Ngb-pt-0689-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སོ། །གོལ་ས་གཅོད་པའི་ལེའུ་སྟེ་དགུ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། ཡང་སྤྲུལ་པདྨ་འབྱུང་གནས་ལ་དངོས་སུ་ཞལ་བསྟན་ནས་བཀའ་ལུང་དུ་གསུངས་པ། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད། །སྩོགས་སྩོགས། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་ལྡེ་བཙན་ལ་རྒྱས་བཏབ་ན་གནས་པའོ། ་༑ སྐུ་རྒྱ། གསུང་རྒྱ། ཐུགས་རྒྱའོ། སྦར་རྗེས་ཅན་ནོ། །སྨྲའོ། །མངའ་བདག་ཆེན་པོའི་གཟིམས་ཁང་དུ་ཤོག་སེར་དངོས་ལ་བཤུས་སོ།། །། ་། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་རྒྱུད། བྲག་ཕུག་མ་ར་ཏི་གར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཚེའི་རིགས་འཛིན་བསྒྲུབས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་གཟིགས་ནས། སློབ་དཔོན་གྱིས་ཞུས་པ། །ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བ་སེམས་ཅན་གྱི་མགོན་དུ་གྱུར་པ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་ཆེན་པོ། མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ། ཁམས་གསུམ་གྱི་སེམས་ཅན་ཐུགས་རྗེ་ཆེན་པོས་གཟིགས་པའི་གཉེན་གཅིག་པོ། འགྲོ་བ་རིགས་དྲུག་གི་མགོན་དང་སྐྱབས་སུ་གྱུར་པའི་ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དགོངས་པ། ལྟ་བ་ཡང་ཐོག་གི་བཀའ་གདམས་ཅིག་ཞུ་འཚལ་ལོ། །ཞེས་ཞུས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་བ། སྐལ་ལྡན་འགྲོ་བའི་དོན་ལ་དགོངས་པོའི་སྤྲུལ་པའི་སྐུ་ཉོན་ཅིག །ཐུགས་རྗེ་ཆེན་པོའི་དགོངས་པ་ལྟ་བ་ཡང་ཐོག །ཆོས་ཐམས་ཅད་ཀྱི་སྤྱི་ཕུད། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས། ཐུགས་རྗེ་ཆེན་པོའི་དགོངས་པ་བཤད་དོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱི་བཀའ་སྩལ་པ། །ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་ཡང་སྙིང་། ཨོ་མ་ཁི་པཏྲེ་ཧུ༷། ཞེ་པའི་ཡང་གེ་དྲུག་པ་འདི་ཡིན་ཏེ། ཨོ་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཡི་གེ་ལྔར་ཤར་བའོ། །མ་ནི་དབྱིངས་ཀྱི་ཐེག་ལེ་ཆེན་པོ་ཆོས་ཀྱི་སྐུ་མ་བཅོས་མཉམ་པ་ཆེན་པོ་ཆོས་ཉིད་ཀྱི་ཀློང་ཆེན་པོ། ཁི་དངོས་པོར་འཛིན་པ་འཁོར་བའི་ཆོས་ཐམས་ཅད་དངོས་མེད་སྟོང་པ་ཆེན་པོར་ལོག་པས་འཁོར་བ་གནས་སྟོངས་པའོ། །པད་གཉིས་སྣང་གི་རྟོག་པ་ཐམས་ཅད་གཉིས་མེད་བདེ་སྟོང་ཟུང་འཇུག་ཏུ་སྤྱད་ནས་ངང་དངས་ཀྱི་དོན་ལ་གནས་པའོ། །མེ་ནི་ཡེ་ཤེས་འོད་གསལ་གྱི་མེ་འོད་ཀྱི་ཉོན་མོངས་པ་དང་རྣམ་པར་རྟོག་པར་འཁོར་བའི་བུད་ཤིང་ཚན་པོ་ཆེ་བསྲེག་ནས་འགྲོ་དྲུག་སྟོངས་པར་བྱེད་པའོ། །ཧུ༷་གིས་ཐུགས་ཆོས་ཉིད་འགྱུར་བ་མེད་པ་སྟོང་པ་ཆེན་པོ་ཐིག་ལེ་ཉག་གཅིག་དུས་གསུམ་འགྱུར་བ་མེད་པར་གནས་པའོ། །སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་རྗེ་ཆེན་པོ་ཐུགས་ཀྱི་ཡང་སྙིང་ཡི་གེ་འབྲུ་དྲུག་གི་དོན་རྟོགས་ན། ཐུགས་རྗེ་ཆེན་པོའིདགོངས་པ་རྟོགས་པ་ཡིན་ཏེ། །ནང་རྟོགས་ན་ནང་སངས་རྒྱས་ལ། ནུབ་རྟོགས་ན་ནུབ་སངས་རྒྱ་བ་ཡིན་ཏེ། འདི་ཡི་དོན་ལ་གནས་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །གཞི་སྙིང་པོའི་དོན་ཡི་གེ་དྲུག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་ཆེན་པོའི་དགོངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོའི་ལྟ་དགོངས་མི་འགྱུར་བའི་དོན་གང་ལགས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ། ཨོ༷་ཐུགས་རྗེ་ཆེན་པོའི་ལྟ་བ་མི་འཆོས་ཏེ། སེམས་གཞི་རྩ་དང་བྲལ་བས་གཞི་ལམ་ལམ། མ་སྒོམ་པས་མི་སྒོམ་སྟེ། སེམས་ཏིང་གསལ་དངས་སངས། ཁི་སྤྱོད་པ་མི་སྤྱད་དེ། བྱར་མེད་ཀྱི་ངང་ལ་ལྷན་ལྷན། པད་འབྲས་བུ་བསྒྲུབ་བྱ་མི་བསྒྲུབ་སྟེ། རེ་མེད་ཀྱི་ངང་ལ་མཉམ་དཀྲིལ་དཀྲིལ། མེ་ཉམས་ལ་འཕེལ་འགྲིབ་མེད་དེ། སེམས་ལ་ཟུག་རྔུ་མེད་པས་བདེ་ལྷན་ལྷན། ཧུ༷་ཐུགས་རྗེ་ཆེན་པོའི་དགོངས་པ་འགྱུར་བ་མེད་དེ། དགོང་པ་ཆོས་ཉིད་ཀྱི་གློང་ན་ཕྱལ་ཕྱལ། ཐུགས་རྗེ་ཆེན་པོའི་དགོངས་པ་ལ། ཡི་གེ་དྲུག་གི་དོན་རྟོག་ན། སངས་སྐད་ཅིག་ལ་རྒྱས་པ་ཡིན་ནོ། །ལྟ་དགོངས་མི་འགྱུར་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨའི་བྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་ཆེན་པོའི་དགོངས་པ་རང་འཁྲུངས་ཀྱི་དོན་གང་ལགས། སངས་རྒྱས་ཀྱིས་གསུངས་པ། ཨོ་ཐུགས་རྗེ་ཆེན་པོའི་དགོངས་པ་ཆོས་ཉིད་བཅོས་པ་མེད་པ་གཞི་ནས་ཤར་བའོ། །མ་འཁོར་འདས་ཐམས་ཅད་སེམས་ལས་བྱུང་བས་ལྷུན་གྱིས་གྲུབ། ཁི་གཉིས་སྣང་བ་རྟོག་པའི་དགག་སྒྲུབ་ཆེན་པོ་མེད་པར་གཉིས་མེད་དབྱིངས་སུ་གྲུབ། པད་འཁོར་འདས་དབྱེ་བ་མེད་པས་གཉིས་མེད་དབྱིངས་སུ་གྲོལ། མེ་བདེ་སྡུག་དགྲ་ཟིན་མེད་པར་མཉམ་ཉིད་དབྱིངས་སུ་བསྲེག །ཧུ༷་སེམས་ཉིད་ཡེ་སངས་རྒྱས་པས་རྡོ་རྗེ་རང་ཞབྲུངས་ཀྱི་སྐུར་གྲུབ། ཐུགས་རྗེ་ཆེན་པོའི་དགོངས་པ་ཡི་གེ་དྲུག་གི་དོན་རྟོགས་ན། ད་ལྟ་ཉིད་དུ་སངས་རྒྱས་པ་ཡིན་ནོ། །དགོངས་པ་རང་འཁྲུངས་ཀྱི་ལེའུ་སྟེ་བཞི་པའོ།། །།སངས་རྒྱ་སྣང་བ་མཐའ་ཡ་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་ཆེན་པོའི་དབང་པོ་ཚོག་དྲུག་གི་དབྱིངས་སུ་གྲོལ་བས། ཚོགས་དྲུག་རང་གྲོལ་གྱི་གོངས་པ་གང་ལགས། སངས་རྒྱས་ཀྱིས་གསུངས་པ། ཨོ་རང་སྣང་དགག་བསྒྲུབ་མེད་པར་མཐོང་བས། ཐུགས་རྗེ་ཆེན་པོའི་སྤྱན་གསལ་སྟོང་དུ་མཐོང་བས་ཡུལ་གཟུགས་མཐོང་བྱེད་མེད་པར་གྲོལ་ལོ། །མ་སྙིང་པོའི་དོན་ཐོས་ནས་གོ་བ། ཐུག་རྗེ་ཆེན་པོའི་སྙན་རང་གསལ་མ་འགགས་པར་ཐོས་པས། ཡུལ་སྒྲ་ཐོས་སར་ཐོས་བྱེད་མེད་པར་གྲོལ་ལོ། །ཁེ་སྐྱེ་མེད་ངང་དུ་ཚོར་བ། །ཐུགས་རྗེ་ཆེན་པོའི་ཤངས་རང་བྱུང་དུ་ཉམས་སུ་མྱོང་བར་ཚོར་ནས་ཡིད་ཚིམ་པ་ཡུལ་དྲི་དྲིས་ཚོར་སར་ཚོར་བྱེད་མེད་པར་གྲོལ་ལོ། །པད་ངང་གིས་གནས་པ་ཕྱི་ནང་གི་སྟོང་པ་རང་བྱུང་གི་ཡེ་ཤེས་སོ། །ཐུགས་རྗེ་མ་ཧྭའི་ཡེ་ཤེས་དྲུག་ངོ་ཤེས་ན་ད་ལྟ་ཉིད་དུ་ཡེ་ཤེས་ནང་ནས་འཆར་བ་ཡིན་ནོ། །ཡེ་ཤེས་རང་འཆར་གྱི་ལེའུ་སྟེ་དྲུག་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་མ་ཧྭའི་ངོ་སྤྲོད་ཇི་ལྟར་ལགས། སངས་རྒྱས་ཀྱིས་གསུངས་པ། ཨོ་འདི་ལྟར་གྱི་སྣང་བ་དབང་པོ་ཚོགས་དྲུག་གི་སྣང་བ་འཛིན་པའོ། །མཁན་པོ་སེམས་ཡིན་པས་སྣང་བ་སེམས་སུ་ངོ་སྤྲད། མ་སེམས་དེ་ཁ་དོག་དང་། དབྱིབས་དང་། མཚན་མ་གང་ཡང་གྲུབ་པ་མེད་པས། དབྱིངས་སྟོང་པར་འདུག་པ་དེ་སེམས་སྟོང་པར་ངོ་སྤྲད། ཁི་སྟོང་པ་དེ་ལ་དམིག་པའི་གཟུང་བྱ་གང་ཡང་མི་འདུག་པས། ཤེས་པ་རྟེན་མེད་དུ་ངོ་སྤྲད། པད་ཕྱི་གཟུང་བའི་ཡུལ་རྟེན་མི་འཆའ། །ནང་འཛིན་པའི་སེམས་ལ་ཞེ་མི་འཛིན། །གཟུང་འཛིན་གཉིས་མེད་ཆོད་པ་དེ་རིག་པ་ཡུལ་མེད་དུ་ངོ་སྤྲད། མེ་རྣམ་རྟོག་དང་དུག་ལྔ་གང་སྐྱེས་ཀྱང་དེ་རང་གཞི་རྩ་སྟོང་པར་ཤེས་པས། རྣམ་རྟོག་ལས་ཡེ་ཤེས་རང་འབྱུང་དུ་འཆར་བས་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ལ་ངོ་སྤྲད། ཧུ༷་སེམས་ངོ་བོ་སྟོང་པ་དེ་ལ་གང་གི་ཡང་རྩི་གཏབ་མི་འདུག་པ་ལ་ངོ་ཤེས་པ་ལ། སྐྱེ་མེད་སྤྲོས་བྲལ་དུ་ངོ་སྤྲད་པ་ཡིན་ནོ། །ཡ་གེ་དྲུག་པ་ཐུགསརྗེམཧྭའིགསུངདུཤར། གསུང་གི་ཡི་གེའི་དོན་རྟོགས་པས་ཐུགས་རྗེ་ཆེན་པོའི་དགོངས་པ་ཤར། བདག་གི་སེམས་དང་ཐུགས་རྗེ་མཧྭའི་ཐུགས་གཉིས་སུ་མེད་པ་ལ་ངོ་སྤྲད་པས། ངོ་སྤྲད་པ་ཙམ་གྱིས་ཐུགས་དང་སེམས་སུ་དབྱེར་མེད་ངོ་སྤྲད་པ་ཡིན་ནོ། །ཞེས་གསུངས་སོ། །ངོ་སྤྲོད་ཀྱི་ལེའུ་སྟེ་བདུན་པའོ།། །།ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་མ་ཧྭའི་དགོངས་པ་མཚན་མ་རང་སར་གྲོལ་བའི་གདམས་པ་ཇི་ལྟར་ལགས།སངས་རྒྱས་ཀྱིས་གསུངས་པ། མཚན་མ་རང་སར་གྲོལ་བའི་མན་ངག་ནམ་མཁའ་སྤྲིན་གྲོལ་བ་ལྟ་བུ་ཡིན་ཏེ། སེམས་ཉིད་སྟོང་པ་ཉིད་ནམ་མཁའི་ལྟ་བུ་ངོས་བཟུང་མེད་པ་ངོ་བོ་སྟོང་པ་དེ་ལ་སྤྲིན་དང་ཁུ་རླངས་ལ་སོགས་པ་བྱུང་ཡང་། སྟོང་པའི་ངང་ནམ་མཁའ་སྟོང་པའི་ངང་ལས་བྱུང་། སླར་གསལ་ཡང་གང་དུ་ཡང་གསལ་བ་མེད་པ་ནམ་མཁའི་ངང་དུ་དང་ས་པ་དང་འདྲ་བར། ད་ལྟར་གྱི་དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་རང་སྣང་ཡིན་པས། མཚན་མ་དེ་བཞིན་དུ་མ་གྱུར་བར་རབ་ཏུ་དག་པས། མཚན་མར་སྣང་བ་ཉིད་རང་བྱུང་ཡེ་ཤེས་སུ་སྣང་བ་ལས། །གསལ་བ་ལས་མི་གཡོ་བར་བསྒོམ་མོ། །དེ་ལྟར་གསལ་བའི་ཐུགས་རྗེ་མ་ཧྭ་དེ་བསྒོམ་པའི་རྣལ་འབྱོར་པས། ངག་ཨོ་མ་ཁི་པབླེ་ཧུ༷། ཞེས་བགྲང་། ཐེག་པ་ཞན་ལྟར་མཚན་མ་ཅིར་སྣང་ཡང་སྐྱོན་དུ་མ་ལྟ། མཚན་མ་མེད་པ་ལ་རྦད་ཀྱིས་བཅད་དོ། །མཚན་མ་རང་སར་གྲོལ་བའི་ལེའུ་སྟེ་བརྒྱད་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེའི་མ་ཧྭའི་དགོངས་པ། ཏིང་ངེ་འཛིན་འབྱུང་འཇུག་མེད་པའི་དགོངས་པ་ཇི་ལྷར་ལགས། སངས་རྒྱས་ཀྱིས་གསུངས་པ། ཏིང་ངེ་འཛིན་འབྱུང་འཇུག་མེད་པའི་དགོངས་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ། རིན་པོ་ཆེའི་གསེར་གླིང་ན་རི་བྲག་དང་ས་གཞི་ཐམས་ཅད་གསེར་དུ་སོང་བ་དང་། སྣང་བ་ཐམསཅད་གསེར་དུ་མ་གྱུར་པ་མེད། དུས་ཐམས་ཅད་དུ་གསེར་དུ་གསལ་བ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་མ་བཅོས་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས། དགོངས་པ་གཞན་དུ་མ་གཡོས་པར་འདུག་པས། སྒོམ་པ་ལས་འགྱུར་བ་མེད་པའི་དོན་ཡང་དག་པ་གཅིག་ཏུ་བལྟས་ནས་བློས་ཉམས་སུ་ལོན་པ་དང་། འཇོག་པ་མེད་པས་སྒོམ་པ་འཇུག་པ་མེད་དོ། །དུས་དང་གནས་སྐབས་ཐམས་ཅད་སེམས་ཆོས་ཉིད་ངང་དུ་གནས་པ་ཡིན་ནོ། །ཏིང་ངེ་འཛིན་ལས་འབྱུང་འཇུག་མེད་དོ། དེ་ལྟར་གསལ་བའི་ཐུགས་རྗེ་ཆེན་པོ་སྒོམ་པའི་རྣལ་འབྱོར་པས། །ངག་ཨོ་མ་ཁི་པརླེ་ཧུ༷། ཞེས་བཟླས་པས་ཐེག་པ་གཞན་ལྟར་བསྒོམ་པའི་ཐུན་མཚམས་གཟུང་བ་དང་། ཏིང་ངེ་འཛིན་ལ་སྒྲིབ་དང་གཡེལ་བའི་ཡུལ་སྤང་བ་དང་། རྩོལ་བ་བྱ་མི་དགོས་པ་ལ་རྦད་ཀྱིས་གཅོད་དོ། །ཏིང་ངེ་འཛིན་འབྱུང་འཇུག་མེད་པའི་དགོངས་པའ་ལེའུ་སྟེ་དགུ་པའ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱས་ཞུས་པ།སངས་་ས་ཀྱིས་བསུངས་པ། ཆོས་ཉིད་ཐུག་ཕྲད་ཀྱི་དགོངས་པ་ཆོས་ཉིད་ཐུག་ཕྲདརྒྱལ་པོ་མཐོང་བ་ལྟ་བུ་ཡིན་ཏེ། རྒྱལཔོ་མཐོང་ན་མི་གཞན་པ་ལྷག་པ་གཉན་པ་ཡིན་པར་སྐྱེ་བ་ལྟར། བྱང་ཆུབ་ཀྱི་སེམས་རྟོག་པའི་བརྗོང་བིས་ཟིསྣོ་ན། དངོས་པོ་ཅི་་ངདྨ་མསྒྲོང་ཅི་ཚོཇི་ཅི་རྒྱུང་ཅི་ཕྲད་ཡང་བར་རྣམ་རྟོག་གིས་མ་ཆོད་པར་ཅིར་སྣང་སེམས་དུ་ཤེས་པ། སེམས་ཀྱི་ངོ་བོ་སྟོང་པར་གསལ་བས་ཆོས་ཉིད་ཀྱི་དགོངས་པའོ། །སྣང་བ་ལ་པོསྐྱུ་།ང་མ་།ལ་བརྗོ །་རྗོ་བ་ཆོས་ཉི་ང་ང་་ར་བས་ཆོས་ཉིཇོ་ཐུབ་ཕྲད་ད་འཆར་བ་སྤྲོན་ནོ། །དེ་ལྟར་རྟོགས་རྟོགས་པའི་ཐུགས་ཇེ་མ་ཧྭ་སྒོམ་པའི་རྣལ་འབྱོར་པས་ངག་ཨོ་མ་ཁི་པརླེ་ཧུ༷། ཞེས་ཐེག་པ་གཞན་ལརཀྱ་ངརྫིསྣྲུ་པོ༷་བལྔས་ཏྣས་ལོང་བ་ཛོང་།།་དེ་རྨི་ཡིན་པའི་ཕ་་རོརྨི་ནཇོ་ཆོཇོ་་ཉིད་ལྟ་བ་ཅིགལོགས་ན་ཛིད་ཐོ་མ་ཡིན་པས། ཀུན་གྱིས་བྱང་ཞིང་དོན་དམ་པ་ལ་རྩོལ་སྒྲུབ་བྱམི་དགོས་པ་ལ་རྦད་ཀྱི་གཅོད་དོ། །ཆོས་་ ་ ། ་ ་ང་ ་ངས་།པའི་ལེ ་ ་།བ ་པཛི ། སངས་ ས་ ང་བ་མཐའ་ཡས་ལ ཡ་ང་ ལ་པདྨ་ ང་ ནས་ཀྱིས་ ས་པ། ཐུགསརྗེམཧྭའིདགོངསཔ་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ཇི་ལྟ་བུལགས།སངས་རྒྱས་ཀྱིས་གསུངས་པ། རྣམ་རྟོག་ཡེ་ཤེས་སུ་འཆར་བའི་དགོངས་པ་ནི། སྤང་ལ་མེ་མཆེད་པ་ལྟ་བུ་ཡིན་ཏེ། དགུན་ཟླ་འབྲིང་པོ་ལ་སྤང་ལ་མེ་མཆེད་པ་ལྟ་བུའམ། ནགས་ལ་མེ་མཆེད་པ་ལྟ་བུ་ཡིན་ཏེ། རྩི་ཤིང་དང་ནགས་ཚལ་ཐ་ན་སེམས་ཅན་དང་ཅི་དང་ཅི་ཕྲད་པ་ཐམས་ཅད་མེའི་གྲོགས་བྱས་ཚིག་པ་ལྟར། བྱང་ཆུབ་ཀྱི་སེམས་ཆོས་ཉིད་རྟོགས་་པའི་གདེང་གིས་ཟིན་ཙམ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པ་ཉིད་ཀྱང་ངོ་བོར་གསལ་བས། རྣམ་རྟོག་རང་གི་སེམས་ཡིན༷་པས་རྟོགས་པའི་དུས་ན། རྣམ་རྟོག་ཅི་བྱུང་ཅི་སྐྱེས་པ་ཐམས་ཅད་སླར་ཡེ་ཤེས་སུ་གསལ་བས། ཡེ་ཤེས་རྒྱུན་ཆད་མེད་པར་འཆར་བ་ཡིན་ནོ། །དེ་ལྟར་རྟོགས་པའི་ཐུགས་རྗེ་མ་ཧྭ་བསྒོམ་པའི་རྣལ་འབྱོར་པས། ཨོ་མ་ཁི་པརླེ་ཧུ༷། ཞེས་བཟླས་པས། ཐེག་པ་གཞན་ལྟར་རྣམ་པར་རྟོག་པ་དགག་པ་དང་། སྦྱང་པ་དང་།བསྒྱུར་བ་དང་། བསྒོམ་མི་དགོས་ཤིག་སྐྱོན་དུ་བལྟས་ནས་སྤོང་བ་མེད་པས། རྣམ་རྟོག་སྤངས་ནས་མི་རྩོལ། བསྒྲུབ་བྱ་མི་དགོས་པ་ལ་རྦད་ཀྱིས་གཅོད་དོ། །རྣམ་རྟོག་ཡེ་ཤེས་སུ་འཆར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགསརྗེམ ཧྭའིསྤྲུལཔརྐྱེན་སྣང་གྲོགས་སུ་ཆར་བ་ཇི་ལྟར་ལགས། སངས་རྒྱས་ཀྱིས་གསུངས་པ། རྐྱེན་སྣང་གྲོགས་སུ་འཆར་བ་ཆུ་དྲག་པོ་ལྟབུཡིན་ཏེ། སྟོན་ཟླ་འབྲིང་པོའི་དྲག་པོ་བྲུབ་པ་ལྟ་བུ་ཡིན་ཏེ། སྟོན་ཟླ་འབྲིང་པོའི་ཆུ་དྲག་པོ་བྲུབ་པའི་དུས་སུ། ས་རྡོ་དང་རྩི་ཤིང་ཆུའི་རྣམ་པ་ཅི་འདུག་ཀྱང་ཐམས་ཅད་ཆུས་ཁྱེར་ནས་ཆུའི་གྲོགས་བྱེདཔ་ལྟར། དལྟར་གྱི སྣངབམཐུནརྐྱེན་དང་འགལ་རྐྱེནའགའམི་དགའི་སྣང་བ་ཐམས་ཅད་བྱེད་མཁན་རང་གི་སེམས་སུ་ཤེས་པས། སེམས་ཀྱི་ངོ་བོ་ཉིད་དུ་གསལ་བས། ཅི་སྣང་ཅི་སྐྱེས་ཐམས་ཅད་རང་ཡེ་ཤེས་ཀྱི་དགོངས་པར་གསལ་ལརྐྱེན་གྱིསྣང་བཐམས་ཅདལ་ཟླ་བའོ། །བླང་དོར་དགག་བསྒྲུབ་མེད་པར་གྲོལ་བ་ཡིན་ནོ། །དེ་ལྟར་རྟོགས་པའི་ཐུགས་རྗེ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པས། ངག་ཨོ་མ་ཁི་པཏྲེ་ཧུ༷། ཞེས་བཟླས་པས། ཐེགཔ་གཞན་ལྟར་འཐུན་རྐྱེན་སྒྲུབ་པ་དང་། འགལ་རྐྱེན་སྤང་བ་དང་། སྤོང་ལེན་མི་བྱ་བརལ་རྦད་ཀྱིས་གཅོད་དོ། །རྐྱེན་སྣང་གྲོགསསུ་འཆར་བའི་དགོངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ། ཡངསྤྲུལཔདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་མ་ཧྭའི་དགོངས་པ་རིག་པ་རང་སར་གྲོལ་བ་ཇི་ལྟར་ལགས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།རིག་པ་རང་གྲོལ་དུ་ཤར་བཉི་མ་ལྟ་བུསྟེ། དཔེར་ན་ཉི་མ་ནི་གཞན་གྱི་མ་བྱས་པར་ཉི་མཉིད་འོད་དུ་ཤར །ཉི་མ་ནམ་མཁའ་ལཤར་བས་སྣོད་བཅུད་མཚན་མ་ཐམས་ཅད་གསལ་ལ་མུན་པ་མེད་པ་ལྟར། འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། བྱང་ཆུབ་སེམས་ཀྱི་ངོ་བོར་ཤར་བར་ཆོས་ཐམས་ཅད་རང་འབྱུང་གི་ཡེ་ཤེས་སུ་གསལ་བས། མ་རིག་པ་དང་། མི་ཤེས་པ་དང་། མ་གོ་བ་དང་། གོལ་སའི་གཞི་མེ་ང་དེ་ངརྗེང་ཨོངཏྲེ༷ཞེཐེ་སྒྲི་གི་མེདེ་ད་པས་རང་གྲལ་བ་ཡན་ན། ། ་ལྟར་྅གས་པའ་ཐུགས་ ་མ་ཧྭའ་རྣལ་འབྱར་པས། ངག་ ་མ་ཎ་པ ་ཧུ། ས་བཟླས། ག་པ་གཞན་ལྟར་གལ་ས་དང་ བ་པར་སང་ ས་དགས་པ་ ད་ ། ཆས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བའི་ཕྱར། གོལ་ས་དང་སྒྲིབ་པ་མེད་པ་ལ་རྦད་ཀྱིས་གཅོད་དོ། །ཞེས་གསུངས་སོ། །རིག་པ་རང་གསལ་རང་གྲོལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འགྲོ་བ་རྒྱ་བོད་ཀྱི་མི་འདུལ་བའི་ཕྱིར། ཡང་སྤྲུལ་པདྨ་འབྱུང་གནས་སྤྲུལ། དངོས་སུ་ཞལ་བསྟན་བཀའ་ལུང་དུ་གསུངས་པ། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་རྒྱུད། སྩོགས་སྩོགས། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་རྒྱས་བཏབ་ནས་གནང་བའོ། །སྐུ་རྒྱ། གསུང་རྒྱ། ཐུགས་རྒྱའོ།། །།