Ngb-pt-0900-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཏི་ར་ཏི་ཀ་ནཱ་ར་ན་མ་ཧྭ་མ་ཏནྟྲ། བོད་སྐད་དུ། མུ་སྟེགས་ཀྱི་བསད་ཁྲམ་ཆེན་པོ་ཞེས་བྱ་བའི་རྒྱུད། སྦས་པ་གསེར་གྱི་ཉི་མ་ཞེས་བྱ་བ་ལས་སྲོག་ཏིག་གི་ལེའུ་གནམ་ལྕགས་གསང་བའི་རྒྱུད། སྒུབ་ཐབས་བསད་ཁྲམ་ཆེན་པོ་ཞེས་བྱ་སྟེ། ཕུང་བྱེད་ར་ཧུ་ལའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡུལ་ལྷོ་ནུབ་ཕྱོགས་ཀྱི་སྟེང་གནམ་ཏི་ལ་དག་གི་རྩེ་མོ་ན། སྲིན་པོ་ཡག་ཤ་གློག་འཕྲེང་ནི། ། ཞེ་སྡང་ཆེ་ལ་གསོད་ལ་དགའ། །སྐད་ནི་ཀེའུ་ཀེའུ་ཆོ་དགུ་འབོད། །བེ་དུར་རྒྱ་མཚོའི་གཏིང་ཤེད་ན། །ཀླུ་མོ་ཧབ་ཤ་ཁྲག་མགོ་བསེ་གདོང་ནི། །འདོད་ཆགས་ཆེ་ལ་གནོད་ལ་དགའ། །སྐད་ནི་ཀང་ཆོ་དགུ་འབོད། །དེ་གཉིས་ཆགས་པ་སྦྱད་པ་ལས། །སྤྲུལ་པའི་སྒོ་ང་དགུ་རུ་བྱུང་། །གདུག་རྩུབ་ཁྲོ་ཆུའི་སྒོ་ང་གཅིག །ཡབ་ཀྱིས་ཁྲོས་ནས་བཅས་པ་ལས། །ཕུང་བྱེད་མིང་སྲིད་ལྔ་རུ་བྱུང་། །མིང་པོ་མགོ་དགུ་དུད་པ་ཁ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །སྲིང་མོ་སྟག་སྲིན་འབྲོག་སྲིན་རྐོང་སྲིན་བམ་སྲིན་བཞི། །དེ་ལྔ་ལྟེ་བ་སྦྲེལ་ནས་འདུག །ཕྱག་ན་རྡོ་རྗེ་སྤྲུལ་པ་ཡིས། །ཕུང་བྱེད་མིང་སྲིདལྟེ་བ་བཅད། །ཕུང་བྱེད་མིང་སྲིད་བྲོས་ནས་སོང་། །ཕ་ཡི་རྫུ་འཕྲུལ་མདའ་གཞུ་བརྐུས། །མ་ཡི་མཐུ་སྟོབས་ཞགས་པ་ཕྲོགས། །ཚུབ་མར་འ་་ཅིང་དུ་བར་འཐུལ། །སེམས་ཅན་ཐམས་ཅད་ཟས་སུ་ཟ། །འཇིག་རྟེན་ཁམས་ཀུན་རླག་པར་བྱེད། །བཅོམ་ལྡན་གོས་སྔོན་ཐུགས་ཁྲོས་པས། །ཕྱག་གི་རྡོ་རྗེ་གནམ་ལ་གསོར། །ཕྱག་ན་རྡོ་རྗེ་དྲགས་སྔགས་བརྗོད། །ལུས་པོ་དུམ་བུ་བརྒྱད་དུ་བཀས། །རོ་ཡང་ལྕགས་ཀྱི་སྒྲོག་ལ་གཏོར། །སྲིན་པོ་དག་གི་སྐྱེ་རྒྱུད་ནི། །མུ་ཏིག་སྔོན་པོའི་རྒྱུད་ནི་ཞིབ། །སྤྲུལ་པ་ནི་གཟའ་བརྒྱད་དང་། །འཁོར་དགུ་ཚོགས་ནི་དེ་དང་དགུ། །རིན་ཆེན་སྐྲུངས་པའི་རྒྱུད་ནི་ཞིབ། །སྐྱེ་རྒྱུད་བཏུལ་ཐབས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་ཆེན་མི་བཟད་པས། །མིང་སྲིད་ལྔ་ཡི་ལྟེ་ཁྲག་ལས། །ཐུགས་ལས་ཕྱུང་སྟེ་རྒྱུད་དུ་བྲིས། ཁུད་ནི་ཚིགས་བཅད་དག་ནས་དྲངས། །སྔགས་ནི་ཚིག་བར་དག་གིས་གསོ། །བསྟན་པ་བསྲུང་བའི་དོན་དུ་བཞག ཁུད་ཁུངས་ཀྱི་ལེའུ་སྟེ་གཉིས་པའོ།། །།དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་བྱ། ། དཔངས་ནི་ཉི་ཤུ་རྩ་བརྒྱད་དོ། །སྲིན་མོ་འགྲོས་ཏེ་སྔོན་དམར་དཀྲེ། །འཕང་དུ་ཁྲུ་གང་ནག་པོར་བྱ། །དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།རབས་ཆད་ཐོད་པ་ཐུན་གྱི་རྫས། །འབྲུབ་ཁུང་ནང་དུ་གཞུག་པར་བྱ། ཁ་ནི་འཁོར་ལོ་དག་གིས་བཅད། །དར་རས་ཀྱིས་ནི་ཐོད་པ་དྲིལ། །ཕྱི་རིམ་སྔོན་དམར་དག་གིས་དཀྲི། །ནང་དུ་མིང་རུས་གཞུག་པར་བྱ། །མགོ་རན་པོ་ཡི་རྨིག་པ་ནི། །ཛ་ཡི་ཆོས་སུ་བཅུག་ནས་ཀྱང་། །འབྲུབ་ཁུང་ནང་དུ་ཁ་ཡང་བཅད། །འཁོར་ལོའི་བཅའ་ཐབས་འདི་ལྟ་སྟེ་ཁྱབ་འཇུག་ཅི་འདྲའི་སྐུ་ཚད་བྲི། །ལྟོ་བར་འཁོར་ལོ་རྩིབས་ལྔ་སྟེ། །ཕྱི་རིམ་དག་ནི་རྩིབས་བརྒྱད་དོ། །རྩིབས་བཞི་ལ་ནི་བཅོ་ལྔས་དགང་། ། རྩིབས་བརྒྱད་ལ་ནི་བཞི་བཅུ་བཞི་ཡིས་དགང་། །རྩིབས་མཆན་ཉི་ཤུ་གཉིས་རྣམས་དང་། །ཆེ་གེ་མོ་གཉིས་སྤེལ་ལ་བྲི། །ཏིང་འཛིན་ཛ་ཡིས་བཀུག་ནས་ནི། ། འཁོར་ལོ་བསྐོར་ཞིང་གཏུབ་པར་བསམ། །ལོག་གནོན་མནན་བསྲེག་འོག་ཏུ་བསྟན། །རྫས་དང་བཅའ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །ཁྲ་རུས་ཉ་ཤ་ཁྲག་རུལ་དང་། །རུ་དྲའི་སྙིང་དང་ར་ཛའི་སྙིང་། །རྟ་རུ་གཟུང་ཞིང་་ན་དུ་བཏང་། །ཨི་ད༷་བ་ལ་ལིན་ཏི་མ་ས་ས་མ་ཡ་ཁུ་ཧི། མ་ཧྭ་ཨ་མྲི་ཏ་ཁྭ་ཧི། གོ་རོ་ཙ་ན་ཁུ་ཧི། བ་ལིང་ཏ་ཁུ་ཧི། རག་ཏ་ཁུ་ཧི། ཤ་རི་སྨྱོ་གདགས་གསོ། །བདུད་རྩི་ལྔ་རུ་བྱིན་གྱིས་བརླབས། །གཏོར་མའི་ལེ་འུ་སྟེ་ལྔ་པའོ།། །།སྤྱིར་ན་གནམ་ལྕགས་གསང་རྒྱུད་ལས། །སྲོག་དང་སེར་བ་གཉིས་འབྱུང་སྟེ། །འདི་ནི་གསད་ཁྲམ་སྲོག་གི་དོན། །གཉེན་པོ་གསལ་བར་མ་གྱུར་ན། །རང་སྲོག་གཅོད་པའི་ཉེན་དུ་བཤད། །སྲོག་གི་སྙིང་པོ་གྲངས་ནོར་ན། །བསྒྲུབས་པ་སྟོངས་པའི་ཉིན་དུ་བཤད། །དུས་ཀྱི་མཆོད་པ་ཆག་པ་ན། །ཉམས་པར་འགྲོ་བའི་ཉེན་དུ་བཤད། །སྲི་ཅན་མནན་པ་མ་ཤེས་ན། །འཁོར་ལ་གནོད་པའི་ཉེན་དུ་བཤད། །གཟའ་ཐུའུ་མནན་པ་མ་ཤེས་ན། །ནོར་མ་གནོད་པའི་ཉེན་དུ་བཤད། །དམཚིགབསྲུངཐབས་མ་ཤེས་ན། ། དམ་ལ་བཟློག་པའི་ཉེན་དུ་བཤད། །གནད་ལ་བོར་ཐབས་མ་ཤེས་ན། །ལས་རྣམས་མི་བྱེད་ཉེན་དུ་བཤད། །སྤྱིར་ན་གཟའ་རྒྱུས་མ་ཤེས་ན། །ལས་རྣམས་གྲུབ་པར་མི་འགྱུར་རོ། །གཤིན་རྗེའི་ལས་རྣམས་གྲངས་མང་ཡང་། ཁྱབ་འཇུག་བསྒྲུབ་ཐབས་མ་ཤེས་ན། །དཔའ་བོ་གོ་ཆ་གཏོར་བ་འདྲ། །མ་མོའི་ལས་རྣམས་གྲངས་མང་ཡང་། ཁྱབ་འཇུག་བསྒྲུབ་ཐབས་མ་ཤེས་ན། །རྒྱ་མཚོ་འཁྲུགས་པའི་རླབས་དང་འདྲ། །གནན་པའི་ལས་རྣམས་གྲངས་མང་ཡང་། ཁྱབ་འཇུག་བསྒྲུབ་ཐབས་མ་ཤེས་ན། །སྦས་པ་ས་ཡི་གཏེར་དང་འདྲ། །དེས་ན་ངན་ཐབས་སྔགས་པ་ཡི་།། ཁྱབ་འཇུག་བསྒྲུབ་ཐབས་དང་དུ་ལོང་། །གདམས་པའི་ལེའུ་སྟེ་དྲུག་པའོ།། །།སྤྱིར་ན་གནམ་ལྕགས་རྒྱུད་དག་ལས། །ནག་པོ་ཉིད་དུ་སྲོག་སྙིང་དང་། །ལས་བཅོལ་དང་རི་་སད་པའོ། །བསྙེན་པ་ཉེ་བའི་བསྙེན་པ་དང་། །ལས་ལ་སྦྱོར་བ་གསུམ་དུ་འདོད། །བསྲུང་དང་བསྲེག་དང་མནན་པའི་སྔགས། །གཤམ་སྔགས་ཡིན་ཏེ་ཤིན་ཏུ་གཅེས། །བཅོ་ལྔ་དང་ནི་བཞི་བཅུ་བཞི། །ཉི་ཤུ་གཉིས་རྣམས་མ་ཉམས་པས། །དེ་ཡི་སྔགས་བཟླས་ཐེ་ཚོམ་མེད། །བཏབ་པ་ཉི་ཤུ་གཉིས་པ་སྟེ། ། བསྲེག་པ་དང་ནི་བཅུ་བདུན་པའོ། །གནད་ལ་བོར་ལ་གནམ་འདྲེས་པའོ། །དེས་སྒྱུར་ལས་ལ་ཐེ་ཚོམ་མེད། །མི་འགྱུར་གནས་ཀྱི་ལེའུ་སྟེ་བདུན་པའོ།། །། གནམ་ལྕགས་གསང་བའི་རྒྱུད་དག་ལས། ཁྱབ་འཇུག་རྒྱུ་དུས་མ་བསྟན་ན། ། ལྟོག་མི་ཐེབས་ཏེ་མཇུག་མ་འགྱང་། །དེས་ན་གཉན་པོ་རྒྱུ་དུས་བསྟན། །ཚེས་གཅིག་མ་མོ་དག་དང་སྡོངས། །ནུབ་ནས་ཤར་དུ་རྒྱུ་བས་སྟེ། །ནུབ་མོ་སྲིན་ནི་ཁམ་ནག་ནམ་འཕང་སྟོད་ནས་འོང་། །བརྒྱད་ཀྱི་སྔ་དྲོ་དགྲ་ལྷའི་རྒྱལ་མོར་སྡོངས། ཁྲར་ལྷོ་དག་ནས་ནུབ་བྱང་མཚམས་སུ་རྒྱུ། །སྤྲིན་ནི་ལུག་གི་ལྷོ་ཚིལ་ལྟ་བུར་སྟོན། །བཅུ་གཅིག་བདུད་དུ་སྤྲུལ་ནས་ནམ་གྱི་འཇིང་ལ་རྒྱུ། །བྱང་་ནས་ལྷོ་རུ་རྒྱུ་བ་སྟེ། །སེམས་ཅན་གཟུགས་ཏེ་ཤིང་ལོ་ལྟ་བུའི་སྤྲིན། །བཅོ་ལྔའི་ཉི་མ་ཕྱེད་ན་སྲིན་པོར་སྤྲུལ་ནས་རྒྱུ། །ལྷོ་ནུབ་མཚམས་ནས་བྱང་ཤར་མཚམས་སུའོ། །མདུང་ཤིང་གཡག་གི་གཟུགས་འདྲའི་སྤྲིན་དུ་འོང་། །བཅོ་བརྒྱད་ནམ་ཡོལ་དམུ་རུ་སྤྲུལ་ནས་རྒྱུ། ཁྲར་ནས་ནུབ་ཏུ་རྒྱུ་སྟེ་ཕྱིང་པ་རྒྱང་པའི་སྤྲིན་དུ་སྟོན། །ཉི་ཤུ་གཉིས་ཀྱི་ཉི་མ་ཕྱེད་ཡོལ་ལ། །གཤིན་རྗེར་སྤྲུལ་ནས་བྱང་ནུབ་དག་ནས་ནི། ཁྲར་ལྷོ་མཚམས་སུ་རྒྱུ་བར་སྟོན། །དམར་བ་དྲལ་ཧྲིལ་སྤྲིན་ནི་རྟག་ཏུ་སྟོན། །ཉི་ཤུ་ལྔ་ཡི་སྐྱ་རིངས་ཤར་ཙ་ན། །ཀླུ་བཙན་སྤྲུལ་ནས་ལྷོ་ནས་བྱང་དུ་རྒྱུ། །ཕྱུར་བ་དྲིལདྲ་འའི་སྤྲིན་ནི་རྟག་ཏུ་སྟོན །མངོན་སུམ་རྟགས་ནི་སྤྲིན་གྱིས་ལྟོས། །ཉིན་མོ་འཇོམས་པ་བདུད་བཞི་དང་། །མཚན་མོ་འཇོམས་པའི་བདུད་བཞི་སྟེ། །གདོད་ཚུགས་མི་སྤྲད་ལིང་ཁ་གདོང་ཚུགས་བཞག །ཏི་ཀ་ཡིན་པར་གཏོར་མ་རེ་རེ་བཏང་། ཁུ་དུས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། ། མ་འཆུན་ལས་ནི་མི་བྱེད་ན། །གནད་ལ་འབོར་བ་བསྟན་པ་ནི། །འགོ་ར་ནག་པོའི་རྨིག་པ་ལ། །ཛ་ཡི་ཆས་སུ་བཅུག་ནས་ཀྱང་། །ཉི་ཤུ་གཅིག་པའི་སྔགས་ཀྱིས་བརྡུང་། །ཛ་བརྡུངས་ཀྱི་ལེའུ་སྟེ་དགུ་པའོ། །གནམ་ལྕགས་གསང་བའི་རྒྱུད་དག་ལས། །བསྲེག་པའི་ལས་སྤྱོད་བསྟན་པ་ནི། །དུག་ཤིང་གདུག་རྩུབ་ཅན་གྱི་ཤིང་། ཁུ་གསུམ་རྩིགས་ཏེ་མདའ་གང་པའོ། ཁྲ་རུལ་ཁྲག་རུལ་ཤ་སྣ་ཚང་། ། ཉུངས་ཀར་ཉུངས་ནག་སྐྱེ་ཚེ་གཟེ་མ་དང་། །བསྲེག་རྫས་དང་ནི་ལིང་ཁ་ཐོགས་བྱ་སྟེ། ཁུ་དུས་རྟགས་ལ་ལས་ལ་སྦྱར་བར་བྱ། །སྐྲ་བརྫེས་ཞིང་ལྤགས་དག་ལ་གཅེར་བུར་འདུག །ཏིང་འཛིན་ར༷་ལས་མེ་བསྐྱེད་གང་ཡིན་ཚིག་པར་བསྒོམ། །མེ་ཡི་ལྷག་མ་མནན་ཕྱར་བསྐུར་བར་བྱ། །སྦྱིན་སྲེག་གི་ལེའུ་སྟེ་བཅུ་པའོ། །གནམ་ལྕགས་གསང་བའི་རྒྱུད་དག་ལས། །མ་ཆུན་ལས་ནི་མི་བྱེད་ན། །གནད་ལ་བོར་ལ་བསྟན་པ་ནི། །དང་པོ་འདུག་པའི་ཕྱོགས་རིས་སུ། །ཞིང་ཆེན་འཁོར་ལོ་སྲོག་སྙིང་བཅས། །རྣལ་འབྱོར་འོག་ཏུ་གདིང་བར་བྱ། །ཡང་ན་ལྕགས་སྒྲོག་སྒྲོག་དག་གདགས། །ཡང་ན་འཁོར་ལོ་རྐང་པའི་འོག །རང་ཉིད་གཤེད་པོར་བསྒོམ། སུམ་ཅུ་གསུམ་པའི་སྔགས་བཟླས་སོ། །གནམ་འདྲེས་སྔགས་ནི་ཞབས་ལའོ། ། ཡ་མ་རྭ་ཛ་ས་དོ་མེ་ཡ་ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་སྒེ་ཡ། ཡསྒེ་ཡ་ཙ་ནི་བཱ་ར་ཡ། གནད་ལ་བོར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། །རྨི་ལྟས་མཚན་མའི་རྟགས་བསྟན་པ། །བཙུན་ཆེན་བོན་པོ་སྔགས་པ་དང་། །མོན་དང་རྒྱ་གར་མི་བཤར་དང་། །མེ་དང་ཆུ་དང་ར་རོག་དང་། །སྦྲུལ་དང་སྦལ་པ་རྟ་པ་མི་བཤད་དང་། །རྟག་ཏུ་བོན་པོ་ཉིད་དུ་སྟོན། །དེ་ནི་ཉེ་བའི་རྟགས་ཡིན་ནོ། །མཚོན་ཆ་ཐོགས་ཏེ་འདེད་པ་དང་། །ཆུ་ལ་རྡུལ་ནུབ་ཁྱེར་བ་དང་། །གཡང་དུ་རྟ་རྒྱུག་རྦབ་འདྲིལ་དང་། །དེ་ནི་ལྡོག་པའི་རྟགས་སུ་བཤད། །དོན་སྙིང་མང་པོ་ཁྱེར་བ་དང་། །བྱིའུ་ཁྲ་ཡིས་དེད་པ་དང་། །ལུག་ཁྱུར་སྤྱང་ཁུ་ཞུགས་པ་དང་། །རི་དགས་གང་རུང་གསད་པ་ནི། །གསད་པའི་སྤྱིན་སྲེག་བསྟུད་མར་བྱ། ཁྲན་དམར་པགས་པར་བཤས་མ་ཐག །གནན་པའི་ལས་དག་ཟབ་ཏུ་ཟ། །རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། །དམ་བསྲུང་སྡོམ་བསྟན་པ་ནི། །བསྒྲུབ་པར་བྱེད་པའི་དུས་དག་ཏུ། །འཕྲེང་བ་དག་ལ་རེག་པ་བསྲུང་། ཁྱི་དང་བུད་མེད་ལ་ནི་རྒལ་པ་དག་ཏུ་མ་བྱ་སྟེ། །བསྟེན་པ་དག་ཀྱང་མི་བྱའོ། །སྔགས་ལ་དྲག་ཅིང་གདུག་པར་ནི། །བསྙེན་པ་ཐོག་ནས་མི་སྤང་ངོ་། །ཕྱི་རྟགས་མ་བྱུང་བར་དུ་ནི། །གཏོར་མ་སྙིང་པོ་རྒྱུན་མི་གཅོད། །དུས་ཚོད་བརྒྱད་ལ་དྲག་ཏུ་བྱའོ། །དམ་ཚིག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། ། གལ་གགས་མདོ་དོན་བསྟན་པ་ནི། །ཏིང་འཛིན་མན་ཏྲ་མུ་ཏི་གསུམ། །བར་མཚམས་མེད་པར་བསྒོམས་ནའོ། །ལྕགས་དང་སེང་ལྡེང་མཆོག་ཆེན་གསུམ། །ཕུར་པའི་རྒྱུ་རུ་བསགས་ནའོ། །འབྱུང་བའི་ལམ་དང་བདུད་ཀྱི་རྟ། །རི་བོ་རྩེ་འདི་སྨྲག་ར་གསུམ། །དུས་ཚོད་འདི་གསུམ་ཤེས་ན་འོ། །དུག་ཤིང་གདུག་ཤིང་བསྲེག་རྫས་གསུམ། །མོ་ཡི་རྫས་སུ་བསགས་ནའོ། །འཁོར་ལོ་ཐོད་པ་ཞིང་ཆེན་གཉེན་པོ་སྔགས་བཟློས་གསུམ། །བཙུན་པའི་དོན་དུ་ཤེས་ནའོ། །བསྲུང་དང་བསྲེག་དང་མནན་པ་གསུམ། །ལས་སྦྱོར་དོན་དུ་ཤེས་ནའོ། །རྣམ་འགྲེང་ཕྱེ་འོ་ན་ར་གསུམ། །བཟླས་པའི་དོན་དུ་ཤེས་ནའོ། །ཐེ་ཚོམ་མི་ཟ་བསྒྲུབ་ཐག་རིང་། །མཆོད་པ་མི་གཅད་དམ་ཚིག་ཉམས། །སྲོག་སྙིང་མི་དཀྲུགས་ཆོ་འཕྲུལ་འོང་། ། དུས་མིན་མི་གདབ་ལྷ་ཀླུ་འཁྲུག །ལེ་ལོ་མི་བྱ་ཕྱི་རྟགས་བུལ། །མདོ་དོན་གལ་གགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། །དུས་མིན་མི་གདབ་ལྷ་ཀླུ་འཁྲུག །གཟུགས་བྱ་སྙིང་ཁར་མིང་རུས་བྲི། །འཁོར་ལོ་ཁ་སྦྱོར་བར་དུ་གཞུག །སྔོན་དམར་བཀྲི་བ་རྒྱ་གྲམ་རོ། །རབས་ཆད་ཐོད་པའི་ནང་དུ་གཞུག །རེ་བའི་ནང་དུ་ག་ས་ནས་ནི། ཁུ་དུས་བརྩིས་ལ་མི་ནོར་བར། །རྒྱ་གྲམ་ལམ་དུ་ཁྲུ་གངབརྐོ། །ཐོད་པ་ཁ་ནི་ནུབ་བྱང་དུའོ། །གཡམ་པར་རྡོ་རྗེ་རྒྱ་གྲམ་བྲི། །ཁ་གཅད་ཁ་ཤ་པ་རི་བཟླས། །ཁྱབ་འཇུག་ལ་སོགས་ལྷ་སྲིན་ལ། །གཏད་བྱ་བའི་ཚིག་བརྗོད་ལ། །ཕྱི་མིག་མི་ལྟ་བསྲུང་བ་བསྒོམ། །གནས་སུ་ལོག་ལ་བཤགས་པ་བྱ། །གནན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། གནམ་ལྕགས་གསང་བའི་རྒྱུད་དག་ལས། །དབྱེ་བའི་ལས་དག་བསྟན་པ་ནི། །ཕ་རོལ་བསྟན་པ་འཇིག་པ་དེས། །བསོད་ནམས་ཆེ་ཞིང་རླུད་རྟ་དར། །ལྷ་བསྲུངས་བཟང་པོས་གྲོགས་བྱེད་ན། །རུ་ཁུགས་དག་ལ་གཞུག་པ་ནི། །གུ་གུལ་ཁྱི་ལུད་འབོག་རུལ་དང་། །ཉུངས་ནག་ལ་སོགས་ཤ་ཆེན་དང་། །རྫས་ལ་མེ་ཡི་དུད་པས་ནི། །ལིང་ཀ་གདུག་ཅིང་དབང་རྣམས་གཟུགས། །ཕྲུ་ནག་སྦུབ་པའི་འོག་ཏུ་གཞུག །དབྱེ་བའི་ཐབས་ཀྱིས་བསྔགས་བཟླས་སོ། །ཉི་ཤུ་གསུམ་པ་དག་ལ་ཏྲི། ། གྲི་ཁྲག་དག་ནས་ཉུངས་ཀར་དབྱུང་། །བྲབ་ཅིག་ཕྲོལ་ཅིག་རྟ་མི་དབྱུང་། །དེ་ནས་གནན་སྔགས་ཉི་ཤུ་གཉིས་པའོ། །ལྷ་དང་དབྱེ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། །གཟའ་ཐེའུ་གནན་ཐབས་བསྟན་པ་ནི། །སྲི་ཅན་རྣམ་པ་བཞི་ཡོད་དོ། །གནམ་ཐེའུ་དཀར་པོ་སེག་ཤམ་འཛིན། །ས་ཐེའུ་ནག་པོ་སྦྲུལ་ཞགས་འཛིན། །གཟའ་ཐེའུ་དམར་པོ་བར་ལག་ཉི་ཟེར་ཤོན། ། སྲི་ཅན་སྡོང་མོ་ལག་ན་ཐོད་སྐམ་ཐོགས། །འདི་བཞི་གཟའ་ཡི་དམ་སྲི་སྟེ། ཁྱི་དང་བོང་ཤོན་བུ་ཆུང་བང་དྲིའུ་ནི། །རྟགས་དེ་བྱུང་ན་བསྒྲུབ་པའི་དམ་སྲི་བྱེད། ། གཟུགས་བཞི་བྲིས་ལ་སྙིང་པོ་གསུམ་བཞི་བྲི། །ནན་གྱི་མཐོ་བསྐོར་རྣལ་འབྱོར་བདག་གིས་ནི། །གནས་ཀྱི་ཐེམ་འོག་དག་ཏུ་གནན་པ་བྱའོ། །གཡམ་པ་རྡོ་རྗེ་རྒྱ་གྲམ་ཁ་གཅད་ལ། །ལས་སྦྱོར་གང་བྱེད་ལས་ལ་རྦད །དམ་སྲི་མནན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།གནམ་ལྕགས་གསང་བའི་རྒྱུད་དག་ལས། །ཏིང་འཛིན་རིམ་པ་བསྟན་པ་ནི། །དུས་ལས་ཁྱབ་འཇུག་བསྐྱེད་པར་བྱ། །སྤྱན་དྲངས་དེ་ལ་བསྟིམ་པར་བྱ། །ཛ་ལས་ལྕགས་ཀྱུ་བསྐྱེད་པར་ནི། །ཁྱབ་འཇུག་སྤྲུལ་པ་ལྕགས་ཀྱུ་བྱུང་། །གང་ཡིན་དེ་ལ་གཟུད་པར་བསམ། །ཕུར་བ་བཏབ་ཅིང་བསྒྲལ་ནས་ནི། ཁྱབ་འཇུག་ཞལ་དུ་གསོལ་བར་བསམ། །ཏིང་འཛིན་དེ་ལྟར་རྟག་ཏུ་སྒོམ། །ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཕྱིའི་རྒྱུད་སྦས་པའི་ཉི་མ་ལས། གནམ་ལྕགས་གསང་བའི་སྲོག་གི་ཏི་ཀའི་རྒྱུད་རྫོགས་སོ།། །།མསྐོ་ལ༷།། རྒྱ་གར་སྐད་དུ། །བྲ་ཉ་མ་གུ་རྒྱ་ཏན་ཏྲ་རྭ་ཛ་ནཱ་མ། བོད་སྐད་དུ། བྲམ་ཟེ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་