Ngb-pt-0690-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨུརུ་བ་ལོ་ཀི་ཏེ་ཤྭ་རི་བོ་དྷི་ས་ཏྭ་མ་ཧྭ་ཀ་རུ་ཎ་རྙོ་ན་བྷ་ས་ཏནྟྲ་ན་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ཅེས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ནུབ་བདེ་བ་ཅན་གྱི་ཞིང་ཁམས། རིན་པོ་ཆེའི་ས་གཞི་མིག་མངས་རིས་སུ་བྲིས་པ། དང་པོ་ཆགས་པ་ཡོད་ལ་ཐ་མ་འཇིག་པ་མེད་པ། དེར་སྐྱེས་པ་ཐམས་ཅད་པདྨ་ལས་རྫུས་ཏེ་སྐྱེས་པ་ལས ཐ་མ་འཆི་བ་མེད་པའི་དོན། ཆོས་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱིས་བྱིན་གྱིས་བརླབས་པ། ཐུགས་ཀྱི་དགོངས་པ་ནམ་མཁའི་མཐའ་ལྟར་ཕྱོགས་མེད་པ། ཆོས་ཉིད་དཔག་གིས་མི་ལང་བ། དགོངས་པ་གཞན་གྱིས་ཟིལ་གྱིས་གནོན་པར་མི་ནུས་པ་ཅིག་ཐུགས་ཆོས་ཉིད་མཉམ་གཞག་ཆོས་ཉིད་ཀྱི་སྐུ་ལས་མ་གཡོས་པར་བཞུགས་པ་ལས། འགྲོ་བ་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཆོས་ཉིད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་དང་། དབུས་གཙུག་ནས་འོད་ཟེར་དཀར་པོ་ཅིག་གི་སྣ་ལ། ཤེལ་གྱི་ཁྱེ་ཆུང་དཀར་པོ་ལག་ན་པདྨ་དཀར་པོ་ཐོགས་པའི་ཁ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རེ་རྗེ་ན་ཞེས་བྱ་བའི་སྒྲ་སྒྲོགས་པ་ཅིག་བྱུང་བ་དང་། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བཀྱེ་ནས། འགྲོ་བ་རིགས་དྲུག་གི་གནས་སུ་ཁྱབ་པར་བྱས་ནས། ལྷའི་གནས་སུ་འཕོ་ལྟུང་གི་སྡུག་བསྔལ་སྦྱངས། ལྷ་མ་ཡིན་གྱི་གནས་སུ་འཐད་རྩོད་ཀྱི་སྡུག་བསྔལ་སྦྱངས། མིའི་གནས་སུ་འཕོ་འགྱུར་གྱི་སྡུག་བསྔལ་སྦྱངས། བྱོལ་སོང་གི་གནས་སུ་གླེན་ལྐུགས་ཀྱི་སྡུག་བསྔལ་སྦྱངས། ཡི་དྭགས་ཀྱི་གནས་སུ་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས། །དམྱལ་བའི་གནས་སུ་ཚ་གྲང་གི་སྡུག་བསྔལ་སྦྱངས། །འོད་ཟེར་དེ་དག་ཚུར་འདུས་པ་དང་། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱ་རས་གཟིགས་ཞེས་བྱ་བ་འགྲོ་དྲུག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ། རྒྱུན་ཆད་མེད་པར་སྙིང་རྗེ་དང་སྟོང་པ་རོ་མཉམ་པ་གཅིག་ཏུ་གྱུར་ནས། སངས་རྒྱས་སྣང་བ་མཐའ་གཡས་ཀྱི་གཡས་ཕྱོགས་ན་བཞུགས་སོ། །དེ་ནས་སངས་རྒྱས་སྣང་བ་མཐས་ཡས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དམར་པོ་ཅིག་བྱུང་ནས། ཁྱེའུ་དམར་པོ་ལག་ན་པདྨ་དམར་པོ་ཐོགས་པ་ཅིག་བྱུང་ནས། སངས་རྒྱ་སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་པདྨ་ལས་ཀྱི་སེམས་དཔའ་ཞེས་བྱ་བས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལྷགས་སོ། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གཡོན་ཕྱོགས་ན་བཞུགས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །ཆོས་ཐམས་ཅད་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཐུགས་ཀ་ནས་འོད་ཟེར་སྣ་ལྔ་བཀྱེ་བ་དང་། འོད་ཟེར་ལྔ་ལས་ཡེ་ཤེས་རྣམ་པ་ལྔ་དང་། སྐུ་ལྔས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐུལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་བྱའི་སྒྲིབ་པ་སྦྱངས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཞི་བ་ཕྱོགས་ཅིག་ལས་བླངས་ནས་བྱང་ཆུབ་སེམས་བསྐྱེད། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས། བྱང་ཆུབ་ཀྱི་སེམས་ལ་བཀོད་དོ། །འོད་ཟེར་དེ་སངས་རྒྱས་སྣང་བ་མཐའ་ཡས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིག་དབང་ཕྱུག་རང་གི་སྟན་ལས་ལངས་ཕྱག་བཙལ་ཐལ་མོ་སྦྱར་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མདུན་དུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ། བདག་གི་སྙིང་པོ་ཡིག་གེ་དྲུག་པ་འགྲོ་དྲུག་གི་སྡུག་བསྔལ་སེལ་བར་བྱས་པ་འདི་འབུལ་གྱིབདེ་བར་གཤེགས་པས་བྱིན་གྱི་བརླབ་ཏུ་གསོལ། ཨོ་མ་ཁི་པཏྲེ་ཧྲུ༷། ཞེས་བརྗོད་པ་དང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཏེ་ལུས་ལ་བདེ་བ་སྐྱེས་སོ། །ཉན་ཐོ་དང་རང་སངས་རྒྱ་ཐམས་ཅད་བྱང་ཆུབ་མཆོག་གི་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ཏེ། ཤེས་བྱའི་སྒྲིབ་པ་བྱང་ནས་སངས་རྒྱས་པར་གྱུར་ཏོ། །ཐུགས་རྗེ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གིས་རང་གི་སྟན་ལས་ལངས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཕྱག་བཙལ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏེ། ཨེ་མ་ཧོ། ཡང་དག་རྫོགས་པའི་སངས་རྒྱས་སྐུ། ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །ཐུགས་རྗེ་ཆེ་ལ་ཐབས་ཁས་པས། །དེ་ཡི་དགོངས་པ་ཇི་ལྟར་ལགས། །ཐམས་ཅད་མཁྱེན་པས་བཤད་དུ་གསོལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འཇིག་རྟེན་མགོན་ལ་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ཆོས་སྐུ་ཐུགས་རྗེ་ཆེན་པོ་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་ཀྱང་། །མ་རྟོགས་སེམས་ཅན་གོ་བ་བསྐྱེད་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཡིན་ཚུལ་བསྟན། །ཡེ་ནས་ཡོངས་ཁྱབ་གཞལ་ཡས་གནས། །ཆོས་ཉིད་ཆོས་སྐུ་ཐུགས་རྗེ་ཆེན་པོ་བཞུགས། །མཐའ་མེད་དབུས་མེད་ཕྱོགས་མེད་དབྱིངས་དང་བྲལ། །ཡིན་མེད་མིན་མེད་མཚོན་པའི་ཡུལ་དང་བྲལ། །བདེ་མེད་སྡུག་མེད་བདེ་སྡུག་ཀུན་དང་བྲལ། །རེ་བཞུགས། །སངས་རྒྱས་ཡོན་ཏན་ཇི་ལྟར་ལགས། །དེ་སྐད་གསོལ་བ་གསན་ནས་ཀྱང་། །སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འཇིག་རྟེན་མགོན་ལ་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཁོར་ཚོགས་རྣམས། །སྐུ་གསུམ་ཐུགས་རྗེ་ཆེན་པོ་དེ། །གཞན་ནས་བསྒྲུབས་པས་མི་འགྲུབ་སྟེ །ཀུན་གཞི་མ་བཅོས་ཀློང་ཡངས་ན། །ཆོས་སྐུ་ཐུགས་རྗེ་ཆེན་པོ་བཞུགས། །གཟུགས་དང་ཁ་དོག་དངོས་དང་མཚན་མ་མེད། །རང་བྱུང་རང་གསལ་ཡེ་ཤེས་རྒྱུན་ཆད་མེད། །སུས་ཀྱང་མ་བྱས་ཡེ་གནས་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ཡི་རང་བྱུང་ཐུགས་རྗེའི་རྩལ། །མ་འགག་གང་ལྟར་སྣང་བ་ཡེ་ཤེས་ངང་ལ་སྤྱོད། གང་ལ་མ་ཞེན་ཆོས་སྐུའི་ཀློང་དུ་ཐིམ། །གཉིས་མེད་ངང་ལ་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་སྐུའི་རྩལ་ནས་སྣ་ཚོགས་མ་འགགས་ཤར། ་ར་ཀྱང་ཆོས་སྐུའི་ངང་ཤར་ཐིམས་ཀྱང་དེ་ལ་ཐིམ། །རང་ཤར་ངར་གྲོལ་སྤྲུལ་པའི་སྐུ་ཞེས་བྱ། །སྐུ་གསུམ་དབྱེར་མེད་འགྱུར་མེད་སངས་རྒྱས་སོ། །སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །གཟུགས་སྐུ་གཉིས་ལ་སོགས་པའི་ཡོན་ཏན་ཀུན། །སྐུ་ཡི་དངོས་པོ་ཅིར་ཡང་སྣང་བ་ཡི། །སྟོང་གསུམ་མ་ལུས་སངས་རྒྱས་ཞིང་དུ་སྦྱོར། །གསུང་གི་དངོས་པོ་ཅིར་ཡང་གསུངས་པ་ཡིས། །བསྟན་པའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྒྲོག །ཐུགས་ཀྱི་དངོས་པོ་ཅིར་ཡང་མཁྱེན་པ་ཡིས། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། དེ་ལྟ་བུ་ཡི་སངས་རྒྱས་དེ། །བསྒྲུབས་པས་གཞན་ནས་འབྱུང་བ་མ་ཡིན་ཏེ། །ཐོག་མ་མེད་ནས་རང་དགའ་ངོ་བོར་གནས། །ཡེ་ནས་གནས་པ་རྟོག་པ་བསྟན་པ་ལ། །མཐར་ཐུག་ཆོས་སྐུའ་ཐུགས་རྗེ་ཆེན་པ་ཡན། ། ས་གསུངས་སོ། །སངས་རྒྱས་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས། །ཨེ་མ་ཡང་དག་རྫོགས་པའི་སངས་རྒྱས་ལགས། །བདེ་གཤེགས་ཐུགས་ཀྱི་དགོངས་པ་ལ། །ཆོས་ལ་རྣམ་པ་དུ་རུ་གསུངས། །ཐུགས་རྗེ་ཆེན་པོའི་དགོངས་པ་ལ། ཆོས་སུ་རྣམས་པ་དུ་རུ་གསུངས། །ལེགས་པར་ཕྱེ་ལ་བསྟན་པར་ཞུ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འཇིག་རྟེན་མགོན་ལ་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མ་རིག་སེམས་ཅན་འཁྲུལ་པ་ལ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཤར། །དེ་ཡི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ཡིན། །འདོད་ཆགས་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །གཏི་མུག་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །ཞེ་སྡང་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །དུག་གསུམ་ཆ་མཉམ་ཉི་ཁྲི་ཆིག་སྟོང་གཅིག །དེས་ན་ཉོན་མོངསབརྒྱད་ཁྲི་བཞི་སྟོང་གིས། ཁམས་སུམ་སེམས་ཅན་འཁོར་བའི་གནས་སུ་འཁྱམས། །དུས་གསུམ་སངས་རྒྱས་ཐུགས་རྗེས་འགྲོ་དོན་དུ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོར་གསུངས། །མདོ་སྡེ་འདུལ་བ་མངོན་པ་རྣམ་གསུམ་ལས། མདོ་སྡེ་ལས་གྱུར་ཉི་ཁྲི་ཆིག་སྟོང་གསུངས། །འདུལ་པ་ལས་གྱུར་ཉི་ཁྲི་ཆིག་སྟོང་གསུངས། །མངོན་པ་ལས་གྱུར་ཉི་ཁྲི་ཆིག་སྟོང་གསུངས། །དེ་གསུམ་ཆ་ལས་གྱུར་བ་ཉི་ཁྲི་ཆིག་སྟོང་དང་། ཐེག་པ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོར་གསུངས། །དེ་ལས་བསྡུས་པ་ཐེག་པ་དགུ་རུ་གསུངས། །ཉན་ཐོས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཀྲི་ཡ་ཡོ་ག་ཨུ་པ་ཡ་དང་གསུམ། མ་ཧྭ་ཡོ་ག་ཨ་ནུ་ཨ་ཏི་གསུམ། དབང་པོ་རབ་ཀྱི་རབ་ལ་ཨ་ཏི་འབྲིང་ལ་ཨ་ནུ་དང་། མ་ཧྭ་ཡོ་ག་རབ་ཀྱི་ཐ་མའོ། །དབང་པོ་འབྲིང་གི་རབ་ལ་ཨུ་པ་འབྲིང་ལ་ཡོ་གའོ། །ཀྲི་ཡ་འབྲིང་གི་ཐ་མའི་དོན་དུ་གསུངས། །བྱང་ཆུབ་སེམས་དཔའ་ཐ་མའི་རབ་ཀྱི་དོན། །རང་རྒྱལ་འབྲིང་ལ་ཐ་མ་ཉན་ཐོས་སོ། །ཐེག་པ་རིམ་དགུ་རབ་འབྲིང་དགུ་ལ་གསུངས། །ཞེས་གསུངས་སོ། །ཐེག་པ་ཕྱིའི་རིམ་པ་གསུང་ཚུལ་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་འདི་སྐད་ཞུས། །ཉན་ཐོས་ཐེག་པ་ཇི་ལྟར་ལགས། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཁོར་ཚོགས་རྣམས། །ཉན་ཐོས་དག་གི་ཐེག་པ་ནི། །འཇུག་སྒོ་བདེན་པ་བཞི་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་རྩ་བ་བཞི། ཡན་ལག་ཉིས་བརྒྱ་ལྔ་བཅུ་བསྲུང་། །རྟོགས་པའི་ལྟ་བ་རྣམ་པ་གཉིས། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་དོན་དམ་རྡུལ་ཕྲན་ཆ། །ཆ་མེད་ཕྱོགས་དང་བྲལ་བར་འདོད། །མདོ་སྡེ་ཡན་ལག་ལྔ་ནི་གསང་བའི་ཚུལ། །ཀུན་རྫོབ་ཆ་རུ་འདོད་པ་ཡིན། །སྤྱོད་པའི་འཕྲིན་ལས་མཛད་སྤྱོད་ནི། །འཚོ་བའི་ཡོ་བྱད་བཅུ་གསུམ་དང་། །སྦྱངས་པའི་ཡོན་ཏན་བཅུ་གསུམ་སྤྱོད། །བསྒོམ་པ་བདག་མེད་རྟོགས་པ་བསྒོམ། །གྲུབ་ཚད་བསྐལ་པ་བདུན་གྱིས་གྲུབ། །འབྲས་བུ་དགྲ་བཅོམ་རྣམ་བཞི་ཐོབ། །ཅེས་གསུངས་སོ། །ཉན་ཐོས་ཀྱི་ཐེག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །རང་རྒྱལ་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །རང་རྒྱལ་ཐེག་པའི་འཇུག་སྒོ་ནི། །རྟེན་འབྲེལ་བཅུ་གཉིས་སྒོ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་དང་། །ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པ་ཡིན། །བསྒོམ་པ་འགོག་པའི་སྙོམས་འཇུག་བསྒོམ། །སྤྱོད་པའི་འཕྲིན་ལས་རྫུ་འཕྲུལ་ཡ་ཟུང་སྤྱོད། །གྲུབ་ཚད་བསྐལ་པ་ལྔ་ནས་གྲུབ། །ཐོབ་པའི་འབྲས་བུ་སྐྱེ་བ་མི་ལེན་པའོ། །ཞེས་གསུངས་སོ། །རང་སངས་རྒྱས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །བྱང་ཆུབ་སེམས་པའི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱི་བཀའ་སྩ་པ། བྱང་ཆུབ་སེམས་དཔའི་འཇུག་སྒོ་ནི། །བདེན་པ་གཉིས་ཀྱི་སྒོ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་རྩ་བ་བཞི། །ཕམ་ལྟུང་སྡོམ་པ་ཉི་ཤུ་བསྲུང་། །རྟོག་པའི་ལྟ་བ་རྣམ་པ་གཉིས། །རྣམ་བདེན་དང་ནི་རྣམ་རྫུན་ནོ། །རྣམ་པར་བདེན་པའི་ལྟ་བ་ནི། །ཕྱི་ཡི་ཡུལ་དང་ནང་གི་སེམས། །དོན་དམ་ལ་ནི་འབྲེལ་མེད་ཀྱང་། །ཀུན་རྫོབ་ཙམ་དུ་འབྲེལ་པར་འདོད། །ནང་གི་ཤེས་པ་སྐད་ཅིག་མ། སྐད་ཅིག་ཆ་ཡིས་མི་རྟག་སྟེ། །དེ་ནི་རྒྱུན་གྱིས་རྟག་པར་འདོད། །སྔ་མ་སྔ་མས་རྒྱུ་བྱས་ནས། །ཕྱི་མ་ཕྱི་མ་འབྲས་བུར་འདོད། །རྣམ་པར་རྫུན་པའི་ལྟ་བ་ནི། ཤེས་པ་བདེན་ཏེ་རྣམ་པ་རྫུན། །རྣམ་པར་ཤེས་དང་མགོ་མཉམ་དུ། །ཡང་དག་ཡོད་པ་མ་ཡིན་ཏེ། །དོན་དམ་དུ་ཡང་མེད་པ་ལ། །ཀུན་རྫོབ་ཏུ་ཡང་འབྲེལ་པར་འདོད། །གཉིས་མེད་ཡེ་ཤེས་ཤེལ་ལྟ་བུ། །རང་རིག་རང་གསལ་ངོ་བོར་འདོད། །དབུ་མ་ལ་ཡང་རྣམ་པ་གཉིས། །མདོ་སྡེ་སྦྱོ་དང་རྣལ་འབྱོར་སྤྱོད། །མདོ་སྡེ་སྤྱོད་པའི་དབུ་མ་ནི། ཆོས་རྣམས་ཡུལ་སེམས་གཉིས་སུ་འདོད། །ཡུལ་གྱི་རྒྱུ་ནི་ཕྲ་རབ་རྡུལ། །ཕྱོས་ཆས་གཞིག་ན་གཅིག་མ་གྲུབ། །གཅིག་མ་གྲུབ་པའི་གཏན་ཚིགས་ཀྱིས། །གཅིག་གི་བསགས་པའི་རྡུལ་མ་ཡང་། །ཡང་དག་ཉིད་དུ་མི་འདོད་དེ། །རང་གི་རང་བཞིན་སྟོང་པར་འདོད། །ནང་གི་ཤེས་པ་སྐད་ཅིག་ནི། །སྔ་མ་འགགས་ཏེ་མི་གནས་སྟོང་། །ད་ལྟར་འགགས་པར་འགྱུར་བས་སྟོང་། །ཕྱི་ནས་མ་འོངས་མི་གནས་སྟོང་། །དུས་གསུམ་ཆ་ཡིས་སྟོང་པར་འདོད། །རྣལ་བྱོར་སྤྱོད་པའི་དབུ་མ་ནི། །ཕྱི་ཡི་ཡུལ་ལྟར་ནང་བ་འདི། །ཀུན་རྫོབ་སྒྱུ་མའི་ཚུལ་དུ་སྣང་། །སྣང་ལ་རང་བཞིན་མེད་པ་ནི། །སྣང་སྟོང་དབྱེ་བ་མེད་པར་འདོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི།མི་དགེ་བཅུ་སྤངས་དགེ་བཅུ་སྒྲུབ། །གཞན་གྱི་དོན་དུ་སྤྱོད་པ་ཡིན། །ཕ་རོལ་ཕྱིན་དྲུག་དག་པ་ནི། །རང་གཞན་གཉིས་ཀའི་དོན་དུ་སྤྱོད། །བྱང་ཆུབ་སེམས་དཔའི་བསྒོམ་པ་ནི། །སྒོ་ལྔ་གསལ་བའི་ཤེས་པ་ལ། །ཡིད་ཀྱི་རྟོག་པ་མེད་པར་གནས། །གྲུབ་ཚད་བསྐལ་པ་གསུམ་གྱིས་གྲུབ། །མཐའ་རུ་ཕྱིན་པའི་འབྲས་བུ་ནི། །བཅུ་གཅིག་ཀུན་ཏུ་འོད་ས་ཐོབ། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་ཡང་ཞུས་པ། །ཀྲི་ཡའི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཀྲི་ཡའི་ཐེག་པ་བསྟན་པ་ནི། །འཇུག་སྒོ་གཟའ་སྐར་དུས་ཚིག་བཟང་པོ་ལ། །དག་པ་གསུམ་གྱི་སྒོ་ནས་འཇུག །བསྲུང་བའི་དམ་ཚིག་རྩ་བ་གསུམ། །ཡན་ལག་དམ་ཚིག་བདུན་པོ་བསྲུང་། །ཀྲི་ཡའི་རྟོགས་པའི་ལྟ་བ་ནི། །ཆོ་ག་ཡན་ལག་བཅུ་གཅིག་གིས། །བྱིན་གྱི་བརླབས་ནས་ལྷ་རུ་བསྒོམ། །བདག་དང་དམ་ཚིག་ཡེ་ཤེས་གཉིས། །རྗེ་དང་ཁོལ་གྱི་ཚུལ་དུ་ལྟ། །སྤྱོད་པ་ཁྲུས་དང་གཙང་སྦྲ་སྤྱོད། །སྒོམ་ཐབས་རིགས་གསུམ་ལྷ་རུ་བསྒོམ། །མི་ཚེ་བདུན་གྱིས་གྲུབ་པར་འདོད། །མཐར་རུ་ཕྱིན་པའི་འབྲས་བུ་ནི། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། །ཞེས་གསུངས་སོ། །ཀྲི་ཡའི་ཐེག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། འཇིག་རྟེན་དབང་ཕྱུག་གིས་ཡང་ཞུས་པ། །ཨུ་པ་ཡ་ཡི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩ་པ། །ཨུ་པ་ཡ་ཡི་ཐེག་པ་ནི། །འཇུག་སྒོ་ཁྲུས་དང་གཙང་སྒྲའི་སྒོ་ནས་འཇུག །བསྲུང་བའི་དམ་ཚིག་དཀོན་མཆོག་གསུམ་མཆོད་དང་། །སློབ་དཔོན་བཀུར་ཞིང་མཆེད་ལ་བརྩེ་བས་སྐྱོང་། །རྟོགས་པའི་ལྟ་བ་དམ་ཚིག་ཡེ་ཤེས་གཉིས། །དཔོན་དང་གཡོག་གི་ཚུལ་དུ་ལྟ་བར་བྱེད། །སྤྱོད་པའི་འཕྲིན་ལས་ཁྲུས་དང་གཙང་སྒྲ་སྤྱོད། །བསྒོམ་པ་རིགས་ལྔ་གཙོ་འཁོར་བསྒོམ། །གྲུབ་ཚད་མི་ཚེ་ལྔ་ཡིས་གྲུབ། །འབྲས་བུ་རིགས་ལྔ་རིགས་གསུམ་གྲུབ། །ཅེས་གསུངས་སོ། །ཨུ་པ་ཡའི་ཐེག་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཇིག་རྟེན་དབང་ཕྱུག་གིས། །རྫོག་སངས་རྒྱས་ལ་འདི་སྐད་ཞུས། །རྣལ་བྱོར་རྒྱུད་ཀྱི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་་ཀྱི་བཀའ་སྩལ་པ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། །འཇུག་སྒོ་རྣལ་འབྱོར་བཞི་ནས་འཇུག །བསྲུང་བའི་དམ་ཚིག་རྩ་བ་གསུམ། །ཡན་ལག་བདུན་དང་བཅས་པ་བསྲུང་། །རྟོགས་པའི་ལྟ་བ་བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །ལྟ་སྒོམ་སྐྲུན་དང་གྲོགས་ལྟར་ལྟ། །སྤྱོད་པའི་འཕྲིན་ལས་ཚད་མེད་བཞི། །གཞན་གྱི་དོན་དུ་སྤྱོད་པར་བྱེད། །སྒོམ་ཐབས་བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞིས། །སུམ་བཅུ་རྩ་བདུན་ལྷ་ཚོགས་བསྒོམ། །གྲུབ་ཚད་མི་ཚེ་གསུམ་གྱིས་གྲུབ། །མཐའ་རུ་ཕྱིན་པའི་འབྲས་བུ་ནི། །སྟུག་པོ་བཀོད་པའི་ས་ཐོབ་འགྱུར། །ཞེས་གསུངས་སོ། །ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས། །མ་ཧྭ་ཡོ་གའི་ཐེག་པ་ཇི་ལྟར་ལག །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། མ་ཧྭ་ཡོ་གའི་ཐེག་པ་ནི། འཇུག་སྒོ་ཐབས་དང་ཤེས་རབ་གཉིས། །གཉིས་མེད་གཅིག་གི་སྒོ་ནས་ཇུག །བསྲུང་བའི་དམ་ཚིག་རྩ་བ་གསུམ། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །རྟོགས་པའི་ལྟ་བ་ཐབས་དང་ཤེས་རབ་གཉིས། །སྣང་སྲིད་ལྷ་དང་ལྷ་མོར་ལྟ། །སྤྱོད་པའི་འཕྲིན་ལས་སྦྱོར་སྒྲོལ་གཉིས། །རྟོགས་པ་ཀློང་དུ་གྱུར་ནས་སྤྱོད། །བསྒོམ་ཐབས་ཏིང་འཛིན་རྣམ་གསུམ་དང་། །བསྙེན་བསྒྲུབ་རྣམ་བཞིས་ལྷ་རུ་བསྒོམ། །སྐུ་གསུང་ཐུགས་ཀྱི་དོན་དུ་བསྒོམ། ཁུབ་ཚད་རིག་པ་འཛིན་པའི་ཚེ། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ། །མཐའ་རུ་ཕྱིན་པའི་འབྲས་བུ་ནི། །རྡོ་རྗེ་འཆང་ཆེན་སངས་རྒྱས་ཐོབ། ཅེས་གསུངས་སོ། །མ་ཧྭ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས། །ཨ་ནུ་ཡོ་གའི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཨ་ནུ་ཡོ་གའི་འཇུག་སྒོ་ནི། །དབྱིངས་དང་ཡེ་ཤེས་སྒོ་ནས་འཇུག །བསྲུང་བར་བྱ་བའི་དམ་ཚིག་ནི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །སྙིང་རྗེ་སྟོང་ཉིད་འབྲེལ་པ་བསྲུང་། །རྟོགས་པར་གྱུར་པའི་ལྷ་བ་ནི། །སྣང་བ་ཐམས་ཅད་དབྱིངས་ཡིན་ཏེ། ཁྲེས་པ་ཅིར་སྐྱེས་ཡེ་ཤེས་ལ། །དབྱིངས་དང་ཡེ་ཤེས་གཉིས་མེ་ལྟ། །སྤྱོད་པར་བྱ་བའི་འཕྲིན་ལས་ནི། །སྣང་བ་མ་འགག་རོལ་པ་ལ། །སེམས་ཉི་སྐྱེ་བ་མེད་པར་སྤྱོད། །སྒོམ་ཐབས་ཏིང་འཛིན་རིམ་པ་ནི། །སྐད་ཅིག་ཙམ་ལ་ལྷ་གསལ་བ། །སྣང་ལ་རང་བཞིན་མེད་པའོ། །དམཚིག་ཡེ་ཤེས་གཉིས་མེད་བསྒོམ། །གྲུབ་ཚད་ལྷག་མའི་ལུས་འདི་ལ། ཚེ་ལ་དབང་བའི་རིགས་འཛིན་ཐོབ། །མཐའ་རུ་ཕྱིན་པའི་འབྲས་བུ་ནི། །རྡོ་རྗེ་སེམས་དཔའ་མཚན་རྫོགས་པའི། །པདྨ་སྤྱན་གྱི་ས་ཐོབ་ནས། །རྡོ་རྗེ་འཆང་དུ་སངས་རྒྱས་པའོ། །ཞེས་གསུངས་སོ། །ཨ་ནུ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས། །རྫོག་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །རྫོགས་པ་ཆེན་པོ་འཇུག་པའི་སྒོ་ནི། །སེམས་ཉིད་སངས་རྒྱས་ཡིན་པར་རྟོགས་པའི་སྒོ་ནས་འཇུག །བསྲུང་བར་བྱ་བའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །བསྲུང་དུ་མེད་པའི་དོན་མི་འདའ། །རྟོགས་པར་གྱུར་པའི་ལྟ་བ་ནི། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བསྒྲུབ་མེད་ལྷུན་གྱིས་གྲུབ་པར་ལྟ། །སྤྱོད་པའི་འཕྲིན་ལས་བཙལ་དུ་མེད། །ལུས་ངག་བྱ་བ་བཏང་བ་དང་། །བྱ་བཙལ་ཅི་ཡང་མེད་པའོ། །བསྒོམ་པར་བྱ་བའི་ཏིང་འཛིན་ནི། །སེམས་དང་ཆོས་ཉིད་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །གྲུབ་ཚད་མི་ཚེ་གཅིག་གིས་འགྲུབ། །མཐར་ཕྱིན་འབྲས་བུ་རྟོགས་པས་སངས་རྒྱས་སོ། །ཞེས་གསུངས་སོ། །ཨ་ཏི་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་ཡང་ཞུས་པ། ཨེ་མ། ཡང་དག་རྫོགས་པའི་སངས་རྒྱས་སྐུ། །ཐེག་པ་རིམ་པ་དགུ་གསུངས་ན། །བླ་མེད་བྱང་ཆུབ་སེམས་དཔའ་ཡི། །ཐེག་པ་དགུ་ཡི་སྙིང་པོའི་དོན། །ཐུགས་རྗེ་ཆེན་པོའི་ཐེག་པ་གང་། །རྫོགས་སངས་རྒྱས་ཀྱིས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ཐེག་པ་ཀུན་གྱི་མཐར་ཐུག་ནི། །ཐུགས་རྗེ་ཆེན་པོའི་ཐེག་པ་ཡིན། །ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན། །ཐུགས་རྗེ་ཆེན་པོའི་འཇུག་སྒོ་ནི། །དབྱེ་བསལ་མེད་པའི་སྒོ་ནས་འཇུག །ཐུགས་རྗེ་ཆེན་པོའི་དམ་ཚིག་ནི། །བསྲུང་མེད་བསྲུང་མཚམས་མེད་པར་བསྲུང་། །ཐུགས་རྗེ་ཆེན་པོའི་ལྟ་བ་ནི། །ཞེ་འདོད་ཕྱོགས་རིས་མེད་པར་ལྟ། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །བྱ་རྒྱུ་མེད་པའི་ངང་ལ་སྤྱོད། །ཐུགས་རྗེ་ཆེན་པོའི་ཏིང་འཛིན་ནི། །བསམ་མེད་སྒོམ་མེད་ཏིང་འཛིན་བསྒོམ། །ཐུགས་རྗེ་ཆེན་པོའི་གྲུབ་ཚད་ནི། །རང་སེམས་ཐུགས་རྗེ་ཆེན་པོར་གྲུབ། །ཐུགས་རྗེ་ཆེན་པོའི་འབྲས་བུ་ནི། །འབྲས་བུ་ད་ལྷར་སངས་རྒྱས་སོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་ཐེག་པ་དགུའི་དོན་རྡོ་རྗེ་རྩེ་མོ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་ལ། །ཐེག་དགུའི་རྩེ་མོར་གསུངས་ལགས་ན། །དེ་ལས་མཐོ་བ་ཡོད་དམ་མེད། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་མྲ །ལྟ་བ་ཡང་རྩེ་ཐེག་པ་མཐོ། །ལྟ་བ་ཚིག་བྲལ་ཕྱོགས་རིས་མེད། །བློས་བརྟགས་ལྟ་བ་མ་ལུས་རྫོགས། །ཡེ་དག་མ་བཅོས་བསམ་ཡིད་བྲལ། །ཡིད་བཟུང་བསྒོམ་པ་མ་ལུས་རྫོགས། །མ་ཆགས་མ་བཙལ་ཀློང་ཡངས་སུ། །ཆེད་བྱས་སྤྱོད་པར་མ་ལུས་རྫོགས། དབང་ཐོབ་མེད་པའི་འབྲས་བུ་སྲ །ཡིད་སྨོན་འབྲས་བུ་མ་ལུས་རྫོགས། །ལྟ་བ་སྟོང་གསལ་འགྱུར་བ་མེད། །བལྟར་མེད་ལྟ་བ་པོ་ཡང་མེད། །བསྒོམ་པ་རང་གསལ་དམིགས་པ་མེད། །བསྒོམ་མེད་བསྒོམ་པ་པོ་ཡ་ ང་མེད། །སྤྱོད་པ་བྱ་མེད་ཆགས་སྡང་མེད། །སྤྱད་མེད་སྤྱད་པ་པོ་ཡང་མེད། །འབྲས་བུ་ཡེ་དག་ཡིད་སྨོན་མེད། །ཐོབ་བྱ་ཐོབ་པ་པོ་ཡང་མེད། །མེད་ཅེས་བྱ་བ་ཆད་པའི་ཚིག །ཡོད་པའང་མེད་ལ་མེད་པའང་མེད། །སྨྲར་མེད་བརྗོད་མེད་ཚིག་ལས་འདས། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་གིས་ཡང་ཞུས་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་ལ། །ཡང་རྩེའི་ཐེག་པར་གསུངས་ལགས་ན། །དེ་ལས་འཕགས་པ་ཡོད་དམ་མེད། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་སྲ །ལྟ་བ་ཡང་ཐོག་ཐེག་པ་འཕགས། །མཐར་ཆོད་ཕྱོ་བྲལ་ལྟ་བ་རྟོགས། །བློས་བརྟགས་ལྟ་བ་ངང་གིས་མེད། །གསལ་སྟོང་ཆོས་ཉིད་ཀློང་ཕྱོགས་པས། །འཛིན་རྟོག་བསམ་སྒོམ་ངང་གིས་མེད། །བྱ་བྲལ་རྩོལ་མེད་ཀློང་གནས་པས། །བྱ་བཙལ་རྩོལ་བསྒྲུབ་སྤྱོད་པ་མེད། །ཆོས་སྐུ་ཡེ་ནས་འདུ་འབྲལ་མེད། །རེ་དོག་ཡིད་སྨོན་འབྲས་བུ་མེད། །ཆོས་མེད་ཐེག་པའི་རིམ་པ་མེད། །ཐེག་པའི་ཞེ་འདོད་ལྟ་བསྒོམ་མེད། །གནད་གཅིག་སྐྱེས་པས་ཐེག་ཀུན་ཁྲོལ། །ཐེག་པ་བརྒྱད་ཁྲི་བཞི་སྟོང་ཡང་། །མ་ལུས་ལུས་པ་མེད་པར་རྟོགས། །ལྟ་བ་ཀུན་གྱི་ཡང་ཐོག་ཡིན། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་ལེའུ་སྟེབཅུ་དྲུག་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་སྲ །ཐེག་པ་དགུ་པོ་འདུས་མ་འདུས། །སྤངས་ན་ཕྱོགས་མེད་ཅང་ལགས་སམ། །རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ། །ཐུགས་རྗེ་ཆེན་པོའི་ཐེག་པ་འདིར། །ཐེག་པ་མ་སྤངས་ཤུགས་ལ་རྫོགས །ཐེག་པར་བརྟགས་པའི་རིམ་པ་དགུ། །ཐུགས་རྗེ་ཆེན་པོའི་ཐེག་པར་རྫོགས། །མཉམ་པ་རིས་མེད་ཕྱོགས་ཆ་མེད། །རྟག་ཆད་གཉིས་སུ་མ་གྲུབ་པས། །མུ་སྟེག་ལྟ་བ་ཡོངས་སུ་རྫོགས། །བདེན་པ་བཞི་པོ་མ་གྲུབ་པས། །ཉན་ཐོས་ལྟ་བ་ཡོངས་སུ་རྫོགས། །རྣམ་པར་རིག་བྱེད་མ་གྲུབ་པས། །རང་རྒྱལ་ལྟ་བ་མ་སྤངས་རྫོགས། །ཡུལ་སེམས་གཉིས་སུ་མ་གྲུབ་པས སེམས་ཙམ་ལྟ་བ་མ་སྤངས་རྫོགས། །དོན་དམ་ཀུན་རྫོབ་གཉིས་མ་གྲུབ། །བྱང་སེམས་ལྟ་བ་མ་སྤང་རྫོགས། །ཕྱི་དག་ནང་དག་ཐམས་ཅད་དག །ཀྲི་ཡའི་ལྟ་བ་མ་སྤངས་རྫོགས། །སྤུན་དང་གྲོགས་པོ་གཉིས་མེད་པས། །ཡོ་གའི་ལྟ་བ་མ་སྤང་རྫོགས། །ཐབས་དང་ཤེས་རབ་གཉིས་མེད་པས། །མ་ཧྭ་ཡོ་ག་མ་སྤངས་རྫོགས། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཨ་ནུ་ཡོ་ག་མ་སྤངས་རྫོགས། །རང་བྱུང་ཆོས་སྐུ་རང་གནས་པས། །ཨ་ཏི་ཡོ་ག་མ་སྤངས་རྫོགས། །ཐེག་དགུ་མ་སྤངས་ཤུགས་ཀྱི་རྫོགས། །སྤངས་ན་ཐེག་པའི་སྒྱི་ཆིངས་མིན། །ཞེས་གསུངས་སོ། །ཐེག་པ་དགུའི་སྤྱི་ཆིངས་རྫོགས།་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །ཐེག་པ་རིམ་དགུར་གསུངས་པ་ལ། །གོལ་སྒྲིབ་བརྡར་ཤ་ཇི་ལྟར་བཅད། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཐེག་པ་རིམ་པ་དགུ་པོ་ལ། །ཐུགས་རྗེ་ཆེན་པོའི་ཐེག་པ་མ་རྟོགས་པས། །གོལ་ས་སྒྲིབ་པ་འཁྲུལ་པ་གསུམ། །ཉན་ཐོས་བདག་མེད་ལྟ་བ་ཡང་། །བདག་མེད་མ་རྟོགས་མུ་སྟེགས་ལྟ་བར་གོལ། །མུ་སྟེགས་བདག་ཏུ་གོལ་ས་ཡང་། །ཉན་ཐོས་བདག་མེད་བདག་ལ་བསྒྲིབས། །ཉན་ཐོས་ཕྲག་དོག་ཞག་ཏུ་འཁྲུལ། །ཆོས་ལ་བདག་མེད་རང་རྒྱལ་ཡང་། །བདག་ཏུ་འདོད་ན་རང་རྒྱལ་གོལ། །ཆོས་ལ་བདག་མེད་ཉན་ཐོས་ཀྱིས། །རང་རྒྱལ་ལ་ནི་ཉན་ཐོས་བསྒྲིབས། །རང་རྒྱལ་མ་རིག་དག་ཏུ་འཁྲུལ། །གཟུང་འཛིན་གཉིས་བྲལ་སེམས་ཙམ་ཡང་། །རང་རིག་གསལ་བར་འདོད་ན་ཡང་། །སེམས་ཙམ་རང་རྒྱལ་དག་ཏུ་གོལ། །རང་རྒྱལ་རྣམ་པར་རིག་བྱེད་གཉིས། །སེམས་ཙམ་གཟུང་འཛིན་བྲལ་ལ་སྒྲིབས། །སེམས་ཙམ་ཞེ་སྡང་དག་ཏུ་ཞབྲུལ། །རང་བཞིན་མེད་པའི་དབུ་མ་ལ། །སེམས་སུ་གསལ་པར་འདོད་ན་ཡང་། །དབུ་མ་སེམས་ཙམ་དག་ཏུ་གོལ། །གཟུང་འཛིན་བྲལ་བའི་སེམས་ཙམ་གྱིས། །དབུ་མ་རང་བཞིན་མེད་ལ་བསྒྲིབས། །དབུ་མ་ཞེ་སྡང་དག་ཏུ་ཁྲུལ། །སྐྱེ་འགག་མེད་པའི་ཀྲི་ཡོག་ཀྱང་། །ཀུན་རྫོབ་དོན་དམ་གཉིས་སུ་འདོད། །ཀྲི་ཡོག་དབུ་མ་དག་གིས་བསྒྲིབས། །དབུ་མ་བདེན་པ་གཉིས་འདོད་ཀྱིས། །ཀྲི་ཡོག་སྐྱེ་འགག་མེད་ལ་བསྒྲིབས། །ཀྲི་ཡོག་ང་རྒྱལ་དག་ཏུ་འཁྲུལ། །སྣང་སྟོང་གཉིས་མེད་མ་ཧྭ་ཡང་། །དོན་དམ་སྐྱེ་འགག་མེད་པར་ལྟ། །མ་ཧྭ་ཀྲི་ཡོག་དག་ཏུ་གོལ། །ཀྲི་ཡོག་སྐྱེ་འགག་མེད་པ་དེས། །མ་ཧྭ་སྣང་སྟོང་གཉིས་མེད་བསྒྲིབས། །མ་ཧྭ་འདོད་ཆགས་དག་ཏུ་འཁྲུལ། །སྣོད་བཅུད་གཉིས་མེད་ཨ་ནུ་ཡང་། །སྣང་སྟོང་དབྱེར་མེད་འདོད་པ་ཡང་། ཨ་ནུ་སྣོད་བཅུད་དག་ཏུ་འཁྲུལ། །ཨ་ནུ་སྣོད་བཅུད་དག་ལ་བསྒྲིབས། །ཨ་ནུ་གཟུང་འཛིན་དག་ཏུ་འཁྲུལ། །ཞེས་གསུངས་སོ། །ཐེག་པ་རིམ་པ་བརྒྱད་གཅིག་གིས་གཅིག་ལ་གོལ་སྒྲིབ་ཏུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་སངས་རྒྱས་སྣང་པ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད། །རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །རྟོགས་ན་གོལ་སྒྲིབ་འཁྲུལ་པ་མེད། །མ་རྟོགས་གོལ་སྒྲིབ་འཁྲུལ་པར་སྣང་། །ངེས་པར་ཐོབ་པའི་ཐེག་པ་བརྒྱད། །རྫོགས་པ་ཆེན་པོའི་གོལ་སྒྲིབ་ཡིན། །རྫོགས་ཆེན་ངེས་ཐོབ་མེད་པར་བཤད། །མདོ་སྡེ་དང་ནི་ཀྲི་ཡ་དང་། །ཨུ་པ་ཡ་དང་ཡོ་ག་དང་། མ་ཧྭ་ཨ་ནུ་ཡོ་ག་ནི། །རྫོགས་པ་ཆེན་པོའི་གོལ་སྒྲིབ་སྟེ། །མདོ་སྡེ་བྱང་ཆུབ་སེམས་དཔའ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པས། །བདེན་པ་གཉིས་ཀྱི་སྒོར་ཞུགས་ནས། །ཆོས་ཉིད་སྟོང་ལ་རྣམ་པར་རྟོག །ཨ་ནུ་སྟོང་པ་བདེ་ཆེན་ལ། །དེ་ལ་རྩིས་གདབ་མེད་པའི་དོན། །རྩིས་གདབ་མེད་ལ་མདོ་སྡེས་བསྒྲིབས། །རྩིས་གདབ་རྟོག་སྤྱོད་བྱེད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །རྟོག་སྤྱོད་འཁྲུལ་རྩད་མ་ཆོད་པས། །རྫོགས་ཆེན་གཏི་མུག་དག་ཏུ་འཁྲུལ། །ཀྲི་ཡ་རྡོ་རྗེའི་འཛིན་འདོད་པས། །དག་པ་གསུམ་གྱི་སྒོར་ཞུགས་ནས། །ཆོས་ཉིད་དག་ལ་འཛིན་པ་སྟེ། །གཟུང་འཛིན་དག་གི་ཡུལ་ལ་གནས། །གཟུང་འཛིན་འཁྲུལ་པ་མེད་པའི་དོན། །བཟུང་འཛིན་མེད་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་འཛིན་བྱེད་པ་ནི། །ཀྲི་ཡ་དག་ཏུ་གོལ་བར་བཤད། །གཟུང་འཛིན་འཁྲུལ་རྩད་མ་ཆོད་པ། །རྫོགས་ཆེན་གཟུང་འཛིན་དག་ཏུ་འཁྲུལ། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡ་སྤྱོད་ལ་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་པའི་དོན་མེད་པས། །ཨ་ཏི་ཡོ་གའི་སྙིང་པོ་ནི། །ལྟ་སྤྱོད་གཉིས་པོ་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། རྫོགས་ཆེན་ལྷ་སྤྱོད་གཉིས་འདོད་པ། །ཨུ་པ་ཡ་རུ་གོལ་བར་བཤད། །གཉིས་སུ་མེད་པར་མ་ཤར་བས། །རྫོགས་ཆེན་ཡ་བྲལ་དག་ཏུ་འཁྲུལ། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པས། །དབྱེ་བསལ་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་སྙིང་པོ་ནི། །དབྱེ་བསལ་མེད་པའི་བྱང་ཆུབ་སེམས། །དབྱེ་བསལ་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་དབྱེ་བསལ་བྱེད་པ་ནི། །ཡོ་ག་དག་ཏུ་གོལ་བར་བཤད། །དབྱེ་བསལ་མེད་པར་མ་གོ་པས། །རྫོགས་ཆེན་གཉིས་སྣང་དག་ཏུ་འཁྲུལ། །མ་ཧྭ་རྡོ་རྗེ་འཆང་ས་འདོད། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །སྙེན་བསྒྲུབ་རྣམ་བཞིས་སྒྲུབ་པ་བྱེད། །ཨ་ཏི་རྫོགས་པ་ཆེན་པོ་ནི། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་བསྒྲུབ་འདས་ལ་མ་ཧྭས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧྭ་ཡོ་གའི་གོལ་སར་བཤད། །ལུས་ངག་འཁྲུལ་པ་མ་ཞིག་པས། །རྫོགས་ཆེ་བྱ་བཙལ་དག་ཏུ་འཁྲུལ། །ཨ་ནུ་དབྱེ་བསལ་མེད་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །རྒྱུ་ནི་དག་བའི་དབྱིངས་སུ་ལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ། །ཨ་ཏི་རྫོགས་པ་ཆེན་པོ་ནི། རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གའི་གོལ་སར་ཤད། །རྒྱུ་འབྲས་འཁྲུལ་རྩད་མ་ཆོད་པས། །རྫོགས་ཆེན་བྱ་བཙལ་དག་ཏུ་འཁྲུལ། །ཞེས་གསུངས་སོ།། །།རྫོགས་ཆེན་ཐེག་པ་དྲུག་གིས་གོལ་སྒྲིབ་ཏུ་བསྟན་པའི་ལེའུ་ཏེ་བཅུ་དགུ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །གོལ་ས་གྲིབ་པ་འཁྲུལ་པ་གསུམ། །ཐེག་པ་ཐུན་མོང་ཇི་ལྟར་བདོག །རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ། །ཐེག་པ་གཅིག་གི་ལྟ་བ་ལ། གོལ་སྒྲིབ་འཁྲུལ་པ་སུམ་ཅུ་ཡོད། །ལྷ་བའི་གོས་གྲིབ་འཁྲུལ་པ་གསུམ། །དམ་ཚིག་གོལ་སྒྲིབ་འཁྲུལ་དང་གསུམ། །འཕྲིན་ལས་གོམ་སྒྲིབ་འཁྲུལ་དང་སུམ། །ཡེ་ཤེས་གོལ་སྒྲིབ་འཁྲུལ་དང་གསུམ། །ས་ཡི་གོལ་སྒྲིབ་འཁྲུལ་དང་གསུམ། །ལམ་གྱི་གོལ་སྒྲིབ་འཁྲུལ་དང་སུམ། །ཕྲ་བའི་གོལ་སྒྲིབ་འཁྲུལ་དང་གསུམ། ཁུད་ཀྱི་གོལ་སྒྲིབ་འཁྲུལ་དང་གསུམ། །ལུང་གི་གོལ་སྒྲིབ་འཁྲུལ་དང་གསུམ། །མན་ངག་གོལ་སྒྲིབ་འཁྲུལ་དང་གསུམ། །ཕྱེ་བས་སུམ་ཅུ་ཐམ་པ་ཡོད། །དེ་དག་སོ་སོར་ཕྱེ་བ་ནི། །ལྟ་བ་དག་གི་རང་བཞིན་ནི། །བསྒོམ་མེད་རང་བཞིན་དོན་ལ་ལྟ། །བསྒོམ་མེད་རང་བཞིན་མ་ཤེས་ན།ལྟ་བ་དག་གིས་སྒྲིབ་པར་བཤད། །ཡེ་ནས་མཉམ་པའི་རང་བཞིན་ལ། །ཞེ་འདོད་མེད་པར་མི་ལྟ་ཏེ། །སྒོམ་ནས་ལོག་པར་ལྷ་བ་ནི། །ལྟ་བ་དག་གི་གོལ་ས་ཡིན། །ཞེ་འདོད་རྩིས་གདབ་བྱེད་པ་ནི། །ལྟ་བའི་འཁྲུལ་པ་ཡིན་བར་བཤད། །བསྲུང་མཚམས་མེད་པའི་དམ་ཚིག་ལ། །བསྲུང་མཚམས་མེད་པར་མ་ཤེས་ན། །དམ་ཚིག་སྒྲིབ་པ་ཡིན་པར་བཤད། །བསྲུང་མཚམས་མེད་པར་མ་རྟོགས་ན། །ཕྱོགས་རིས་དམ་ཚིག་བསྲུང་བ་ནི། །དམ་ཚིག་གོལ་ས་ཡིན་པར་བཤད། །ཕྱོགས་སུ་བྱེ་བྲག་ཕྱེ་བ་ནི། །དམ་ཚིག་འཁྲུལ་པ་ཡིན་པར་བཤད། །འཕྲིན་ལས་རང་བཞིན་རྩོལ་མེད་ལ། །རྩོལ་སྒྲུབ་འདས་པའི་འཕྲིན་ལས་ལ། །བཙལ་དུ་མེད་པར་མ་ཤེས་ན། །འཕྲིན་ལས་སྒྲིབ་པ་ཡིན་པར་བཤད། །བཙལ་དུ་མེད་པའི་རང་བཞིན་ནི། །བཙལ་དུ་མེད་པར་མ་ཤེས་ཏེ། །འཕྲིན་ལས་རྩོལ་བ་བྱེད་པ་ཡིན། །འཕྲིན་ལས་གོལ་ས་ཡིན་པར་བཤད། །བཙལ་དུ་མེད་པར་འདོད་པས་བསྒྲུབ། །འཕྲིན་ལས་འཁྲུལ་པ་ཡིན་པར་བཤད། །ཡེ་ཤེས་དག་གི་རང་བཞིན་ནི། །སྒྲིབ་པ་མེད་པར་མ་ཤེས་ན། །ཡེ་ཤེས་དག་གི་སྒྲིབ་པར་བཤད། །སྒྲིབ་པ་མེད་པའི་ཡེ་ཤེས་ལ། །སྒྲིབ་པ་མེད་པར་མ་རྟོགས་ཏེ། །མ་བསྒྲིབས་གསལ་བར་མ་རྟོགས་ན། །ཡེ་ཤེས་གོལ་ས་ཡིན་པར་བཤད། །གསལ་མི་གསལ་དུ་འདོད་པ་ནི། །ཡེ་ཤེས་འཁྲུལ་པ་ཡིན་པར་བཤད། །མ་ནོར་ས་ལ་ཕྱིན་པ་ནི། །སྦྱོང་ཞིང་བགྲོད་དུ་མེད་པ་ཡིན། །སྦྱང་བགྲོད་མེད་པ་མ་ཤེས་ན། །ས་དང་ཕ་རོལ་སྒྲིབ་པར་བཤད། །སྦྱང་བགྲོད་མ་དགོས་ས་ལམ་ལ། །སྦྱང་བགྲོད་མི་དགོས་མ་རྟོགས་ཏེ། །སྦྱང་ཞིང་བགྲོད་པར་བྱེད་པ་ནི། །ས་དང་ཕ་རོལ་གོལ་སར་བཤད། །གོང་འོག་འཁྲུལ་པར་འདོད་པ་ནི། །ས་དང་ཕ་རོལ་འཁྲུལ་བར་བཤད། །ལམ་གྱི་རིམ་པའི་རང་བཞིན་ནི། །བགྲོད་དུ་མེད་པའིརངབཞིནཡིན། །བགྲོདདུ་མེད་པར་མ་ཤེས་ན། །ལམ་ཀྱི་སྒྲིབ་པ་ཡིན་པར་བཤད། །བགྲོད་དུ་མེད་པའི་རང་བཞིན་ལ། །བགྲོད་དུ་མེད་པར་མ་རྟོགས་ན། །ལམ་ལ་བགྲོད་དུ་ཡོད་འདོད་ན། །ལམ་གྱི་གོལ་ས་ཡིན་པར་བཤད། །བྱེ་བྲག་ལྔ་རུ་འདོད་པ་ནི། །ལམ་གྱི་འཁྲུལ་པ་ཡིན་པར་བཤད། །ཕྲ་བ་དག་གི་རང་བཞིན་ནི། །གཟུང་འཛིན་དག་གི་རང་བཞིན་ཡིན། གཟུང་འཛིན་བྲལ་བར་མ་ཤེས་ན། །ཕྲ་བ་དག་གིས་བསྒྲིབས་པ་ཡིན། །གཟུང་འཛིན་བྲལ་བར་མ་རྟོགས་ཏེ། ཕྲ་རབ་རྡུལ་དུ་ཡོད་ལྟ་ན། །ཕྲ་བའི་གོལ་ས་ཡིན་པར་བཤད། །གཟུང་འཛིན་ཕྲ་རགས་གཉིས་སྣང་ན། །ཕྲ་བའི་འཁྲུལ་བ་ཡིན་པར་བཤད། ཁུད་ཀྱི་རང་བཞིན་བསྟན་པ་ནི། །སེམས་ཆོས་གཉིས་སུ་མེད་པར་འབྲེལ། །གཉིས་མེད་འབྲེལ་བར་མ་ཤེས་ན། །རྒྱུད་ཀྱི་འབྲེལ་པ་ཡིན་པར་བཤད། །གཉིས་སུ་མེད་པར་འབྲེལ་བ་ལ། །གཉིས་མེད་འབྲེལ་བ་མ་རྟོགས་ཏེ། །སེམ་ཆོས་གཉིས་སུ་མཐོང་བ་ནི། ཁུད་ཀྱི་གོལ་ས་ཡིན་པར་བཤད། །ཐ་དད་རྩེ་གཉིས་སྐྱེས་པ་ནི། །རྒྱུད་ཀྱི་འཁྲུལ་པ་ཡིན་པར་བཤད། །ལུང་གི་རང་ཞིན་བསྟན་པ་ནི། །གཏན་ལ་འབེབས་ཤིག་ངེས་པར་སྟོན། །གཏན་ལ་འབེབས་པར་མ་ཤེས་ན། །ལུང་གི་གོལ་སྒྲིབ་ཡིན་པར་བཤད། །གཏན་ལ་འབེབས་པའི་ལུང་དེ་ལ། །ཐོག་ཏུ་ཕེབས་པར་མ་རྟོགས་ཏེ། །ཐོག་ཏུ་མི་ཕེབས་ཟེར་བ་ནི། །ལུང་གི་གོལ་ས་ཡིན་པར་བཤད། །སྒྲ་ཚིག་རང་ཐད་ཁྱེར་ནས་ནི། །དོན་དང་མི་མཐུན་ཚིག་རྗེས་འབྲེང་། །ལུང་གི་འཁྲུལ་པ་ཡིན་པར་བཤད། །མན་ངག་རང་བཞིན་བསྟན་པ་ནི། །གཉིས་སྣང་མེད་པར་ལ་བཟླས་ནས། །སྤྲོས་པ་མེད་པར་མ་ཤེས་ན། །མན་ངག་སྒྲིབ་པ་ཡིན་པར་བཤད། །སྒྲོ་སྐུར་བྲལ་བའི་མན་ངག་ལ། །སྤྲོས་པ་མེད་པར་མ་རྟོགས་ཏེ། །སྒྲོ་སྐུར་ཡོད་པར་འདོད་པ་ནི། །མན་ངག་དག་གི་གོལ་སར་བཤད། །སྤྲོས་པའི་མཐའ་ལ་མངོན་ཞེན་ན། །མན་ངག་འཁྲུལ་པ་ཡིན་པར་བཤད། །དབྱེ་བ་སུམ་ཅུ་ཡོད་མོད་ཀྱང་། །བསྡུས་ན་གསུམ་ལས་མེད་པར་བཤད། །འགྲོ་སྒོ་ནོར་གོལ་ས་ཡིན། གནས་དོན་མ་རྟོགས་སྒྲིབ་པ་ཡིན། །སྒོ་ལྔར་བཅས་པ་འཁྲུལ་པ་ཡིན། །ཞེ་འདོད་མེད་པའི་དོན་འདོད་པས། །ཞེ་འདོད་མཚན་མའི་ལམ་དུ་ཞུགས། །གོལ་ས་ཞེས་ནི་དེ་ལ་བྱ། །སྒྲོ་སྐུར་གཉིས་བྲལ་རང་བཞིན་ལ། །བརྗོད་ཡོད་རྟོགས་པའི་སྒྲིབ་པ་ཡིན། །ཚིག་གིས་སྒྲོ་འདོགས་མ་ཆོད་འཁྲུལ། །གང་ཟག་དབང་པོའི་ཁྱད་པར་ལ། །བློ་ཡི་ཁྱད་པར་ཐེག་པ་དགུ། །མི་མཐུན་ལྟ་སྤྱོད་སོ་སོར་ཕྱེ། །དེ་ལ་རང་ལྟ་མངོན་པར་ཞེན། །གཞན་ལྟ་རྒྱབ་ཀྱིས་ཕྱོགས་པ་ཡིས། །དེ་ལ་གོལ་སྒྲིབ་འཁྲུལ་པར་འབྱུང་། ཡང་དག་དོན་ལ་ཐེག་པ་མེད། །ཅེ་གསུངས་སོ། །བྱེ་བྲག་གོལ་སྒྲིབ་འཁྲུལ་གསུམ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། །འཇིག་རྟེན་དབང་ཕྱུག་ཡང་ཞུས་པ། །ཐེག་པ་རིམ་དགུ་ལ་སོགས་ལ། །གོལ་སྒྲིབ་ཞབྲུལ་གསུམ་བཤད་ལགས་ན། །ཐུགས་རྗེ་ཆེན་པོའི་ཐེག་པ་ལ། གོལ་སྒྲིབ་འཁྲུལ་གསུམ་ཡོད་དམ་མེད། །མེད་ན་ཇི་ལྟ་ལ་བཟླར་ཡོད། །རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ། ཐུགས་རྗེ་ཆེན་པོའི་ཐེག་པ་ནི། །ཐེག་པ་དགུ་ཡི་རྩེ་མོ་ཡིན། །ཐུན་མོང་ཐེག་པ་རིམ་དགུ་པོ། །རང་ལྟ་མངོན་པར་ཞེན་པ་ལ། །གཞན་ལྟ་རྒྱབ་ཀྱི་ཕྱོགས་པ་ཡིན། །ཉན་ཐོས་བདག་མེད་རྟོགས་ལ་ཞེན། །རང་རྒྱལ་རྟེན་འབྲེལ་འབྱུང་འཇུག་ཞེན། །སེམས་ཙམ་གཟུང་འཛིན་གཉིས་ལ་ཞེན། དབུ་མ་བདེན་པ་གཉིས་ལ་ཞེན། ཀྲི་ཡ་དག་པ་གསུམ་ལ་ཞེན། ཨུ་པ་ཡར་ལྟ་མར་སྤྱོད་ཞེན། ཡོ་ག་སྐྱེ་འགག་གཉིས་ལ་ཞེན། མ་ཧྭ་སྣང་སྟོང་གཉིས་ལ་ཞེན། །ཨ་ནུ་རྒྱུ་འབྲས་གཉིས་ལ་ཞེན། །དབྱིངས་དང་ཡེ་ཤེས་གཉིས་ལ་ཆགས། །རྫོགས་ཆེན་རྩལ་སྣང་རིག་པ་ལ། །རང་བྱུང་ཡེ་ཤེས་ཡིན་ཟེར་ནས། །ཡིད་སྨོན་ཡེ་ཤེས་སངས་རྒྱས་ཡོད། །རིག་པ་འགྱུར་བའི་རང་བཞིན་ལ། །སངས་རྒྱས་དགོངས་པ་ཡིན་ཟེར་ནས། །ཉོན་མོངས་ཁ་ནི་མ་ཁྲིད་པར། །རྟོགས་པས་སངས་རྒྱས་ཡིན་པར་སྨྲ། །གཟུང་འཛིན་ཆགས་སྡང་མ་ཆོད་པར། །དུག་ལྔ་ཡེ་ཤེས་ཡིན་ཟེར་ནས། །ད་ལྟ་སངས་རྒྱས་ཡིན་པར་སྨྲ། །ལྷ་བ་ནན་རྟག་ཚིག་ལ་ཞེན། །བསྒོམ་པ་སྟོང་པ་ཧད་པོར་བསྒོམས། །སྦྱོད་པ་བབ་ཆོལ་ཐོ་ཆོ་སྤྱོད། །དམ་ཚིག་འབྲེལ་མེད་གྲོགས་པོ་སླུ། །འཕྲིན་ལས་ཡིད་ཀྱི་བསམ་སྒོམ་རྩོལ། །ས་ལམ་དྲོད་རྟགས་འདོད་༄༅ པས་བཅིངས། །འབྲས་བུ་ཡིད་སྨོན་སངས་རྒྱས་འདོད། །དེ་དག་ཐེག་པ་རིམ་དགུ་ཡི། །རང་ལ་བཞག་ནས་གཞན་དུ་བཙལ། །བཙལ་བས་ནམས་ཀྱང་རྙེད་མི་སྲིད། །ཐུགས་རྗེ་ཆེན་པོའི་ཐེག་པ་ལ། །བློ་བརྟགས་ལྟ་བའི་ཚིག་དང་བྲལ། །ཡིད་སྨོན་བསྒོམ་པའི་སེམས་དང་བྲལ། །ཆེད་བྱེད་སྦྱོད་པའི་བྱེ་བྲག་བྲལ། །ཐོབ་མེད་འབྲས་བུའི་འདོད་པ་བྲལ། །ཐུགས་རྗེ་ཆེན་པོའི་ཐེག་པ་ལ། །གོལ་སྒྲིབ་འཁྲུལ་པ་གང་ཡང་མེད། །ལྟ་བ་རྟོགས་ན་བསྒོམ་དུ་མེད། །ཕྱོགས་མེད་མཉམ་པའི་དོན་ཤར་ན། །ལྟ་བའི་གོལ་སྒྲིབ་འཁྲུལ་པ་མེད། །ཕྱོགས་མེད་རིས་མེད་མཉམ་པའི་ངང་། །དེ་ཡི་དོན་ལས་མི་འདའ་ན། །དམ་ཚིག་གོལ་སྒྲིབ་འཁྲུལ་ས་མེད། །རྩོལ་ས་མེད་པའི་སྙིང་པོ་ལ། །ལུས་ངག་འབད་རྩོལ་མེད་པས་ན། །འཕྲིན་ལས་གོལ་སྒྲིབ་ཁྲུལ་ས་མེད། །མ་བསྒྲིབས་གསལ་པའི་ཡེ་ཤེས་ནི། །ཡེ་ནས་ཡིན་པས་བསལ་མི་དགོས། །ཡེ་ཤེས་གོལ་སྒྲིབ་ཞབྲུལ་པ་མེད། །རྩོལ་བ་མེད་པའི་སྙིང་པོ་ལ། །ལུས་ངག་འབད་རྩོལ་མེད་པས་ན། །ཕྲིན་ལས་གོལ་སྒྲིབ་འཁྲུལ་པ་མེད། །མ་བསྒྲིབས་གསལ་བའི་ཡེ་ཤེས་ནི། །ཡེ་ནས་ཡིན་པས་གསལ་མི་དགོས། །ཡེ་ཤེས་གོལ་སྒྲིབ་འཁྲུལ་པ་མེད། །བསྐྱོད་མེད་ཡེ་ཤེས་རང་གནས་པས། །རིམ་པས་མི་གནོད་རང་སར་གནོད། །ས་ཡི་གོལ་སྒྲིབ་འཁྲུལ་ས་མེད། །ཡང་དག་ལམ་ལ་གཉིས་མེད་ལ། །བྱེ་བྲག་རིམ་པས་མི་བགྲོད་ན། །ལམ་གྱི་གོལ་སྒྲིབ་འཁྲུལ་ས་མེད། །གཟུང་འཛིན་གཉིས་བྲལ་བྱང་ཆུབ་སེམས། །ཕྲ་རགས་ཡིད་ཀྱི་རྟོག་མེད་ལ། །ཕྲ་བའི་གོལ་སྒྲིབ་འཁྲུལ་ས་མེད། །གཉིས་མེད་ཐིག་ལེ་ཆེན་པོའི་ངང་། །མཉམ་པའི་རང་བཞིན་རྒྱ་མ་ཆད། །རང་བཞིན་རྒྱུན་དུ་གནས་པའི་མཆོག །རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་ས་མེད། །མ་ནོར་སྙིང་པོ་བྱང་ཆུབ་སེམས། །ཡང་དག་དོན་ལྡན་གཏན་ལ་ཕེབས། །ལུང་གི་གོལ་སྒྲིབ་༣བྲུལ་པ་མེད། །ཕྱོག་རིས་སྤྲོས་པ་མེད་པའི་དོན། །སྒྲོ་སྐུར་མཐའ་ལས་གྲོལ་བ་ནི། མན་ངག་གོལ་སྒྲིབ་འཁྲུལ་པ་མེད། །ཐུགས་རྗེ་ཆེན་པོའི་དགོངས་པ་ལ། །ཞེ་འདོད་མེད་པ་ལྟ་བའི་རྒྱལ་པོ་ཡིན། །ཚིག་ལས་འདས་པས་ལྟ་བའི་རྒྱལ་པོ་ཡིན། །ཡིན་ས་མེད་པས་ལྟ་བའི་རྒྱལ་པོ་ཡིན། །ཕྱོག་དང་བྲལ་བས་ལྟ་བའི་རྒྱལ་པོ་ཡིན། །འགྱུར་ས་མེད་པས་ལྟ་བའི་རྒྱལ་པོ་ཡིན། །ངང་གནས་འགྲོ་འོང་མེད་པ་བསྒོམ་པའི་རྒྱལ་པོ་ཡིན། །ཡིད་ལ་བཞག་ས་མེད་པ་བསྒོམ་པའི་རྒྱལ་པོ་ཡིན། །བསམ་དང་བྲལ་བས་སྒོམ་པའི་རྒྱལ་པོ་ཡིན། གཟུང་འཛིན་རྟོག་མེད་བསྒོམ་པའི་རྒྱལ་པོ་ཡིན། །བྱ་བྲལ་རྩོལ་མེད་རང་ནས་བསྒོམ་པའི་རྒྱལ་པོ་ཡིན། །ཉམ་ང་གདེང་གིས་ཟིན་པ་སྤྱོད་པའི་རྒྱལ་པོ་ཡིན། །བྱ་བཙལ་འདོད་པ་མེད་པས་སྤྱོད་པའི་རྒྱལ་པོ་ཡིན། །སྤང་བླང་གཟའ་གཏད་མེད་པ་སྤྱོད་པའི་རྒྱལ་པོ་ཡིན། །རང་བྱུང་ཤུགས་ལས་བྱུང་བས་སྤྱོད་པའི་རྒྱལ་པོ་ཡིན། །ཕྱོགས་རིས་གཟའ་གཏད་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །གཞན་ནས་ཐོབ་རྒྱུ་མེད་དེ་འབྲས་བུའི་རྒྱལ་པོ་ཡིན། །རང་ལས་གཞན་ན་མེད་དེ་འབྲས་བུའི་རྒྱལ་པོ་ཡིན། །ཡིན་པར་དོན་རྟོགས་བཙལ་དུ་མེད་དེ་འབྲས་བུའི་རྒྱལ་པོ་ཡིན། །སྐྱེ་མེད་འགྱུར་མེད་འབྲས་བུའི་རྒྱལ་པོ་ཡིན། །རེ་དོགས་མེད་པར་རང་ཉིད་ཡེ་སངས་རྒྱས་པ་འབྲས་བུའི་རྒྱལ་པོ་ཡིན། །ཐུགས་རྗེ་ཆེན་པོ་ཐེག་པ་དགུ་ལ་འཕགས། །ཞེས་གསུངས་སོ། །གོལ་སྒྲིབ་འཁྲུལ་ས་བཅད་པ་ཐུགས་རྗེ་ཆེན་པོའི་ཐེག་པ། ཐེག་པ་དགུ་ལས་འཕགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། འཇིག་རྟེན་དབང་ཕྱུག་གིས་འདི་སྐད་ཞུས། །ཨེ་མ་རྫོགས་པའི་སངས་རྒྱས་མཆོག །ཐུགས་རྗེ་ ཆེན་པོའི་ཐེག་པ་འདིར། །ཐེག་པ་དགུ་ལ་སོགས་པ་ལ། །གཞན་ལྟ་རྒྱབ་ཀྱིས་ཕྱོགས་བྱས་ནས། །རང་ལྟ་གཙོར་གཟུང་མངོན་ཞེན་ན། །ཐེག་པ་ཆེན་པོར་ཅང་འགྱུར་རམ། །ཐུགས་རྗེ་ཆེན་པོ་བྱང་ཆུབ་སེམས། །ཀུན་ལ་ཁྱབ་པར་ཅང་འགྱུ་རམ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོག་རྣམས། །ཐུགས་རྗེ་ཆེན་པོའི་ཐེག་པ་འདིར། །ཐེག་པ་མི་སྤོང་ཐམས་ཅད་རྫོགས། །ཆོས་སྐུ་ཐུགས་རྗེ་ཆེན་པོ་ནི། །དུས་གསུམ་འཕོ་འཀྱུར་མེད་པར་གནས། །མུ་སྟེགས་རྟག་ལྟ་འདི་ལ་རྫོགས། །ཐུགས་རྗེ་ཆེན་པོའི་དུ་མེད་པའི་ཆོས་ཉིད་ཀློང་། །ས་ལམ་མ་ལུས་འདི་ལ་རྫོགས། །རྒྱུ་ལས་མ་བྱུང་འབྲས་བུ་མཆོག །ཚོགས་ལམ་བགྲོད་དུ་མེད་པར་རྫོགས། །ཕྱི་ནང་གཉིས་མེད་ཆོས་ཉིད་ངང་། །སྦྱོར་ལམ་བགྲོད་དུ་མེད་པར་རྫོགས། །མ་བཙལ་རང་གནས་ཡེ་གནས་ངང་། །བསྒོམ་ལམ་བགྲོད་དུ་མེད་པར་རྫོགས། །ཡེ་ཤེས་རང་གསལ་ཤར་བའི་ངང་ མཐོང་ལམ་བགྲོད་དུ་མེད་པར་རྫོགས། །བཙལ་བ་མེད་པར་ཡེ་སངས་རྒྱས། །མཐར་ཕྱིན་ལམ་དུ་མ་བགྲོད་རྫོགས། །ཐུག་རྗེ་ཆེན་པོའི་དགོངས་པ་སྲ ཤེས་པ་མེད་པས་ཤེས་རབ་མཆོག །སྙིང་རྗེ་ཆེན་པོ་ལམ་ལས་འདས། །གང་ཡང་མ་བཙལ་རང་བཞིན་གྲུབ། །ས་བཅུ་ཕ་རོལ་ཕྱིན་བཅུ་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་པ་སྲ །འཛིན་ཆགས་ཕྱོགས་རིས་སེར་སྣ་མེད། །སྤྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །སྲོག་ཆགས་ཀུན་འབྱུང་ཆགས་པ་མེད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །བདེ་སྡུག་རྟོག་པའི་ཟུག་རྔུ་མེད། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །རྟོག་དང་མི་རྟོག་རྩོལ་བ་མེད། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །ཡེངས་དང་མ་ཡེངས་ལྡོག་འགྱུར་མེད། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །ཤེས་དང་མ་ཤེས་གསལ་བྱ་མེད། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཉོན་མོངས་རྣམ་རྟོག་ཟིལ་གནོན་པས། །སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། །རེ་དོགས་ལྟུང་བའི་འཇིགས་པ་མེད། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས། །འཁོར་བའི་ཕ་རོལ་མཐར་སོན་པས། །ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། །ཡེ་ནས་རང་རིག་རང་གསལ་ངང་། །ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་པ་སྲ །ས་བཅུ་མ་ནན་ཡེ་ནས་ནོན། །སེམས་ཉིད་ཆོས་ཉིད་རང་གནས་དགའ། །དང་པོ་རབ་དགའི་ས་ཡང་རྫོགས། །ཆོས་ཉད་རང་དང་དྲི་མ་མེད། །གཉིས་པ་དྲི་མ་མེད་པ་རྫོགས། །རང་བྱུང་ཡེ་ཤེས་འོད་གསལ་བས། །གསུམ་པ་འོད་འཕྲོས་ས་ཡང་རྫོགས། །མ་བཅོས་རང་གསལ་འབྱེད་པ་མེད། བཞི་པ་འོད་གསལ་ས་ཡང་རྫོགས། །སྒྲིབ་པ་གཉིས་མེད་མི་གནས་པས། ལྔ་པ་སྦྱང་དཀའི་ས་ཡང་རྫོགས། །ཆོས་ཉིད་རྟོགས་པ་མངོན་གྱུར་པ། །དྲུག་པ་མངོན་གྱུར་ས་ཡང་རྫོགས། །ཉོན་མོངས་མ་སྤངས་མི་གནས་པས། །བདུན་པ་རིང་གྱུར་ས་ཡང་རྫོགས། །མཚན་མའི་རྟོག་པས་མི་གཡོ་བས། །བརྒྱད་པ་མི་གཡོ་ས་ཡང་རྫོགས། །དབྱིངས་ཆེན་ཆོས་ཉིད་རང་གསལ་བས། །དགུ་པ་ལེགས་པའི་བློ་གྲོས་ས་ཡང་རྫོགས། །ཆོས་ཀྱི་དབྱིངས་ཆེན་མ་བཅོས་དང་། །བཅུ་པ་ཆོས་ཀྱི་སྤྱིན་གྱི་ས་ཡང་རྫོགས། །ཞེས་གསུངས་སོ། །ལམ་ལྔ་ཕ་རོལ་ཕྱིན་པ་བཅུ་ས་བཅུ་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་རྫོགས་པའི་སངས་རྒྱས་བཀའ་སྩལ་པ། །ཐུག་རྗེ་ཆེན་པོའི་དགོངས་པ་སྲ །སངས་རྒྱས་སྐུ་ལྔ་མ་བསྒྲུབས་རྫོགས། །མ་བཅོས་རང་བྱུང་ཡེ་གནས་པས། །ཆོས་སྐུ་མ་༄༅ བཅོས་རང་བྱུང་རྫོགས། །རང་གསལ་མ་འགག་ལོངས་སྤྱོད་པས། །ལོངས་སྤྱོད་རྫོགས་སྐུ་མ་བསྒྲུབས་རྫོགས། །སྣ་ཚོགས་རང་ཤར་རང་སར་གྲོལ། །སྤྲུལ་སྐུ་མ་བསྒྲུབས་རང་བྱུང་རྫོགས། །སྐུ་གསུམ་གཉིས་མེད་ངོ་བོར་གཅིག །ངོ་བོ་ཉིད་ཀྱི་སྐུ་རུ་རྫོགས། །གཉིས་མེད་བྱང་ཆུབ་སེམས་སུ་གཅིག །མངོན་པར་བྱང་ཆུབ་སྐུ་རུ་རྫོགས། །ཆོས་ཉིད་མི་འགྱུར་དབྱིངས་སུ་གཅིག །རྡོ་རྗེའི་སྐུ་རུ་མ་བསྒྲུབས་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་པ་སྲ །རིགས་དྲུག་སངས་རྒྱས་མ་བསྒྲུབས་རྫོགས། །སེམས་དཔའ་རྣམ་སྤྲུལ་ཅིར་ཡང་མཛད། །རྣམ་པར་སྣང་མཛད་མ་བསྒྲུབས་རྫོགས། །ཆོས་ཉིད་མི་འགྱུར་སེམས་སུ་དཔའ། །རྡོ་རྗེ་སེམས་དཔའ་མ་བསྒྲུབས་རྫོགས། །སེམས་ལ་ཀུན་འབྱུང་རང་གསལ་བས། །སྣང་བ་མཐའ་ཡས་མ་བསྒྲུབས་རྫོགས། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །རིན་ཆེན་འབྱུང་ལྡན་མ་བསྒྲུབས་རྫོགས། །ཆོས་ཉིད་མ་བཅོས་ངང་ལ་གྲུབ། །དོན་ཡོད་གྲུབ་བ་མ་བསྒྲུབས་རྫོགས། །ཆོས་ཉིད་མི་འགྱུར་བ་ལ་གནས།། དྲུག་པ་རྡོ་རྗེ་འཆང་ཆེན་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་པ་ལ། །ཡེ་ཤེས་དྲུག་པོ་མ་བསྒྲུབས་ཤར། །ཆོས་ཀྱི་བྱིངས་ལ་མ་བཅོས་གསལ། །ཆོས་བྱིངས་ཡེ་ཤེས་མ་བསྒྲུབས་རྫོགས། རིག་པ་གསལ་དག་སྒྲིབ་གཡོགས་བྲལ། །མེ་ལོང་ཡེ་ཤེས་མ་བསྒྲུབ་རྫོགས། །ཆོས་ཉིད་ངང་ལ་དབྱེ་བསལ་མེད། །མཉམ་ཉིད་ཡེ་ཤེས་མ་བསྒྲུབ་རྫོགས། །རིག་པའི་ཡེ་ཤེས་སོ་སོར་གསལ། །ཀུན་རྟོགས་ཡེ་ཤེས་མ་བསྒྲུབས་རྫོགས། །ཡེ་ནས་རང་གནས་མི་འགྱུར་བས། ནན་ཏན་ཡེ་ཤེས་མ་བསྒྲུབས་རྫོགས། །རང་དང་ཡེ་ནས་གཉིས་མེད་ངང་ལ་གནས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་བསྒྲུབས་རྫོགས། །ཞེས་གསུངས་སོ། །སྐུ་དྲུག་རིགས་དྲུག །ཡེ་ཤེས་དྲུག་རྫོགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།རྫོགས་པའི་སངས་རྒྱས་བཀའ་སྩལ་པ། །ཐུགས་རྗེ་ཆེན་པོའི་དགོངས་པ་ལ། སྤྱོད་དང་བྲལ་བའི་སྒོར་ཞུགས་པས། །འཇུག་སྒོ་མཐའ་དག་འདི་ལ་རྫོགས། །དོན་ལས་མི་འདའི་དོན་བསྲུངས་པས། །དམ་ཚིག་མཐའ་དག་འདི་ལ་རྫོགས། །དུག་ལྔ་རང་རྒྱུད་རང་ཞི་བས། །ཚུལ་ཁྲིམས་མཐའ་དག་འདི་ལ་རྫོགས། །བྱར་མེད་སྤྲོས་བྲལ་ཆོས་ཉིད་ངང་ལ་སྤྱོད། །སྤྱོད་པ་མཐའ་དག་འདི་ལ་རྫོགས། །སྙིང་པོའི་དོན་ལ་སྤྲོ་བསྡུ་མེད། །འཕྲོ་འདུ་མ་ལུས་འདི་ལ་རྫོགས། །སྐྱེ་མེད་ངང་ལ་སྐྱེད་རྒྱུ་མེད། །བསྐྱེད་རིམ་མ་ལུས་འདི་ལ་རྫོགས། །སྙིང་པོ་དོན་གྱི་ལྷ་ཚོགས་ཉིད། །ལྷ་ཚོགས་མ་ལུས་འདི་ལ་རྫོགས། །སྐྱེ་མེད་འགྱུར་མེད་རང་སེམས་ལྟ། །ཡི་དམ་ལྷ་ཚོགས་འདི་ལ་རྫོགས། །མི་འགྱུར་ཁྱབ་བརྡལ་མ་འདྲེས་གསལ། །དཀྱིལ་འཁོར་མ་ལུས་འདི་ལ་རྫོགས། །ཕྱི་ནང་དབྱེ་བསལ་མེད་གཏོང་བས། །གཏོར་མ་མ་ལུས་འདི་ལ་རྫོགས། །རང་གི་ལྷར་ནི་རང་མཆོད་པས། །མཆོད་པ་མ་ལུས་འདི་ལ་རྫོགས། །བྱ་བཙལ་ཡོད་མེད་དགག་སྒྲུབ་མེད། །འཕྲིན་ལས་མ་ལུས་འདི་ལ་རྫོགས། །བགྲོད་མེད་སྦྱོར་མེད་སྙིང་པོའི་ཀློང་། །ས་ལམ་མ་ལུས་འདི་ལ་རྫོགས། །སངས་རྒྱས་སྐུ་དང་ཡེ་ཤེས་རྫོགས། །ལྟ་བ་ལྟ་བྱ་མེད་པར་རྫོགས། །སྒོམ་པ་བསྒོམ་བྱ་མེད་པར་རྫོགས། །སྤྱོད་པ་སྤྱོད་བྱ་མེད་པར་རྫོགས། །འབྲས་བུ་ཐོབ་བྱ་མེད་པར་རྫོགས། །སེམས་ཅན་རྫོགས་ལ་སངས་རྒྱས་རྫོགས། །འཁོར་བ་རྫོགས་ལ་མྱང་འདས་རྫོགས། །ཐམས་ཅད་ཐུགས་རྗེ་ཆེན་པོར་རྫོགས། ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་དགོངས་པར་ཐམས་ཅད་རྫོགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་རས་ཐུགས་རྗེ་ཆེན་པོས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གཡས་ཕྱོགས་ནས་བཞེངས་ཏེ་ཕྱག་བཙལ་བསྐོར་བ་བྱས་ནས། རང་གི་སྟན་ལ་འདུག་ནས་འདི་སྐད་ཅེས་གསུངས་སོ། །ཧོ། ང་ཡི་རང་བཞིན་ཅིར་ཡང་མ་གྲུབ་པར། །ཐེག་པ་དགུ་ལ་ཁ་སྨྲས་འཇུག །མ་རྟོག་མ་གོ་སྙིང་རེ་རྗེ། །རང་ལྟ་མངོན་པར་ཞེན་པ་ཡིས། །ཐེག་པ་དགུ་ཡི་དོན་མ་མཐོང་། །གཞན་ལྟ་རྒྱབ་ཀྱིས་ཕྱོགས་པའི་ཐེག་པ་དགུས། །གནས་ལུགས་རང་བཞིན་མ་ཤེས་སྙིང་རེ་རྗེ། །གཉིས་སུ་མེད་ལས་གཉིས་སུ་ཕྱེ། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །དུག་སུམ་མེད་བར་སྤང་བར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །དུག་ལྔ་མེད་པར་སྦྱོང་བར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། སྐུ་གསུམ་མེད་པར་བསྒྲུབ་པར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །སེམས་ཅན་མེད་པར་སྤང་བར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །སངས་རྒྱས་མེད་པར་བསྒྲུབ་པར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །མ་རིག་མེད་པར་སངས་པར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །ཡེ་ཤེས་མེད་པར་གསལ་བར་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །ཡུལ་སེམས་མེད་ལས་གཉིས་མེད་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །སྣང་སྟོང་མེད་ལས་གཉིས་མེད་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །རིག་སྟོང་མེད་ལས་གཉིས་མེད་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །གསལ་སྟོང་མེད་ལས་གཉིས་མེད་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །བདེ་སྟོང་མེད་ལས་གཉིས་མེད་འདོད། །འདི་ཡང་མ་རྟོགས་སྙིང་རེ་རྗེ། །དེ་ལ་སོགས་པའི་གཉིས་སྣང་ཀུན། །སེམས་ཅན་བློས་འཕྱོས་ཡིན་པའི་གྲོ་ལ་མི་ནུས། །བརྟགས་སྣང་ཡིན་པའི་གྲོ་ལ་མི་ནུས། །བློ་རྟགས་ཡིན་པས་གྲོ་ལ་མི་ནུས། །བརྗོད་གཞི་ཐ་སྙད་ཡིན་པས་གྲོལ་མི་ནུས། །ཞེས་གསུངས་སོ། །མ་རྟོགས་པ་དང་སྙིང་རྗེའི་ཡུལ་དུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཐུགསརྗེ་ཆེན་བོས་འདི་སྐད་ཅེས་གསུངས་སོ་། །ཨེ་མའོ། །ང་ནི་ཆོས་སྐུ་རང་བྱུང་ཡིན། །ང་ནི་ཡེ་ཤེས་རང་བྱུང་ཡིན། །ང་ནི་ཐུགས་རྗེ་རང་བྱུང་ཡིན། །དུག་ལྔ་སྤངས་ན་ང་སྤངས་སོ། །སྐུ་ལྔ་བསྒྲུབས་ན་ང་སྤངས་སོ། །འཁོར་བ་སྤངས་ན་སྤངས་སོ། །མྱང་འདས་བསྒྲུབས་ན་ང་སྤངས་སོ། །མ་རིག་སྤངས་ན་ང་སྤངས་སོ། །ཡེ་ཤེས་བསྒྲུབ་ན་ང་སྤངས་སོ། །རྣམ་རྟོག་སྤངས་ན་ང་སྤངས་སོ། །ཆོས་ཉིད་བསྒྲུབས་ན་ང་སྤངས་སོ། །སེམས་ཅན་སྤངས་ན་ང་སྤངས་སོ། །སངས་རྒྱས་བསྒྲུབས་ན་ང་སྤངས་སོ། །བདག་གཞན་སྤངས་ན་ང་སྤངས་སོ། །བདག་མེད་བསྒྲུབས་ན་ང་སྤངས་སོ། །གཉིས་འཛིན་སྤངས་ན་ང་སྤངས་སོ། །གཉིས་མེད་བསྒྲུབས་ན་ང་སྤངས་སོ། །མི་གསལ་སྤོང་ན་ང་སྤངས་སོ། །གསལ་བར་བསྒྲུབས་ན་ང་སྤངས་སོ། །ཅི་ཕྱིར་གཉིས་སྣང་ཐམསཅད་ནི། །དགག་བསྒྲུབས་བྱུང་པས་དགོས་པ་མེད། །ལྟ་བ་བལྟས་ན་ལྟ་བ་མེན། །ལྟ་བ་ལྟ་བྱེད་རྩོལ་བའི་ནད། །སྒོམ་པ་བསྒོམ་ན་སྒོམ་པ་མེན། །སྒོམ་པ་སྒོམ་བྱེད་རྩོལ་བའི་ནད། །སྤྱོད་པ་སྤྱོད་ན་སྤྱོད་པ་མེད། །སྤྱོད་པས་སྤྱད་ན་སྤྱོད་པའི་ནད། །འབྲས་བུ་བསྒྲུབས་ན་འབྲས་བུ་མེན། །འབྲས་བུ་བསྒྲུབས་ན་འབྲས་བུའི་ནད། །གཉིས་སྣང་ཤེས་པ་མ་ཆོད་ན། །ཇི་ལྟར་བསྒྲུབས་ཀྱང་གྲོལ་མི་འགྱུར། །ཞེས་སུངས་སོ། །དགག་བསྒྲུབས་སྤངས་ཐོབ་ཀྱིས་ཐུགས་རྗེ་ཆེན་པོ་མི་འགྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་ཐུགས་རྗེ་ཆེན་པོ་ཉིད་ཀྱི་འདི་སྐད་ཅེས་གསུངས་སོ། །ཨེ་མའོ། །ང་ནི་སྣང་སྲིད་ཀུན་ལ་སྣང་། །སྣང་ཡང་སྣང་སྟེ་ང་མ་མཐོང་ མ་མཐོང་པ་ཡི་ངང་ལ་ཞོག །ང་ནི་སྣོ་ད་བཅུད་ཀུན་ལ་ཁྱབ། །ཀུན་ལ་ཁྱབ་པས་ངོས་གཟུང་མེད། །ངོས་གཟུང་མེད་པའི་ངང་ལ་ཞོག །ང་ནི་ཀུན་གྱི་དངོས་གཞི་ཡིན། དངོས་གཞི་ཡིན་ཏེ་གྲུབ་པ་མེད། གྲུབ་པ་མེད་པའི་ངང་ལ་ཞོག །ཐམས་ཅད་ང་ཡིས་ཕྱེ་བ་ཡིན། །ཕྱེ་མཁན་རྟོགས་པ་གཅིག་ཀྱང་མེད། །མ་ཕྱེད་པ་ཡི་ངང་ལ་ཞོག །ང་ནི་ཀུན་ལ་སྣང་བ་ཡིན། །ཀུན་གྱིས་ང་ནི་མཐོང་བ་མེད། །མི་སྣང་བ་ཡི་ངང་ལ་ཞོག །ངས་ནི་ཐམས་ཅད་བྱས་པ་སྟེ། །ཀུན་གྱི་བྱས་པ་བྱས་པ་མེད། །མ་བྱས་པ་ཡི་ངང་ལ་ཞོག །ང་ནི་ཡེ་ནས་ཡོད་པ་སྟེ། ཡེ་ནས་ཡོད་པའི་ངང་ལ་ཞོག །ང་ནི་སུས་ཀྱང་མ་བཙལ་འོ་ མ་བཙལ་བ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་སྤངས་པ་སྟེ། །ཀུན་གྱིས་ང་ནི་མ་སྤངས་སོ། །མ་སྤངས་པ་ཡི་ང་ལ་ཞོག །ང་ནི་ཐམས་ཅད་བསྒྲུབས་པ་སྟེ །ང་ནི་སུས་ཀྱང་མ་བསྒྲུབས་སོ། །མ་བསྒྲུབས་པ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་བཏགས་པ་སྟེ། །ང་ནི་སུས་ཀྱང་མ་བཏགས་སོ་། །མ་བཏགས་པ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་མཚོན་པ་སྟེ། །ང་ནི་སུས་ཀྱང་མ་མཚོན་ཏོ། །མ་མཚོན་པ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་ཤེས་པ་སྟེ། །ང་ནི་སུས་ཀྱང་མ་ཤེས་སོ། །མ་ཤེས་པ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་བསྐྱེད་པ་སྟེ། །ང་ནི་སུས་ཀྱང་བསྐྱེད་པ་མེད། །མ་བསྐྱེད་པ་ཡི་ངང་ལ་ཞོག །ང་ནི་ཐམས་ཅད་རྟོགས་པ་སྟེ། །ང་ནི་སུས་ཀྱང་མ་རྟོགས་སོ། །མ་རྟོགས་པའི་ངང་ལ་ཞོག །ང་ལ་ལྷ་བར་འདོད་པ་རྣམས། །ལྟ་བར་མ་བྱེད་རང་དགར་ཞོག །བལྟས་པས་མཐོང་བའི་ཡུལ་མེད་ཀྱི། །མ་བལྟས་བཞག་པས་ང་ལྟ་མཐོང་། །ང་ལ་བསྒོམ་པར་འདོད་པ་རྣམས། །མ་བསྒོམ་གཡོ་མེད་ངང་ལ་ཞོག །འཀྱུར་མེད་ང་ཡི་བསྒོམ་པ་མཐོང། །ང་ལ་སྤྱོད་པར་འདོད་པ་རྣམས། །སྤྱད་པར་མ་བྱེད་རྩོལ་མེད་ངང་ལ་ཞོག །བྱར་མེད་རྩོལ་མེད་ང་ཡི་སྤྱོད་པ་མཐོང་། །ང་ལ་འབྲས་བུ་འདོད་པ་རྣམས། །ཐོབ་རྒྱུ་མེད་པས་རང་ས་ཉིད་དུ་ཞོག །གཞན་ན་མེད་པས་ང་ཡི་འབྲས་བུ་ཐོབ། །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་དགོངས་པ་མ་བཅོས་རྣལ་དུ་གཞག་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱ་པའོ།། །།ཐུགས་རྗེ་ཆེན་པོས་ཡང་གསུངས་པ། །ང་ནི་ཐེག་པའི་སྤྱི་རྩེ་ཡིན། །མཚན་ཉིད་སྡེ་གསུམ་ང་ལ་རྫོགས། །ཉན་ཐོས་ཐེག་པ་ང་ལ་རྫོགས། །ཉན་ནི་སྐྱེ་མེད་དོན་ལ་ཉན། །ཐོས་ནི་མ་འགགས་རིག་པར་ཐོས། །གཟུང་འཛིན་བདག་མེད་དབྱེ་བསལ་མེད། །ཉན་ཐོས་མ་སྤངས་ངང་གིས་རྫོགས། །རང་རྒྱལ་ཐེག་པ་ང་ལ་རྫོགས། །རང་ནི་རིག་པར་རང་ཉིད་ལ། །རྒྱལ་ནི་ཆགས་སྡང་གཉིས་ལས་རྒྱལ། །དགག་སྒྲུབ་རྟེན་འབྲེལ་འབྱུང་འཇུག་མེད། །རང་རྒྱལ་མ་སྤངས་ངང་གིས་རྫོགས། །མདོ་སྡེ་བྱང་ཆུབ་སེམས་དཔའ་ནི། །མདོ་ནི་སེམས་དཔའ་སྐྱེ་བ་མེད། །སྡེ་ནི་རྣམ་གྲངས་སེམས་ལ་འདུས། །བྱང་ནི་རྣམ་རྟོག་ཆོས་སྐུར་བྱང་། །སེམས་ནི་འགྱུར་མེད་དོན་ལ་སེམས། །དཔའ་ནི་ཉོན་མོངས་ཟིལ་གྱིས་གནོན། །བྱང་སེམས་མདོ་སྡེ་མ་སྤངས་རྫོགས། །ཀྲི་ཡའི་ཐེག་པ་ང་ལ་རྫོགས། །ཀྲི་ནི་ཆོས་ཉིད་དབྱིངས་ཆེན་ལ། །ཡ་ནི་སྐྱེ་དང་འགག་པ་མེད། །ཕྱི་དག་ནང་དག་གསང་བ་དག །ཀྲི་ཡའི་ཐེག་པ་མ་སྤངས་རྫོགས། །ཨུ་པ་ཡ་ཡི་ཐེག་པ་ང་ལ་རྫོགས། །ཨུ་ནི་ཆོས་ཉིད་སྐྱེ་མེད་ལ། །པ་ནི་རང་གསལ་འགག་པ་མེད། །ཡ་ནི་ཡར་ལྟ་མར་སྤྱོད་དག །ཨུ་པ་ཡ་ནི་མ་སྤངས་རྫོགས། །ཡོ་གའི་ཐེག་པ་ང་ལ་རྫོགས། །ཡོ་ནི་མ་ལུས་ཆོས་ཉིད་ཀློང་། །ག་ནི་རྣམ་རྟོག་དབྱིངས་སུ་ཐིམ། །ཡོ་གའི་ཐེག་པ་མ་སྤངས་རྫོགས། །མ་ཧྭ་ཡོ་ག་ང་ལ་རྫོགས། །མ་ནི་ཆོས་ཅན་སྣ་ཚོགས་ལ། །ཧྭ་ནི་ཆོས་ཉིད་དབྱེ་བསལ་མེད། །ཡོ་ནི་གཉིས་མེད་བདེ་བ་ཆེ། །ག་ནི་ཐབས་དང་ཤེས་རབ་དང་། །མ་ཧྭ་ཡོ་ག་མ་སྤངས་རྫོགས། །ཨ་ནུའི་ཐེག་པ་ང་ལ་རྫོགས། །ཨ་ནི་སྐྱེ་མེད་བྱང་ཆུབ་སེམས། །ནུ་ནི་འགག་མེད་ཡེ་ཤེས་ཡིན། །ཡོ་ནི་དབྱིངས་དང་ཡེ་ཤེས་ལ། །ག་ནི་དབྱིངས་དང་ཡེ་ཤེས་གཉིས། །གཉིས་མེད་རང་བྱུང་གསལ་བར་སྤྱོད། །ཨ་ནུ་ཡོ་ག་མ་སྤངས་རྫོགས། །ཨ་ཏི་ཡོ་གའི་རྫོགས་ལུག་ནི། །ཨ་ནི་མ་སྐྱེས་སྙིང་པོའི་གློང་། །ཏི་ནི་ཆོས་ཉིད་མི་འགྱུར་བ། །ཡོ་ནི་ཐེག་པའི་སྤྱི་བསྡུས་ཡིན། །ག་ནི་མི་འགྱུར་ཆོས་ཀྱི་དབྱིངས། །ཨ་ཏི་ཡོ་ག་མ་སྤངས་རྫོགས། །ང་ནི་ཐུགས་རྗེ་ཆེན་པོ་ཡིན། །ཐུགས་ནི་ཆོས་ཉིད་ཟད་མི་ཤེས། །རྗེ་ནི་ཐེག་དགུ་སྤྱི་ཆིངས་ཡིན། །ཆེན་པོ་འགྲན་ཟླ་མེད་པས་ཆེ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་ཐེག་པ་ཐེག་དགུ་མ་སྤངས་ངང་གིས་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཐུགས་རྗེ་ཆེན་པོས་ཡང་གསུངས་པ། །ང་ནི་ཐུགས་རྗེ་ཆེན་པོ་ཡིན། །ཆོས་ཀུན་ཚིག་དང་བརྗོད་པ་མེད། །བརྒྱད་ཁྲི་བཞི་སྟོང་ཐེག་པ་རྫོགས། །མ་བྲིས་དཀྱིལ་འཁོར་རང་གསང་རྫོགས། །དབང་བསྐུར་དབང་དང་རིམ་པ་རྫོགས། །མ་བསྲུངས་དམ་ཚིག་བསྲུང་བྱ་རྫོགས། །མ་བསྒྲུབས་ལྷ་དང་སྙིང་པོ་རྫོགས། །མ་མཆོད་མཆོད་དང་གཏོར་མ་རྫོགས། །མ་བསྟོད་བསྟོད་དང་དགེས་པ་རྫོགས། །མ་བཤགས་བཤག་པ་འགྱོད་ཚངས་རྫོགས། །བྱིན་གྱིས་མ་བརླབས་བྱིན་བརླབས་རྫོགས། །བླ་མེད་དགོས་འདོད་དངོས་གྲུབ་རྫོགས། །མ་མཆོད་ཚོགས་དང་གཏོར་མ་རྫོགས། །མ་བླངས་མ་བསྲུངས་སྡོམ་ཁྲིམས་རྫོགས། །ས་ལམ་མ་བགྲོད་མ་ཕྱིན་རྫོགས། །ཕ་རོལ་ཕྱིན་དྲུག་མ་སྤྱད་རྫོགས། །སྨོན་ལམ་མ་བཏབ་བསམ་དགུ་རྫོགས། །མ་བཏབ་རང་འབྱུང་ཚ་ཙ་རྫོགས། །མ་བསྐོར་ཆོས་དབྱིངས་བསྐོར་བ་རྫོགས། །རང་གསལ་མར་མེ་མ་བཏང་རྫོགས། མ་བཙལ་མཉམ་པའི་ལྷ་ཕྱག་རྫོགས། །སེམས་དཔའ་གཙང་མའི་ཆུ་གཏོར་རྫོགས། །མནོས་ཚད་བསམ་ཚད་ཡོད་ཚད་རྫོགས། །སྣང་སྲིད་སྐྱེ་འགྲོ་མ་བསྐྱེད་རྫོགས། །བྱས་པས་མི་ཟིན་བྱར་མེད་ངང་ལ་མཐར་ལྷུང་གྲོལ་མི་ནུས། །བློས་བཏགས་ཐེག་པ་རིམ་དགུ་ཡང། །རང་ལ་བཞག་ནས་རྒྱང་དུ་བཙལ། །བཙལ་ཀྱང་བསྐལ་པ་བརྒྱར་མི་རྙེད། །དམུན་ལོང་ནམ་མཁའི་མཐའ་ཚོལ་འདྲ། །བློས་བཏགས་ཆོས་རྣམས་མ་ཟད་ན། །ནམས་ཀྱང་འེཁོར་བའི་གནས་སུ་འ་ས། །བློ་འདས་རང་ལ་ཞེན་ཀྱང་བློ་ཆོས་ཡངན། །ཐུགས་རྗེ་ཆེན་པོའི་དགོངས་པ་ཐེག་པའི་རྩ་་མོ་ཡངན། །སྣང་སྲངད་ཆོས་རྣམས་རང་གྲོལ་བས་ལྟ་བའི་རྩེ་མོ་ཡངན། །ཆོས་རྣམས་གྲུབ་མཐའ་མེད་པས་ཐེག་པའི་རྩེ་མོ་ཡངན། །བློ་ཟད་རྣམ་རྟོག་ཟད་པས་ཐེག་པའི་རྩེ་མོ་ཡངན། །ཐེག་པའི་འཇུག་སྒོ་མེད་པས་ཐེག་པའི་རྩེ་མོ་ཡངན། །ཐེག་པ་རིམ་དགུའི་རྩེར་ཕྱངན་རྟེན་མེད་ལྟ་བའི་རྩེ་མོ་ཡངན། །ཐེག་པ་རིམ་དགུའི་སྤྱང་བཅངངས་རྟོག་མེད་སྒོམ་པའི་རྩེ་མོ་ཡངན། །ཐེག་པ་རིམ་དགུའི་ཕྱངས་ཕྱུང་བྱར་མེད་སྤྱོད་པའི་རྩེ་མོ་ཡངན། །ཐེག་པ་རངམ་དགུའི་བཅུད་བསྡུས་རེ་མེད་འབྲས་བུའི་རྩ་མོ་ཡངན། ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་ལྟ་བ་དགུའི་རྩེ་མོར་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྒྲངབ་པ་རྣམ་སེལ་སྟན་ལས་ལངས་ནས། ཕྱག་བཙལ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །ཐེག་དགུའི་རྩེ་མོའི་ལྟ་བ་གསུངས། །དེ་ལས་མཐོ་བ་ཡོད་དམ་མེད། །ཐུགས་རྗེ་ཆེན་པོས་འདི་སྐད་གསུངས། །ང་ཡི་ལྟ་བ་དཔག་མི་ལང་། །ཐེག་པ་ཀུན་གྱི་ཡང་རྩེ་ཡིན། །ལྟ་བ་མཐོ་བའི་སྤྱི་གནོན་ཡིན། །བསྒོམ་པ་མཁན་གྱི་གཉེན་པོ་ཡིན། །སྤྱོད་པ་མཁན་གྱི་སུན་འབྱིན་ཡིན། །འབྲས་བུ་འདོད་པའི་ཕྱག་མ་ཡིན། །སངས་རྒྱས་ཐུགས་ཀྱི་དགོངས་པ་ཡིན། །བདེན་པ་གཉིས་སུ་འདོད་པ་ཡི། །བྱང་ཆུབ་སེམས་དཔས་དེ་མི་མཐོང་། །ཡུལ་སེམསགཉིས་སུ་འདོད་པ་ཡི། །ཉན་ཐོས་པ་ཡིས་དེ་མི་མཐོང་། །གཟུང་འཛིན་གཉིས་སུ་འདོད་པ་ཡི། །རང་སངས་རྒྱས་ཀྱིས་དེ་མི་མཐོང་། །དག་པ་རྣམ་གསུམ་སྤྱོད་པ་ཡི། །ཀྲི་ཡ་པ་ཡིས་དེ་མི་མཐོང་། །ལྟ་སྤྱོད་འབྲེལ་པར་འདོད་པ་ཡི། །ཨུ་པ་ཡ་ཡིས་དེ་མི་མཐོང་། །སྐྱེ་འགག་གཉིས་སུ་འདོད་པ་ཡི། །ཡོ་ག་པ་ཡིས་དེ་མི་མཐོང་། ཐབས་དང་ཤེས་རབ་གཉིས་འདོད་པའི། །མ་ཧྭ་ཡོ་གས་དེ་མི་མཐོང་། དབྱིངས་དང་ཡེ་ཤེས་གཉིས་འདོད་པའི། །ཨ་ནུ་ཡོ་གས་དེ་མི་མཐོང་། ཐམས་ཅད་ཆོས་སྐུར་འདོད་པ་ཡི། །ཨ་ཏི་ཡོ་གས་དེ་མི་མཐོང་། །རང་ལྟ་མངོན་པར་ཞེན་པས་དེ་མི་མཐོང་། །གཞན་ལྟ་རྒྱབ་ཀྱིས་ཕྱོགས་པས་དེ་མི་མཐོང་། །སངས་རྒྱས་ཐུགས་ཀྱི་དགོངས་པ་ནི། །ཐེག་པ་ཀུན་གྱི་ཡང་རྩེ་ཡིན། །རང་སེམས་ཆོས་སྐུ་དངོས་མེད་ལ། །རིག་པའི་མིང་འདོགས་མ་བྱེད་ཅིག །ལྟ་ལྷ་པོ་རུ་མ་སེམས་ཤིག །བསྒོམ་སྒོམ་པོ་རུ་མ་སེམས་ཤིག །སྤྱོད་སྤྱོད་པོ་རུ་མ་སེམས་ཤིག །བསྒྲུབ་བསྒྲུབ་པོ་རུ་མ་སེམས་ཤིག །ཐོབ་ཐོབ་པོ་རུ་མ་སེམས་ཤིག །སྟོང་སྟོང་པོ་རུ་མ་སེམས་ཤིག །གསལ་གསལ་པོ་རུ་མ་སེམས་ཤིག །བདེ་བདེ་པོ་རུ་མ་སེམས་ཤིག །ལྷན་ལྷན་པོ་རུ་མ་སེམས་ཤིག །ཙེན་ཙེན་པོ་རུ་མ་སེམས་ཤིག །གནས་གནས་པོ་རུ་མ་སེམས་ཤིག །ལྷོད་ལྷོད་པོ་རུ་མ་སེམས་ཤིག །སེམས་ཀྱིས་བསམས་སོ་མ་སེམས་ཤིག །བློ་ཡིས་བཅོས་སོ་མ་སེམས་ཤིག །སངས་རྒྱས་དགོངས་པའི་ཡང་རྩེ་ནི། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །སྨྲ་བརྗོད་མེད་པའི་ངང་ལ་ཞོག །བསྟན་དུ་མེད་པའི་བྱང་ཆུབ་སེམས། །བློ་ལས་འདས་པའི་ངང་ལ་ཞོག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །བལྟ་བྱ་ལྟ་བྱེད་མེད་པར་ཞོག །བསམ་དུ་མེད་པའི་བྱང་ཆུབ་སེམས། །བསྒོམ་དུ་མེད་པའི་ངང་ལ་ཞོག །སྤྱད་དུ་མེད་པའི་བྱང་ཆུབ་སེམས། །བྱ་བཙལ་མེད་པའི་ངང་ལ་ཞོག །བསྒྲུབ་ཏུ་མེད་པའི་བྱང་ཆུབ་སེམས། །རེ་དོགས་བསྒྲུབ་མེད་ངང་ལ་ཞོག །བསྲུང་དུ་མེད་པའི་བྱང་ཆུབ་སེམས། །བསྲུང་མེད་དྲི་མེད་ངང་ལ་ཞོག །བྱ་བཙལ་བྲལ་བའི་བྱང་ཆུབ་སེམས། །བྱར་མེད་སྤྲོས་པའི་ངང་ལ་ཞོག །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །སྤྲོས་བྲལ་ཆོས་ཉིད་ངང་ལ་ཞོག །གཞག་པར་བྱེད་པ་བཞག་པ་མེད། །ལྟ་རུ་མེད་དེ་ལྟ་བ་ཁྱད་པར་འཕགས། །བསྒོམ་དུ་མེད་དེ་སྒོམ་པ་ཁྱད་པར་འཕགས། །སྤྱད་དུ་མེད་དེ་སྤྱོད་པ་ཁྱད་པར་འཕགས། །བསྒྲུབ་ཏུ་མེད་དེ་འབྲས་བུ་ཁྱད་པར་འཕགས། །བསྲུང་དུ་མེད་དེ་དམ་ཚིག་ཁྱད་པར་འཕགས། །བཙལ་དུ་མེད་དེ་སྤྱོད་པ་ཁྱད་པར་འཕགས། །གང་ཡང་བྱར་མེད་ཡང་རྩེ་ཁྱད་པར་འཕགས། །བྱ་བ་ཐམས་ཅད་བཏང་ནས་ནི། །བྱ་མེད་ངང་ལ་གནས་པར་བྱ། །རང་ཉིད་རང་སར་ངང་གིས་གནས། །བསྒྲུབ་ཏུ་མེད་དེ་ཡེ་ནས་གྲུབ། །རེ་མེད་རང་གནས་ཆོས་སྐུ་ཡིན། །དེ་ལས་སྤགས་ས་ག་ལ་ཡོད། །ཅེས་གསུངས་སོ། །ལྟ་བ་མཐར་ཐུག་ཐུགས་རྗེ་ཆེན་པོའི་དགོངས་པ། སྤགས་ཤིང་འདུས་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་འདི་སྐད་ཞུས། །ཨེ་མ་འོ། ཐུགས་རྗེའི་བདག་ཉིད་སྙིང་རྗེ་ཆེ། །ཐུགས་དགོངས་ནམ་མཁའི་མཐའ་དང་མཉམ། །ལྟ་བའི་ཡང་རྩེ་ཁྱད་དུ་འཕགས། །དེ་ལས་དཔག་ཏུ་ཡོད་དམ་མེད། །ཐུགས་རྗེ་ཆེན་པོས་ཡང་གསུངས་པ། །ཨེ་མ་འདུས་པའི་འཁོར་ཚོགས་རྣམས། །ལྟ་བ་ཡང་ཐོག་ཁྱད་པར་འཕགས། །སྐུ་གསུམ་བསྒྲུབས་པས་སངས་མི་རྒྱ། །མ་བསྒྲུབས་རང་སར་རང་གྲོལ་ཞོག །སེམས་དང་རིག་པ་ཡིད་དང་གསུམ། །མ་སྤངས་མ་བླང་རང་སར་ཞོག །རིག་པ་སྟོང་པ་གཉིས་མེད་གསུམ། །མ་སྤངས་མ་བླང་རང་སར་ཞོག །སྣང་བ་སྟོང་པ་གཉིས་མེད་གསུམ། །མ་སྤངས་མ་བླང་རང་སར་ཞོག །ཚིག་དང་མཚོན་པ་བཏགས་པ་གསུམ། །མ་སྤངས་མ་བླང་རང་སར་ཞོག །བླང་བྱ་དོར་བྱ་འཛིན་བྱ་གསུམ། །མ་སྤངས་མ་བླང་རང་སར་ཞོག །རྩོལ་དང་བསྒྲུབ་དང་དོར་དང་གསུམ། །སྤང་བླ་མ་བྱེད་རང་སར་ཞོག །སྣང་བ་བཏགས་པ་ཞེན་པ་གསུམ། །སྤང་བླང་མེད་པར་རང་སར་ཞོག །མིང་དང་བཏགས་པ་བློ་བཏགས་གསུམ། །སྤང་བླང་མེད་པར་རང་སར་ཞོག །བློ་ཡུལ་ཡིད་སྨོན་མེད་གཟུག་གསུམ། །སྤང་བླང་མེད་པར་རང་སར་ཞོག །རྩོལ་བྱས་རྩོལ་མེད་ཡིད་སྨོན་གསུམ། སྤང་བླང་མ་བྱེད་རང་སར་ཞོག །གྲུབ་འདོད་ཐོབ་འདོད་རེ་འདོད་གསུམ། །སྤང་བླང་མ་བྱེད་རང་སར་ཞོག །རྟོག་ཚོགས་གཟུང་འཛིན་ཆགས་ཞེན་གསུམ། །སྤང་བླང་མ་བྱེད་རང་སར་ཞོག །དེ་གསུམ་བསྒྲུབས་པས་སངས་མི་རྒྱ། །སྤང་བླང་མ་བྱེད་རང་སར་ཞོག །དགག་བསྒྲུབ་སྤོང་ལེན་བླང་དོར་གསུམ། །སྤང་བླང་མ་བྱེད་རང་སར་ཞོག །ཡི་གེ་ཚིག་དང་མིང་དང་གསུམ། །སྤང་བླང་མ་བྱེད་རང་སར་ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །གཞག་དང་མ་བཞག་གང་ཡང་མེད། །བལྟ་རུ་མེད་པའི་ལྟ་བ་ལྟོས། །མཐོང་དུ་མེད་པའི་ཆོས་ཉིད་རང་བྱུང་མཐོང་། །སྒོམ་དུ་མེད་པའི་སྒོམ་པ་སྒོམ། །ཞི་རྒྱུ་མེད་པའི་རྣལ་འབྱོར་ངང་ལ་ཞི། །སྤྱད་དུ་མེད་པའི་རང་བཞིན་དོན་ལ་སྤྱད། །བྱ་བ་མེད་པའི་མ་བཅོས་རྣལ་མ་གྲུབ། །བསྒྲུབ་ཏུ་མེད་པའི་འབྲས་བུ་རང་བསྒྲུབས་པས། །སྐྱེ་འགག་མེད་པའི་ཆོས་ཉིད་མངོན་དུ་གྱུར། ཁྲར་དུ་མེད་པའི་ཡེ་ཤེས་ཉི་མ་ཤར། །སངས་དུ་མེད་པའི་མ་རིག་མུན་པ་སངས། །མི་འགྱུར་གདེང་དང་ལྡན་པས་སྣང་སྲིད་རྒྱ་ཡིས་ཐེབས། །སྐྱེ་མེད་ཀློང་ནས་འགྱུ་མེད་ཆོས་སྐུ་ཐོབ། །སྣང་གསལ་དངོས་མེད་ལོངས་སྤྱོ་རྫོགས་སྐུར་གྲུབ། །སྣ་ཚོགས་གཉིས་མེད་ཐུགས་རྗེ་སྤྲུལ་པའིསྐུ། །སྐུ་གསུམ་དབྱེར་མེད་གཅིག་སྟེ་བདེ་བ་ཆེན་པོའི་སྐུ། །དོན་ལ་ཆོས་ཉིད་ངང་ལས་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ། །སྐུ་ལྔ་ཐོབཏུ་མེད་པའི་ཚུལ་གྱིས་ཐོབ་པ་ལས། །སངས་རྒྱས་ཞེས་སུ་མིང་དུ་དེ་ལ་བཏགས། །ང་ཡི་ལྟ་བ་ཡང་ཐོག་ཁྱད་དུ་འཕགས། །དུས་གསུམ་སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །ང་ཡི་ལྟ་བ་དེ་ལས་སྤོག་མི་འགྱུར། །ཞེ་གསུངས་སོ། །ཐུགས་རྗེ་ཆེན་པོའི་ལྟ་བ་ཡང་ཐོག་གི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།། །།དེ་ནས་ཐུགས་རྗེ་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་ཡང་ཞུས་པ། ཆོས་དབྱིངས་མཉམ་པ་རིས་མེད་ལས། །འགྲོ་དྲུག་སྣང་ཚུལ་དྲུག་ཏུ་ཤར། །འཁོར་བ་ཐོག་མཐའ་མེད་པར་འཁོར། །འཁོར་བའི་ཐོག་མཐའ་ཇི་ལྟར་བཅད། །ཐུགས་རྗེ་ཆེན་པོས་འདི་སྐད་གསུངས། །ཐོག་མ་ཀུན་གཞི་འཁོར་འདས་ཀློང་ཆེན་དེ། །རྒྱུ་ཡིས་མི་བསྐྱེད་རྐྱེན་གྱི་མི་འཇིག་པར། །ངོ་བོ་མི་འགྱུར་རང་བཞིན་མ་བཅོས་པ། །མིག་མེད་བརྗོད་མེད་བཏགས་པའི་གཞི་ཡང་མེད། །སྨྲ་མེད་བརྗོད་མེད་མཚོན་པའི་གཞི་ཡང་མེད། །མཐའ་མེད་དབུས་མེད་ཕྱོགས་མཚམས་ཡོངས་དང་བྲལ། །འཁོར་མེད་འདས་མེད་སངས་རྒྱས་སེམས་ཅན་མེད། །བདེ་མེད་སྡུག་མེད་གཉིས་སྣང་གང་ཡང་མེད། །འཁོར་འདས་གཉིས་ཀའི་གཞི་ལ་མིང་བཏགས་མེད། །འགྲོ་དྲུག་འཁོར་བའི་སྣང་ཚུལ་ནི། །གཞི་ཡི་ཆོས་ཉིད་མ་རིག་པ། །མེད་ལ་ཡོད་པའི་ངོ་བོ་བྱུང་། །མིན་པའི་དོན་ལ་ཡིན་པར་བཟུང་། །མི་རྟག་པ་ལ་རྟག་པར་བཟུང་། །གཉིས་མེད་དོན་ལ་གཉིས་སུ་བཟུང་། །སྡུག་བསྔལ་རྣམས་ལ་བདེན་པར་བཟུང་། །ཕྱོགས་རིས་མེད་ལ་དགྲ་གཉེན་བཟུང་། །དེ་ལ་སོགས་པ་ཡིད་བཟུང་གིས། །རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་། །རིགས་དྲུག་ཁམས་གསུམ་འཁོར་བར་འཁོར། །ལྷ་ཡི་ལོངས་སྤྱོད་བདེ་བ་དང་། །ལྟུང་བའི་སྡུག་བསྔལ་ཡིད་འཁྲུལ་སྣང་། །ལྷ་མིན་དྲག་རྩལ་ལོངས་སྤྱོད་དང་། །འཐབ་རྩོད་འཆི་འཕོ་ཡིད་འཁྲུལ་ཡིན། །མི་ཡི་དགའ་བདེ་ལོངས་སྤྱོད་དང་། །འཕོ་འགྱུར་འཆི་ས་ཡིད་འཁྲུལ་ཡིན། །བྱོལ་སོང་གླེན་ལྐུགས་བཀོལ་སྤྱད་དང་། །གསོད་གཅོད་རྡེག་སྤྱོད་ཡིད་འཁྲུལ་ཡིན། །ཡི་དགས་བཀྲེས་སྐོམ་ཟས་མི་རྙེད། །དེ་ཡང་ཡིད་འཁྲུལ་སྣང་བ་ཡིན། །དམྱལ་བ་ཚ་གྲང་སྡུག་བསྔལ་ཡང་། །དེ་ཡང་ཡིད་འཁྲུལ་སྣང་བ་ཡིན། །སྡུག་བསྔལ་གཞན་ལས་འབྱུངས་ས་མེད། །གཞན་གྱིས་བྱས་ནས་བྱུང་བ་མེད། །རང་གིས་མ་རིག་རྨོངས་པ་ཡིས། །ཡིད་སེམས་ངོ་མ་ཤེས་པས་ལེན། །སྡུག་བསྔལ་སྣ་ཚོགས་ཡིད་ཀྱིས་མྱོང་། །འཁོར་བའི་ཐོག་མ་དེ་ལྟར་བྱུང་། །འཁོར་བའི་ཐ་མ་གཅོད་པའི་དུས། །འགྲོ་བའི་མི་ལུས་ཐོབ་ཙ་ན། །ཀུན་གཞིའི་སེམས་ཀྱི་གནས་ལུགས་ལ། །དངོས་མེད་གཟུགས་མེད་ཁ་དོག་མཚོན་པ་མེད། །ཆོས་དབྱིངས་སྤྲོས་པ་མེད་པ་བྱང་ཆུབ་སེམས་ཤེས་བྱ། །འདས་པའི་སངས་རྒྱས་ཀུན་གྱི་གཞི་མ་ཡིན། །དེ་ལས་རྩལ་གྱི་རིག་པ་མ་འགགས་པ། །གཞི་ཡི་རླུང་གི་ཡིད་ཀྱི་འགྱུ་བ་བསྐྱོད། །རྣམ་ཤེས་དབང་པོ་ལྔ་ཡི་སྒོར་ཞུགས་ནས། །དུག་ལྔ་རྣམ་རྟོག་ཡིད་ཀྱི་དྲན་རིག་སྐྱེས། །ཆགས་སྡང་མིང་བཏགས་སྣ་ཚོགས་རྗེས་ཕྱིར་འབྲེང་། ཁམས་གསུམ་འཁོར་བར་སྐྱེ་བའི་འགྲམ་གཞི་བཙུགས། །འཁོར་བར་སྐྱེ་བ་ད་རེས་གཅོད། །གཡོས་པ་མེད་པ་ཆོས་དབྱིངས་གློང་ཆེན་སྟོང་ར་དེར། །ཡིད་རིག་དྲན་སེམས་དུག་ལྔ་ཀློང་དུ་ཐིམ། །མིང་ཚིག་བཏང་སྣང་ཐམས་ཅད་ཀློང་དུ་ཐིམ །གཟུང་འཛིན་བླང་བྱ་དོར་བྱ་ཐམས་ཅད་ཀློང་དུ་ཐིམ། །གཉིས་འཛིན་ཆགས་འཛིན་ཐམས་ཅད་ཀློང་དུ་ཐིམ། །དྲན་ཚད་འགྱུས་ཚད་ཐམས་ཅད་ཀློང་དུ་ཐིམ། །སྨྲས་ཚད་བརྗོད་ཚད་གླེངས་ཚད་ཀློང་དུ་ཐིམ། །མཐོང་ཚད་ཐོས་ཚད་དྲན་ཚད་ཀློང་དུ་ཐིམ། །བཏགས་སྣང་བློ་ཡུལ་ཐམས་ཅད་ཀློང་དུ་ཐིམ། །དགག་བསྒྲུབ་སྤོང་ལེན་ཐམས་ཅད་དབྱིངས་སུ་ཐིམ། །དཔེར་ན་ཅི་དང་འདྲ་ཞེ་ན། མ་ཡི་པང་དུ་བུ་ཐིམ་འདྲ། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཆུ་ལ་ཆུ་བུར་ཐིམ་པ་འདྲ། །ཡུར་ཆུ་རྒྱ་མཚོར་བསླེབ་པ་འདྲ། །འཁྱག་པ་ཆུ་རུ་ཞུ་བ་འདྲ། །ཆར་པ་མཚོ་ལ་བབ་པའདྲ། །མཁའ་ལ་གཞའ་ཚོན་ཐིམ་པ་འདྲ། །སྤྲིན་ཚོགས་ནམ་མཁར་ཡལ་བ་འདྲ། །ཆུ་ནང་ཟླ་བ་ཤར་བ་འདྲ། །འོ་མ་ཆུ་དང་འདྲེས་པ་འདྲ། །ཆོས་ཉིད་མ་ཡི་ཀློང་ཆེན་ནས། །རིག་རྩལ་མ་འགགས་བུ་སྐྱེས་པ། །མ་ལ་བུ་སྐྱེས་མ་ལ་ཐིམ། །མ་དང་བུ་རུ་དབྱེར་མི་ཕྱེད། །མ་ལ་བུ་ཐིམ་ཡེ་སངས་རྒྱས། །རྣམ་རྟོག་རང་སར་གྲོལ་བས་སྤྲུལ་པའི་སྐུ། །རང་བཞིན་རང་ས་ཟིན་པས་ལོངས་སྦྱོད་རྫོགས་པའི་སྐུ། །སྐྱེ་མེད་རང་ས་ཟིན་པའི་ཆོས་ཀྱི་སྐུ། །སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་སྐུ། །རང་སེམས་རང་གིས་རྟོགས་པས་ངོ་བོ་ཉིད་ཀྱི་སྐུ། །སྐུ་ལྔ་རང་ཆས་ཡོད་པར་རྟོགས་པས་འཁོར་བའི་མཐའ་མ་ཆོད། །ཅེས་གསུངས་སོ། །འཁོར་བ་ཐོག་མཐའ་གཅོད་པའི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།དེ་ནས་ཐུགས་རྗེ་ཆེན་པོས་སྤྲོས་པ་གཅོད་པ་ལ་བཟླ་བ་འདི་གསུངས་སོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ང་ཡི་དགོངས་པ་སྤག་མི་ལང་། །འཆར་སྒོ་ཡེ་ཤེས་མེད་པར་སྤྲོས་པ་ཆོད། །འཁྲུལ་སྒོ་མ་རིག་མེད་པར་སྤྲོས་པ་ཆོད། །འཁོར་འདས་གཉིས་སུ་མེད་པར་སྤྲོས་པ་ཆོད། །དངོས་པོ་དངོས་མེད་མེད་པར་སྤྲོས་པ་ཆོད། །རིག་དང་མ་རིག་མེད་པར་སྤྲོས་པ་ཆོད། །འགྱུར་མེད་མི་འགྱུར་མེད་པར་སྤྲོས་པ་ཆོད། །བརྟགས་དང་མ་བརྟགས་མེད་པར་སྤྲོས་པ་ཆོད། །དབྱེ་དང་མི་དབྱེ་མེད་པར་སྤྲོས་པ་ཆོད། །དགག་དང་མི་དགག་མེད་པར་སྤྲོས་པ་ཆོད། །སྤང་དང་བླང་བ་མེད་པར་སྤྲོས་པ་ཆོད། །གཟུང་དང་འཛིན་པ་མེད་པར་སྤྲོས་པ་ཆོད། །བྱ་དང་མི་བྱ་མེད་པར་སྤྲོས་པ་ཆོད། །བགྲོད་དང་མི་བགྲོད་མེད་པར་སྤྲོས་པ་ཆོད། །བཞག་དང་མ་བཞག་མེད་པར་སྤྲོས་པ་ཆོད། །གྲུབ་དང་མ་གྲུབ་མེད་པར་སྤྲོས་པ་ཆོད། །གནས་དང་མ་གནས་མེད་པར་སྤྲོས་པ་ཆོད། །བཏང་དང་མ་བཏང་མེད་པར་སྤྲོས་པ་ཆོད། །ཡིན་དང་མིན་པ་མེད་པར་སྤྲོས་པ་ཆོད། །གསལ་དང་མི་གསལ་མེད་པར་སྤྲོས་པ་ཆོད། །རྟོག་དང་མི་རྟོག་མེད་པར་སྤྲོས་པ་ཆོད། །བདེ་དང་མི་བདེ་མེད་པར་སྤྲོས་པ་ཆོད། །མི་སྤང་སྤོང་བ་མེད་པར་སྤྲོས་པ་ཆོད། །མི་ཐོབ་ཐོབ་པ་མེད་པར་སྤྲོས་པ་ཆོད། །སྣང་དང་མི་སྣང་མེད་པར་སྤྲོས་པ་ཆོད། །སེམས་དང་མི་སེམས་དྲན་ཚད་སྤྲོས་པ་ཆོད། །ཡིད་དང་མི་ཡིད་འཀྱུས་ཚད་སྤྲོས་པ་ཆོད། །བློ་དང་མི་བློ་སྤྲོས་ཚད་སྤྲོས་པ་ཆོད། །བསམས་དང་མི་བསམ་དྲན་ཚོགས་སྤྲོས་པ་ཆོད། །བཏག་དང་མི་བཏག་ཡིན་མིན་སྤྲོས་པ་ཆོད། །ལྟ་དང་མི་བལྷ་མེད་པར་སྤྲོས་པ་ཆོད། །བསྒོམ་དང་མི་བསྒོམ་མེད་པར་སྤྲོས་པ་ཆོད། །སྤྱོད་དང་མི་སྤྱོད་མེད་པར་སྤྲོས་པ་ཆོད། །ཐོབ་དང་མ་ཐོབ་མེད་པར་སྤྲོས་པ་ཆོད། །བསམས་དང་མི་བསམ་དྲན་རྟོག་མེད་པར་སྤྲོས་པ་ཆོད། །ཅེས་སུངས་སོ། །གཉིས་སྣང་ཐམས་ཅད་ཀྱི་སྤྲོས་པ་བཅད་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།ཐུགས་རྗེ་ཆེན་པོས་ཡང་གསུང་པ། །ང་ཡི་ལྟ་སྒོམ་སྤྱོད་འབྲས་ལ། །ཐེག་པ་གཞན་གྱི་སྤག་ཏུ་མེད། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །མི་མཐུན་ལྷ་བ་སོ་སོ་ཡང་། །བརྗོད་ཀྱི་མི་ལང་བསམ་མི་ཁྱབ། །དེ་དག་གང་དང་གང་ལྷ་ཡང་། །ནན་བཏགས་ལྟས་པས་གྲོལ་མི་ནུས། །སེམས་བཏགས་ལྟས་པས་བློ་ཡུལ་རྣམས། །བལྟ་བྱ་ལྟ་བྱེད་གོས་མ་ཐོས་མཁན་རྣམས། །གང་ཡང་མེད་པར་ཁས་ལེན་མེད། །ལྟ་བ་ཞེན་འདོད་མེད་པར་སྤྲོས་པ་ཆོད། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །སྒོམ་པ་མི་མཐུན་སོ་སོ་ཡང་། །བརྗོད་ཀྱི་མི་ལང་བསམ་མི་ཁྱབ། །ཡིད་ཀྱི་བཙོན་བཟུང་གྲོལ་མི་ནུས། །སྒོམ་ཡུལ་སྒོམ་མཁན་སྒོམ་ཉམས་རྣམས། །གང་ཡང་བསྒོམ་དུ་མེད་པ་ནི། །སྒོམ་པ་བློས་སྒོམ་མེད་པར་སྤྲོས་པ་ཆོད། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །མི་མཐུན་སྤྱོད་པ་ཇི་སྙེད་པ། །བརྗོད་ཀྱི་མི་ལང་བསམ་མི་ཁྱབ། །སྤྱད་བྱ་སྤྱོད་བྱེད་སྤྱོད་རྒྱུ་ནི། །ཆེད་བྱེད་སྤྱོད་པས་གྲོལ་མི་ནུས། །སྤྱོད་པ་བྱར་མེད་ཞེན་མེད་ནི། །བྱ་བྲལ་བྱེད་པ་མེད་པར་སྤྲོས་པ་ཆོད། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །འབྲས་བུ་ཐོབ་ལུགས་ཇི་སྙེད་པ། །སྤངས་ནས་སངས་རྒྱས་ཐོབ་དོད་པ། །ཡིད་སྨོན་འབྲས་བུ་གྲོལ་མི་ནུས། །ཆོས་སྐུ་དམིགས་མེད་བསྒྲུབ་ལས་འདས། །འབྲས་བུ་ཐོབ་བྱ་ཐོབ་བྱེད་མེད། །སྤང་ཐོབ་མེད་པར་ཆོས་སྐུ་རང་ལ་གནས། །སྤྲོས་པ་མེད་པས་སྤྲོས་པ་ཆོད། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །དེ་ཡི་མན་ངག་བརྗོད་མི་ལང་། །བློ་ཡིས་འཁྲིད་པའི་གདམས་ལས་གྲོལ་མི་ནུས། །སྙིང་པོ་སྟོང་པ་ཆེན་པོའི་ཀློང་ཡངས་ནས། །སྣང་སྲིད་འཁོར་འདས་ཐམས་ཅད་དེ་ལས་བྱུང་། །བྱུང་ཡང་བྱུང་སྟེ་ཐིམ་ཡང་ཀློང་དུ་ཐིམ། །འཁོར་འདས་རོ་གཅིག་ཐམས་ཅད་ཆོས་ཉིད་ཀློང་། །མན་ངག་རང་སར་གྲོལ་བས་ཡེ་སངས་རྒྱས་པར་བློ་ཐག་ཆོད། །ཅེས་གསུངས་སོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་མན་ངག་བཞིའི་སྤྲོས་པ་བཅད་པའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ། །དེ་ནས་འཇིག་རྟེན་དབང་ཕྱུག་སྟན་ལས་ལངས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ལ་བསྐོར་བ་བྱས་ཏེ། །མདུན་དུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་འོ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ། །ཆོས་སྐུ་སངས་རྒྱས་ཉིད་ཀྱི་གསུངས། །ལོངས་སྐུ་ཐུགས་རྗེ་ཆེན་པོས་གསུང་། །རྒྱུད་འདིའི་མཚན་ནི་ཇི་ལྟར་ལགས། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཨེ་མ་འདུས་པའི་འཁོར་ཚོགས་ཉོན། །རྒྱུད་འདིའི་མཚན་གྱི་རྣམ་གྲངས་ནི། །ཐེག་པ་མ་ལུས་འདི་ལས་བྱུང་། །ཐེག་པའི་སྤྱི་རྒྱུད་ཅེས་ཀྱང་བྱ། །ཐེག་པ་དགུ་ཡི་སྤྱི་བཅིངས་པ། །ཐེག་པ་སྤྱི་བཅིངས་རྒྱུད་ཅེས་བྱ། །ཐེག་པ་དགུ་ཡི་ཡང་རྩེ་ཡང་ཐོག་ཡིན། །ཐེག་དགུའི་ངེས་དོན་རྒྱུད་ཅེས་བྱ། །ཆོས་རྣམས་ཐམས་ཅད་ལ་ཟློ་བས། །ལ་ཟློ་ཆེན་པོའི་རྒྱུད་ཅེས་བྱ། །ཆོས་རྣམས་ཐམས་ཅད་སྤྲོས་གཅོད་པས། །སྤྲོས་གཅོད་ཆེན་པོའི་རྒྱུད་ཅེསབྱ། །འཁོར་བའི་ཐོག་མཐའ་གཅོད་པའི་རྒྱུད་ཅེས་བྱ། །ཐུགས་རྗེ་ཆེན་པོའི་དགོང་པ་ཡིན །ཐུགས་རྗེ་ཆེན་པོ་རང་བྱུང་རྒྱུད་ཅེས་བྱ། །ཐུགས་རྗེ་ཆེན་པོ་དགོངས་པའི་ངང་། །གསལ་དག་ཡེ་ཤེས་སྟོན་པས་ན། །ཡེ་ཤེས་རང་བྱུང་རྒྱུད་ཅེས་བྱ། །ཨོ་མ་ཁི་པཏྲེ་ཧུ༷། ཨོ་ཨུ་ཧུ༷་སྙི༷༷ ཨོ་མ་ཁི་པཏྲེ་ཧུ༷། ཨོ་མ་ཁི་པབླེ་ཧུ༷། དགོས་འདོད་མ་ལུས་འབྱུང་བའི་ཕྱིར། །ནོར་བུ་རིན་ཆེན་རྒྱུད་ཅེས་བྱ། །རྒྱུད་ཀྱི་རྒྱལ་པོ་དོན་ཆེན་འདི། །བྱང་ཆུབ་སེམས་དཔའ་རྣམས་ལ་གཏད། །ཅེས་གསུངས་སོ། །རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ།། །།རྒྱུད་འདིའི་བྱུང་ཚུལ་བསྟན་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས་དང་། །ལོངས་སྐུ་སྤྱན་རས་གཟིགས་དབང་གིས། །ཐུགས་ཀྱི་དཀྱིལ་ནས་སྟོན་ནས་ནི། །མགུར་གྱི་བུམ་པའི་ནང་དུ་དྲིལ། །ལྗགས་ཀྱི་པདྨའི་རྩེ་ལ་སྟོན། །སྟོང་གསུམ་ཆོས་ཀྱི་སྒྲས་བཀང་ནས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །བྲག་ཕུག་མ་ར་ཏི་ག་མྲ །ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ནས། །ལུང་བསྟན་རྒྱུད་འདི་བཤད་ནས་ནི། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས། །ཐུག་རྗེ་ཆེན་པོས་གཏད་རྒྱ་གསུང་། །ཉོན་ཅིག་སྤྲུལ་སྐུ་པདྨ་རྒྱལ། །རྒྱུད་འདི་གཏད་པའི་གང་ཟག་ནི། །ཕྱོགས་རིས་ཆུང་ལ་དད་པ་ཆེ། །སེར་སྣ་ཆུང་ལ་གཏོག་ཕོད་ཆེ། །ཉོན་མོངས་ཆུང་ལ་ཤེས་རབ་ཆེ། །ཆགས་ཞེན་ཆུང་ལ་དམ་ཚིག་ཆེ། །དེ་ལ་རྒྱུ་འདི་བཤད་ཅིང་གཏད། །དམ་ཚིག་བསྲུང་ཞིང་རྣམ་སྨིན་འཛེམ། །དམ་པ་ཆོས་ཉིད་དོན་དུ་ནི། །ལུས་སྲོག་འཕངས་པ་མེད་པར་གཏོང་། །རིན་ཆེན་ལ་སོགས་འདོད་པའི་ཡོན། །མ་ཆགས་འཕངས་པ་མེད་པར་འབུལ། །དེ་ལ་རྒྱུ་འདི་བཤད་ཅིང་གཏད། །བློ་ཆེ་བློ་ཡངས་བློ་ཟབ་བློ་རྣོ་ལ། །བྱང་ཆུབ་སེམས་ལྡན་འགྲོ་དོན་བརྩོན། །རྒྱུད་འཇམ་ཁོང་ཡངས་ཉམས་སུ་ལེན། །དེ་ལ་རྒྱུད་འདི་བཤད་ཅིང་གཏད། །བླ་མ་གཙུག་འཁུར་དད་གུས་མོས་པས་བསྟེན། །ཡིད་ཆེས་ཐེ་ཚོམ་མེད་པར་བཀའ་བཞིན་བསྒྲུབ། །ཟང་ཟིང་ནོར་ལ་མི་ཆགས་བླ་མའི་ཕྱོགས་སུ་འབུལ། །དགེ་བའི་སེམས་དང་ལྡན་ཅིང་ཕྱི་མ་དོན་དུ་གཉེར། །སྣོད་ལྡན་སྐལ་ལྡན་དེ་ལ་རྒྱུད་འདི་གཏད་ཅིང་བཤད། །རྒྱུ་འདི་མི་བསྟན་སྦ་བ་ནི། ཁྲེས་རབ་ཁ་ཡན་འདོད་པ་ཆེ། །དམ་ཚིག་མེད་ལ་སྙིང་རྗེ་ཆུང་། །གདུང་སེམས་མེད་ལ་གདོང་འདས་བྱེད། །བརྩོན་འགྲུས་ཆུང་ལ་བློ་སྣ་རྒོད། དེ་ལ་རྒྱུད་འདི་མི་བསྟན་ནོ། །དམ་མེད་ང་རྒྱལ་གཡོ་སྒྱུ་ཅན། །སློབ་དཔོན་གསང་ནས་རང་ཆེ་འབྱིན། །རིན་ཆེན་ཡོད་མེད་ཐབས་ཀྱི་འབྲེལ། །མན་ངག་མི་བསྒྲུབ་ཟོང་དུ་འཚོང་། །དེ་ལ་རྒྱུད་འདི་མི་བསྟན་ནོ། །གདམས་ངག་མ་ཐོབ་བར་དུ་ནི། །ངོ་དགའ་ཁ་གསག་གཡོ་སྒྱུས་འབྲེལ། །དམ་མེད་ཁྲེལ་མེད་ཕྱི་མི་འཁོར། །གདུང་སེམས་མེད་པར་མཆེད་གྲོགས་སླུ། །དེ་ལྟ་བུ་ལ་མི་བསྟན་ནོ། །སྣོད་མེད་རྣམས་ལ་བསྟན་གྱུར་ན། །བཀའ་བསྲུང་མཁའ་འགྲོའི་བཀའ་ཆད་འོང་། །སྣོད་དང་ལྡན་པར་གྱུར་པ་ལ། །རིམ་གྱིས་དགོན་པར་ཁྲིད་ནས་ནི། །ལོ་གསུམ་བར་དུ་བརྟགས་ལ་བསྟན། །སྣོད་མཆོག་གསེར་གྱི་བུམ་པ་མྲ །བབ་མཆོག་སེང་གེའི་འོ་མ་བླུག །ཅེས་གསུངས་སོ། །གཏད་རྒྱའི་ལེའུ་སྟེ་སོ་བརྒྱད་པའོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་རང་བྱུང་ཡེ་ཤེས་རྩ་བའི་རྒྱུད་རྫོག་སོ།། །།བདག་ནི་པདྨ་འབྱུང་གནས་ཀྱིས། །སངས་རྒྱས་སྣང་བ་མཐའ་ཡས་དང་། །ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས། །ཕྱི་མ་ཅི་འབྱུང་ད་ལྟ་ཤེས། ཁུད་འདི་འབྱུང་བའི་དུས་ཚོད་ནི། །འབྱག་པ་འབྱག་ཡུལ་བོད་ཁམས་འདིར། །བདེ་གཤེགས་བསྟན་པ་མར་འགྲིབ་པས། །ལྷ་ཁང་འཐབ་ར་འཆའ་བ་དང་། །གཙུག་ལག་མེ་ཡིས་སྲེག་པ་དང་། །དགེ་སློང་སྡེ་འཁྲུག་བྱེད་པ་དང་། །ཆོས་གོས་འོག་ཏུ་མཚོན་འཛུགས་དང་། །བཙུན་པ་བུད་མེད་བསྟེན་པ་དང་། །བཙུན་མ་ཁྱིམ་ཐབ་བྱེད་པ་དང་། །དགེ་སློང་ཚོང་དཔོན་བྱེད་པའི་དུས། །སྔགས་པ་དམ་ཚིག་མི་སྲུང་ཞིང་། །སྐྱེ་བོ་ངོ་ཚ་ཁྲེལ་དང་བྲལ། །ཆོས་མཛད་གཙོ་བོའི་མདུན་ས་འཛིན། །ནོར་དང་བསུད་དང་བྱ་དགའི་ཕྱིར། །མཁན་སློབ་རྒྱལ་ཁྲིམས་ཞལ་ཆེ་གཅོད། །ཆོས་ལྟར་བཅོས་པས་བོད་ཁམས་འགེངས། །སངས་རྒྱས་བསྟན་པ་ཉམས་པའི་དུས། །དེ་ཚེ་ཐུགས་རྗེ་ཆེན་པོ་ཡི། །བོད་ཁམས་འདུལ་བར་བྱེད་པ་ཡི། །སྐུ་གསུང་ཐུགས་རྟེན་རང་བྱུང་འོང་། །ཨོ་མ་ཁི་པབླེ་ཧུ༷། ཨོ་མ་ཁི་པཏྲེ་ཧུ༷། ཁྱད་པར་ཡི་གེ་དྲུག་པས་འདུལ། །སྐལ་ལྡན་ལས་འཕྲོ་ལྡན་པ་དང་། ཁུད་འདི་སྤྲོད་ལ་ཉམས་སུ་ལོང་། །མ་བསྟན་སྒྲོ་སྐུར་གནས་སུ་འགྲོ། །ལྟ་བས་ཐག་ཆོད་གདེང་ལྡན་འགྱུར། །འཁོར་འདས་རྒྱུད་འདིས་ཤན་ཕྱེ་ལ། སངས་རྒྱས་ད་ལྟ་ཉིད་དུ་འགྱུར། །ཆོངས་ཤིག་སྡོམས་ཤིག་སྐལ་ལྡན་རྣམས། །གཏེར་རྒྱ། སྦས་རྒྱ།གཏད་རྒྱ། རྒྱ་གསུམ་བཏབ་པ་ཤོ་ར་རེ། བསྟན་པ་འབྱུང་དུས་སུ་བསྟན་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།གཏེར་རྒྱ། སྦས་རྒྱ། གཏད་རྒྱ། ཨོ་བྱུན་གྱི་མཁན་པོ་ཆེན་པོ་སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཀྱིས་རང་འགྱུར་དུ་གསུངས་པའོ། ཁོ༑ག་སེར་དངོས་ལ་མངའ་བདག་མྱང་གི་གཏེར་མའོ།། །། རྒྱ་གར་སྐད་དུ། ཨུབྱ་བཱ་ལོ་ཀི་ཏེ་ཤྭ་ར་མ་ཧྭ་ཀྭ་རུ་ཁི་ཀ་པ་ཏ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་