Ngb-pt-0684-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ལས། །བསྟོད་པ་དང་གཟུང་ཞིང་གཏད་པའི་ལེའུ་བཅུ་པའོ།། །།ཁྲོ་བོ་ཁྲག་འཐུང་རོལ་པའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཧེ་རུ་ཀ་ལ་ལི་ཏ་ཏ་ནྟྲ་ནཱ་མ། བོད་སྐད་དུ། ཁྲག་འཐུང་རོལ་བའི་རྒྱུད། །དཔའ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འདས་པའི་དུས་མ་འོངས་པའི་མངོན་རོལ་ན། དུར་ཁྲོད་སྣ་ཚོགས་པའི་གནས་ན།པདྨ་ཧེ་རུ་ཀ་དང་པདྨ་ཀྲོདྷི་ཤྭ་རི་མ་གཉིས་སུ་མེད་པ་ལས། ཟླ་བའི་དུས་བཟང་པོར་སྨིན་དྲུག་ས་འོག་ཏུ་སོང་བའི་དུས་སུ། ཡུམ་གྱི་རྨི་ལམ་དུ་སྟག་གཟིག་རོལ་བའི་བརྡ་མཛད་པ་ལས། །ཡུམ་གྱི་དྲག་པོས་འདུལ་བར་གཟིགས་ནས། །དུར་ཁྲོད་ཀྱི་ཀེང་རུས་ལ་ཕྱག་གཡས་པ་འཇུས་ནས། །མཁའ་ལ་སྐུ་བརྗིད་པ་ཁྲོགཏུམ་ཆེ་རང་བཞིན་གྱི་ཆས་ཀྱིས་བརྒྱན་པ། །ཧཱུཾ༷་ཧཱུཾ༷་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པ་དེས། །རུ་ཏྲ་ནག་པོའི་ཚོགས་དབང་དུ་བསྡུས་སོ། །མིང་ཡང་རྨེ་བརྩེགས་ཀྱི་ཀི་ལ་ཡར་བཏགས་སོ། །རུ་ཏྲོརེ་རྒྱན་དང་ལག་ཆ་ཕྲོགས་ནས། །དུར་ཁྲོད་ཀྱི་རྒྱན་ཅེས་གྲགས་སོ། །མཛད་པ་ཡང་འཁོར་དང་དྲག་པོས་གདུག་པ་ཅན་ཚར་གཅོད་པ་མཛད་དོ། །ཀུན་ཀྱང་ཞལ་བགྲད་པ་མཆེ་བ་གཙིགས་པའི་འཁོར་དེ་དག་གིས་བསྐོར་བའོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་འདུལལྷ་ཡིས་ཞུས་པ། ཧཱུཾ༷། དཔལ་ཆེན་པདྨ་ཧེ་རུ་ཀ །རལ་པ་དང་པོ་ཇི་ལྟར་ལགས། །རལ་པའི་ཁ་དོག་ཇི་ལྟ་བུ། །རལ་པའི་གྲངས་ནི་དུ་རུ་བགྱི། །རལ་པའི་རྒྱན་ནི་ཇི་ལྟར་ལགས། །རལ་བའི་དོན་རྟགས་ཇི་ལྟར་ལགས། །རལ་པ་བཅངས་པའི་ཡོན་ཏན་གང་། །མ་བཅངས་པ་ཡི་སྐྱོན་ནི་གང་། །ཧེ་རུ་ཀ་ལ་བདག་ཉན་འཚལ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །རལ་པ་ཞུསླ་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་ཉོན་ཅིག་གནོད་འདུལ་སེམས་དཔའ་ཉོན། །འདས་པ་དུས་ཀྱི་སྔོན་རོལ་ན། །རུ་ཏྲ་བསྒྲལ་བའི་མགོ་ལས། །རལ་པ་དང་པོ་དེ་ནས་སྲིད། །རལ་པའི་རྒྱན་རྣམས་བཏགས་པ་ནི། །རིགས་བཞི་སྦྲུལ་གྱིས་བརྒྱན་པར་བྱ། །ཕུར་པ་ཁ་དོག་ལྔ་ཡིས་བརྒྱན། །འགྲོན་བུ་སུམ་བརྒྱད་དྲུག་ཅུ་བརྒྱན། །ཕུར་པ་འགྲོནབུའི་རྩེ་ལ་གདགས། །རལ་པའི་གྲངས་ནི་འདི་སྟ་སྟེ། །རལ་པ་ནག་པོ་དགུ་བཅུ་པ། །རལ་པ་དམར་པོ་བཅུ་བཞི་བྱུང་། །རལ་པ་ཁ་དོག་ལྔ་རུ་བྱུང་། །སྤྱི་གཙུག་རྟ་མགོ་ལྗང་ཁུས་བརྒྱན། །ཁྲག་འཐུང་རོལ་པའི་རྒྱུད་ལས། །རལ་པའི་ཁུངས་དང་བྱ་ལུགས་གསུངས་པའི་ལེའུ་སྟེ་གསུམ་པའོ།། །།ཡང་ཞུསླ་པ། རལ་པ་ནག་པོ་གང་ལ་སྲིད། །རལ་པ་དམར་པོ་གང་ལ་སྲིད། །རལ་པ་ཁ་དོག་ལྔ་པོ་གང་ལ་སྲིད། །ཕུར་པ་ལྔ་པོ་གང་ལ་སྲིད། །འགྲོན་བུ་སུམ་བརྒྱ་དྲུག་ཅུ་གང་ལ་སྲིད་། །རིགས་བཞི་སྦྲུལ་ཆེན་གང་ལ་སྲིད། །རྟ་མགོ་ལྗང་ཁུ་གང་ལ་སྲིད། །ཅེས་ཞུས་སོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །རལ་པ་གང་ལ་སྲིད་ཞུས་པའི་ལེའུ་སྟེ་བཞི་པའོ།། །།ཀྱེ། །སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །རལ་པ་ནག་པོ་དགུ་བཅུ་དེ། །རུ་ཧྲ་བསྒྲལ་བའི་མགོ་ལས་བྱུང་། །དེ་ཡི་རྒྱུ་མ་དམར་པོ་ལས། །རལ་པ་དམར་པོ་བཅུ་བཞི་བྱུང་། །དེ་ཡི་དངས་མ་ལྔ་པོ་ལས། །རལ་པ་ཁ་དོག་ལྔ་རུ་བྱས། །དེ་ཡི་མཆོག་ཆེན་རྐང་བཞི་ལས། །ཕུར་པ་ཁ་དོག་ལྔ་རུ་སྲིད། །རུས་དུམ་སུམ་བརྒྱ་དྲུག་ཅུ་ལས། །འགྲོན་བུ་སུམ་བརྒྱ་དྲུག་ཅུ་སྲིད། །དེ་ཡི་ནང་ཁྲོལ་བཞི་པོ་ལས། །རིགས་བཞི་ཀླུ་རིགས་་སྦྲུལ་དུ་བྱུང་། །སྤྱི་གཙུག་རྟ་མགོ་ལྗང་ཁུ་དེ། །པདྨ་ཧེ་རུ་ཀ་ལ་སྲིད། །ཁྲག་འཐུང་རོལ་བའི་རྒྱུད་ལས། །བྱུང་ཁུངས་བཤད་པའི་ལེའུ་སྟེ་ལྔ་པའོ།། །།ཡང་ཞུས་པ། །ཧཱུཾ༷ །རལ་པ་ནག་པོ་དགུ་བཅུའི་ཡོན་ཏན་གང་། །རལ་པ་ཁ་དོག་ལྔ་ཡི་ཡོན་ཏན་གང་། །ཕུར་པ་རྣམས་ཀྱི་ཡོན་ཏན་གང་། །འགྲོན་བུ་རྣམས་ཀྱི་ཡོན་ཏན་གང་། །རིགས་བཞི་སྦྲུལ་གྱི་ཡོན་ཏན་གང་། །རྟ་མགོ་ལྗང་ཁུའི་ཡོན་ཏན་གང་། །ཞེས་ཞུས་སོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །རལ་པའི་ཡོན་ཏན་ཞུས་པའི་ལེའུ་སྟེ་དྲུག་པའོ།། །།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རལ་པ་ནག་པོ་དགུ་བཅུ་པ་ཡིས། །ཕུར་པས་ས་འགྲོ་དོན་མཛད་པའི་རྟགས། །སིག་སིག་ལན་གཉིས་བྱས་པ་ཡིས། །གཤིན་རྗེ་ལུས་ལ་རྫོགས་པའི་རྟགས། །སིག་སིག་ལན་གསུམ་བྱས་པ་ཡིས། །སྐུ་གསུམ་ལུས་ལ་རྫོགས་པའི་རྟགས། །གོམ་གསུམ་གྱེན་ལ་བརྣེམས་པ་ཡིས། །ཡ་བདུད་ཟིལ་གྱིས་གནོན་པའི་རྟགས། །གོམ་གསུམ་ཐུར་ལ་བརྣེམས་པ་ཡིས། །སྲི་གནོད་ཟིལ་གྱིས་གནོན་པའི་རྟགས། །གོམ་གསུམ་ཐད་ཀར་བརྣེམས་པ་ཡིས། །འདྲེ་གདོན་མ་ལུས་ཟིལ་གྱིས་གནོན་པའི་རྟགས། །ལྔ་བརྒྱ་དུས་ཀྱི་ཐ་མལ། སྲིན་པོ་གདོང་དམར་དགྲར་བྱུང་སྟེ། །ཉན་ཐོས་གྲོང་བསྙེན་དར་བའི་ཚེ། དེ་ཚེ་རལ་ནག་མཚོན་འཁྲུགས་བྱུང་། །བསྟན་པ་གཉན་པོ་དེ་ནས་སྲུང་། །བཅངས་པའི་ཡོན་ཏན་དུ་མ་ཡོད། །མ་མོ་མཁའ་འགྲོ་ཀུན་ཀྱང་འགོ། །མ་བཅངས་སྐྱོན་ནི་བརྗོད་མི་ལང་། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་ལས། །བཅངས་པའི་ཡོན་ཏན་དང་མ་བཅངས་པའི་སྐྱོན་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །ཡང་ཞུས་པ། །མངོན་རྫོགས་རྒྱལ་པོ་ཡབ་ཅིག་ལགས། །རྔ་ཡི་ཡོན་ཏན་ཇི་ལྟར་ལགས། །དང་པོ་རྔ་བྱུང་གང་ནས་བྱུང་། །རྔ་ཡི་རྒྱུ་ནི་གང་ལས་བྱུང་། །ཕྱི་ཡི་རྔ་ཡི་རྒྱུ་ནི་གང་། །ནང་གི་རྔ་ཡི་རྒྱུ་ནི་གང་། །གསང་བའི་རྔ་ཡི་རྒྱུ་ནི་གང་། །རྔ་ལ་བརྡུང་ཐབས་དུ་རུ་བསྟན། །བརྡུང་བའི་ཡོན་ཏན་དུ་དང་ལྡན། །མ་བརྡུངས་པ་ཡི་སྐྱོན་ནི་གང་། །ཧེ་རུ་ཀ་ལ་བདག་ཉན་འཚལ། །ཞེས་ཞུས་སོ། །ཁྲག་འཐུང་རོལ་པའི་རྒྱུད་ལས། །རྔའི་དོན་ཞུས་པའི་ལེའུ་སྟེ་དགུ་པའོ།། །།ཀྱེ་གནོད་འདུལ་སེམས་དཔའ་ཁྱོད་ཉོན་ཅིག །དང་པོ་རྔ་ཡི་བྱུང་ཁུངས་ནི། །མ་ཊང་བཤས་པའི་རྩིབ་མ་ལ། །རྔ་ཡི་ཤིང་བུ་དེ་ལ་སྲིད། །མ་ཊ༷་དེ་ཡི་པགས་པ་ལས། །རྔ་ཡི་གཡོགས་ནི་དེ་ལ་སྲིད། །དེ་ཡི་མཆོག་ཆེན་རྐང་ཆེན་ལས། །རྔ་ཡི་ཡུ་བ་དེ་ལ་སྲིད། །མ་ཊ༷་སོར་མོ་ལྔ་པོ་ལ། །རྔ་ཡི་ཕོ་གདོང་དེ་ལ་སྲིད། །དེ་ནི་རྔ་ཡི་བྱུང་ཁུངས་ལགས། །རྔ་ཡི་རྒྱུན་དུ་རུ་བྱུང་། །ཕྱི་ནང་གསང་གསུམ་རྔ་ཡི་རྒྱུ། །ཕྱི་ཡི་རྔ་ཡི་རྒྱུ་ནི་གང་། །མདོ་ལྔའི་ཤིང་ར་དང་སྣ་བའི་པགས་པས་གཡོགས། །ཕྱི་ཡི་རྔ་ཡི་རྒྱུ་ཆེན་ཡིན། །མིན་དང་རྒྱུ་ཡུལ་ཏན་བཟངས་སུ བྲག་དང་ཆུ་འགྲམ་འགྲམ་སྨུག་དང་། །ཙན་དན་སྨུག་པོ་ལ་སོགས་སྡུད་པ་ཤིང་། །སྤྲེའུ་གདོང་དམར་གཡོགས་ཀྱིས་གཡོགས། །དེ་ནི་ནང་གི་རྔ་ཡི་རྒྱུ། །བན་དྷ་ལྟག་སྤྲོད་རྔ་ཤིང་། །ན་ཆུང་གཞོན་པའི་བགས་པས་གཡོགས། །དེ་ནི་གསང་བའི་རྔ་ཡི་རྒྱུ། །རྔ་ལ་བརྡུང་ཐབས་དུ་རུ་བསྟན། །རྔ་ལ་བརྡུང་ཐབས་དྲུག་དང་ལྡན། །དཔའ་བོ་ཆེན་པོ་རང་བཞིན་བརྡུང་ཐབས་དང་། །དུར་ཁྲོད་མ་མོ་རྟེན་པའི་བརྡུང་ཐབས་དང་། །རྦོད་གཏོང་ཕོ་ཉ་འགྱེད་པའི་བརྡུང་ཐབས་དང་། །འཕྲ་མེན་ཀེར་རེ་དམ་ལ་སྡུད་པའི་བརྡུང་ཐབས་དང་། །དངོས་གྲུབ་ཉེ་བར་ལེན་པའི་བརྡུང་ཐབས་དང་། །དམ་ཅན་ལས་ལ་འགྱེན་པའི་བརྡུང་ཐབས་སོ། །དང་པོ་རྔ་བརྡུང་ཆོས་སྐུའི་གསུང་། །གཉིས་པ་བརྡུང་ཐབས་ལོངས་སྐུའི་གསུང་། །གསུམ་པ་བརྡུང་པས་སྤྲུལ་སྐུའི་གསུང་། །དང་པོ་བརྡུང་པས་སྐྱེ་བ་མེད་པའི་དོན། །གཉིས་པ་བརྡུངས་པས་ཐམས་ཅད་གནས་སུ་སྒྲོལ་བའི་དོན། །གསུམ་པ་བརྡུངས་པས་དགོས་འདོད་རེ་བསྐོང་བའི་དོན། །ཞེས་གསུངས་སོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །རྔའི་ཁུངས་དང་། །ཡོན་ཏན་དང་། །བརྡུང་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཁྲག་འཐུང་རོལ་པའི་རྒྱུད་ཅེས་ཀྱང་བྱ། །རལ་པ་ནག་གི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཧ་ཡ་གྲི་བ་ན་མ་ཏནྟྲ། སྟེ་ཏྲ༷་པྲ་ཏ་ར༷་རཀྟ། བོད་སྐད་དུ། ཁྲོ་བོ་