Ngb-pt-0685-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སྟེ་བཅུ་པའོ།། །།ཁྲག་འཐུང་རོལ་པའི་རྒྱུད་ཅེས་ཀྱང་བྱ། །རལ་པ་ནག་གི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཧ་ཡ་གྲི་བ་ན་མ་ཏནྟྲ། སྟེ་ཏྲ༷་པྲ་ཏ་ར༷་རཀྟ། བོད་སྐད་དུ། ཁྲོ་བོ་དམར་སེར་གསང་བའི་རྒྱུད་ལོའི་ནད་སེར་བ་བསྲུང་བ་ཞེས་བྱ་བ། །ཁྲོ་བོ་དམར་སེར་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅ་མ་ལྡན་འདས་ཁྲོ་བོ་རྟའི་རྒྱལ་པོ་རང་བཞིན་གྱི་གནས་ན། །ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་སོགས་པས་བསྐོར་ནས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། །བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། །འགྲོ་བའི་ལོ་ཐོག་ལ་གནོད་པར་བྱེད་པའི་ཀླུ་ལ་སོགས་པའི་སེར་བ་བསྲུང་བར་འདོད་ན་བདག་གི་མཛུབ་མོ་གཡོན་པ་ལ་ཧཱུཾ༷་དམར་སེར་དུ་སྒོམ་སྟེ། །གང་སྲུན་པ་ཚུན་ཆད་སྒོར་གྱིས་བསྐོར་བར་བསམ་མོ། །ཕུར་པ་ལ་སྔགས་འདི་བཏབ་སྟེ། །མགུལ་དུ་ཡུངས་ཀར་ལ་བཟླས་པ་བཏགས་ཏེ་ཤར་ཕྱོགས་སུ་གཟུགས་སོ། །ཨ་ནི་ལ་དུ་ནི་ལ་གྲྭཧྭ། ཤར་ལྷོ་ར་ནི་ཏྲི་ནན། ལྷོ་རུ་ཨ་ཤུ་ཏྲི་ཤུ་གྲྭཧྭ། །ལྷོ་ནུབ་ཏུ་ཨ་ཏྲི་སུ་ཏྲི་ནན། །ནུབ་ཏུ་ནཱ་ག་ཨ་ལི་གུ་ནན། །ནུབ་བྱང་དུ་ཤུ་ལི་གུ་ལི་ནིན། །བྱང་དུ་ཤུ་བྱ་དུ་ནན། །བྱང་ཤར་ཧ་ལུམ་ན་གཏི་ནན། །འདེབས་པའི་དུས་སུ་ཡུངས་ཀར་ལ་བདུན་བདུན་བསྔགས་ཏེ་གཞུག་གོ །ཐན་པ་ཆེན་པོ་བྱུང་ན་སྔགས་འདི་བཏབ་ཅིང་ཕུར་པ་སྒུལ་ལོ། །ནཱ་ག་ཨ་ལི་ཤ་གི །པར་དུ་ནཱ་ག་ལ་ཤིག་གྲྭཧྭ། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཨ་ཨ་ཏྲི་མེ་ན་ས་མུ་ནི་ཏྲི་ཧཱུཾ༷། ཨོ་ཨ་ཏྲི་སུ་ཏྲི་ནན། ཨེ་ནཱ་ག་སོ་ཏྲི་ཧཱུཾ༷། །ཕུར་བུ་ལ་སྔགས་ཀྱིས་སྤྱིར་བཏབ་སྟེ། །མགུལ་དུ་ཡུངས་ཀར་གདགས་སོ། །ཨོ་ཐ་ཐ་ཐ་ཐ། །བཛྲ་ཧཱུཾ༷་ཕཊ། གདོང་ཟློགས་སོ། །ཕཊ་ཕཊ་ཕཊ་ཙ་བི་ན་ཤ་ཤ །སྤྱིན་གཏོར་བའོ། །གསང་བ་སྔགས་ཀྱི་ལེའུ་སྟེ་དང་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དང་པོ་སྔགས་པ་བདག་ཉིད་ཀྱིས་མཎྜལ་བྱས་ལ། །དཀོན་མཆོག་དང་ཡི་དམ་ལྷ་ལ་མཆོད་པ་རྣམ་པལྔ་དབུལ། །གཏོར་མ་གཏང་། །དེ་ནས་ཡི་དམ་ལྷའི་ཏིང་ངེ་འཛིན་དུ་བཞུགས་ལ་ཤར་ལ་སོགས་པའི་སྔགས་ཁྲི་ཁྲི་བཟླས། །སྟེང་འོག་གི་ཁྲི་ཁྲི་བཟླས་ཏེ། །ཡོངས་བསྡུས་ལ་སྤྱིར་བསྔགས་ཀྱིས་ཀྱང་གདབ། །དེ་ལྷར་བསྙེན་པའི་དུས་སུ་གྲངས་ཀྱི་བསྙེན་པ་ཐོགས་པ་དང་ ། འདེབས་པའི་དུས་སུ་རྣམ་པར་གསུམ་གྱི་ལུས་སྲུང་ ། ར་ཧུ་ལ་ལས་བསྲུང་བ་དང་ ། །ཀླུ་ལས་བསྲུང་བ་དང་། །གདུག་པ་སྤྱི་ལས་བསྲུང་བའོ། །ར་ཧུ་ལ་ལས་བསྲུང་བ་ནི། །འདེབས་པའི་དུས་སུ་ཁོ་དང་གདོང་མི་ཐུག་པའོ། །ཀླུ་ལས་བསྲུང་བ་ནི། །འདེབས་པའི་སྔ་དྲོ་བདག་རྒྱ་སྨིན་དུ་སྒོམ་པའོ། །བདག་ཉིད་རྡོ་རྗེ་འཛིན་པར་སྒོམ་པའོ། །ཕུར་པ་འདེབས་པའི་དུས་ཅུང་ཞིག་སྟོང་པ་་ཉིད་དུ་བསྒོམ། དེ་ལས་ཧཱུཾ༷་དམར་སེར། །དེ་ལས་རྟ་མགྲིན་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པ། །སྐུ་མདོག་པདྨ་ར་ག་ལྟ་བུ་ཕྱག་གཡས་ན་སེང་ལྡེང་གི་དབྱུག་པའི་རྩེ་ལ་ཡེ་ཤེས་ཀྱི་མེ་འབར་བ། །གཡོན་སྦྲུལ་ཞགས་སྡིགས་འཛུབ་དང་བཅས་པ་ཅིག་ཏུ་བསྒོམ་མོ། །དེའི་ཐུགས་ཀར་ཨ་དཀར་པོ་ལས་ཟླ་བའི་སྟེང་དུ་ཧཱུཾ་དམར་སེར་དེ་ལས་འོད་འཕྲོས་པས། །རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་རྟ་མགྲིན་སྤྱན་དྲངས་ལ་མཆོད་པའི་ལྷ་མོ་སྤྲོས་པ་དབུལ། །དེ་ནས་ཛ་ཧཱུཾ༷་བ༷་ཧོས་བསྟིམ། །འོད་དཔག་མེད་པས་རྒྱས་གདུབ། །དེ་ནས་བསྙེན་པ་འབུམ་བཟླས། །རྟགས་ནི་ལོགས་ར་ལ་ཆུ་མི་ཁྱག་པ་འོང་སྟེ། །དྲུང་དུ་ཟངས་བུམ་ཆུས་བཀང་ལ་ལྟའོ། །དེ་ནས་དབྱར་གང་དབྱར་གང་སྲུངས་ཀྱང་ཐེ་ཚོམ་མེད། །སྤྱི་གྲུབ་རྟགས་ནི་སྨ་ར་སེར་པོ་བསྒྲུབ་པ་པོ་ལ་འབྱུང་ངོ་། །ཞེས་གསུངས་སོ། །གསང་བགྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །ཕུར་པ་འདེབས་པའི་དུས་སུ་ལྷའི་ང་རྒྱལ་གྱིས་བཙུགས་ལ། །ཕྱིས་ལོ་ཏོག་འདུས་པ་དང་རྟ་འབྱིན་པའི་དུས་སུ་གཏང་རག་གཏོར་མ་དབུལ་ལོ། །རྟ་མ་བྱུང་ན་ཉེས་པ་གསུམ་ཁྲིད་དེ། །འབྱུང་པོ་མིག་འདྲིས་པའི་ཉེས་པ་དང་། །སྔགས་ཀྱི་མཐུ་ཉམས་པའི་ཉེས་པ་དང་། །ཕྱི་ཐོ་ཐན་པ་ཆེན་པོ་འོང་བའི་ཕྱིར་རྟ་དབྱུང་བར་བྱའོ། །དེར་ཡང་སེར་སྲུང་དང་ཡུལ་ལྷ་འགྲས་ན། །འགབ་ངན་ཚེ་ཐུང་བས་གླུད་སྤྱིན་ཆུ་གཏོར་གཏང་། །བདེན་པ་དང་། ཤེན་ཏུ་མ་འགྲས་པར་བྱས་ན་ཚེ་རིང་བར་འགྱུར་རོ། །ཞེས་གསུངས་སོ། །མན་ངག་གཏད་དུ་ཕྱུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །སེར་བ་སྲུང་བའི་གདམ་ངག་ལ། །དང་པོར་བསྙེན་པའི་སྔགས་ཕྱོགས་མཚམས་བརྒྱད་ཀྱི་སྔགས། །ཕྱོགས་བཞི་མཚམས་བརྒྱད་ཀྱི་སྔགས་གྲལ་ལ་སྔོན་དུ་འབུམ་བཟླས་ལ། །དེ་རྫོགས་པ་དང་པ་ལས་ལ་སྦྱར་བའི་ཆོག་པ་ནི། །དང་པོར་ཡུལ་མ་རང་བ་ལ་ཕུད་ཕྱེ་བསྡུས་ལ། ཞོ་དང་འོ་མ་ལ་གཏོར་མ་ཆ་གསུམ་བྱས་ལ། །ཐ་མ་བགེགས་གཏོར་ལ་ལོ་ཏོག་སྣ་ཚོགས་ཀྱི་ཕུད་གཏང་ལ། །ལོ་ལ་སེར་པ་མ་བཏང་ཞིག་བྱས་ལ། །གཏོར་ཆོག་ཆ་གསུམ་སྤྱི་དང་འཐུན་པར་ཆོ་ག་བྱ། །དེ་ནས་བགེགས་ལ་སུམ་བྷ་ནིས་བསྐྲད་ཅིང་མཚམས་བཅད་ལ་གཏོར་མ་གཏང་། །ཆུ་གཏོར་གཏང་གྲུབ་ན་སྟོང་ཕྲག་བརྒྱ་པའི་འབུམ་གདོན། །དེ་ཡང་མ་གྲུབ་ན་དེའི་ཡུལ་གྱི་འབྱོར་པས་བཀའ་གདོན། །དེ་ཀུན་ཟིན་ པ་དང་རང་ཇི་ཙམ་དུ་བསྲུང་བ། །འོས་པའི་ཕྱོགས་བཞི་མཚམས་བརྒྱད་དུ་ཕུར་པ་དང་མཐོ་བྱས་ཏེ། །ཤར་ཕྱོགས་སུ་ཡུངས་ཀར་བདུན་ལ་སྔགས། །ཨ་ནི་ལ་དུ་ནི་ལ་ཏེ། ་།ར་ཕྱོགས་སུ་ཡུངས་ཀར་བདུན་པོ་ཟན་མཐེབ་ཀྱུ་ཙམ་ཅིག་གི་ནང་དུ་བཅུག་ལ་ལྕགས་ཕུར་གྱིས་བཏབ་ལ། །དེ་བཏོན་ལ་དེའི་ཤུལ་དུ་ཡུངས་ཀར་ལ་བསྔགས་པའི་ཟན་གཏིང་དུ་བཅུག །དེའི་ཁར་སྐྱེར་ཕུར་བཏབ་ལ་གཏིང་དུ་རྦིག་གིས་མི་མངོན་པར་བཏག་ལ་གཞག །དེའི་ཕུར་ཚད་ཁྲུ་དོ་ཙམ་དུ་སེ་བ་རྐང་ཅིག་མགོ་ལྕོག་ཅིག་བཙུག་ལ། དེ་ལ་ཡུངས་ཀར་ཕ་་ཚོམས་ཅིག་ལ་བསྔགས་ལ་རས་ཀྱི་ཁུག་ཆུག་དུ་བླུགས་ལ་སེ་བ་ལ་གདགས། དེའིརྩ་རུ་མཐོ་གཟུགས་སོ། །དེ་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་དུ་བྱའོ། །སེར་བ་ཐོ་ཕྱིར་སྐྱ་ཆིལ་ཆིལ་བྱུང་ན་གདོང་ཚུགས་སུ་ཟློག་པའི་སྔགས་ནི་རང་གི་སྟངས་བྱས་པའི་རྐང་པ་གཡོན་པའི་འོག་གི་ས་ལ་བསྔགས་ལ་གཏོར་རོ། །སྔགས་ནི་གོང་དུ་བསྟན་པའི་ཐེ་ཐའོ། །གོང་དུ་གདོང་ཚུགས་ལ་འབུམ་བཟླས། །ལག་ཏུ་བླང་་མན་ངག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡ་ ང་བཀའ་བསྩལ་པ། སེར་བ་བསྲུང་བའི་མན་ངག་ལ་བདག་ཉིད་རྟ་མགྲིན་དུ་བསྒོམ་ལ།སྔགས་བསྙེན་པའི་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྔགས་དྲིལ་ལ་འབུམ་བཟླས་ཕུར་པ་བརྒྱད་ལ་རང་གི་རང་རེའི་སྔགས་ཁྲི་ཁྲི་བཟླས། །དེ་ནས་ཕུར་པ་བརྒྱད་པོ་གཅིག་ཏུ་སྦམས་ལ། །སྤྱིའི་སྔགས། །ནཱ་ག་ཨ་ལི་ཤི་ནས། །ཨེ་ནཱ་ག་སོ་ཏ་ཧཱུཾ༷། ཡན་ཆད་ཀྱིས་སྤྱིར་ཁྲི་ཚོ་གཅིག་བཟླས། །དེ་ནས་ཕུར་པ་བརྒྱད་པོ་ཁྲོ་བོ་རྟ་མགྲིན་དུ་སྒོམས་ལ་སྤྱིའི་མཆོད་པ་རྣམ་པ་ལྔ་དབུལ་ལོ། །དེ་ནས་ཕུར་པ་འདེབས་པའི་དུས་སུ་ཤར་གྱི་ཕུར་པ་ལ་ཨ་ནི་ལ་དུ་ནི་ལ་བཟླས་ལ་ཤར་དུ་བཙུགས་ལ། །དེ་ནས་མཚམས་གཅོད་ཀྱང་སྔགས་བཟླས་ཤིང་ཡུལ་ཕྱོགས་འདིའི་ལོ་ཐོག་ལ་བསམ་སྦྱོར་ངན་པ་གཏོང་བ་དང་། །ཀླུ་དང་མ་མོ་ལ་སོགས་པ་གནོད་པར་བྱེད་པ་རྣམས་རྨོངས་སུ་ཆུ་གཅིག་བྱས་ལ་མཚམས་བཅད་དོ། །དེ་གཙུག་ཏུ་ཕྱོགས་བཞི་ཀར་གོང་མ་བཞིན་བྱའོ། །ཀློར་ཀློར་ལོ་ཏོག་གི་ཕུད་ཀྱིས་ན་མ་རེ་ལོ་ལ་དབང་གི་ལྷ་འདྲེ་རྣམས་ལ་བསྔོའོ། །རང་ཡུལ་གཞན་ན་འདུག་ཀྱང་ཡུལ་དེ་དྲན་པར་བྱས་ཤིང་སྔགས་བཟླས་ཡིད་ལ་ངས་བསྲུང་བ་ཡིན་ནོ་ཞེས་བྱས་པར་བསམ། དེ་ཡང་སེར་བ་བསྲུང་བའི་གདམས་ངག་ཕུར་པ་བརྒྱད་བདག་ཉིད་དང་དགུ །ཁྲོ་བོ་ཤིན་ཏུ་སྐུ་ཆེ་ལ་ཡན་ལག་གསལ་བ། །ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རི་རབ་ཙམ་དུ་ཆེ་བར་བསམ། །མེ་རི་དང་མེ་དཔུང་གིས་སེར་བ་ཞུ་བར་བསམ་མོ། །བདག་ཉིད་ཀྱིས་དེ་ལྟར་བསྒོམས་ལ། ཁ་རླངས་མེ་རུ་བསམ་ལ། །དེས་གནམ་ལ་བུས་ཙམ་ན་སེར་བ་ཆུ་དྲོད་དུ་བསམ་ལ་བསྐྲད་ལ། །ཡུངས་ཀར་ཀྱང་གོང་བཞིན་འཕང་ངོ་། །སྤྱིན་གཏུབ་པའི་དུས་སུ་རང་གི་ལག་པ་གཡས་བའི་སེར་མོ་ལྔ་རལ་གྲི་བསམ་ལ། །དེས་སྤྲིན་གཏུབས་པར་བསམ་ལ་དེ་ཡིས་ཐུབ་ངེས་སོ། །མན་ངག་རྣམས་གཅིག་ཏུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རིམ་པར་བཀའ་སྩལ་པ། སྤྲིན་བརྟག་པ་ནི། སྤྲིན་ཁམ་ནག་ལ་ནག་འཕུངས་སྟོད་ན་འབྲུག་པ་དང་། །སྤྲིན་ཁམ་པ་མདུང་ཤིང་བཤར་བ་འདྲ་བ་དང་། །སྤྲིན་ལུག་གི་ལྟོ་ཚིལ་འདྲ་བ་དང་། །གཡག་དང་སེམས་ཅན་གྱི་གཟུགས་འདྲ་བ་དང་། །སྤྱིན་དམར་ནག་ཧྲལ་ཧྲལ་པོ་དང་། །སྤྱིན་ཆར་དགྱེ་དྲིལ་བ་འདྲ་བ་དང་། །དེ་ཡང་མཐའ་སེང་དེ་བྱས་ནས་བྱུང་བའི་དུས་སུ། །རང་ཁྲོ་བོ་དམར་སེར་སྤྲིན་གྱི་གསེབ་ན་དབུ་ཚང་ངེ་ཡོད་པར་ང་རྒྱལ་བྱས་ལ། ལག་གཡས་པར་རལ་གྲིར་བསམས་ལ། སྤྲིན་གཏུབ་པར་བསམ་ཞིང་བཟླས་སོ། །ཞེས་གསུངས་སོ། །སྤྱིན་བརྟག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྡེ་བརྒྱད་གནད་ལ་དབབ་པའི་ཟློག་པ་འདི་གསུངས་སོ། །ཨོ་ཨ་ཏྲི་ནི་བྷ་ལེ་པ་ཤ་རུ་བི་ག་ལ་ཤག་སུ་པ་ཏི་རྦད་ནན། ཟློག་ཤིག་སྨྱོ། ཁྲམ་སྨྱོ། ཤག་སུ་ཏྲ་ཁྲམ་སྨྱོ། ཞེས་རང་སྟང་སྟབས་དང་ལྡན་པར་བྱས་ལ། མེ་ཐར་པ་ལྟ་བུ་ཁྲོ་བོའི་འོད་ཟེར་གྱི་ཟློག་པར་བསམ། །བཛྲ་གམ་པོ་དྷར་བྷ་ད་སྨྱོ། ཞེས་གླིང་ཁམས་གཞན་དུ་ཁ་བསྟན་ནོ། །སྡེ་བརྒྱད་གནད་ལ་དབབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཀའ་སྩལ་པ། །སེར་བ་བསྲུང་བ་ནི་སྤྱི་བོར་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསམས་ཏེ། །མདུན་གྱི་རྭ་དངུལ་ལས་གྲུབ་པ། གཡོན་རྭ་ཟངས་ལས་གྲུབ་པ། ལྷག་པའི་རྭ་ལྕགས་སུ་གྱུར་པར་བསམས། །ཨོ་ན་ནི་ག་ཛུ་མུན་ཏི་ཨ་ཨ། ཞེས་བཟླས་སོ། །དེ་ནས་ཁྲོ་བོའི་རྒྱལ་པོས་བཅོམ་ལྡན་འདས་ལ་རྟ་མཆོག་དམར་སེར་ལ་ཁྱུང་གི་རྒྱལ་པོ་ག་རུ་ཊ་བཏགས་ལ་བཟླས་པ་ནི། ཨོ་བྷ་རུ་ཊ་ཧི་ས་ཧེ་ཙ་ལ་ཙ་ལ་གྲྭཧྭ། ཞེས་པའི་སྔགས་འདི་དུང་ངམ། །ཆ་ལང་ངམ། །རྔ་འམ། དྲིལ་བུའམ། །འཁོར་རྔ་ལ་སོགས་པ་ལ་རྡོ་ཀྱུས་ཀྱིས་བྲིས་ཏེ་བཟོས་ཤིང་སྒྲ་སྒྲགས་ན་སེར་བ་འཆད་པར་འགྱུར་རོ། །སྔར་གཞན་གྱི་སེར་བ་བཏང་བའི་ཤུལ་སྲུང་ན། །དཀར་ལམ་གཅད་པའི་མན་ངག་ནི། །འཁོར་ལོ་རྩིབས་བཅུ་པ་བྲིས་ནས་ཨ་ནི་ལ་དུ་ནི་ལ་ལ་སོགས་པ་བཀོད་དེ། །རབ་གནས་ནི་འཁོར་ལོ་སྟོང་པའི་ངང་ལས་རྟ་མགྲིན་དུ་བསྐྱེད་དེ། །ཡེ་ཤེས་སེམས་དཔའ་བསྟིམ་པ་དང་མཆོད་པ་བྱས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་ལ། །མེ་ཏོག་གཏོར་ལ་སྔར་སེར་བའི་གདོང་ལངས་པའི་སར་སྦས་ན། །ཕ་རོལ་གྱི་སྔར་བཏང་བའི་ནུས་པ་འཇིག་པར་རྟག་འགྱུར་རོ་ཞེས་གསུངས་སོ། །མན་ངག་བསྲུང་བ་དོན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །སེར་བ་བསྲུང་པ་ལ་རྣལ་འབྱོར་པའི་རྨི་ལམ་བརྟག་པ་ནི།བཟང་བའི་རྟགས་ནི་ སྐྱེད་མོས་ཚལ་དང་། འདམ་བུའི་ཚལ་དང་། སྐྱེ་ཤིང་བཟང་པོ་དང་། །ཤིང་ཐོག་སྣ་ཚོགས་དང་། །མེ་ཏོག་ལ་སོགས་བའི་ལྡུམ་ར་བཟང་པོ་དང་། །རྩི་ཤིང་ནགས་ཚལ་བཟང་པོ་འཐུག་པོ་དབང་བྱེད་པ་ནི་རྨི་ལམ་བཟང་པོའོ། །ངན་པའི་རྟགས་ནི་ཞིང་ལ་སྒྱུང་ཁ་དང་བྱ་ནག་ཟ་བ་ནི་བདུད་གནོད་པའོ། །རྟ་ཞིང་གསེབ་ཏུ་བྱུང་ན་རྒྱལ་པོ་གནོད་པའོ། །བ་གླང་ཞིང་གསེབ་ཟ་ན་གླུ་གནོད་པའོ། ཁྲ་ཟ་བ་ན་སྨན་ཡིན། །གནག་ཟ་ན་འཐབ་གནོད་པའོ། །བན་དྷི་མང་པོ་ལོ་གསེབ་ཏུ་བྱུང་ན་དགེ་བསྙེན་ཡིན། །བུད་མེད་ལོ་གསེབ་ཏུ་བྱུང་ནས་མ་མོ་གནོད། །རྟ་བ་དང་མི་ཤར་ཡང་ལོ་གསེབ་ཏུ་བྱུང་ན་བཙན། །ཁ་བ་དང་རྨུགས་པ་འཐིབས་པ་རྨི་ན་ཡུལ་ལྷ་མི་དགའ་འོ། །གཞན་གྱི་རྫིང་བསྒྲིལ་བ་དང་། །རྫ་ཕྲུ་བྱེད་པ་ནི་སེར་གཏོར་མོ་དཔའི་རྟགས་སོ། །ཟ་དང་ལོ་མ་ལ་སོགས་པ་ནི་མི་མ་ཡིན་པས་འགྲིབ། །གཡུལ་བྱེད་པ་རྨིན་རྩས་ལྔ་ཁར་བསྒྲིམ། །སེར་བའི་མཐོ་ཞིག་ན་སེར་སྲུང་ལ་ངན་པས་བཟློག་པ་བྱ། །དེ་ལྟར་དེ་རྣམས་ཀྱི་བཅོས་པ་དང་གགས་བསལ་བར་བྱའོ། །ཞེས་གསུངས་སོ། །རྨི་རྟགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲོ་བོ་རྟའི་རྒྱལ་པོ་ལ་འཁོར་རྣམས་ཀྱིས་བསྟོད་པ་དང་། །མཆོད་པ་སྣ་ཚོགས་པས་མཉེས་པར་གྱུར་པ་དང་། །བཅོམ་ལྡན་འདས་ལ་ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་བ། །བདག་གིས་རྒྱུད་འཇི།་ཐོས་པ་ནི་རབ་ཏུ་དགའ་འོ། །ཇི་ལྟར་རྒྱུད་གཟུང་བར་བགྱི་ཞེས་གསོལ་པས། །ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཁྱོད་ཀྱིས་ནི་རྒྱུད་འདི་ནི་རྒྱལ་པོ་བསྲུང་བ་ཆེན་པོ་ཞེས་བྱ་སྟེ་གསང་བའི་རྒྱུད་འདི་ནི་ཤིན་ཏུ་གཅེས་པར་གཟུང་ཞིང་། རྣལ་འབྱོར་པ་རྣམས་ཀྱི་སྣོད་མིན་པ་ལ་གསངས་ལ་བསྒྲུབ་པར་བྱ་ཞིང་བྱམས་པ་དང་སྙིང་རྗེར་ལྡན་པས་འགྲོ་བའི་ལོ་ཏོག་ཐམས་བསྲུང་བར་བྱ་ཞེས་བཀའ་སྩལ་ཏོ། །རྒྱུད་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅུ་པའོ།། །།ཁྲོ་བོ་ཆེན་པོ་དཔལ་རྟ་མགྲིན་རྒྱལ་པོ་དམར་སེར་གྱི་གསང་བའི་རྒྱུད་ཅེས་བྱ་བ་རྫོགས།། །།པརྙི་ཏ་བཛྲ་རཏྣ་དང་། །ལོ་རྩ་བ་རྡོ་རྗེ་བརྩེགས་པ་གཉིས་ཀྱི་བསྒྱུར་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤི་ཧེ་ཛུ་ཀ་ཧ་ཡ་རྒི་བ་གུ་ཡ་མ་ལི་ཏནྟྲ་ནཱ་མི། བོད་སྐད་དུ། དཔལ་ཆེ་བའི་ཆེ་མཆོག་རྟ་མགྲིན་གསང་བ་འདུས་པའི་