Ngb-pt-0693-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སོ།། །། རྒྱ་གར་སྐད་དུ། སྐསྐཏབྷ། སྡད་ཊ།སྡན། བོད་སྐད་དུ། །ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བདེ་བ་ཅན་གྱི་ཞིང་ཁམས་པདྨ་དབང་གི་གཞལ་ཡས་ན། སངས་རྒྱས་སྣང་བ་མཐའ་ཡས་ལ། ཡུམ་གོས་དཀར་མོ་དང་། གི་ཏི་མ་དང་། ཨུ་ལོ་ཀེ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། ཚེ་དཔག་མེད་དང་། འོད་དཔག་མེད་ལ་སོགས་པ་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་མཁའ་འགྲོ་དབང་མོས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་འགྲོ་བ་ལ་ཇི་ཙམ་ཅིག་གཟིགས་ཞེས་ཞུས་པས། སངས་རྒྱས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། ངས་ཡངས་པར་ནམ་མཁས་ཁྱབ་ཚད་ལ་གཟིགས། དོག་སར་འགྲོ་དྲུག་ཀུན་ལ་གཟིགས། ཁྱད་པར་རིགས་དྲུག་ནང་ནས་མི་ལ་གཟིགས་སོ། །ཞེས་གསུངས་སོ། །ཡང་ཞུས་པ། ཐུགས་རྗེའིརངབཞིན ཇིལྟརགཟིགས་ཤིང་འབྱུང་། ངོ་བོ་ལྟར་གཟིགས་ཤིང་འབྱུང་། །ཞེས་ཞུས་པས། ཡང་གསུངས་པ། ཐུགས་རྗེའི་རང་བཞིན་མཁའ་ལྟར་ཁྱབ། །ངོ་བོ་ཉི་མ་ལྟར་འབྱུང་སྟེ། །ངའི་སྐུ་ཡི་སྤྲུལ་པ་སྤྱན་རས་གཟིགས། །གསུང་གི་སྤྲུལ་པ་མཁའ་འགྲོ་གསང་བ་ཡེ་ཤེས། ཐུགས་རྗེའི་སྤྲུལ་པ་དཔལ་རྟ་མགྲིན་ཡོན་ཏན་གྱི་སྤྲུལ་པ་པདྨ་འབྱུང་གནས། འཕྲིན་ལས་ཀྱི་སྤྲུལ་པ་རང་བྱུང་མཆེད་བཞིའོ། །བྱེ་བྲག་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ། སྡུག་བསྔལ་དང་བྲལ་བའོ། །ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་རྒྱུད་ལས། གླེང་གཞི་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་འཁོར་རྣམས་ཀྱིས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཞུས་པ། རང་བྱུང་རིག་པའི་ངོ་བོ་ཇི་ལྟར་ལགས་ཞུས་པས།ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་པ། །ངོ་བོ་ཆོས་སྐུ་འགྱུར་མེད་དེ། མ་བཅོས་མ་བསླད་ལྷུན་གྱི་གྲུབ། །མ་བཅོས་པ་ནི་ཆོས་ཀྱི་སྐུ། །མ་བསླད་པ་ནི་བདེ་བ་ཆེ། །ལྷུན་གྲུབ་ཆོས་ཉིད་རྣམ་པར་དག །དུག་ལྔ་ཡེ་ཤེས་ངོ་བོར་རྫོགས། །ཞེས་གསུངས་སོ། །ཡང་རིག་པའི་རང་བཞིན་དང་མཚན་ཉིད་ཇི་ལྟར་ལགས། །ཞེས་ཞུས་པས། །ངོ་བོ་སྟོང་པ་ཆོས་སྐུ་ལ། །སྣང་བ་རང་བཞིན་མེད་པར་ཤར། །རྒྱུ་འབྲས་དཀར་ནག་རང་བཞིན་ཀུན། །དངོས་པོ་འཛིན་མེད་སྟོང་པར་འཇུག །དངོས་པོའི་རང་བཞིན་སྟོང་པར་དག །སྟོང་ལས་གསལ་བ་དག་ཏུ་ཤར། །སྟོང་ཉིད་སྙིང་རྗེའི་རང་བཞིན་ཤར། །དཔེར་ན་ནམ་མཁའ་ལསྤྲིན བཞིན་དུ། །མ་འགགས་རང་བཞིན་ངང་ལ་འབྱུང་། །རིག་པའི་མཚན་ཉིད་མ་གྲུབ་པས། །དབྱིབས་དང་ཁ་དོག་བཟུང་བ་མེད། །སྟོང་ལ་འཛིན་མེད་གསལ་བར་འཕྲོ། །རྟགས་པས་ངོས་གཟུང་གྲུབ་པ་མེད། །ངོ་བོ་སྟོང་ལ་རང་བཞིན་གསལ། །ངེས་ཚིག་བརྗོད་པའི་མཐའ་དང་བྲལ། །སྣ་ཚོགས་གསལ་ལ་གཅིག་ཏུ་འདུས། །བྱེ་བྲག་དབྱེ་བའི་མཐའ་ལས་འདས། །ཞེས་པ་པདྨ་རྒྱས་པའི་རྒྱུད་ལས། རང་བྱུང་རིག་པའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཡང་འཁོར་རྣམས་ཀྱིས་ཞུས་པ། རང་བྱུང་གི་རིག་པའི་རྒྱལ་པོ་འདི། །རྟོགས་པར་བྱ་བ་ཇི་ལྟར་བགྱི། །སངས་རྒྱས་ཆོས་སྐུས་ཡང་གསུང་པ། །གཞི་རྩ་མེད་པའི་སེམས་ཉིད་འདི། །མ་བཅོས་རང་ཐང་ཆེ་པོར་བཞག །རྣམ་རྟོག་འཐོར་བ་བསྡུ་ཞིང་ལྟ། །དཔེར་ན་ནམ་མཁའ་སྤྲིན་དང་དྲ། །ནམ་མཁའ་སྤྲིན་བྲལ་ངོ་བོ་བཞིན། །མ་བཅོས་པ་ལ་ཆག་ཆད་བཞག །ཡང་ན་ནམ་མཁའི་སྤྲིན་ཚོགས་བཞིན། །སྐྱེ་འགག་མཁའ་ལས་གྲུབ་པར་ཤེས། །དེ་བཞིན་བརྒྱ་ཁྲི་སྤང་རྟོགས་རྣམས། །འཐོར་བ་བསྡུ་ཞིང་སེམས་ལ་ལྟ། །ཐམས་ཅད་མ་གྲུབ་སེམས་སུ་ལྟ། །སེམས་ཉིད་མ་འགགས་རང་གསལ་ལ། །གཟུང་འཛིན་རྟོག་པའི་མཐའ་དང་བྲལ། །དཔེར་ན་རྒྱ་མཚོའི་སྐར་ཚོགས་ལྟར། །སྣང་ལ་རང་བཞིན་མེད་པར་བརྟག །སེམས་ཉིད་ཡེ་ནས་གསལ་བ་ལ། །གསལ་ལ་འཛིན་པ་མ་ཞུགས་པ། །བུ་ཆུང་མར་མེའི་དཔེར་བཞག་འདྲ། །སྣང་ལ་ངོས་གཟུང་མ་གྲུབ་པ། །དཔེར་ན་ཆུ་ནང་ཟླ་བ་འདྲ། །སྟོང་ལ་གསལ་ཆ་མ་འགགས་པ། །དཔེར་ན་བར་སྣང་འཇའ་ཚོན་འདྲ། །རྒྱུ་འབྲས་རྟེན་འབྲེལ་ཟུང་འཇུག་གི ཁུ་ཉིད་སྒྱུ་ལུས་ཕུང་པོ་ལས། །འབྲས་བུ་དབྱེར་མེད་སྟོང་པར་ཤར། །སྟོང་པའིརྒྱུ་ལས་ཐུགས་རྗེར་ཤར། །འབྲས་བུ་དབྱེར་མེད་སྤྲུལ་པའི་སྐུ། །གཟི་ལྡན་ཉི་མ་སྙིང་པོ་བཞིན། །རྩོལ་མེད་ཤུགས་ལས་བྱུང་བའོ། །པདྨ་རྒྱས་པའི་རྒྱུད་ལས། རྟོགས་པའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཡང་འདུས་པའི་འཁོར་གྱིས་ཞུས་པ། ཀྱེ་སངས་རྒྱས་ཆོས་ཀྱི་སྐུ། །དེ་ཉིད་རྟོགས་པར་མ་གྱུར་ན། །ངོས་ནི་འཛིན་ཐབས་ཇི་ལྟར་བགྱི། །ཞེས་ཞུས་པས། སངས་རྒྱས་ཆོས་སྐུས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །སེམས་ཉིད་མ་རྟོགས་བདུད་དུ་ཆེ། །བདུད་ངོས་རང་གིས་ཟིན་པར་བྱ། །ཆོས་རྣམས་མཉམ་པ་རིས་མེད་ལ། །བློ་ངན་སྐུར་འདེབས་ཆོས་ཀྱི་བདུད། །མི་དང་འདུ་ཤེས་སྤང་བར་བྱ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་མཉམ་པ་རིས་མེད་ལ། །ང་དང་བདག་ཏུ་འཛིན་པའི་བདུད། །སྡུག་བསྔལ་བློ་ཡིས་མི་བཟུང་བར། །བྱས་པའི་མཁན་པོ་རང་ངོ་རྟག །ཉོན་མོངས་ཐོད་རྒལ་མི་བཏང་བར། མ་སྤངས་རང་གསལ་ཡལ་དུ་གཞུག །ལྟ་བ་ཕྱོགས་རིས་འཛིན་པའི་བདུད། །ཕྱོགས་འཛིན་རྟོགས་པའི་མཐའ་དང་བྲལ། །སྒོམ་པ་སེམས་འཛིན་བ་བློ་ལ་བསྒོམ། །རིག་པ་གསལ་སྟོང་ངང་ལ་ཞོག །སྤྱོད་པ་དགག་བསྒྲུབ་ཚུལ་འཆོས་བདུད། །ཆོས་བརྒྱད་གཡེང་བའི་མགོ་བསྙོམས་ཐོང་། །འབྲས་བུ་རེ་དོགས་ཐེ་ཚོམ་བདུད། །རང་སེམས་སངས་རྒྱས་རྟོགས་པར་གྱིས། །དཀའ་ཐུབ་ཕྱི་ཤོལ་འདོད་པའི་བདུད། །ལྟེབ་བསྐྱང་མེད་པར་ཉམས་སུ་ལོང་། །ཉམས་མྱོང་བསྒོམ་ལ་ཆགས་པའི་བདུད། །སེམས་ཉིད་གང་ལའང་རྟེན་མེད་བཞག །ལེ་ལོ་མེད་པར་ཉམས་སུ་བླང་། །རང་ཉིད་བྱིན་རླབས་ངོ་བོ་ལ། །ཐེ་ཚོམ་ཞུགས་པས་བྱིན་རླབས་བདུད། །དོན་དམ་ཐེ་ཚོམ་མེད་པར་བསྒྲུབ། །ཡིད་མ་ཆེས་པ་བླ་མའི་བདུད། །མོས་གུས་དྲག་པོས་གསོལ་བ་གདབ། །དད་པ་ཡར་གྲུས་ཆོས་ཀྱི་བདུད། །སྡུག་བསྔལ་བྱེད་ལ་ལྕགས་ཀྱི་བྲབ། །འདུས་བྱས་ཐ་མར་ཤོར་བས་དགེ་སྦྱོར་བདུད། །སྐྱོ་བས་ཉམས་ལེན་སྲང་དུ་གཞུག །སྤྱིན་པ་ཆུད་ཟོས་སེར་སྣའི་བདུད། །འབྲས་བུ་ལོངས་སྤྱོད་ཐོབ་རེ་བ། །དམིགས་པ་མེད་པ་རྒྱ་ཡིས་ཐོབ། །ཚུལ་ཁྲིམས་ཆུད་ཟོས་ཚུལ་འཆོས་བདུད། །སྒྱུ་མེད་རང་སེམས་དག་པར་བསྲུང་། །བཟོད་པ་ཆུད་ཟོས་ཁོང་ཁྲོའི་བདུད། །གཟའ་གཏད་མེད་པར་དོན་ལ་ཁོལ། །བརྩོན་འགྲུས་ཆུད་ཟོས་ལོངས་སྤྱོད་བདུད། །མི་རྟག་འཆི་བསམ་ཆོས་ཉིད་སྒོམ། །བསམ་གཏན་ཆུད་ཟོས་གཡེངས་པའི་བདུད། ཡེངས་མེད་ཆོས་ཉིད་ཀློང་དུ་ཀློད། ཁེས་རབ་ཆུད་ཟོས་རང་ངོ་མ་ཤེས་བདུད། །སེམས་ཉིད་རིག་པ་ཆོས་སྐུར་རྟོགས། །ཚེ་གཅིག་སྐྱེས་པའི་ལུས་དི་ལ་། མདོ་དོན་ཆོས་ལ་དྲིལ་བར་བྱ། །པདྨ་རྒྱས་པའི་རྒྱུད་ལས། བདུད་ངོས་བཟུང་བའི་ལེའུ་སྟེ་བཞི་པའོ།། །།ཡང་ཞུས་པ། །བདུད་དང་འབྲེལ་པ་ཇི་ཙམ་ན་ཆོད། །ཅེས་ཞུས་པས། །གསུང་གི་བདག་པོས་བཀའ་སྩལ་པ། །ཉམས་སུ་ལེན་པའི་རྣལ་འབྱོར་པས། །སེམས་དང་བག་ཆགས་མ་བྲལ་བར། །འཁོར་འདས་དབྱེ་ཡི་མི་ཕྱེད་པས། །སེམས་ཉིད་ཡེ་སྟོང་རྟོགས་པར་བྱ། །འཁོར་བ་ཆོས་ཉིད་སྐྱེ་མེད་དུ། །མ་རྟོགས་པར་དུ་མི་གོ་བས། །འཁོར་བ་རང་བཞིན་མེད་པར་རྟོགས། །གཉིས་སྣང་རྟོག་པ་མ་གྲོལ་བར། །བདག་གཞན་གཟུང་འཛིན་མི་འཛད་པ། །གཉིས་སྣང་རང་གསལ་གྲོལ་དུ་གཞུག །ཚོགས་དྲུག་རང་གྲོལ་མ་ཤེས་པར། །སེམས་ཛིན་བསྒོམ་པས་མི་ཆོད་པས། །སྣང་སྟོང་ངང་དུ་གྲོལ་དུ་ཞུག །འཁོར་བ་སྐྱོ་བ་མ་སྐྱེས་པར། །མི་ཆོས་སྣང་བ་མི་སྤོངས་པས། །འདུས་བྱས་རྒྱུ་འབྲས་དོན་ལ་བརྟག །ཆོས་ཉིད་བདེན་པ་མ་མཐོང་བར། །འཇིག་རྟེན་ཆོས་བརྒྱད་མི་འབྲལ་བས། །ཆོས་ཉིད་དོན་ལ་རྩེ་གཅིག་སྦྱངས། །རང་ཉིད་གཅིག་ཏུ་མ་ཤེས་པར། །འཁོར་འདས་བློ་ཡིས་མི་འཕྲེང་བས། །དོན་མེད་ཐིག་ལེ་གཅིག་ཏུ་བསྒོམ། །ཐམསཅད་དོན་མེད་མ་ཤེས་པར། ཁེང་གྲགས་དགོས་མེད་མི་ཤེས་པས། །ཀུན་ཀྱང་འབྲེལ་མེད་བློ་ཐག་བཅད། །ཆོས་ཀྱི་མཐར་ཐུག་བློ་ལས་འདས། །མིང་ཚིག་དོན་ལ་པས། །གསུང་གི་བདག་པོས་ཡང་གསུངས་པ། གསལ་བས་བཏང་སྙོམས་མ་རིག་དག །མ་རྟོག་བློ་ཡི་ཞབྲུལ་པ་ཆད། བདེ་བས་སེམས་ཀྱི་ཟུག་རྔུ་ཞི། །གསལ་དང་མི་རྟོག་བདེ་བ་གསུམ། །ཆོས་ཉིད་ཡང་དོན་ཅིག་རིག །སེམས་ཀྱི་ངོ་བོ་སྟོང་གསལ་མཐོང་། །གསལ་བའི་མཐར་ཐུག་སྤྲོས་པ་མེད། །སེམས་ཉིད་རྣམ་རྟོག་མཐའ་དང་བྲལ། །མི་རྟག་མཐར་ཐུག་གཟུང་འཛིན་མེད། །སེམས་ལ་དྲན་བྱེད་ཟུག་རྔུ་མེད། །བདེ་བའི་མཐར་ཐུག་རེ་དོགས་བྲལ། །གསལ་བས་ཆད་པ་མ་གོལ་བ། །མི་རྟོག་རྟག་པར་མ་གོལ་བ། །བདེ་བས་གཉིས་འཛིན་མ་གོལ་བས། །དབྱེ་བ་ཕྱོགས་སུ་ལྟུང་བ་མེད། །དེ་མ་རྟོགས་པའི་གོལ་བ་ནི། །གསལ་ལ་ཞེན་པས་གཟུགས་ཁམས་གོལ། །མི་རྟོག་ཞེན་པས་གཟུགས་མེད་གོལ། །བདེ་ལ་ཞེན་ན་འདོད་ཁམས་གོལ། །དབྱེར་མེད་པ་ལ་ཞེན་གྱུར་ན། །བསམ་གཏན་ལྷ་རུ་ཤུགས་ཀྱིས་གོལ། །གསལ་བར་ཉམས་སུ་མྱོང་བ་ན། །མ་ཆགས་མ་ཞེན་སྤྲུལ་སྐུ་ཐོབ། །མི་རྟོག་ཉམས་སུ་མྱོང་གྱུར་ན། །ཆགས་ཞེན་མེད་པས་ཆོས་སྐུ་ཐོབ། །བདེ་བ་ཉམས་སུ་མྱོང་གྱུར་ནས། །ཞེན་ཆགས་མེད་པས་ལོང་སྐུ་ཐོབ། །ཀུན་ལ་མི་རྟོག་རང་ངོ་ཤེས། །ངོ་བོ་ཉིད་ཀྱི་སྐུ་ཡང་ཐོབ། །གང་ལ་ཞེན་ཆགས་གཡོས་མེད་པས། །མི་འགྱུར་རྡོ་རྗེའི་སྐུ་ཡང་ཐོབ། །པདྨ་རྒྱས་པའི་རྒྱུ་ད་ལས། རྟོགས་ལུགས་གོལ་བ་གསལ་བའི་ལེའུ་སྟེ་བདུན་པའོ།། །།ཡང་དབང་མོ་ལ་སོགས་འཁོར་རྣམས་ཀྱིས་ཞུས་པ། ཀྱེ་སངས་རྒྱས་གསུང་གི་བདག །ཕྱི་ནང་རིག་པའི་ངོ་སྤྲོད་ཇི་ལྟར་ལགས། །ཞེས་ཞུས་པས། །གསུང་གི་བདག་པོས་ཡང་གསུངས་སོ། །ཕྱི་ནང་ཡུལ་ལ་ངོ་སྤྲོད་པ། །ཡེ་ནས་དག་པའི་ཞིང་ཁམས་ལ། །མ་བཅོས་མི་བསླད་མ་བྱས་པར། །ལྷུན་གྱིས་གྲུབ་པར་རྟོགས་པར་བྱ། །འགྲོ་བའི་དོན་བྱེད་གསལ་དུས་སུ། །ཚད་མེད་བཞི་ལས་བསྐྱེད་པའི་ལྷ། །བྱམས་པ་ཝ་ཏི་ཀུན་ལ་དད། །རྙིང་རྗེ་འཇའ་མ་ལི་ཡིས་རྩེ། །འབུ་ཁང་དགའ་བས་དོན་བྱས་པ། །བཏང་སྙོམས་ལོ་གི་ཤྭ་ར་སྐྱོང་། །རང་བྱུང་ཐུགས་རྗེ་ཆེན་པོ་བཞི། །དང་པོ་བསྐྱེད་པའི་རྒྱུ་མེད་པས། །བར་དུ་གནས་པའི་རྟེན་མེད་པས། །ཐ་མ་རྐྱེན་གྱིས་འཇིག་པ་མེད། །ལྟ་སྒོམ་བྱེད་པའི་མཁན་པོ་ལྟ། །རང་གི་སེམས་ཀྱིས་བྱས་པའི་ལྷ། །ལྷ་དེ་རང་གིས་སེམས་སུ་འདུག །སེམས་ལས་གང་དུ་འང་མ་གྲུབ་པས། །སྟོང་པ་སྤྲོས་བྲལ་ལྷུན་གྱིས་གྲུབ། །རིག་ཅིང་གསལ་ལ་ངོས་གཟུང་མེད། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྒྱ་མ་ཆད་དེ་མཐར་མ་རེད། །དབྱིབས་དང་ཁ་དོག་བརྟག་ཏུ་མེད། །ཕྱི་ནང་ངོ་བོ་སྟོང་པ་ལ། །ནང་གི་རང་བཞིན་གསལ་བ་ལས། །དབྱེར་མེད་སྟོང་གསལ་འཛིན་པ་བྲལ། །ངོ་བོ་འགྱུར་མེད་སྟོང་པ་དེ། །རིག་པ་སྐྱེ་མེད་ཆོས་ཀྱི་སྐུ། །རིག་པ་འགག་མེད་ལོངས་སྤྱོད་རྫོགས། །སྣ་ཚོགས་མ་འགག་སྤྲུལ་སྐུར་ཤར། །པདྨ་རྒྱས་པའི་རྒྱུད་ལས། ཕྱི་ནང་རིག་པའི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་དབང་མོ་ལ་སོགས་འཁོར་གྱི་ཞུས་པ། །དེ་ལྟར་རྟོགས་པའི་མཐར་ཕྱིན་པ་ཇི་ལྟར་ལགས། །ཞེས་ཞུས་པས། །གསུང་གི་བདག་པོས་བཀའ་སྩལ་པ། །བརྟགས་པ་སྣ་ཚོགས་རང་ལ་སྣང་། །རྒྱུ་འབྲས་ཡུལ་མེད་བློ་ལས་འདས། །སྟོང་པ་བློ་འདས་བྱར་མེད་ལ། ཇི་བཞིན་པ་ཡི་ངང་ལ་གནས། །སྟོང་པ་གནས་མེད་ཀློད་པའི་མཆོག །མཐའ་བྲལ་སྤྲོས་པ་ཆོད་པ་དང་། རང་གསལ་འཛིན་པ་གཏོར་བ་དང་། །དོན་དང་བྲལ་བ་མེད་པ་དང་། སྤང་བླང་འཛིན་པ་ཞིག་པ་དང་། གསལ་ལ་ངོས་བཟུང་མེད་པ་དང་། སྟོང་ལ་གསལ་ཆ་མ་འགགས་དང་། །གསལ་ལ་རྟོག་པ་མེད་པ་དང་། །སྣང་ལ་རང་བཞིན་མེད་པ་ལ། །རྟོགས་པའི་བཙན་ས་མཐར་ཕྱིན་པའོ། །ཡང་གསུང་གི་བདག་པོས་བཀའ་སྩལ་པ། །སེམས་ཉིད་དམིགས་པའི་མཐའ་དང་བྲལ། །བསམ་པ་གཟའ་གཏད་མེད་པར་གྲོལ། །སྟོང་པ་ཉིད་ལ་ཐུན་མཚམས་མེད། །གཟའ་གཏད་མེད་ལ་ལྟ་རྒྱུ་མེད། །དམིགས་གཏད་མེད་ལ་བསྒོམ་དུ་མེད། །སྤྱད་རྒྱུ་མེད་ལ་ཡེངས་པ་མེད། །གཞག་རྒྱུ་མེད་ལ་བཏང་རྒྱུ་མེད། །བརྗོད་རྒྱུ་མེད་ལ་ནོར་རྒྱུ་མེད། །བློ་ངོས་གཉིས་ལ་བཟང་ངན་མེད། །ཡིད་ཀྱི་ཡུལ་ལ་ཕྱི་ནང་མེད། །ངོ་བོ་སྟོང་པས་ཕོ་མོ་མེད། །ཆོས་ལ་གཟའ་གཏད་མེད་པ་ཡི། །འབྲས་བུ་རེ་བའི་མཁན་པོ་མེད། །འདོད་པ་མེད་པས་ཐོབ་པ་མེད། །རྩོལ་མེད་འཕྲིན་ལས་བཙལ་དུ་མེད། །ཅེས་པས་པདྨ་རྒྱས་པའི་རྒྱུད་ལས། རྟོགས་པ་མཐར་ཕྱིན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཡང་དབང་མོ་ལ་སོགས་འཁོར་རྣམས་ཀྱིས་ཞུས་པ། །དེའི་ཡོན་ཏན་གསུང་དུ་གསོལ། །ཞེས་ཞུས་པས། །ཡང་གསུང་གི་བདག་པོས་བཀའ་སྩལ་པ། ཁུ་འབྲས་སྟོང་པར་ཞུགས་པ་ལས། །འབྲས་བུ་སྟོང་ཉིད་རྒྱུ་འབྲས་འཆར། །རྩོལ་མེད་འགྲོ་དོན་བྱེད་པ་ལ། །འཁོར་བ་གནས་ཀྱང་སྐྱོན་མ་གོས། །སྐྱོ་དུབ་མེད་པར་འགྲོ་དོན་མཛད། །བྱང་ཆུབ་སེམས་ཀྱི་དབང་དུ་སྡུད། །འགྲོ་བའི་ཁ་ལོ་ཐབས་ཀྱིས་སྒྱུར། །སེམས་ཅན་བློ་ལ་གར་ཕན་བཤད། །བརྗེད་རྡོ་བཀའ་རྒྱུད་ཤུལ་དུ་འཇོག །འགྲོ་བའི་སེམས་ཉིད་ལམ་དུ་འཛུད། །སེམས་ཅན་རྣམ་རྟོག་རང་སར་གྲོལ། །བྱར་མེད་དགེ་སྦྱོར་བློ་ལ་སྦྱོར། །རྩོལ་མེད་རང་ལུས་རྒྱུ་ལ་སྦྱོར། །ཐ་མ་རྟག་པ་ཁ་ལོ་སྒྱུར། །བློ་སྣའི་འཁྲིད་ཐབས་སྣ་ཚོགས་སྟོན། །རྩ་བྲལ་ནང་དུ་གོ་བ་སྟོན། །དོན་གོ་ཉག་གཅིག་སེམས་སུ་སྟོན། །སྟོང་པ་སྐྱེ་མེད་ཆོས་སྐུར་སྟོན། །དག་སྣང་འགག་མེད་ལོངས་སྐུ་སྟོན། །སྣ་ཚོགས་ཐབས་འདྲེན་འགྲོ་བ་འདུལ། །ཉོན་མོངས་སེམས་ཅན་བདེ་བར་གྲོལ། །ཞེས་པས་པདྨ་རྒྱས་པའི་རྒྱུད་ལས། །མཐར་ཕྱིན་པའི་འཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།རང་བྱུང་ཐུགས་རྗེ་ཆེན་པོ་སངས་རྒྱས་སྣང་བ་མཐའ་ཡས། མཁའ་འགྲོ་གར་གྱི་དབང་མོ། སློབ་དཔོན་པད་མ་འབྱུང་གནས། ཇོ་བོ་རང་བྱུང་མཆེད་བཞི། །མཁའ་འགྲོ་མ་ཅིག་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། རིམ་པ་ནས་རིམ་པར་བརྒྱུད་པའོ། །སྨོན་ལམ་བཏབ་ཅིང་གཏེར་དུ་གཏད་དེ་རྒྱ། །ལྷ་མགོན་གཉིས་