་རུ་རྒྱུད་དུས་བསྟན་ཞེས་བྱ་བའི་སྔགས་བསྟན་པ་ནི། སུམ་པ་ཧ་ར་རྭ་ཛ་བེ་ཤ་ཞིལ་ཞིལ། ཤན་ཤན་ཏི་གྲྭཧྭ། ཚེའི་སྔགས་སུ་བསྟན་པ་ནི། ར་ཛ་ཏྲི་ཙ་བ་ལ་ཨ་ཤུ་མུ་ཨུ་ཡ་ཙྭ་ན། ཨ་པ་ར་བྲུ༷་བྲུ༷། ར་ཛ་འཁུ་ལྡོམ་བྱུང་བ་ན། ཨོ་ར་ཛ་ཐུམ་ཨཏི་བོད། ར་ཛ་ཀྲི་ནན་གྲྭཧྭ། ནོར་དང་ལོངས་སྤྱོད་འཕེལ་བ་དང་། ར་ཙ་མ་ནེ་ཡེ་བ༷་བ་རུ་ན་གྲྭཧྭ། རྣལ་འབྱོར་བདག་ལ་གནོད་པ་ན། །སྲོག་རྩ་དམ་དང་དམ་ཚིག་བསྲེ། ཤེ་ས་བསྟན་དང་བཟློག་སྔགས་དྲང་། །ཞེས་གསུངས་སོ །རྭ་ཛ་གསེར་གྱི་རྟ་བའི་རྒྱུད་ལས། གཞན་ལ་ཕན་གདགས་པ་དང་བསྒྲུབ་པ་པོ་གནོད་པ་བཟློག་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཁྱེའུ་ཆུང་གི་སྤྱན་སྔར། དཔའ་བོ་གཤིན་རྗེ་གཤེད་སྲོག་བདག་ལི་བྱིན་ཧ་ར་ལ་བསྟོད་པ། གེ་ཧོ་གཤིན་རྗེ་གཤེད་ཆེན་པོ། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ནི་དུང་མདོག་དཀར་པོ་ལ། །གསེར་གྱི་གཞའ་རིས་འོད་དང་བཅས། །སྐུ་རྒྱན་གསེར་གྱི་རྒྱན་གྱིས་བརྒྱན། །རིན་ཆེན་ཕྲ་མོ་མང་པོས་བརྒྱན། །དར་ཚོན་སྣ་ལྔའི་ལྕེ་ཕྲན་འཕུར། །སྐུ་ལ་གསེར་གྱི་སླག་པ་གསོལ། །གཡུ་ཕྲན་འབར་བའི་རི་མོ་ཅན། །ཆིབས་སུ་གསེར་གྱི་རྟ་པོ་ལ། །གནམ་ས་གཉིས་ཀྱི་སྒ་སྟན་བསྟད། །གཟའ་ཆེན་བརྒྱུད་ཀྱི་སྲབ་ཀྱིས་སྤྲས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱུད་ཀྱིས། །གོང་ཐོག་གོང་རྨེད་རྒྱན་དུ་བྱས །བང་ནི་བར་སྣང་ཁམས་སུ་རྒྱུག །མིག་གཞི་ཁམས་གསུམ་ཟིལ་གྱིས་གནོན། །སྐད་ནི་སྲིད་པའི་འབྲུག་སྟོང་ལྡིར། །ལྕེ་ནི་བར་སྣང་གློག་ཏུ་འཁྱུག །འཕྲིན་ལས་གླིང་བཞི་ཁ་ལོ་སྒྱུར། །ཁྱོད་ལ་བསྟོད་དོ་གུས་ཕྱག་འཚལ། །ཅེས་བསྟོད་པའོ། །ར་ཛ་གསེར་གྱི་རྟ་པའི་རྒྱུད་རྫོགས་སོ།། །།