Ngb-pt-0676-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། པདྨ་མ་ཧེ་ཤྭ་ར་ཀྟར་ཏ་གུ་རྒྱཧནྟྲ་ན་མ།བོད་སྐད་དུ། པདྨ་དབང་ཆེན་དྲེགས་པ་གསང་བྱེད་ཀྱི་རྒྱུད་ཅེས་བྱ་བ།།པདྨ་དབང་ཆེན་ཧེ་རུ་ཀ་པདྨ་གསང་བ་འི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། ཐུགས་རྡོ་རྗེའི་སྙིང་པོ་བཞུགས་པའི་གནས་ནི། །བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་ནས། །བཅོམ་ལྡན་འདས་དཔལ་པདྨའི་རྒྱལ་པོ་དེས། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་འཁོར་ནི། །གྲངས་དང་དགོངས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་དོན་དང་ལྡན་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཐབས་གཅིག་ཏུ་སྙིང་པོ་རྡོ་རྗེ་སྦྱོར་བའི་པདྨ་ལ་བཞུགས་པ་རྣམས་ལ་གཟིགས་པ་ནི་འདི་ལྟ་སྟེ། །བྱང་ཆུབ་སེམས་དཔའི་རིགས་དྲུག་ལ་གཟིགས་པ་ན། །གསང་སྔགས་ཀྱི་གཞི་དམ་ཚིག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། དམ་ཚིག་གི་དོན་ལུས་ངག་སེམས་ཀྱིས་མཐར་ཕྱིན་པས་བསྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས། ལུས་རྡོ་རྗེ་ཞེས་བྱ་བ་དང་། །ངག་རྡོ་རྗེ་ཞེས་བྱ་བ་དང་། སེམས་རྡོ་རྗེ་ཞེས་བྱ་བ་དང་། སྒོ་གསུམ་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་དང་། དགེ་བའི་དོན་དུ་བྱ་བ་གང་ཡང་འགྲུབ་ཅིང་མི་དགེ་བ་ལས་རྒྱལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་རྡོ་རྗེ་རྣམས་ལ་གཟིགས་སོ། །ཕྱིའི་སྣོད་རྣམ་པརདག་པའི་རྟོགས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་ལ་ཡང་གཟིགས་ཏེ། ས་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུད་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམ་ས་དཔའ་སེམས་དཔའ་ཆེན་པོ་ལྔ་ལ་ཡང་གཟིཧགས་་སོ། །་ནང་བཅུད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲུག་ཏུ་རྣམ་པར་དག་པར་གཟིགས་པར་མཛད་པ་ཡང་། །གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། །དྲི་རྡོ་རྗེ་དང་། །རོ་རྡོ་རྗེ་དང་། །རེག་བྱ་རྡོ་རྗེ་དང་། །ཆོས་རྡོ་རྗེ་རྣམས་ལ་ཡང་འདོད་ཡོན་དྲུག་རྣམ་པར་དག་པར་སྣོད་བཅུད་གཉིས་སུ་མེད་པར་གཟིགས་སོ། །དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། །གྲངས་མང་བས་བརྗོད་ཀྱིས་མི་ལང་བ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་དང་མཉམ་པ་དང་། དགོངས་པ་ཟབ་ཅིང་དཔག་དཀའ་བས་བརྗོད་ཀྱིས་མི་ལང་བས་བརྗོད་པས་ཟད་མི་ཤེས་པ་རྣམས་ལ་ཡང་སྤྱན་གྱིས་གཟིགས་ཤིང་རང་གི་ཉེ་གནས་དམ་པ་ལྟར་དྲུང་ན་འཁོད་དོ། །དེ་ནས་དེ་བཞིན་གཤེགས་པའི་གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་རྣམས་དང་། དགོངས་པ་ནམ་མཁའི་དབྱིངས་དང་མཉམ་པ་རྣམས་ལ་ཡང་། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་གཟིགས་པར་མཛད་པ་ཡང་འདི་ལྟ་སྟེ། །དགོངས་པ་མི་འགྱུར་བའི་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། སྐུ་སྣ་ཚོགས་སུ་སྟོན་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། །ནོར་བུ་ཡིད་བཞིན་རིན་པོ་ཆེ་རྣོག་བསྣམས་པའི་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་དང་། །བདེ་བ་ཅན་དུ་གནས་པ་ཀུན་ཚོགས་དང་། བསོད་ནམས་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང་། བྱ་བའི་ལས་ཀུན་མ་ལུས་པར་གྲུབ་པའི་དེ་བཞིན་གཤེགས་པ་གདོན་མི་ཟ་བ་དང་། དེ་བཞིན་གཤེགམུ་པ་རིགས་ལྔའི་སངས་རྒྱས་དང་། །རང་རང་གི་ཞིང་ཁམས་རྣམས་དང་སོ་སོའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་རང་དང་མཐུན་པའི་མཛད་པས་ཆོས་ཀྱི་འཁོར་ལོར་བསྐོར་ཅིང་། །སྟོན་པའི་འཁོར་དུ་ཡང་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་གཟིགས་པ་ལས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལས་ནི། །ཕྱི་འདོད་པའི་ཡོན་ཏན་མཆོད་པར་ཤར་བ་དང་། །ནང་འདོད་ཆགས་བདེ་བར་ཤར་བའི་དོན། །རྣལ་འབྱོར་བླ་ན་མེད་པའི་དགོངས་པར་མཁྱེན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལས་ནི། །ཕྱིའི་འདོད་པ་ལྔས་འཆིང་བ་དང་། ནང་གི་བདེ་བ་སྤོང་བ་དང་། ས་བཅུའི་དགོངས་པ་ལ་ཡང་རང་རང་གི་ཤེས་བྱའི་མཆོད་པ་རྣམས་ལ་ཡང་གཟིགས་ནས།ཉིད་ཀྱི་སྐུ་ལས་གཟུགས་ཀྱི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །སངས་རྒྱས་སྤྱན་དང་། །ནམ་མཁའི་དབྱིངས་ཕྱུག་མ་དང་། ཆུ་མ་མ་ཀི་དང་། མེ་གོས་དཀར་མོ་དང་། རླུ་་དམ་ཚིག་སྒྲོལ་མ་ཕྱུང་ནས།བྷ་ག་བདེ་བ་ཆེན་པོའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས། ཡུམ་བཞི་ཡང་དབྱིངས་ཕྱུག་མ་ལ་ཐིམ་ནས་ཡུམ་གཅིག་ཏུ་གྱུར་ཏོ། །འདོད་ཆགས་ལས་སྐྱེས་པའི་སྲས་སྟོན་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ། ཞལ་གསུམ་མཐིང་ཀ་དཀར་དང་དམར་བ་དང་། ཕྱག་དྲུག་ཏུ་གནས་པར་སྣང་བ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་གཡས་ན་བསྣམས་པ། དྲིལ་བུ་རིན་ཆེན་པདྨ་གཡོན་ན་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གནས་པ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐུ་མངོན་དུ་མཐོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ངོ་མཚར་དུ་གྱུར། རྨད་དུ་གྱུར་ནས། ཆོས་ཀྱི་དབྱིངས་ཀྱིས་འདི་སྐད་དུ་གསོལ་བ་འདེབས་སོ། །ཨེ་མའོ་ངོ་མཚར་གསང་སྔགས་ཆོས། །ཐེག་པ་དམན་པས་རབ་སྨད་ཡང་། །སྐྱོན་གྱིས་མི་གོས་པདྨ་འདྲ། །འཁོར་འདས་ཆོས་ལ་དབང་ཆེ་བའི། །བྱ་སྤྱོད་རྣལ་འབྱོར་རྒྱུད་དག་ལས། །ཁྱད་པར་རྣལ་འབྱོར་བླ་མེད་ཆོས། །དྲེགས་པ་གསང་བའི་རྒྱུད་ཆེན་པོ། །བདག་ཅག་རྣམས་ལ་ལེགས་པར་གསུངས། །ཞེས་ཞུསླ་སོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། དཔའ་པདྨ་ཧེ་རུ་ཀ་དབང་མཆོག་དམ་པའི་ངོ་བོ་དང་གཉིས་སུ་མེད་ཅིང་ཐ་མི་དད་དབྱེར་མེད་ཅིང་དབྱེ་བར་རབ་ཏུ་དཀའ་བའི་སྟོན་པས། འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་འདི་གསུངས་སོ། །ཨེ་མ་ངོ་མཚར་གསང་སྔགས་ཆོས། །སྔོན་གྱི་སྐྱེས་བུ་སྐལ་ལྡན་གྱིས། །དང་པོར་དེ་བཞིན་ཉིད་དུ་གནས། །ཆོས་ཀྱི་སྐུ་ནི་རྒྱུ་ཡི་ཚུལ། །གཉིས་པ་ཀུན་ཏུ་སྣང་བ་ནི། སྙིང་རྗེ་ལོངས་སྤྱོད་རྫོགས་སྐུར་བཞེངས། །གསུམ་པ་རྒྱུ་ལས་སྤྲུལ་སྐུར་འབྱུང་། །ཞིང་ཁམས་རྣམ་དག་འབྱུང་པ་ལྔ། །བྲུ༷་ལས་བྱུང་བའི་ལྷ་གནས་ནི། །གཞལ་ཡས་ཁང་ནི་རྣམ་པར་བསྒོམ། །ལེའུ་ཚེ་དགུ་པ་གྲུ་བཞི་མཛེས། །སྒོ་དང་སྒོ་ཁྱུད་རྣམས་དང་ལྡན། །གདན་དང་བཅས་པ་རྣམ་གསལ་ཏེ། །སེམས་ཅན་ཉི་ཟླ་རིན་ཆེན་པད། །ཨོ་ཤུ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་བ་ཨ་ད་མ་ཀོ྅ཧ༷། ཨོ་དྷསྨེ་དྷ་ཏུ་སྭབྷ་ཝ་ཨུད་མ་ཀོ྅་ཧ༷། ཨོ་བཛྲ་བོདྷི་ཙིསྟ་ཧཱུཾ༷། ཨེ༷༷ ཡ༷༷༷བ༷ སུ༷༷ ར༷༷༷ ལ༷༷༷ བྲུ༷་བི་ཤྭ་བི་ཤུདདྷི་ས༷༷༷ ནི༷༷ ཀྟ༷༷ ད༷༷བ༷༷ སུ༷༷ ཨ༷༷ ར༷༷ ཧཱུཾ༷་དང་རྡོ་རྗེའི་སྦྱོར་བ་ལས། །རང་རིག་བདེ་བའི་ཆ་ནི་ཧཱུཾ༷། །ཆ་ཤས་དུ༷་བུ་རྡོ་རྡོ་ཉིད། ཆེན་པོ་ལྔ་ལས་བྱུང་བའི་སྐུ། །མི་བསྐྱོད་པ་ནི་རྣམ་པར་བསམ། །ཀུན་ད་ཟླ་བ་དཀར་དང་མཚུངས། །ཞལ་གསུམ་ཕྱག་དྲུག་འབར་བ་དང་། རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་བསམ་པར་བྱ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་པའི་ཕྱག་ཏུ་བསམ་པར་བྱ། །དེ་ཡི་ཕུང་པོ་ལྔ་པོ་ལ། །གཟུགས་ཕུང་སྣང་མཛད་ཨོ་དཀར་བསམ། །དེ་ཡི་སྦྱི་བོར་བསྒོམ་སྟེ་དགོད། །ཚོར་བ་ས་སེར་རིན་ཆེན་འབྱུང་། །ཚོར་བའི་རྒྱུ་དེ་ལྟེ་བར་དགོད། །འདུ་ཤེས་ཨ་ནི་འོད་དཔག་མེད། །དམར་པོ་དག་ལ་བསམ་པར་བྱ། །རྣམ་ཤེས་མི་སྐྱོད་མཐིང་ཀ་ཧཱུཾ༷། །སྙིང་ལ་རབ་ཏུ་བསམ་པར་བྱ། །འདུ་བྱེད་དོན་ཡོད་གྲུབ་པ་ནི། །ཧ་ལྗང་གསང་བའི་གནས་སུ་བཀོད། །གཏི་མུགས་སྟེ་སངས་རྒྱས་སྤྱན། །ཞེ་སྡང་ནམ་མཁའ་དབྱིངས་ཕྱུག་མ། །ང་རྒྱལ་མེ་སྟེ་གོས་དཀར་མ། །འདོད་ཆགས་ཆུ་སྟེ་མ་མ་ཀི །ཕྲག་དོག་རླུད་སྟེ་དམ་ཚིག་སྒྲོལ། །ལ༷་དང་མུ༷་དང་མ༷་པྱ༷་ཏ༷། །སྲ་དང་གཤེར་དང་དྲོ་བ་དང་། །རླུད་སོགས་དེར་ནི་རིམ་པ་བཞིན། །ས་སྙིང་དམིགས་ལ་ཡི་གེ་ཧཱུཾ༷། །སྣ་ལ་ན༷་ཡིག་ཡི་གེ་ཏྲ། །རྣ་བ་ཕྱག་རྡོར་ཡི་གེ་ཛི། ལྕེ་ལ་སྤྱན་རས་གཟིགས་དབང་ཨ། །ཡིད་ལ་འཇམ་དབྱངས་ཡི་གེ་མུ། །ལུས་དབང་སྒྲིབ་སེལ་ཡི་གེ་སྟོ༷། །ལག་པ་གཡས་པ་གཤིན་རྗེ་གཤེད། །གཡོན་པ་གཞན་གྱིས་མི་ཐུབ་པ། །ཁ་ལ་རྟ་མགྲིན་བསམ་པ་དང་། །གསང་བ་རྡོ་རྗེ་བདུད་རྩི་འཁྱིལ། །ཆོས་ཉིད་དབྱིངས་ཀྱི་ངང་ཉིད་ལས། །དབྱིངས་ཕྱུག་ཡུམ་ཡང་སྐུ་ལ་འཁྲིལ། །ཨོ་བཛྲ་ས་ཏྭ་ཧཱུཾ༷། །དྷ་ཏུ་ཤྭ་རི་སྟུ༷། བུམ་པའི་དབང་ལྔ་རབ་རྫོགས་པས། །ཡི་གེ་ལྔ་ཡིས་དབང་བསྐུར་བ། །བུམ་པ་རྡོ་རྗེ་མི་སྐྱོད་པ། །མིང་ནི་རྣམ་པར་སྣང་བ་མཛད། །ཅོད་པན་རིན་ཆེན་འབྱུང་ལྡན་ཏེ། །རྡོ་རྗེ་སྣང་བ་མཐའ་ཡས་ལ། །དྲིལ་བུ་དོན་ཡོད་གྲུབ་པར་འགྱུར། །ཨོ་མ་ཧྭ་ཨ་ཏ་རི་ཤ་རྙོ་ན་བཛྲ་སྭ་བྷ་བ་ཨུ་ད་མ་ཀོ྅ཧེ། །ཨོ་མཧྭ་ཤུ་རྒྱ་ཏྭ་ཙྭ་སྭབྷ་བ་ཨུདྨ་ཀོ྅ཧ༷། །ཨོ་མ་ཧྭ་ས་མ་ན་ཏ་རྙོ་ན་བཛྲ་སྭབྷ་ཨདྨ་ཀོ྅ཧ༷། ཨོ་མ་ཧྭ་པྲ་ཏི་པྲ་བེ་ཤརྙོ་ན་བཛྲ་སྭབྷ་བ་ཨུ་ད་མ་ཀོ྅ཧ༷། ཨོ་མ་ཧྭ་ཀྲི་ཏ་་་ཏ་རྙོ་ན་བཛྲ་སྭ་བྷ་བ་ཨུད་མ་ཀོ྅ཧ༷། །ཟབ་མོའི་དབང་གསུམ་རབ་རྫོགས་པས། །གསང་བའི་དབང་ནི་ངག་ལ་རླབ། ཁྲེས་རབ་ཡེ་ཤེས་སྤྱི་བོ་ལུས། །བདེ་ཆེན་ཡིད་ལ་བྱིན་བརླབས་བྱ། །ཨོ་སརྦ་ཏ་ཐུ་ག་ཏ་ཙིསྟ་བཛྲ་སྭབྷ་བ་ཨུ་ད་མ་ཀོ྅ཧ༷། །ཨོ་སརྦ་ཏ་ཐུ་ག་བཱཀ་བཛྲ་སྭ་བྷ་བ་ཨུ་དམ་ཀོ྅ཧ༷། །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭ་བྷ་བ་ཨུད་མ་ཀོ་྅ཧ༷། དེ་ནས་གསང་གནས་བྱིན་བརླབས་པ། །དགའ་བ་དང་ནི་མཆོག་དགའ་དང་། །དགའ་བྲལ་ལྷན་སྐྱེས་ཡེ་ཤེས་བཞིས། །ནང་དུ་བདེ་བ་ཆགས་པར་བྱ། །ཕྱི་ལ་སངས་རྒྱས་མཆོད་པར་བྱ། །དེ་ནི་ཡོན་ཏན་འཕྲིན་ལས་ཡིན། །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཨ་ནུ་རྭ་ག་བཛྲ་གྲྭབྷ་བ་ཨུ་དམ་ཀོ྅ཧ༷། །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་པུ་ཛ་བཛྲ་སྭ་བྷ་བ་ཨུ་ད་མ་ཀོ྅ཧ༷། དེ་ནས་ཁ་ནས་འདོན་པར་བྱ། །བཛྲ་དྷིག་སྔགས་ལས་བྱུང་བའི། །མི་སྐྱོད་རྡོ་རྗེ་ཅན་བསམ་པ། །མགོན་པོ་རལ་པའི་ཐོར་ཚུགས་འཆང་ མི་སྐྱོད་པས་ནི་དབུ་བརྒྱན་བྱས། །མཐིང་ཤུན་བཟང་པོའི་མདོག་ལྟར་སྣང་། །སྔོ་ནག་དཀར་དང་དམར་བའི་ཞལ། །རྒྱུན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་དྲུག་པར་ནི་རྣམ་པར་སྒོམ། །རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་བསམ་བྱ་ཞིང་། །དྲིལ་བུ་རིན་ཆེན་རལ་གྲི་ནི། །དེ་ཡི་གཡོན་ལ་བསམ་པར་བྱ། །འདི་ནི་ཐུགས་ཁ་ནས་བྱུང་ནས། །ཕྱོགས་བཅུ་རྣམས་སུ་གཟིགས་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སངས་རྒྱས་མཛད་པ་ཀུན་མཛད་དེ། །སེམས་ཅན་མ་ལུས་ཀུན་སྦྱངས་ནས། །ཞེ་སྡང་རྡོ་རྗེ་ནས་ལ་སོགས། །སླར་བྱོན་རྡོ་རྗེ་མགོན་པོ་ཡི། །སྤྱན་སྔ་རུ་ནི་འདུག་པར་འགྱུར། །སྔགས་པས་དེ་ནི་སྙིང་ཁ་སྲ །རྗེས་ཞུགས་བདག་ཉིད་རྣམ་སྒོམ་པས། །སྔ་མའི་གཟུགས་ནི་ཡོངས་གྱུར་ནས། །ཞེ་སྡང་རྡོ་རྗེ་གནས་ནས་བཞུགས། །ཨིན་དྲ་ནི་ལའི་འོད་འབར་བ་། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །དཔའ་བོར་རང་གི་ཡུམ་ལ་འཁྱུད། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། དྲག་པོ་ཞི་དང་འདོད་ཆགས་ཆེ། །ཞལ་གསུམ་གྱིས་ནི་རྣམ་མཛེས་པའི། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་སྤྲོ་བར་མཛད། །ཛིན་ཛིན་སྔགས་ལས་བྱུང་བའི། །རྣམ་སྣང་དཀར་དང་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་པད་དཀར་གཡས། །ནོར་བུ་རིན་ཆེན་རལ་གྲི་གཡོན། །ཐུགས་ཁ་ནས་བྱུང་གཏི་མུག་སྦྱངས། །སླར་བྱོན་ཤར་ན་ཟླ་གདན་བཞུགས། །རཏྣ་དྷིག་སྔགས་ལས་བྱུང་བ། །རིན་འབྱུང་སེར་ནག་དཀར་བའི་ཞལ། །ནོར་བུ་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པད་སེར་རལ་གྲི་གཡོན། །ཞི་བ་ཐོར་ཚུགས་ཅོད་པན་འཆང་། །ང་རྒྱལ་ལམ་སྦྱོང་རིན་ཆེན་ལྷོ། །ཨ་རོ་ལིག་སྔགས་སྣང་མཐའ་ཡས། །དམར་དང་ནག་དང་དཀར་བའི་ཞལ། །གཡོན་ན་དྲིལ་བུ་པད་སྡོང་འཛིན། །གཡས་པས་པདྨའི་ཁ་ཡང་འབྱེད། །རྡོ་རྗེ་འཁོར་ལོ་གཡས་གཉིས་ལ། །རིན་ཆེན་རལ་གྲི་གཡོན་གཉིས་ལ། །འདོད་ཆགས་ཅན་སྦྱངས་ནུབ་ཕྱོགས་རྒྱབ། །པདྨའི་གདན་ལ་བཞུགས་པའོ། །བྲཙྭ་དྷིག་སྔགས་དོན་གྲུབ་ཕྱུང་། །ལྗང་དང་ནག་དང་དཀར་བའི་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པདྨ་ནོར་བུ་གཡོན། །ང་རྒྱལ་གནས་སྦྱངས་བྱང་ཕྱོགས་སུ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བཞུགས། །དྷི་ཤ་ར་ཏི་སངས་རྒྱས་སྤྱན། །དཀར་དང་ནག་དང་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་ཨུཏུལ་དཀར། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཕྱུང་ནས་གདོན་དང་འཇིག་རྟེན་སྦྱངས། ཁྲར་ལྷོ་མཚམས་ཀྱི་གྲྭ་ན་བཞུགས། །མོ་ཧ་ར་ཏི་མ་མ་ཀི །མཐིང་ཀ་དམར་དཀར་བས་ཏེ། །རྡོ་རྗེ་འཁོར་ལོ་ཨུད་དཔལ་སྔོ། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །བགེགས་འཇིགས་བསྲུང་མཛད་ལས་མཛད་ནས། །དཀྱིལ་འཁོར་ལྷོ་ནུབ་གྲྭ་ལ་བཞུགས། །ར་ག་ར་ཏིས་གོས་དཀར་དབྱུང་། །གནག་དང་དམར་དང་དཀར་བའི་ཞལ། །ཐུགས་ཀ་དྲིལ་བུ་ཨུ་དཔལ་དམར། །དེ་ཡི་ཀ་ཡང་གཡས་པས་འབྱེད། །རྡོ་རྗེ་འཁོར་ལོ་གཡས་དག་ལ། །ནོར་བུ་རལ་གྲི་གཡོན་པ་ལ། །གདོན་གྱི་ཉེས་པ་ཞི་མཛད་ནས། །སླར་བྱོན་ནུབ་བྱང་པདྨར་བཞུགས། །བཛྲ་ར་ཏི་སྔགས་ཕྱུང་སྒྲོལ། །ལྗང་དང་ནག་དང་དཀར་བའི་ཞལ། །རྡོ་རྗེ་འཁོར་ལོ་ཨུ་དཔས་ལྗང་། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཕྱུང་ནས་དབང་མཛད་བྱོན་ནས་སུ། །བྱང་ཤར་རྡོ་རྗེའི་གདན་ལ་བཞུགས། །ཡ་མན་ཏ་ཀྲིད་གཤིན་རྗེ་དབྱུག །ཞལ་ནི་ནག་དང་དཀར་དང་དམར། །དབྱུག་པ་འཁོར་ལོ་རྡོ་རྗེ་གཡས། །སྡིགས་མཛུབ་དྲིལ་བུ་དགྲ་སྟ་གཡོན། །དབང་པོའི་བགེགས་སྐྲད་ཉི་མ་ལ། ཁྲར་ཕྱོགས་སྒོ་ཡི་སྲུངས་མ་མཛད། །པྲརྙོན་ཀྲིད་གཞན་མི་ཐུབ། །དཀར་དང་ནག་དང་དམར་བའི་ཞལ། །རྡོ་རྗེ་དབྱུག་པ་རལ་གྲི་གཡས། སྡིགས་མཛུབ་དྲིལ་བུ་དགྲ་སྟ་གཡོན། །མི་བཟད་བགེགས་རྣམས་སྐྲག་མཛད་ཅིང་། །སྒོ་སྐྱོང་ལྷོ་ན་བཞུགས་པའོ། །པདྨ་ཏ་ཀྲི་ད་རྟ་མགྲིན་དབྱུང་། ཞལ་ནི་དམར་དང་ནག་དང་དཀར། པདྨ་རལ་གྲི་ག་་ཤིང་གཡས། །དྲིལ་བུ་དགྲ་སྟ་ཞགས་པ་གཡོན། །ཀླུ་རྣམས་སྐྲག་མཛད་ནུབ་ཕྱོགས་ཀྱི། །དཀྱིལ་འཁོར་སྒོ་སྲུངས་མཛད་པའོ། །བིཀྟ་ནན་ཏཀྲི་ད་བདུད་རྩི་འཁྱིལ། །ཞལ་ནི་སྔོ་དང་དམར་དང་དཀར། །རྡོ་རྗེ་འཁོར་ལོ་ག་་ཤིང་གཡས། །སྡིགས་མཛུབ་དྲིལ་བུ་དགྲ་སྟ་གཡོན། །གཡོན་བརྐྱང་བགེགས་འཛོམས་ལས་མཛད་ནས། །བྱང་ཕྱོགས་སྒོ་ཡི་ནང་ན་བཞུགས། །རིགས་ལྔར་གྲགས་པའི་སངས་རྒྱས་རྣམས། །ལུས་ཁམས་བདུད་རྩི་ལྔ་ལ་གནས། །རིགས་ཀྱི་ཡུམ་བཞི་ལྷ་མོ་ཡང་། །ལུས་ཀྱི་འབྱུང་བ་བཞི་ལ་གནས། །ཁམས་དགུ་འདུས་པའི་དངས་མ་ལ། །རིགས་བཞི་ཁྲོ་བོས་སྲུང་བར་མཛད། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྒོམས་ནས་སངས་རྒྱས་ཉིད་དུ་འགྱུར། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །དཀྱིལ་འཁོར་མངོན་དུ་ཕྱུང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་གསུངས་སོ། །སྔོན་དུ་བསྙེན་པ་བྱེད་པའི་ཚེ། །དཀྱིལ་དཀྱིལ་ཐིག་དང་ཚོན་རྣམས་ཡང་། །དེ་ནི་སངས་རྒྱས་སྔགས་འགྲུབ་ཀྱང་། །སྐབས་འདིར་བསྙེན་པའི་གེགས་སུ་འགྱུར། །དེ་ནས་བསྙེན་པ་འཐེམས་པ་ཡིས། །ས་ཕྱོགས་དག་པར་རབ་བྱས་ནས། །དཀྱིལ་འཁོར་གྲུ་བཞི་མཛེས་པ་ལ། །ཆག་ཆག་ཐིག་གིས་རབ་བྲེས་ནས། །རྡུལ་ཚོན་ཁ་དོག་བཟང་པོ་ཡིས། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །ཐིག་བཞི་བཏབ་པས་ལེའུ་རྩེ་དགུ །གྲུ་བཞི་སྒོ་དང་སྒོ་ཁྱུད་ལྡན། །དེ་ནས་རྡོ་རྗེ་ལས་མཁན་གྱིས། །ཕྱག་རྒྱ་དགོད་པར་བྱ་བ་ཡང་། །དེ་དབུས་རྡོ་རྗེ་བྲི་བར་བྱ། །འཁོར་ལོ་ཤར་ལ་རིན་ཆེན་ལྷོ། །ནུབ་ཏུ་པདྨ་བྲི་བར་བྱ། །རལ་གྲི་བྱང་དུ་བཀོད་པ་ནི། །རིགས་ལྔ་ཡབ་ཀྱི་ཕྱག་མཚན་དེ། །ཕྱོགས་བཞི་དག་ཏུ་བྲི་བར་བྱ། ་ར་ལྷོ་མིག་བྲི་ལྷོ་ནུབ་ཏུ། །རྡོ་རྗེ་ནུབ་བྱང་པདྨ་བྲི། །བྱང་ཤར་དུ་ནི་ཨུད་པ་ལ། །ལྷ་མོ་བཞི་ནི་ཡུམ་དུ་གྲགས། ཁྲར་དུ་བེ་ཙན་དགྲ་སྟ་ལྷོ། །དབྱུག་པ་ནུབ་ལ་རྒྱ་གྲམ་བྱང་། །མདོར་ན་རང་གི་ཕྱག་མཚན་བྲི། །སྒོ་བ་བཞིར་ནི་རབ་ཏུ་གྲགས། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཡོངས་སུ་གསལ་བར་བསྐྱེད་བྱས་ལ། །དབྱིངས་ནས་བཞེངས་ཏེ་སྤྱན་དྲངས་བསྟིམ། །ཕྱག་མཚལ་་ནས་ནི་མཆོད་པ་ཡང་། །དམ་ཚིག་བདུད་རྩི་རྣམ་ལྔ་དང་། །ཟབ་མོ་ཡུམ་གྱི་བདེ་བས་མཆོད། །སངས་རྒྱས་བྱང་སེམས་ཀུན་ཡང་མཉེས། །རང་གི་ལུས་ངག་ཡིད་ཀྱང་བདེ། །དེ་ནས་བཟླས་པ་རབ་བྱ་བ། །ཡི་གེ་ཨོ་ནི་སྐུ་ཡིན་ཏེ། །རླུད་ལྔའི་བདག་ཉང་ད་ཕྱིར་ལ་བྱུང་། །ཡི་གེ་ཧཱུཾ༷་ནི་ཐུགས་ཡིན་ཏེ། །རླུད་ལྔའི་བདག་ཉིད་ནང་དུ་འཇུག །ཡི་གེ་ཨུ༷༷ནི་གསུངས་ཡིན་ཏེ། །རླུད་ལྔའི་བདག་ཉིད་ཁོང་ན་གནས། །ཨོ་ཨུ༷༷་ཧཱུཾ༷་ཁོང་ན་གནས་པ་སྲོག་ཡིན་ཏེ། །ཕྱི་ནང་རྒྱུ་བ་རྩོལ་བ་ཡིན། །དེ་ནས་བཟླས་པ་འཐེམས་པ་ན། །མཆོག་གི་དངོས་གྲུབ་སྐུ་གསུམ་ཐོབ། །ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད། །འཐོབ་འགྱུར་སངས་རྒྱས་ཀུན་གྱི་ཐུགས། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །གཟུགས་བརྙན་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་དང་པོ་་པའི་གང་ཟག་སྨིན་པར་བྱ་བ་འདི་དག་ཡོངས་སུ་གསུངས་སོ། །གསང་བའི་དཀྱིལ་འཁོར་ཐམས་ཅད་ལ། །དབང་བསྐུར་རྣམ་པ་བཞིར་གནས་པ། །མཚུངས་རྒྱུ་རང་ལ་གནས་པའོ། །རྩ་བའི་དཀྱིལ་འཁོར་བུམ་པའི་དབང་། །སྔགས་ཀྱི་ཡི་གེ་ཙན་ཌ་ལི། །ཁམས་ཀྱི་བདུད་རྩི་ཤེས་རབ་ལ། །སྙིང་པོ་རླུད་ནི་བདེ་ཆེན་དབང་། །འདི་བཞིན་མཚུངས་རྒྱུ་ཡིན་པར་འདོད། །དབང་བཞི་མཚུངས་རྒྱུ་རང་ལ་གནས་པའི་རྒྱུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རིག་པའི་དབང་ལྔ་རབ་གསུངས་ཕྱིར། །ངས་ནི་ཁྱོད་ལ་གསལ་བར་བཤད། །བུམ་པ་རྡོ་རྗེ་མི་སྐྱོད་ཆུས། །བཀྲུས་ཤིང་སྤྱི་ནས་དབང་བསྐུར་བས། །ལས་དང་བག་ཆགས་དག་པ་དང་། །རྡོ་རྗེ་སེམས་དཔའི་སྐུ་རུ་འགྱུར། །ཅོད་པན་བཟང་པོ་བཅིངས་པ་ཡིས། །དབུ་རྒྱན་སྤྱི་བོར་རབ་བཞུགས་ནས། །བདུད་དང་བགེགས་རིགས་བསྲུང་བ་དང་། །རིན་ཆེན་འབྱུང་ལྡན་སྐུ་རུ་འགྱུར། །རྡོ་རྗེ་ལག་ཏུ་གཏད་པ་ཡིས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །རང་གནས་ལྷག་པའི་བདུད་འཇོམས་ཤིང་། །ཚེ་དཔག་མེད་དེ་སྣང་མཐར་འགྱུར། །དྲིལ་བུ་གསུང་གི་སྒྲ་སྒྲགས་པས། །བརྡ་སྤྲོད་དོན་རྣམས་གོ་བ་ཡིས། །མཆོག་དང་ཐུན་མོངས་དངོས་གྲུབ་ཐོབ། །གདོན་མི་ཟ་བའི་སྐུ་རུ་འགྱུར། །མིང་གི་དབང་ནི་བསྐུར་བ་ཡིས། །སྲིད་པ་བར་དོར་སྐྱོབ་པ་སྟེ། །རྡོ་རྗེ་མིང་གི་ཡི་དམ་དྲན། །རྣམ་པར་སྣང་མཛད་སྐུ་རུ་འགྱུར། །མཚན་ལྡན་གཟུགས་མ་བུམ་པ་ལ། །པདྨར་རྡོ་རྗེ་བཅུག་པ་རྡོ་རྗེའི་དབང་། །རྡོ་རྗེ་པད་སྐྱོད་དྲིལ་བུའི་དབང་། །བྱང་སེམས་དཀར་དམར་ཅོད་པན་ལ། །རང་གིས་ཟོས་པ་མིང་གི་དབང་། །རིག་པའི་དབང་ལྔ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་གསང་བའི་དབང་བཤད་པ། །རྡོ་རྗེ་སློབ་དཔོན་བླ་མ་ཡིས། །རླུད་དང་ཐིག་ལེ་འདྲེས་པ་ནི། །ཡིད་ནི་ནང་དུ་ཡང་དག་བཟུང་། །རང་རྫས་ཐིག་ལེ་ཕྱིར་ཐོག་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །སློབ་མ་དག་ལ་་སྦྱིན་པ་ཡང་། །རབ་ནི་བ་དང་བེའུ་འདྲ། །འབྲིང་ནི་བུང་བ་མེ་ཏོག་འདྲ། །ཐ་མ་བྱ་དང་བྱིའུ་ལྟར། །བྱང་སེམས་ཐིག་ལེ་ཟོས་པ་ནི། །བརྟུལ་ཞུགས་དབང་ཞེས་བྱ་བར་བཤད། །གསལ་བའི་དབང་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི། །དབང་ཡང་ཁྱེད་ལ་བཤད་ཀྱིས་ཉོན། །འདོད་པའི་མཉམ་པའི་མིང་སྲིང་གཉིས། །སྒྲོམ་བསྒྲུབ་མཉམ་པའི་ཡི་དམ་ལྷ། །བྱིན་རླབས་མཉམ་པས་མཁའ་གཉིས་པོ། །བསྣོལ་མར་བྱིན་གྱིས་བརླབས་པར་བྱ། །རེག་པ་སྲ་བ་ས་ཡིན་ཏེ། །དགའ་བའི་བདེ་བ་ཞེས་ཀྱང་བྱ། །དེ་ནས་གཤེར་བ་ཆུ་ཡིན་ཏེ། །མཆོག་དགའི་བདེ་བ་ཞེས་ཀྱང་བྱ། །དེ་ནས་དྲོ་བ་ཚ་བ་མེ། །དགའ་འབྲལ་བདེ་བ་ཞེས་ཀྱང་བྱ། །དེ་ནས་གཡོ་བ་རླུད་ཡིན་ཏེ། །ཐིག་ལེ་བྱང་སེམས་འབེབས་པ་ནི། །དགའ་བ་ལྷན་ཅིག་སྐྱེས་པར་འདོད། །རང་གི་ཉམས་སུ་མྱོང་བས་ན། ཁྲེས་རབ་དག་ལ་རྟེན་ནས་ནི། །ཡེ་ཤེས་སྐྱེས་པ་ངོས་ཟིན་པས། ཁྲེས་རབ་ཡེ་ཤེས་དབང་དུ་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན། ཁྲེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བདེ་བ་ཆེན་པོ་ཡི། །དབང་བསྐུར་ཁྱེད་ལ་ཡང་དག་བཤད། །ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས། །གསང་བའི་གནས་ནས་བཟློག་བྱས་ནས། །ལྟེ་བ་མེ་ལོང་ངོས་དང་འདྲ། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ། །རོ་སྟོད་སེང་གེའི་ཁོག་པ་འདྲ། །ལྕེས་ནི་ཞལ་གྱི་གདོང་ཡང་ཁེབས། །སྨིན་མཚམས་མརྫོད་པུ་འཁྱིལ་བ་དང་། །དབུ་ཡི་གཙུག་ཏོར་གྲུབ་པ་ནི། །སྤྱི་གཙུག་རིང་བསྲེལ་མཆོད་རྟེན་གནས། །དེ་ནི་དུང་ཆེན་གཡས་སུ་འཁྱིལ། །གདུང་ཟླུམ་བརྩེགས་པའི་གཞལ་ཁང་། །མཚན་རྣམས་ཀུན་གྱི་མཐར་ཐུག་པ། །རྡོ་རྗེ་རྦ་རླབས་ལམ་ལ་ས་ཐོབ། །ལུས་ངག་ཡིད་ཀྱི་གནས་ལས་ཐོབ། །བདེ་བ་ཆེན་པོའི་དབང་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དབང་བཞིས་སྒྲིབ་དག་པ། །བུམ་དབང་ལུས་ཀྱི་དྲི་མ་དག །ལུས་གནས་རྩ་ནི་བུམ་པའི་ཚུལ། །གསང་དབང་ངག་གི་དྲི་མ་དག །སྔགས་ཀྱི་ཡི་གེ་དག་ལས་འབྱུང་། །ཤེས་རབ་ཡེ་ཤེས་སྒྲིབ་དག །སེམས་ལས་ཤེས་པའི་ཡེ་ཤེས་ཉིད། །བདེ་ཆེན་ལུས་ངག་ཡིད་གསུམ་གྱིས། །སྤྱི་ཡི་སྒྲིབ་དག་རྫོགས་སངས་རྒྱས །དབང་བསྐུར་བས་དྲི་མ་དག་པའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དབང་གི་ཉམས་བླངས་ཏེ། །དབང་ལམ་བགྲོད་པ་ཁྱོད་ལ་བཤད། །དང་པོ་རྒྱུ་ཡི་དབང་བཤད་ན། །རི་མོ་བུད་མེད་དཀྱིལ་འཁོར་དུ། །བླ་མ་དག་ལ་རིམཔབཞིན། །དབངབསྐུར་རྫོགས་པ་ཐོབ་པར་བྱ། །བར་དུ་ལམ་གྱི་དབང་བླངས་པ། །བསྐྱེད་པའི་རིམ་པ་སྒོམ་དུས་སུ། །དམ་ཚིག་སེམས་དཔའི་ལྷ་ཚོགས་ལ། །ཡེ་ཤེས་རྣམ་ལྔས་དབང་བསྐུར་ཞིང་། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །བུམ་དབང་ལྔ་དང་གསང་དབང་གསུམ། །ཐ་མ་འབྲས་བུ་ཐོབ་དུས་སུ། །གསང་དབང་གསུམ་ནི་སྐུ་གསུམ་ལ། །བུམ་དབང་ལྔ་ནི་ཡེ་ཤེས་ཉིད། །སྐུ་གསུམ་ཡེ་ཤེས་རྣམ་པ་ལྔ། །ཐེག་པའི་ལམ་རྣམས་གང་བགྲོད་ཀྱང་། །འབྲས་བུ་ཡིན་བར་དུས་གསུམ་གྱི། །རྒྱལ་བ་རྣམས་ཀྱིས་མཐུན་པར་བཤད། །པདྨ་དབང་ཆེན་དྲེགས་བ་གསང་བའི་རྒྱུད་ལས། །རིམ་པ་དབང་གི་བགྲོད་པར་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་དྲག་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབེན་པའི་གནས་སུ་འདུག་ནས་ནི། །ལུས་དང་ངག་དང་སེམས་སྦྱངས་ཤིང་། །དེ་བཞིན་གནད་ལ་དབབ་པར་བྱ། །བྱང་ཆུབ་སེམས་དང་ཚོགས་བདུན་དང་། །མཚམས་ཀྱི་བསྲུང་བ་རྣམ་པར་བསམ། །སྟོང་པའི་ངང་ལས་རོལ་པའི་སྐུ། །དབུ་ལྔ་དམར་པོ་གཤོག་པ་བཞི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །ཅང་ཏེའུ་ཁ་ཊ༷་ཐོད་རློན་ཁྲག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་གཡས་པ་ན། །ལྕགས་ཀྱུ་སྡིགས་མཛུབ་ལུ་གུ་རྒྱུད། །ཐོད་རློན་ཁྲོ་སྙིང་མེ་ཞགས་ཁྲ །སྡིགས་མཛུབ་མེ་འབར་ཁ་ཊ༷་སོགས། །ཞབས་བརྒྱད་མེ་ཀློང་གསལ་བ་དང་། །དེ་ལྟར་བསྐྱེད་པའི་སྐུ་དེ་ལ། །ཉིད་ལ་ཉིད་ཀྱིས་འདི་ལྟར་བསྟོད། །ཧཱུཾ༷་དབང་ཆེན་ཀུན་འདུལ་དབང་གི་རྒྱལ་པོ་ནི། །དབང་གི་མདོག་དམར་བསྐལ་བའི་མེ་ལྟར་འབར། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱིས་བརྗིད། །དབང་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྒོམ་པའི་རིམ་པ་ཡང་། །གར་གྱི་དབང་ཕྱུག་སྐུ་གཅིག་ལ། །འཁོར་གྱི་ལྷ་རྣམས་སྦས་པའི་དོན། །མན་ངག་དམ་པ་བསྟན་པ་ནི། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡང་། །མན་ངག་གསང་བར་རྒྱུད་པ་ནི། །གར་གྱི་དབང་ཕྱུག་སྐུ་ལ་སྦས། །ཡུམ་ཆེན་ཁྲོ་མོ་གཟི་ལྡན་མ། །གདན་གྱི་པདྨ་ཉིད་ལ་སྦས། །སྐྱེ་མེད་ཡེ་ཤེས་སེམས་དཔའ་ནི། །ཐུགས་ཀྱི་དཔའ་བེའུ་ཉིད་ལ་སྦས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། །དབུ་ལྔའི་གཞལ་ཡས་ཉིད་ལ་སྦས། །གསུང་དང་དབྱངས་ཀྱི་དཀྱིལ་འཁོར་ནི། །དབུ་ཡི་རྟ་མགོ་ཉིད་ལ་སྦས། །རིགས་བཞི་གསང་བའི་ཧེ་རུ་ཀ །རིན་ཆེན་ཁྲི་རྐང་བཞི་ལ་སྦས། །གསང་བའི་རིགས་ཀྱི་ཡུམ་ཆེན་ནི། །པདྨའི་གདན་ཁྲི་ཉིད་ལ་སྦས། །དུར་ཁྲོད་མ་མོ་བཅུ་དྲུག་ནི། །འཇིགས་པའི་ཕྱག་མཚན་ཉིད་ལ་སྦས། །དུར་ཁྲོད་གསང་བའི་ཡུམ་རྣམས་ནི། །ལྷ་མོ་བཞིར་ཡང་རབ་བསྒྱུར་ནས། །རིནཆེན་གཤོག་པཉིདལ་སྦས། །མ་བདུན་གསང་བའི་བའི་ཕྱག་རྒྱ་ནི། །གསལ་བའི་ཉི་མ་བདུན་དུ་སྦས། །མ་ཚོགས་དབང་ཕྱུག་ཉི་ཤུ་བརྒྱད། །འདེགས་པ་སེང་གེའི་གདན་དུ་སྦས། །སྤྲུལ་པའི་འཁོར་ཚོགས་མང་པོ་ཀུན། །ཆོས་སྐུ་གཟུགས་སུ་མི་མཐོང་བས། །འོད་ཀྱི་དཀྱིལ་འཁོར་ཉིད་ལ་སྦས། །སྒོ་སྲུངས་ཡབ་ཡུམ་བརྒྱད་རྣམས་ནི། །སྤྲུལ་སྐུ་དབྱིངས་སུ་གཅིག་པའི་ཕྱིར། །གཞལ་ཡས་སྒོ་བཞི་ཉིད་དུ་སྦས། །མེ་འབྲུག་རླུང་འབྲུག་ལ་སོགས་ཀུན། །དགྲ་ཉིད་དགྲ་མཐར་སྟོང་པའི་ཕྱིར། །སྟོང་པ་ཆེན་པོ་ཉིད་ལ་སྦས། །དེ་ལྟར་ཕྱག་རྒྱ་དཀྱིལ་འཁོར་དུ། །ལོག་རྟོག་དངོས་པོ་གཤོམ་པའི་ཕྱིར། །མངོན་སུམ་ལྷ་བུར་སྣང་ན་ཡང་། །རང་བཞིན་གཅིག་ཏུ་མ་ངེས་པས། །དམིགས་པ་བཞིན་དུ་གསལ་ནས་ནི། །དངོས་པོ་མེད་པས་ཐིག་ལེ་ཆེ། །ཕྱི་ནང་སྣོད་བབ་ཕྱག་རྒྱའི་སྐུ། །དངོས་དང་དངོས་དང་དངོས་མེད་མ་ལུས་ཀུན། །དངོས་པོ་ཉིད་ཀྱང་སྐྱེ་འགག་མེད་པའི་ངང་། །དབྱིངས་ལས་མ་གཡོས་སྤྲོས་པའི་མཐའ་དང་བྲལ། །མཉམ་པ་ཆེན་པོར་གཅིག་པས་སྦས་པ་ཡིན། །དེ་ལྟར་བསྐྱེད་དང་རྫོགས་པའི་དོན། ཁྲེས་རབ་ཅན་གྱི་དོན་བསྒོམས་ན། །སེམས་ལ་གསལ་པོར་འདྲིས་བྱས་ཏེ། །རྒྱུན་དུ་འབྲལ་མེད་གནས་པར་བྱའོ། །སྐུའི་དཀྱིལ་འཁོར་དུ་འཁོར་གྱིདཀྱིལ་འཁོར་སྦས་པས་དབང་ཆེན་སྐུ་གཅིག་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཏོ། །དེ་ནས་བཟླས་པ་བྱ་བ་ནི། །ཨོ་ནི་གར་གྱི་དབང་ཕྱུག་ཉིད། ཁུ་ལུ་ཁམ་རྒྱ་ཆེན་མོ་དྲུག ཁུ་ལུ་ལོང་པ་ཆེན་པོ་བརྒྱད། །ཧཱུཾ༷་ནི་དམུན་ལོང་དྲུག་ཅུ་ལ། །ཕཊ་ནི་དཔལ་གྱི་ཁྱི་བརྒྱད་ལ། །ཨོ་ནི་ཡེ་ཤེས་ཁྱི་བཅུ་ཉིད། །ཨ་ནི་སྒོ་སྲུངས་རྣམ་པ་བཞི། །ར༷་ནི་སྒོ་སྲུངས་ཕོ་ཉ་བཞི། །ལ༷་ནི་མེ་འབྲུག་རླུད་འབྲུག་སོགས། །ཧྲིས་ནི་སྐུ་ཡི་དཀྱིལ་འཁོར་འདུས། །ཛས་ནི་ལྷ་སྲིན་མ་ལུས་འགུགས། །བཞི་འབུམ་གྲངས་སུ་ཐེམས་པ་ནི། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གང་གིས་འགྲུབ་བར་འདོད་པ་དེས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གསུང་གི་དཀྱིལ་འཁོར་དུ་ཐམས་ཅད་མ་ལུས་པར་འདུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཟླས་པས་སྐྱོ་བ་ན། ་་ས་དཀར་ལ་ནི་སེམས་གཏད་པ། །ལྡང་འཇུག་གནས་རྫོགས་རྣམ་པ་བཞིས། །ཕྲ་མོ་རླུད་ནང་འདིར་འདུས་སོ། །སྲོག་རྩོལ་བའི་བདག་ཉིད་ལས། །གཡས་གཡོན་དགེ་དང་མི་དགེ་བའི། །ཕོ་མོ་མ་ནིང་ཐོད་རྒ་ལ་སོགས། །སྲོག་དང་རྩོལ་བ་བསླབ་པ་དང་། རྒྱུ་བ་བསལ་དང་རྣམ་པ་གཉིས། །ལས་དང་མངོན་པར་ཤེས་པ་དང་། །དུས་མ་ཡིན་པར་ངེས་པར་སེལ། །དབུགས་གཅིག་རྫོགས་པའི་བྱང་ཆུབ་ལམ་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྡང་ནས་བཏང་བ་གསུམ་དུ་བྱ། །སྣ་གཡོན་རྩོལ་བཀག་སྲོག་ནས་བཏང་། །བཏང་བའི་དངོས་པོ་མེད་པ་ན། །མེ་ཏོག་མྱུར་དུ་སྐྱེ་བ་དང་། །སྟོད་ནས་ཀུན་ལས་རྣམ་པར་ཐར། ཁུགས་སྐྱེད་གཉིས་བཏང་མཛོད་དཔུར་བཏང་། །དེ་ལ་དངོས་པོ་མེད་པ་དང་། །གསལ་བ་ཉམས་སུ་མྱོང་བ་དང་། །མགོན་དམིག་གི་སྒྲིབ་པ་སེལ། །ཁ་ནས་སི་སྒྲ་སེམས་གཏད་སྦྱངས། །དེ་ལ་འབྱོངས་པར་གྱུར་པ་ན། །ལུས་ནི་ཡང་ལ་ཟོ་མདོག་བདེ། །ཚད་པའི་རིགས་སོགས་ཀུན་ལས་སྒྲོལ། །ཕྱིར་ལ་ལྡང་ལ་རྫོགས་པའི་བྱང་ཆུབ་ལམ་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྲོག་གི་ལྟེ་བར་ཨ་ན་དགང་། །ན་ཚ་མེད་ཅིང་ཐུབ་པ་ན། །དྲོད་དང་བདེ་བ་ལུས་ལ་འབར། །གྲང་བ་མ་ཞུསླ་སྲས་ནད་འཛོམས། །སྒྲ་མེད་ལྟེ་བར་ཨ་གང་ཞིག །ཉིན་མཚན་མེད་པར་ཐུབ་པ་ན། །དེས་ནི་བདེ་བ་སྐྱེ་བ་སྟེ། །འབྱུང་བ་ལུས་འཁྲུག་མ་ར་ཡ། །སྲོག་དང་རྩོལ་བ་བསླབ་པ་དང་། །རྒྱུ་མ་གསལ་དང་རྣམ་པ་གཉིས། །ལས་དང་མངོན་པར་ཤེས་པ་དང་། །དུས་མ་ཡིན་པ་ངེས་པར་སེལ། །ནང་དུ་འཇུག་པ་རྫོགས་པའི་བྱང་ཆུབ་ལམ་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལུས་ཀྱི་ཞབས་ཕྱག་ཨོག་མ་བཅུན། ཁ་སྦྱར་ནང་ན་སྤྱོད་ལམ་སྒྱུར། །འདུག་པ་ཙམ་གྱིས་ཟིན་པ་ན། །མཉམ་གཞག་རྗེས་ཐོབ་མི་འོང་བས། །འདུ་བ་བཞི་ཡིན་ད་དང་བྲལ། །ཆོས་སྐུ་ཡང་དག་ཐོབ་པའོ། །ཁོང་དུ་གནས་པ་རྫོགས་པའི་བྱང་ཆུབ་ལམ་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་པདྨ་དབང་ཆེན་གྱིས། །ཡོན་ཏན་གླུ་བྲོ་གར་བྱ་བ། །བྲེང་ངེ་བ་དང་དུང་ངེ་བ། ཁྲརྡ་པ་དང་གརྡ་པ། ལྕང་ཀ་དེའུ་དབང་ཀ་དེལྭ །བྲེང་ངེ་བ་ཡི་གླུ་བླངས་པས། །ཚངས་པ་ལྷ་ཡི་དཀྱིལ་འཁོར་དུ། །སྐུ་ཡི་དངོས་གྲུབ་ཐོབ་པར་འགྱུར། །དུང་དེ་པ་ཡི་གླུ་བླུངས་པས། །བརྒྱ་སྦྱིན་ལྷ་ཡི་དབང་པོ་ཡིས། །གསུང་གི་དངོས་གྲུབ་དམ་པ་ཐོབ། །ཤརྡ་པ་ཡི་གླུ་བླངས་པས། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི། །ཐུགས་ཀྱི་དངོས་གྲུབ་ཆེན་པོ་ཐོབ། །གརྡ་པ་ཡི་གླུ་བླངས་པས། །ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱིས། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །ལྕང་ཀ་དེའུའི་གླུ་བླངས་པས། །སྲིད་པ་དབང་སྡུད་མཐུ་བོ་ཆེ། །དྲག་པོ་ཡུལ་བདག་དབང་དུ་སྡུད། །དཔང་ཀ་དེའུའི་གླུ་བླངས་པས། །དངོས་གྲུབ་རླབས་ཆེན་གྲུབ་བ་ཐོབ ཡོན་ཏན་གླུ་དྲུག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་བ་བཏབ་བོ། །དེ་ཡང་ཡེ་ཤེས་ལྷ་ཡི་ལྷ། །པདྨ་རིགས་ཀྱི་ལྷ་ཚོགས་རྣམས། །པདྨ་གར་གྱི་དབང་ཕྱུག །སྐུ་ཡི་ངོ་བོར་སྤྱན་དྲངས་ནས། །མཆོད་པ་ཀུན་གྱིས་མཉེས་པར་བྱ། །རྔ་དང་དུང་དང་དྲིལ་བུ་དང་། །རོ་མོ་སྒྲ་དང་བཅས་པ་ཡིན། །གླུ་དྲུག་བླངས་ཏེ་བསྟོད་པར་བྱ། །ཧཱུཾ༷་ཆོས་ཉིད་སྐྱེ་བ་མེད་པའི་དཀྱིལ་འཁོར་ནས། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ། །པདྨ་རིགས་ཀྱི་ལྷ་ཚོགས་བསྡུས་པའི་སྐུ། །དབང་ཆེན་ཀུན་འདུལ་དབང་གི་རྒྱལ་པོ་བཞེངས། །དབང་གི་མདོག་དམར་བསྐལ་བའི་མེ་ལྟར་འབར། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱིས་བརྗིད། །དབང་མཛད་དབང་གི་ཁྲོ་རྒྱལ་མ་ལུས་ཀུན། །གདུག་པ་འདུལ་ཕྱིར་གནས་འདིར་སྤྱན་འདྲེན་ན། །དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །ཛ༷༷་ཧཱུཾ༷་བ༷་ཧོ༷༷ པདྨ་ཤི་ཧེ་རུ་ཀ་ཡོ་གི་ཤྭ་རི་ཧ་ཡ་གྲི་པ་ཧྲི༷་ཧྲི། དབང་ཆེན་དྲེགས་འདུལ་དབང་གི་རྒྱལ་པོའི་སྐུ། །དབང་གི་མདོག་དམར་བསྐལ་བའི་མེ་ལྟར་འབར། །དབང་མཆོག་རྔམ་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། །པྲ་ཏི་ཛ་ཧོ། །ཨ་ལ་ལ་ཧོ། འབྱུང་བ་ལྔ་དང་ཡེ་ཤེས་ལྡན་པ་ཡིན། ཡུམ་ལྔའི་མཁའ་གློང་བདེ་བའི་གཞལ་ཡས་སུ། །གར་གྱི་དབང་ཕྱུག་རྟ་མགྲིན་ཁྲོ་རྒྱལ་སྐུ། །བདུད་དང་སྲིན་པོ་ལ་སོགས་འདུལ་བའི་ཕྱིར། །ཇི་སྲིད་དངོས་གྲུབ་མ་ཐོབ་དེ་སྲིད་བར། །བདག་དང་གཉིས་སུ་མེད་པར་བཞུགས་སུ་གསོལ། །ཨོ་པདྨ་གྲི་ཧེ་རུ་ཀ་ས་མ་ཡ་སྟི་ར་བཛྲ་ཧཱུཾ༷། །ཧཱུཾ༷་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །བདེ་བར་གཤེགས་སོ་ཨ་ར་ལི། །རྒྱལ་བརྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟངས་མཆོད་སྤྲིན་མཆོག་ཏུ་རོལ། །ཧཱུཾ༷། ལྷ་ཡི་རོལ་མོ་གླུ་བྲོ་གར་གྱི་ཚོགས། །དགའ་ལྡན་ལོངས་སྦྱོད་བསོད་ནམས་གྲུབ་པའི་རྫས། །མཐུན་པར་སྣང་བའི་སྤྱོད་ཡུལ་དག་པ་ལ། །མཛེས་པའི་གར་དང་ཚངས་པ་དབྱངས་ཀྱི་གླུ། །མི་གནས་བྲོ་དང་ཐུགས་དམ་བསྐུལ་བའི་ཚིག །སྤྲུལ་པ་རྒྱ་མཚོའི་རྐྱེན་དུ་འཚམ་པའི་ཕྱིར། །བདེ་བར་གཤེགས་པ་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་ངང་དུ་བཞེས་སུ་གསོལ། །ཨོ་བཛེ་བཛེ། །མཧྭ་བཛེ། །མ་ཧེ་ཏེ་ཛ་བཛེ། །མ་ཧྭ་ཙ་ར་བཛེ། །མ་ཧྭ་བོ་དྷི་ཙིསྟ་མན་ཏོ་བ་ཏོ། པ་ས༷་ཀྲ་མ་ན་བཛེ། །སརྦ་ཨ་བརྙར་ནི་བཛེ་སྲུཧྭ། མཚན་དང་ལྡན་པ་བྷན་དའི་སྣོད་མཆོག་ཏུ། །བདུད་རྩི་ལྔ་དང་ཛ་གད་ལྡན་པ་འདི། །དབང་མཆོག་ཧེ་རུ་ཀ་ལ་འབུལ་ལགས་ན། །རྫུ་འཔྲུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །མ་རིག་དབང་གིས་འཁོར་བའི་སེམས་ཅན་རྣམས། །འཇིག་རྟེན་སྐྱེ་ཤི་རྩད་ནས་གཅད་བའི་ཕྱིར། །དུང་ཆེན་དམར་གྱིས་བཀང་བའི་དམ་རྫས་འདི། །གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །བླང་དོར་མེད་པའི་ངང་གིས་བཞེས་སུ་གསོལ། །རང་རྒྱུད་བཤིག་པའི་ཕུང་པོ་འདོས་པ་ཅན། །བདག་མེད་རྒྱལ་བའི་ཞིང་དུསྦྱོར་བའི་ཕྱིར། །ཞིང་ཆེན་རྫས་ཀྱིས་མཆོད་པ་དམ་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །བླང་དོར་མེད་པའི་ངང་གིས་བཞེས་སུ་གསོལ། །ཨོ་པདྨ་ཤི་ཧེ་རུ་ཀ །རུ་ལུ་མ་ཏི་མཧྭ་སུ་ཁ། མཧྭ་ཡོ་གི་ནི། ཁ་ར༷་ཁ་ཧི། ཁ་ཁ་ལེ་ལེ་སྨྱོ། ཧཱུཾ༷། དབང་ཆེན་རྒྱལ་པོ་རྡོ་རྗེ་སེར་ཆེན་འབེབས། །ཧཱུཾ༷་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཧཱུཾ༷་མཛད་ཧཱུཾ༷་གི་བྱིན་བརླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམས། །རྡོ་རྗེ་མཚོན་ཆ་གནམ་ལྕགས་ཐུ་ལུམ་འདྲིལ། །གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། །འཇིག་རྟེན་འདི་དང་ཕ་རོལ་གཉིས་སུ་ཡང་། །གདུག་པ་སེལ་ཞིང་དུག་གསུམ་རྩད་གཅོད་པ། །དབང་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཨོ་པདྨ་ཕྲི་ཧེ་ཧེ་རུ་རུ་ཀམ་ཧཱུཾ༷་ཕཊ། །དབང་ཆེན་འཕྲིན་ལས་ཀྱི་ཏིང་ངེ་འཛིན་ཏོ། །དཔལ་པདྨ་དབང་ཆེན་ཧེ་རུ་ཀའི་གསང་སྔགས་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །པདྨ་དབང་ཆེན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་གསང་བ་གླུ་དྲུག་གི་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། །བྲེང་ངེ་བ་ཡི་གླུ་བླངས་ན། །འགྲོ་བ་རིགས་དྲུག་དབང་དུ་སྡུད། །དུང་ངེ་བ་ཡི་གླུ་བླངས་ན། །མུ་སྟེགས་རྟག་ཆད་དབང་དུ་སྡུད། ཁྲ་རྡ་པ་ཡིས་གླུ་བླངས་ན། །ཉན་ཐོས་རང་རྒྱལ་དབང་དུ་སྡུད། །གརྡ་པ་ཡི་གླུ་བླངས་ན། །དབུ་མ་སེམས་ཙམ་དབང་དུ་སྡུད། །ལྕང་ཀ་དེའུའི་གླུ་བླངས་ན། །བྱ་སྤྱོད་རྣལ་འབྱོར་དབང་དུ་སྡུད། །དཔང་ཀ་དེའུའི་གླུ་བླངས་ན། །སྐྱེ་དང་རྫོགས་དང་རྫོགས་ཆེན་སྡུད། །ཐེག་པ་དགུ་ཡི་ཀློང་བརྡོལ་ནས། །དུག་ལྔ་ལྷ་སྲིན་རང་སྲོག་རྣམས། །ལྷུན་གྲུབ་དཀྱིལ་འཁོར་པདྨ་ཡིས། །ཞབས་་ལ་འདུད་ནས་རང་སྲོག་འབུལ། །གླུ་དྲུག་དབྱངས་ཀྱི་ཏིང་ངེ་འཛིན་ཏོ། །བྲེང་ངེ་བ་ཡི་གླུ་དབྱངས་ནི། །སྒྲ་ཚིག་དོན་གསུམ་ལྡན་པ་ཡིས། །རི་རབ་རྩེར་གནས་ལྷ་རྣམས་ཀུན། །མེ་ཏོག་མཆོད་པ་སྣ་ཚོགས་ཀུན། །དབང་ཆེན་སྐུ་ལ་མཆོད་བྱས་ནས། །རང་གི་སྲོག་སྙིང་ཨ་དཀར་འབུལ། །རི་རབ་ཁོང་སེང་ནང་གནས་པའི། །ལྷ་མིན་གདུག་པའི་མཚོན་ཆ་ཀུན། །པདྨའི་ཕྱག་ཏུ་ཕུལ་བྱས་ནས། །སུ་སེར་སྲོག་སྙིང་འབུལ་བར་བགྱིས། །གླིང་བཞིར་གནས་པའི་མི་རྣམས་ཀུན། །ཐྲོ་ལྗང་སྲོག་སྙིང་ལྟར་ཤེས་ནས། །དྲི་ཡིག་སྔོན་པོ་ཧྲིར་གྱུར་ནས། །པདྨ་དབང་ཆེན་སྒོམ་ཞིང་བསྒྲུབ། །ཕྱི་ཡི་རྒྱ་མཚོ་ནང་གནས་པའི། །ཆུ་སྲིན་ལ་སོགས་དུད་འགྲོ་རྣམས། །དུ་ཡི་སྲོག་སྙིང་དུད་ཁ་བ། །པདྨ་དབང་ལ་འབུལ་བར་བྱེད། །གྲོང་ཁྱེར་སེར་སྐྱར་གནས་པ་ཡི། །ཡི་དགས་ཕྱི་ནང་སྒྲིབ་པ་ཅན། །སྲིད་དམར་སྲོག་སྙིང་འབུལ་བྱེད་ཅིང་། །པདྨ་དབང་གི་ལྷག་མ་སྡུད། །རྡོ་རྗེ་གདན་གྱི་འོག་གནས་པའི། །ཚ་གྲང་དམྱལ་བ་མ་ལུས་ཀུན། །རང་སྲོག་ཏྲི་ནག་ལས་སད་དེ། །སེམས་སྐྱེས་པདྨ་དབང་ཆེན་དྲན། །གླུ་ནི་ཡོན་ཏན་མ་ལུས་ལྡན། །ནང་དུ་སེམས་ལ་ཉམས་སྐྱེས་པས། །ཕྱི་རོལ་ལུས་ལ་གར་འགྱུར་ནས། །ངག་ཏུ་རང་གི་སྔགས་ཀྱང་འདོན། །མཐོང་སྣང་ཡུལ་ལ་སྣང་བར་འགྱུར། །བག་ཆགས་རྨི་ལམ་རྨི་བར་བྱེད། །དབང་ཆེན་བསྒྲུབ་པའི་རྣལ་འབྱོར་པས། །གླུ་འདི་བླངས་པའི་ཡོན་ཏན་ཡིན། །བྲེང་ངེ་བའི་གླུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དུང་ངེ་བ་ཡི་གླུ་བླངས་པས། །སྙན་པའི་ཚིག་ལ་ཆགས་པས་ན། །མུ་སྟེགས་དབང་དུ་བྱེད་པ་ནི། །ལྟ་བ་རྣམ་གྲངས་སུམ་བརྒྱ་དང་། །ལྟ་བའི་རི་བོ་བརྒྱད་ཅུ་དང་། །དེ་བསྡུས་ལྟ་བ་དྲུག་ཅུ་དང་། །དེ་བསྡུས་བདག་འཛིན་རྣམ་པ་བཅུ། །དེ་ཡང་རྟག་ཚད་གཉིས་འདུས་པའོ། །ལྟ་བའི་རྣམ་གྲངས་སུམ་བརྒྱ་ནི། །ཚངས་པའི་ཞལ་གྱི་སྒོ་ནས་ཀྱང་། །སྟོན་པ་དྲུག་ཏུ་སྤྲུལ་བྱས་ནས། །ལྟ་བའི་ངོ་བོ་ལྔ་བཅུ་གསུངས། །སྟོན་པ་རེ་ལ་ལྔ་བཅུ་རེ། །ལྔ་བཅུ་ཚན་དྲུག་སུམ་བརྒྱ་ཡིན། །དེ་ལ་ཚངས་པའི་སྟོན་པ་དྲུག །ཞལ་ནས་སྤྲུལ་འདོད་འདི་ལྟ་སྟེ། །འོད་སྲུངས་བུ་ནི་རྫོགས་བྱེད་དང་། །ཆུ་ལྷའི་བུ་ནི་ཀ་རི་དང་། །ཀ་ཏྲའི་བུ་ནི་ནོག་ཆེན་དང་། །གཅེར་བུ་པ་ནི་གཉེན་གྱི་བུ། །མུ་སྟེགས་ནམ་མཁའི་གོས་ཅན་དང་། །སྐྲ་ཡི་ཟླ་བ་ཅན་དང་དྲུག །རང་གི་བློན་པོ་རྣམ་དྲུག་ནི། །བློན་པོ་ཉི་ཟླ་གྲགས་པ་དང་། །བློན་པོ་སྙིང་ཐོབ་སྨྲ་བ་དང་། །བདེན་པ་ཐོབ་ཀྱི་སྨྲ་བ་དང་། །འཇིགས་བྱེད་ཐོབ་ཀྱི་སྨྲ་བ་དང་། །ཐམས་ཅད་དོན་ཤེས་སྨྲ་བ་དང་། །བཀྲ་ཤིས་ཐོབ་ཅེས་སྨྲ་དྲུག་ལ། །རང་གི་ལྟ་བའི་འདོད་ལུགས་ཏེ། །སྟོན་པས་འདོད་པ་སུམ་བརྒྱར་འགྱུར། །ལྟ་བའི་ངོ་བོ་ལྔ་བཅུ་ནི། །མུ་སྟེགས་གཏར་ཀ་སྡེ་དྲུག་འདོད། །ཝ་སྒོ་རེ་ཐོང་སྡེ་པ་དང་། །རྩིག་དཔག་ཤ་ཟན་སྡེ་པ་ད་ང་། །བསེ་རུ་་འོད་དེ་སྡེ་པ་དང་། །རྒྱང་འཕེན་ཚེ་འདིའི་སྡེ་པ་དང་། །སྔ་ཕྱི་མེད་པའི་སྡེ་པ་དྲུག །ངང་གིས་ཤར་བའི་མུ་སྟེགས་ཡིན། །ཞོར་བྱུང་མུ་སྟེགས་བཞི་ཡོད་དེ། །ཆད་པའི་དུས་ཤེས་ཅན་དངནི། །དེབཞིནགཡེངབའིའདུ་ཤེས་ཅན། །མོས་པའི་འདུ་ཤེས་ཅན་དང་ནི། །ཡངས་པའི་འདུ་ཤེས་ཅན་དང་བཞི། །ཚངས་པའི་བྱིན་རླབས་ཤར་ཞེས་བཞེད། །སངས་རྒྱས་པ་དང་མགོ་མཉམ་བཅུ། །ཡང་དག་པ་ཡི་བཞི་པོ་ནི། །ཐ་སྙད་པ་དང་ཟབ་པ་དང་། །ཕྲ་བ་དང་ནི་རྒྱ་ཆེ་བའོ། །མུ་སྟེགས་གསང་སྔགས་པ་ནི་གསུམ། །རིག་བྱེད་པ་དང་རིགས་སྤྱོད་པ། །རིགས་སྦྱོར་བ་དང་གསུམ་ཡིན་ནོ། །མུ་སྟེགས་གསང་ཆེན་པ་ནི་གསུམ། །བརྟུལ་ཞུགས་ཆེར་སྤྱོད་པ་དག་དང་། །རྒྱལ་ཕོག་པ་དང་རྒྱལ་ཐོབ་པའོ། ཁུ།་རུ་ལྟ་བ་རྣམ་བཞི་ནི། །རང་བཞིན་རྒྱུ་རུ་ལྟ་བ་དང་། །བྱེད་པ་རྒྱུ་རུ་ལྟ་བ་དང་། །དབང་ཕྱུག་རྒྱུ་རུ་ལྟ་བ་དང་། །དུས་ལ་རྒྱུ་རུ་ལྟ་བའོ། །རང་སྣང་ཕྱོགས་སྦྱོང་རྟགས་པ་དགུ །ཕྱའམ་དབང་ཕྱུག་རྟག་པར་འདོད། །རིག་བྱེད་ཚིག་ནི་རྟག་པར་འདོད། །བརྗོད་མེད་གང་ཟག་རྟག་པར་འདོད། །རིག་བྱེད་རྟག་པར་འདོད་པ་དང་། །བྱེ་བྲག་ཚིག་དོན་ཡོན་ཏན་རྟག །གྲངས་ཀྱང་ཉི་ཤུ་རྩ་ལྔར་རྟག །ཚིག་དོན་རྒྱུ་རུ་རྟག་པར་འདོད། །རིག་བྱེད་རྟག་པར་འདོད་པ་དང་། །རིག་ཅན་ཚིག་དོན་བཅུ་དྲུག་རྟག །སྦྱོར་སྙོན་དགའ་བ་བདུན་པོ་ནི། །སྐྱེས་བུ་ཆོས་ཅན་ཐམས་ཅད་མཁྱེན། །བདག་ནི་ཆོས་ཅན་བདེ་སྡུག་དམིགས། །སྒྲ་ནི་རྟག་སྟེ་མ་བྱས་ཕྱིར། །ཤིང་ལ་སྲོག་ཡོད་པགས་བཤུས་འཆི། །ཤིང་ལ་སེམས་ཡོད་མཚན་མོ་འཁུམ། །གསོན་ལུས་བདག་བཅས་སྲོག་སོགས་ཡོད། །སྒྲ་རྟག་མིག་གིས་གཟུང་བྱ་ཡིན། །སྒོམ་ལ་དགའ་བ་བདུན་ཡོད་དེ། །སྣང་བ་འདི་བོར་སྟོང་གཞན་སྒོམ། །དོན་དམ་མེད་པས་ཀུན་རྫོབ་མེད། །སྣང་འདི་བྲལ་བ་གཅིག་མི་རྟོག་ །དྲན་པས་སྐྱོན་ཡིན་དྲན་བཀག་སེམས། །སྐྱོན་ཡོན་མི་ལྟ་རྣམ་པར་དང་། །བདེ་བ་རྟོག་མེད་ཙམ་དུ་སྒོམ། །སྐྱེ་འཇིག་རྟོག་བྲལ་ཙམ་དུ་བལྟ། །མུ་སྟེགས་གསང་བ་རིག་བྱེད་ནི། །ཕྱི་རོལ་དོན་མེད་སེམས་འདི་རྟག །མཐའ་ཡི་གསང་བ་རིག་བྱེད་ནི། །སྙིང་དཀྱིལ་ཤེལ་སྒོང་ཕྱིས་འདྲ་སེམས། །སྙན་དངགས་རི་བྱེད་འདོད་པ་ནི། །དུས་གསུམ་འཕོ་འགྱུར་མེད་པའི་སྲོག །ལྟ་བ་སུམ་བརྒྱ་དྲུག་བཅུ་ནི། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ལྔ་པོ་ལ། །རེ་རེ་ལ་ཡང་བཞི་བཞིར་བརྩི། །གཟུགས་ཉིད་བདག་མ་ཡིན་པ་དང་། །གཟུགས་ལ་བདག་ནི་མེད་པ་དང་། །བདག་ཉིད་ཀྱང་ནི་གཟུགས་མ་ཡིན། །བདག་ལ་ཡང་ནི་གཟུགས་མེད་དོ། །ཚོར་བ་ལ་སོགས་དེ་ལྟར་དུ། །བཞི་བཞིར་བརྩིས་བས་ཉི་ཤུ་པའོ། །དེ་ལ་ཡང་ནི་གཟུགས་ཀྱི་གཟུགས། །གཟུགས་ཀྱི་ཚོར་བ་བྱ་བ་དང་། །གཟུགས་ཀྱི་འདུ་ཤེས་ཤེས་པ་དང་། །གཟུགས་ཀྱི་འདུ་བྱེད་ཅེས་པ་དང་། །གཟུགས་ཀྱི་རྣམ་པར་ཤེས་པའོ། །བཞི་བཞིར་བརྩིས་བས་ཉི་ཤུའོ། །དེ་ཡང་ཉི་ཤུ་བརྩིབ་ནི། །གཟུགས་ལ་བཞི་སྟེ་ཚོར་བ་བཞི། །འདུ་བྱེད་བཞི་ལ་འདུ་ཤེས་བཞི། །རྣམ་སེམས་བཞི་སྟེ་ཉི་ཤུའོ། །ཉི་ཤུ་ཐམ་པ་ལྔ་ལ་བརྒྱ། །འདས་པ་བརྒྱ་ནི་ཉི་ཤུ་དང་། །མ་འོངས་བརྒྱ་དང་ཉི་ཤུ་དང་། །ད་ལྟར་བརྒྱ་དང་ཉི་ཤུ་སྟེ། །རྟག་པ་ཆད་པ་གཉིས་པོ་རྣམས། །སུམ་བརྒྱ་དྲུག་ཅུ་རྩ་གཉིས་ཡིན། །ལྟ་བ་དྲུག་ཅུ་རྩ་གཉིས་ནི། །སྔོན་མཐར་རྟོག་པ་བཅོ་བརྒྱད་དང་། །ཕྱི་མཐར་རྟོག་པ་བཞི་བཅུ་བཞི། །སྤྱི་བསྡུས་དྲུག་ཅུ་རྩ་གཉིས་སོ། །འདས་པའི་མཐར་རྟོག་བཅོ་བརྒྱད་ལ། །འཇིག་རྟེ་ན་རྟག་པར་་རྟོག་པ་བཞིན། །བསམ་གཏན་ཆུང་འབྲིང་ཆེན་པོ་གསུམ། །འཇིག་རྟེན་ཐ་དད་མི་མཐོང་བཞིན། ཁ་ཅིག་རྟག་པར་རྟོག་པ་བཞིན། །་ཚངས་པ་རྟག་ཏེ་གཞན་མི་རྟག །འབྱུང་བཞིའི་ལུས་འབྱུང་སེམས་ནི་རྟག །ལྷ་བུ་རྩོད་འཁྲུགས་དབང་གིས་འཆི། །ལྷ་བུ་ཡིན་འཁྲུགས་འཆི་འགྱུར་ཡང་། །ལྷ་གཞན་སྔོན་གྱི་མཐའ་ནས་རྟག །ལྷ་མི་སྤོང་བའི་ལྟ་བ་བཞི། །རང་ལ་བློ་མ་སྦྱངས་པ་དང་། །རྟོགས་པའི་མངོན་པའི་ང་རྒྱལ་དང་། །མ་སྦྱངས་རྣམ་པར་གཡེང་མ་ཡིན། ་ས་པ་གཞན་བཞིན་ཤིན་ཏུ་རྨོངས། །མཐའ་ལ་ཡོད་མེད་ལྟ་བ་བཞི། །བདག་དང་འཇིག་རྟེན་མཐའ་དང་ལྡན། །བདག་དང་འཇིག་རྟེན་ལྡན་མི་ལྡན། །ལྡན་པ་ལ་ཡིན་མི་ལྡན་མིན། །རྒྱུ་མེད་པར་ནི་ལྟ་བ་གཉིས། །བསམ་གཏན་དག་ལ་རྟེན་པ་དང་། །རྟོག་གེ་བདག་ལ་རྟེན་པའོ། །ཕྱི་མའི་མཐའ་རྟོག་བཞི་བཅུ་བཞི། །འདུ་ཤེས་ཅན་སོགས་དྲུག་ཅུ་ནི། །བདག་གཟུགས་ཅན་ཡིན་འདུ་ཤེས་ཡོད། །བདག་གཟུགས་མ་ཡིན་འདུ་ཤེས་ཡོད། །གཟུགས་ཡིན་གཟུགས་མིན་འདུ་ཤེས་ཡོད། །མ་ཡིན་པ་ཡང་མ་ཡིན་འདུ་ཤེས་ཡོད། །བདག་མཐའ་དག་དང་མི་ལྡན་འདུ་ཤེས་ཡོད། །ལྡན་མི་ལྡན་ལ་འདུ་ཤེས་ཡོད། །ལྡན་མི་མ་ལྡན་འདུ་༄༅། ཁེས་ཡོད། །བདག་འདུ་ཤེས་ཆུང་རྔུན་དང་ཡང་ལྡན། །འདུ་ཤེས་ཚད་མེད་པ་དང་ཡང་ལྡན། །འདུ་ཤེས་གཅིག་དང་ལྡན་པ་དང་། །འདུ་ཤེས་སྣ་ཚོགས་ལྡན་པ་དང་། །གཅིག་ཏུ་བདེ་བ་ལྡན་པ་དང་། །གཅིག་ཏུ་སྡུག་བསྔལ་ལྡན་པ་དང་། །གཅིག་ཏུ་བདེ་བ་སྡུག་བསྔལ་ལྡན། །གཅིག་པུ་བདེ་སྡུག་མི་ལྡན་པའོ། །འདུ་ཤེས་མེད་པར་སྨྲ་བ་བརྒྱད། །གཟུགས་ཅན་ཡིན་ལ་འདུ་ཤེས་མེད། །གཟུགས་ཅན་མ་ཡིན་འདུ་ཤེས་མེད། །ཡིན་ལ་མ་ཡིན་འདུ་ཤེས་མེད། །ཡིན་ཡང་ཡིན་ལ་འདུ་ཤེས་མེད། །མཐའ་དག་ལྡན་ལ་འདུ་ཤེས་མེད། །མཐའ་དག་མི་ལྡན་འདུ་ཤེས་མེད། །ལྡན་མི་ལྡན་ལ་འདུ་ཤེས་མེད། །ལྡན་མི་མི་ལྡན་འདུ་ཤེས་མེད། །འདུ་ཤེས་ཡོད་མེད་རྟོག་པ་བརྒྱད། །གཟུགས་ཡིན་འདུ་ཤེས་ཡོད་མེད་མིན། །གཟུགས་ཅན་མ་ཡིན་འདུ་ཤེས་ཡོད་མེད་དང་། །གཟུགས་མིན་གཟུགས་ཅན་མ་ཡིན་ཡོད། །གཟུགས་ཅན་མ་ཡིན་པ་ཡང་མིན། །འདུ་ཤེས་ཡོད་པ་མ་ཡིན་མེད་པ་མིན། །མཐའ་དག་ལྡན་ཡང་ཡོད་མིན་མེད། །མཐའ་དག་མི་ལྡན་ཡོད་མིན་མེད། །མཐའ་དག་ལྡན་མ་ལྡན་པ་ཡོད་མེད་མིན། །མཐའ་དག་ལྡན་ཡང་མི་ལྡན་ཡོད་མིན་མེད། །ཆད་པར་ལྟ་བ་རྣམ་པ་བདུན། །ཤེས་པ་རྟག་བཞི་ཕུང་པོ་རྟག །གཟུགས་ཡོད་འདོད་ཁམས་མེད་ནས་ཆད། །དེ་བཞིན་གཟུགས་ཀྱི་ཁམས་པ་དང་། །གཟུགས་མེད་ཁམས་ལ་བཞི་སྟེ་བདུན། །ཚེ་འདིར་མྱ་ངན་འདས་ལྟ་ལྔ། །དབང་ལྔ་འདོད་ཡོན་ལྔ་་།ར་ཡང་། །དེ་ཉིད་མྱང་འདས་དགོངས་པ་དག །བདག་གིར་འཛིན་པ་རྣམ་བཅུ་ནི། །ཕུང་པོ་ལྔ་ལ་གཅིག་པུར་འཛིན། །དེ་ལས་ཀུན་འབྱུང་དགུ་རུ་འཛིན། །བདག་ནི་དེ་ལ་ཟ་བར་འཛིན། །བདག་ཡིན་ལེགས་ཉེས་བྱེད་པར་འཛིན། །ཉོན་མོངས་རྣམ་བྱང་བདག་པོར་འཛིན། །ཕྱ་དང་དབང་ཕྱུག་གཙོ་བོར་འཛིན། །རང་དབང་གྱུར་པས་དབང་དུ་འཛིན། །རང་བཞིན་ཡེ་ནས་རྟག་པར་ཡང་འཛིན། །བདག་ཡོད་ཆོས་ཡོད་རྣལ་འབྱོར་འཛིན། །ཉོན་མོངས་རྣམ་པར་བྱང་བར་འཛིན་། །མུ་སྟེགས་རྟག་ཆད་སྤྱིའི་རྣམ་གྲངས་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྟག་པར་ལྟ་བ་ནི། །སྙིང་དཀྱིལ་བྱེད་པ་པོ་ཉིད་རྟག །ཆད་པར་ལྟ་བའི་མུ་སྟེགས་ནི། །ཚེ་ལ་སྔ་ཕྱི་མེད་པར་འདོད། །དེ་ལ་རྟག་པར་ལྟ་བ་དགུ། །སྤྱིར་ནི་བདག་རྟག་བློ་འགྱུར་ལྟ། །ཕྱའམ་དབང་ཕྱུག་རྟག་པར་འདོད། །རིག་བྱེད་ཚིག་རྟག་དུག་སྔགས་འདྲ། །བརྗོད་དུ་མེད་པའི་གང་ཟག་རྟག །རིགས་བྱ་རྟག་པས་ཁམས་གསུམ་མོ། །བྱེ་བྲག་རྟག་པ་ཐམས་ཅད་སེམས། །སྙིང་སྟོབས་རྡུལ་དང་མུན་པ་རྟག །སྲོག་ཟག་སྒོམ་ལ་ངེས་པར་རྟག །བྱེད་པ་ཐམས་ཅད་མཐར་ཐུག་རྟག །ཆད་པར་ལྟ་བ་རྣམ་པ་གསུམ། །ཡོན་ཏན་ཁྱད་པར་ཆད་པར་ལྟ། །ལས་ནི་རྒྱུ་འབྲས་ཆད་པར་ལྟ། །ཚེ་ནི་སྔ་ཕྱི་ཆད་པར་ལྟ། །དབང་ཆེན་དྲེགས་པ་གསང་་བ་ལས། །མུ་སྟེགས་ཀྱི་ལྟ་བ་གསང་བར་སྟོན་པའི་ལེའུ་སྟེ། །མུན་པའི་འཁོར་སྒོ་གཏན་ལ་དབབ་པའི་ལེའུ་སྟེལྔ་པའོ།། །།དེ་ནས་བཅོམ་ལྡན་པདྨ་ཡིས། ཁྲརྡ་པ་ཡི་གླུ་བླངས་པས། །གླུ་དང་ཚིག་བཅད་བབ་ཆོལ་སྦྱར། །དོན་དང་ཚིག་ཏུ་མཐུན་པ་ནི། །མོས་པ་ཆུང་བའི་ཉན་ཐོས་དང་། །དམིགས་པ་ཕྲ་བའི་རང་རྒྱལ་འདུས། །དེ་ཡང་སྤྲུལ་པའི་ཉན་ཐོས་ནི། །ཀུན་དགའ་བོ་དང་ཤཱ་རིའི་བུ། །མོ་འགལ་བུ་དང་འོད་སྲུངས་སོ། །ལམ་ལ་གནས་པའི་ཉན་ཐོས་ནི། །འགོག་པ་དག་ལ་གནས་པའོ། །ཚུལ་རྟག་འཛིན་པའི་ཉན་ཐོས་ནི། །རྩ་བ་བཞི་ལ་གྱེས་པ་ནི། །ཐམས་ཅད་སྨྲ་བའི་སྡེ་པ་བདུན། །འོད་སྲུངས་སྡེ་དངས་སྟོང་སྡེ། །ཆོས་སྲུངས་སྡེ་དང་མང་ཐོས་སྡེ། །གོས་དམར་སྡེ་དང་རྣམ་ཕྱེའི་སྡེ། །རྨོངས་པའི་སྡེ་དང་རྣམ་བདུན་ཡིན། །མང་པོའི་བཀུར་བའི་སྡེ་ལ་གསུམ། །འཇིག་རྟེན་གནས་པའི་སྡེ་པ་དང་། །གཙུག་ལག་ཁང་ཆེན་སྡེ་པ་དང་། །རྒྱལ་བྱེད་ཚངས་པའི་སྡེ་པ་གསུམ། །ཕལ་ཆེན་པ་ཡི་སྡེ་པ་ལྔ། ཁྲ་ར་རི་པ་ཡི་སྡེ་པ་དང་། །ནུབ་རི་པ་ཡི་སྡེ་པ་དང་། །གསང་བའི་རིག་བྱེད་གནས་པ་དང་། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་ཡོད་པར་སྨྲ་སྡེའོ། །གནས་བརྟན་པ་ཡི་སྡེ་པ་གསུམ། །སྒྲ་སྒྲོགས་དྲིལ་བུའི་སྡེ་པ་དང་། །སྐུ་སྲུངས་པ་ཡི་སྡེ་པདང་། །གནས་མ་བུ་པའི་སྡེ་པ་གསུམ། །ཉན་ཐོས་གྲགས་པ་འདི་དང་ཡང་། །རང་བྱུང་སྡོམ་པ་བཅུ་གསུངས་ཏེ། །གང་ཟག་གང་ལས་སྐྱེ་བ་དང་། །སྡོམ་པ་བླངས་བྱའི་ཡུལ་དང་ནི། །ཐོབ་དང་མ་ཐོབ་པ་ཡི་རྒྱུ། །ཐོབ་པ་རང་གི་ངོ་བོ་དང་། །མིང་གི་རྣམ་གྲངས་བགྲང་བ་དང་། །ངེས་པའི་ཚིག་གིས་མཚོན་པ་དང་། །རབ་ཏུ་དབྱེ་བའི་གྲངས་རེས་དང་། །གཏོང་བའི་རྒྱུ་དང་བཅས་པ་དང་། །ཐོབ་པའི་དོན་ནི་བརྟན་པ་དང་། །གཏང་བའི་དོན་རྣམ་ལྡན་པར་བྱེད། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྡན། །ཟས་ཀྱི་སྒོ་ནས་སྦྱངས་པ་གསུམ། །བསོད་སྙོམས་གདན་ཅིག་ཕྱིས་མི་ལེན། །གོས་ཀྱི་སྒོ་ནས་སྦྱངས་པ་གསུམ། །ཐང་བཤམ་ཐབས་ཆོས་གོས་གསུམ། །གནས་ཀྱི་སྒོ་ནས་སྦྱངས་པ་བཞི། །བླ་ཁབ་མེད་དང་དགོན་པ་དང་། །ཤིང་དྲུང་པ་དང་དུར་ཁྲོད་པ། །སྤྱོད་ལམ་སྒོ་ནས་སྦྱངས་པ་གཉིས། །ཅོག་པུ་པ་དང་ཇི་བཞིན་པ། །མདོ་སྡེ་བྱེ་བྲག་ལྟ་བ་ཡང་། །མཐུན་པའི་མུ་བཅུ་འདི་ལྟ་སྟེ། །དགག་བྱ་རྟག་ཆད་འགེགས་པར་མཐུན། །ཉམས་ལེན་ལམ་ནི་བདེན་བཞིར་མཐུན། །འབྲས་བུ་ས་བདུན་ཐོབ་དུས་མཐུན། །ལྷག་བཅས་ལྷག་མེད་ཐུབ་ཚུལ་མཐུན། །འབྲས་བུ་དགྲ་བཅོམ་ངེ་བོ་མཐུན། །ཐེག་པའི་ས་ལམ་མཐོང་ལམ་མཐུན། །ཉོན་མོངས་གྲ་དང་ཚོར་སྤོང་མཐུན། །ཕྱོགས་རྟོགས་གཞག་པའི་རྒྱུ་མཚན་མཐུན། །ངེས་འབྱུང་ཐེག་པའི་རྒྱུ་མཚན་མཐུན། །རྣམ་ཤེས་ཚོགས་དྲུག་སྨྲ་བར་མཐུན། །ཉན་ཐོས་ཀྱི་གསང་བ་བཤད་པའི་ཏིང་ངེ་འཛིན་ཏོ། །དམིགས་པ་ཕྲ་བའི་རང་རྒྱལ་ནི། །བསེ་རུ་ལྟ་བུར་གཅིག་པུར་གནས། །ནེ་ཙོ་ལྟ་བུར་ཁྱུ་ཡང་ལྡིང། །འདི་གཉིས་མཐུན་པའི་མུ་དགུ་ཡོད། །དགག་བྱ་གཟུང་འཛིན་འགོག་པར་མཐུན། །ཉམས་ལེན་རྟེན་འབྲེལ་ལམ་དུ་མཐུན། །སྐྱེ་བ་ལྔས་ཐོབ་འབྲས་དུས་མཐུན། །མགྱོགས་ཆེན་རྫུ་འཕྲུལ་ཐོབ་ཚུལ་འཐུན། །མེ་འབར་ཆུ་འབྲུག་རྫུ་འཕྲུལ་འཐུན། །ཡིད་ནི་བདེ་མཆོག་ངོ་བོ་འཐུན། །ཕྱོགས་རྟོགས་གཞག་པའི་རྒྱུ་མཚོན་འཐུན། །ངེས་འབྱུང་གཞག་པའི་རྒྱུ་མཚན་མཐུན། །ལྟ་བ་རྟེན་འབྲེལ་བཅུ་གཉིས་ལ། །ལུགས་ནས་བྱུང་བ་བཅུ་གཉིས་ནི། །མ་རིག་རྒན་མོ་ལོང་མ་འདྲ། །འདུ་བྱེད་རྫ་མཁན་མཁས་པ་འདྲ། །རྣམ་པར་ཤེས་པ་སྤྲེའུ་འདྲ། །མིང་དང་གཟུགས་ནི་ཡུལ་མཁརའདྲ། །སྐྱེ་མཆེད་དྲུག་ནི་མཁར་དང་འདྲ། །རེག་པ་འོད་ནི་བྱེད་པ་འདྲ། །ཚོར་བ་བུས་མོ་མདའ་འཕོག་འདྲ། །ལེན་པ་མེ་ཏོག་འཐུ་བ་འདྲ། །སྲེད་པ་ཚྭ་ཆུ་འཐུང་བ་འདྲ་། །སྲིད་པ་ཕོ་མོ་སྤྲད་པ་འདྲ། །སྐྱེ་བ་མལ་བུ་སྐྱེས་འདྲ། །རྒས་པ་རེ་ཤུལ་ཞིག་པ་འདྲ། ཁེ་བ་རོ་ནི་བསྡུམ་པ་འདྲ། །དེ་ནས་ལུགས་སུ་བཟློག་པ་ནི། ཤུག་འབྲུ་དག་ལ་རྟག་པ་ཡིས། །ཕྱི་ཡི་རྟེན་འབྲེལ་ལུགས་ལས་བཟློག །དུར་ཁྲོད་དག་ཏུ་རྟག་པ་ཡིས། །ནང་གི་མ་རིག་རྩད་ནས་གཅོད། །ཕྱི་ནང་རྟེན་འབྲེལ་དགོངས་པ་སྒོམ། །རང་སངས་རྒྱས་ཤེས་བྱ་བའི་ཏིང་ངེ་འཛིན་ཏོ། །གརྡ་པ་ཡི་གླུ་བླངས་པས། །གར་དང་དབྱངས་ནི་ཁྲོལ་བུར་བཅད། །དོན་མཐུན་པ་རུ་སྦྱར་བ་ཡིས སེམས་ཙམ་པ་དང་དབུ་མ་པ། །རང་དབང་མེད་པར་སྡུད་པའོ། །སེམས་ཙམ་རྣམ་པ་གསུམ་ཡོད་དེ། །རྣམ་བཅས་རྣམ་མེད་རྣམ་རྫུན་སྨྲ། །རྣམ་བཅས་གྲིབ་བཅས་ཤེས་བྱ་བ། །གཉིས་མེད་དག་ལ་གཉིས་སྣང་འདོད། །རྣམ་མེད་གྲིབ་མེད་ཅེས་བྱ་བ། །གཉིས་མེད་གཉིས་སྣང་དྲི་མ་མེད། །རྣམ་རྫུན་རྣམ་བདེན་རྣམ་པ་གཉིས། །རྣམ་རྫུན་གང་གིས་ཤེས་པ་ལ། ཁུ་གཉིས་འདོད་བར་བྱེད་པ་དང་། །དེ་མིན་རྣམ་པ་བདེན་པའོ། །འདི་དག་འཐུན་པའི་མུ་བཅུ་ཡོད། །དགག་བྱ་ཉན་རང་འགོག་པར་མཐུན། །ཐེག་ཆེན་ལམ་ལྔས་ལམ་མཐུན། །ཉམས་ལེན་གཅིག་དང་འདུ་འབྲལ་མཐུན། །བསྐལ་པ་གསུམ་ན་འབྲས་ཐོབ་མཐུན། །རང་གི་ངོ་བོ་སྐུ་གསུམམཐུན། །ཉོན་མོངས་སྤོང་སྦྱོངགནད་ཀ་མཐུན། །ངེས་འབྱུང་བཞག་པའི་རྒྱུ་མཚན་མཐུན། །ཕྱོགས་རྟོགས་བཞག་པའི་རྒྱུ་མཚན་མཐུན། །རྣམ་པར་རིག་ཙམ་སྨྲ་བ་མཐུན། །གཏན་ཚིག་ཆེན་པོ་བཞི་མཐུན་ནོ། །སེམས་ཙམ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བྱེ་བྲག་གཤིས་ཀྱི་དབུ་མ་ནི། །ཆོས་ཉིད་སྤྲོས་པའི་མཐའ་བྲལ་དབུས། །བརྗོད་པ་སྒྲ་ཡི་དབུ་མ་ནི། །དབུ་མ་ཅན་དུ་མཚོན་བྱེད་དབུ་མ་ནི། །དབུ་མ་ཙམ་དུ་མཚོན་བྱེད་ཚིག །ཕྱོགས་སུ་འཛིན་པའི་དབུ་མ་གསུམ། །མདོ་སྡེ་སྤྱོད་པའི་དབུ་མ་ནི། །ཉན་ཐོས་མདོསྡེཔབཞིནའདོད། །རྣལ་འབྱོར་སྤྱོད་པའི་དབུ་མ་ནི། །སེམས་ཅམ་ལྷ་བ་བཞིན་་དུ་འདོད། །དབུ་མ་སྤྱི་ཟླུམ་ཞལ་ཆེ་བ། །དོན་དམ་སྤྲོས་པ་ཀུན་དང་བྲལ། །ཀུན་རྫོབ་གཏན་འབེབས་རྣམ་པ་བརྒྱད། །ཀུན་རྫོབ་སྤྱི་ཡི་མཚན་ཉིད་དང་། །ངོ་བོ་སླུ་བར་བྱེད་པ་དང་། །ངེས་ཚིག་རྟགས་མི་བཟོད་པ་དང་། །དབྱེ་བ་ཡང་དག་བཟློག་པ་གཉིས། །སོ་སོའི་མཚན་ཉིད་བསྟན་པ་དང་། །སྐྱོབ་པར་བྱེད་པའི་མཐུན་དཔེ་དང་། །སྒྲུབ་བར་བྱེད་པའི་རིག་པ་དོན། །ཀུན་རྫོབ་གཉིས་ཀྱི་ཁྱད་པར་བརྒྱད། །ངས་ནི་ཁྱོད་ལ་གསལ་བར་བསྟན། །དོན་དམ་བདེན་པ་བསྟན་འབེབས་བརྒྱད། །སྤྱི་ཡི་མཚན་ཉིད་སྤྲོས་དང་བྲལ། །དོན་དམ་ངོ་བོ་དམ་པའི་ཡུལ། །ངེས་ཚིག་ཤེས་བྱ་དམ་པའོ། །དབྱེ་བ་རྣམ་གྲངས་རྣམ་གྲངས་མིན། །སོ་སོའི་མཚན་ཉིད་སྟོང་པར་གནས། །ཁྱད་པར་སྐྱོབ་པ་བཅོ་བརྒྱད་སྟོང་། །སྒྲུབ་བྱེད་རིག་པ་རྣལ་འབྱོར་གོ །མཚན་དཔེ་གང་འཐད་སྦྱར་བ་རྣམས། །དབུ་མའི་དོན་རྣམས་རབ་སྨྲས་པའོ། །དྲེགས་པ་གསང་བའི་རྒྱུད་ལས། །སྤྱོད་པའི་འདྲེན་སྒོ་བསྟན་པ་སྟེ་དྲུག་པའོ།། །།དེ་ནས་ཁྲོ་རྒྱལ་ཆེན་པོ་ཡིས། །ལྕང་ཀ་དེའུའི་གླུ་བླངས་པས། །དབྱངས་དང་ཚིགས་སུ་བཅད་པ་ནི། །ཀྲི་ཡ་ཨུ་པ་ཡོ་ག་བཏུས། །ཀྲི་ཡ་དོན་གྱི་ལྷ་དྲུག་ནི། །སྟོང་པ་ཆོས་ཉིད་ལྷ་རུ་གནས། །གྲག་པ་སྒྲ་ཡི་ལྷ་ཡིན་ལ། ཡིག་འབྲུ་གསུང་གི་ཕྱག་རྒྱ་ལྷ། །ཕྱག་མཚན་ལྷ་ནི་ཐུགས་ཡིན་ཏེ། །སྐུ་ནི་དངོས་སུ་གྲུབ་པ་ལ། །ཡོངས་སུ་རྫོགས་པའི་ལུས་ཡང་བསྲུངས། །རྣམ་སྣ་ང་སྣང་མཐའ་མི་བསྐྱོད་གསུམ། །རིགས་ཀྱི་གཙོ་བོ་སངས་རྒྱས་ཉིད། །སྤྱན་མ་གོས་དཀར་མ་མ་ཀི །རིགས་ཀྱི་ཡུམ་གསུམ་སངས་རྒྱས་གཟུགས། །འཇམ་དཔལ་སྤྱན་རས་ཕྱག་ན་རྡོར། །རིགས་ཀྱི་བདག་པོ་བྱང་ཆུབ་སེམས། །གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །རིགས་ཀྱི་ཁྲོ་བོ་རྣམ་པ་གསུམ། །རྣོན་པོ་རྩེ་མོ་ཕུར་མ་གསུམ། །རིགས་ཀྱི་ཕོ་ཉ་གསུམ་དུ་གྲགས། །བཅོ་ལྔ་རྗེ་ཁོལ་ལྟ་བུར་འདོད། །བྱ་བའི་རྒྱུད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྟ་བ་ཡོ་ག་སྤྱོད་པ་འོག །ཆ་གཉིས་འཛིན་པ་ཨུ་པ་ཡ། །རྡོ་རྗེའི་གདུང་དང་རིན་ཆེན་གདུང་། །པརློའི་གདུང་དང་གཤོན་ནུའི་གདུང་། །དམ་ཚིག་སེམས་དཔའ་རང་ཉིད་ལ། །ཡེ་ཤེས་སེམས་དཔའ་གྲོགས་པོའི་ཚུལ། །མཆོད་ཅིང་བསྒྲུབ་པ་དངོས་གྲུབ་དོན། །མ་ལུས་དོན་རྣམས་གྲུབ་བྱེད་པ། །སྤྱོད་པའི་རྒྱུད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །མངོན་པར་བྱང་ཆུབ་རྣམ་ལྔ་ནི། །སྟོང་པ་ཉིད་ལ་བྱང་ཆུབ་དང་། །ཟླ་བའི་གདན་དང་ཡིག་འབྲུ་གསུམ། །ཕྱག་མཚན་སྐུ་རུ་གྲུབ་པ་ནི། །གཙོ་བོ་དགུ་དང་ལྷ་མོ་བརྒྱད། །བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། །སྒོ་བ་བཞི་རྣམས་རབ་གསལ་ནས། །དབང་བསྐུར་བ་ཡི་ཆོ་འཕྲུལ་དང་། །སྤྱན་དྲངས་མཆོད་དང་བཟླས་པ་ཡི། །ཆོ་འཕྲུལ་བཞི་ཡི་ལྷ་ཚོགས་རྣམས། །སྐྲུན་ཟླ་ལྟ་བུར་བསྒྲུབ་པར་འདོད། །རྣལ་འབྱོར་རྒྱུད་ཅེས་བྱ་བར་གྲགས། །དྲེགས་པ་གསང་བའི་རྒྱུད་ལས། །ཐབས་ཀྱི་སྦྱོར་སྒོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་པདྨ་ཧེ་རུ་ཀས། །དཔང་ཀ་དེའུའི་གླུ་བླངས་པས། །དབྱངས་ཚིག་དོན་གསུམ་གནས་སྦྱངས་པས། །བསྐྱེད་དང་རྫོགས་སྤྱོད་རྫོགས་པའི་སྐུར་སྣང་སྟེ། རྣམ་སྨིན་རིག་འཛིན་རྣལ་འབྱོར་ལུས། །ཚེ་དབང་རིག་འཛིན་སྤྲུལ་སྐུའི་འཁོར། །ཕྱག་རྒྱ་ཆེན་པོ་ལོངས་སྐུའི་འཁོར། །ལྷུན་གྲུབ་རིགས་འཛིན་ཆོས་སྐུའི་འཁོར། །འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཐོབ། ཁུད་མ་ཧྭ་ཡོ་གའི་ཏིང་ངེ་འཛིན་ཏོ། །རྣལ་འབྱོར་བླ་མེད་ལུང་གི་དོན། །རིག་པར་སྣང་བ་ཀུན་བཟང་ཡབ། ཡུལ་དུ་སྣང་བ་བཟང་མོ་ཡུམ། །བར་ན་འབྲེལ་བ་བདེ་ཆེན་སྲས། །ཡེ་ཤེས་ཡབ་ཀྱི་སྐུར་སྣང་བས། །དབྱིངས་ནི་ཡུམ་དུ་རྣམ་པར་དག །སྲས་ནི་བདེ་བ་ཆེན་པོར་གནས། །དབྱིངས་དང་ཡེ་ཤེས་དབྱེར་མེད་པ། །སྤྲུལ་པའི་སྐུ་རུ་སྣང་བ་དེ། །ལུང་ཆེན་ངང་དུ་སངས་རྒྱས་པའོ། །ལུང་ཨ་ནུ་ཡོ་གའི་དོན་བསྟན་པའི་ཏིང་ངེ་འཛིན་ཏོ། །རྣལ་འབྱོར་བླ་མེད་མན་ངག་དོན། །རང་བཞིན་སྐྱེ་བ་མེད་པ་ལས། །རོལ་པ་འགག་པ་མེད་པར་ཤར། །མཚན་ཉིད་གཉིས་སུ་མེད་པར་གནས། །བློ་རྟོགས་ཐམས་ཅད་ཆོས་ཉིད་གྲོལ། །མདོ་ནི་ཐིག་ལེ་ཉག་གཅིག་བསྡུ། །འགག་ནི་བྱ་བཙལ་མེད་པར་སྡོམ། །ཕུ་ཐག་ད་ལྟའི་སྣང་བར་བཅད། །འགྲོ་ས་ཆོས་ཀྱི་དབྱིངས་སུ་གཏང་། །ཆོས་ཀྱི་སྐུ་རུ་སངས་རྒྱས་པའོ། །དྲེགས་པ་གསང་བའི་རྒྱུད་ལས། །ངེས་པའི་གསང་སྒོ་བསྟན་པའི་ལེའུ་སྟོབརྒྱད་པའོ།། །།དེ་ནས་པདྨ་ཧེ་རུ་ཀས། །སྔགས་དང་མཚན་ཉིད་ཁྱད་་པར་གསུངས། །འཁོར་འདས་ཆོས་ཀྱི་མཚན་ཉིད་རྣམས། །ཇི་ལྟར་གསལ་སྟོན་རྒྱུ་ཡི་ལམ། །དངོས་པོ་རྣམས་ནི་སྟོང་པར་སྟོན། །བསྐལ་པ་གྲངས་མེད་ཚོགས་ཀྱང་བསོགས། །མཚན་ཉིད་རྒྱུ་ཡི་ཐེག་པར་གསུངས། །དེ་ལྟར་འབྲས་བུ་མི་ཤེས་སོ། །འཁོར་འདས་ཆོས་རྣམས་མ་ལུས་པ། །སྐུ་གསུང་འབྲས་བུ་གཏན་ལ་འབེབས། །རིགས་གསུམ་རིགས་བཞི་རིགས་ལྔ་དང་། །ལོངས་སྐུ་སྤྲུལ་སྐུ་ཆོས་ཀྱི་སྐུ། །སྣང་ཚབས་ཆེད་སྟོན་གཟུགས་སྐུར་གསལ། །ཚེ་འདི་ཉིད་ལ་འབྲས་ཐོབ་པའོ། །དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། ཁུ་མཚན་ཉིད་དང་འབྲས་བུ་གསང་སྔགས་རྣམ་པར་དབྱེ་བ་སྟེ་ལེའུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ལ་དམིགས་པ་འདི་གསུངས་སོ། །སེམས་ལ་དམིགས་པར་བྱེད་པ་ནི། །དེ་ལ་ངོ་བོ་རབ་བཤད་ན། །བེམ་པོའི་ལས་ནི་ལོག་པ་ཡིས། །རང་གི་རིག་པ་ཙམ་དུ་འདོད། །དེ་ལ་ངེད་ཚིགས་རབ་བཤད་ན། །དམིགས་ཡུལ་བསམ་པས་འཇུག་པས་སེམས། །དེ་ལ་རྣམ་གྲངས་རབ་བཤད་ན། །སྣ་ཚོགས་པས་ནི་སྣང་བས་སེམས། །རྟེན་བྱེད་པས་ནི་ཡིད་ཅེས་བྱ། །དབང་པོ་རང་རང་ཡུལ་ཤེས་པས། །དེ་ནི་རྣམ་པར་ཤེས་པའོ། །དེ་ལ་དབྱེ་བ་རབ་བཤད་ན། །རྟོག་མེད་ཀུན་ཏུ་སྣང་བ་ནི། །སྣང་བ་མཆེད་པ་ཉེར་ཐོབ་གསུམ། །རྟོག་༄༅ བཅས་རང་བཞིན་སྣང་བ་ནི།རང་བཞིན་རྟོགས་བཅས་བརྒྱད་བཅུའོ། །དེ་ལ་མཐུན་སྣང་རབ་བཤད་ན། །མི་མཁས་པ་ལ་སྣང་བ་ནི་། །ཉི་ན་མོ་མཚན་མོ་མཚམས་་ཀྱི་ཆ། །མཁས་པ་རྣམས་ལ་སྣང་བ་ནི། །ཡི་གེ་བརྡ་སྤྲོད་སྣང་བ་ཡང་། །ཨོ་དང་ཨུ༷༷དང་ཧཱུཾ༷་དུ་སྣང་། །མཚན་ཉིད་པ་ལ་སྣང་བ་ནི། །སེམས་དང་སེམས་བྱུང་མ་རིག་པའོ། །གསང་སྔགས་པ་ལ་སྣང་བ་ནི། །བསྐྱེད་རིམ་པ་ལ་སྣང་བ་ཡང་། །རྡོ་རྗེ་དང་ནི་པདྨ་དང་། །ལྷ་ཡི་སྐུ་དང་གཤེགས་སུ་གསོལ། །རྫོགས་རིམ་པ་ལ་སྣང་བ་ནི། །རྩ་རླུད་ཐིག་ལེར་སྣང་བའོ། །དེ་ལ་རང་བཞིན་རྣ་གཞག་ནི། །སྣང་བའི་འཁོར་དུ་གསུམ་གསུམ་ལས། །མཆོད་པ་རང་བཞིན་བཞི་བཅུ་དང་། །ཉེར་ཐོབ་མ་རིག་སྐད་ཅིག་མ། །དེ་ལ་མཚན་ཉིད་རབ་བཤད་ན། །བཅོས་པའི་མཚན་ཉིད་བླུན་མོ་ནི། །བ་གླང་རྫི་ལ་སྣང་བ་ཡང་། །ཉིན་མཚན་མཚམས་ཀྱི་ཆར་སྣང་ལ། །རྣལ་མའི་མཚན་ཉིད་སེམས་གསུམ་སྣང་། །དེ་ལ་འཇུག་པའི་གོ་རིམ་ནི། །དང་པོ་སྣང་བ་དེ་ལ་མཆོད། །དེ་ནས་ཉེ་བར་ཐོབ་པའོ། །དེ་ལ་འཇུག་པའི་དུས་ཚོད་ནི། །ཡུན་ཐུང་སྐད་ཅིག་ཐང་གཅིག་ནས། །ཡུན་རིངས་འཁོར་བར་གནས་ཀྱི་བར། །སྣང་པ་གསུམ་གྱི་ཀུན་ཁྱབ་འཇུག །དེ་ལ་སེམས་གསུམ་ངེས་བསྒྲུབ་ན། །རྟོག་མེད་ཀུན་སྣང་ངེས་རླུད་ཡིན། །རྟོག་བཅས་རང་བཞི་སྣང་བ་ནི། །སྣང་བ་གསུམ་དང་ཁམས་ཕྲ་གཉིས། །ཀུན་གཞི་དང་ནི་ཡིད་ཡིན་ནོ།།དེ་ལ་མན་ངག་གཏན་ལ་དབབ། །སྤྱི་དང་བྱེ་བྲག་རྣམ་གཉིས་བཤད། །སྤྱི་ནི་དངོས་དང་འགྱུར་ཚུལ་བཅས། །བྱེ་བྲག་གསོ་སོ་སྤྱིར་དྲིལ་བསྟན། །དངོས་ནི་ཡིད་ཀྱི་རྣམ་ཤེས་སོ། །འགྱུར་ཚུལ་རླུད་སེམས་བཅས་པ་ལ། །མི་རྟ་ལྷ་བུ་ཚོགས་པ་གཅིག །ཆུ་དང་འོ་མ་དབྱེར་མེད་བཞིན། །སོ་སོ་དབང་པོ་རྣམ་ལྔ་ཡང་། །མིག་སྣ་རྣ་བ་ལྕེ་དང་ནི། །ལུས་ཀྱི་དབང་པོ་གསང་བའོ། །མིག་ལ་གཟུགས་ཀྱི་སྣང་བ་གསུམ། །རྣ་བ་སྒྲ་ཡི་སྣང་བ་གསུམ། །སྣ་ལ་དྲི་ཡི་སྣང་བ་གསུམ། །ལྕེ་ལ་རོ་ཡི་སྣང་བ་གསུམ། །ལུས་ལ་རེག་བྱའི་སྣང་བ་གསུམ། །ཐ་མལ་རྣལ་འབྱོར་ཡང་དག་གསུམ། །ཐ་མལ་པ་ལ་སྣང་བ་ནི། །དམྱལ་ཁམས་གཟུགས་མེད་ཁམས་རྣམས་ལ། །ཀུན་ལ་་སྣང་བའི་ཁྱབ་པའོ། །གཟུགས་ཅན་རྣམས་ལ་དབང་ལྔས་ཁྱབ། །གཟུགས་མེད་ཡིད་ཀྱི་སྣང་བའི་ཁྱབ། །ཡུལ་ཅན་རྣལ་་འབྱོར་སྣང་བ་གསུམ། །སྣང་བས་ཡུལ་དེ་མཐོང་བ་དང་། །མཆེད་པས་ཡུལ་ལ་ལེགས་ཉེས་བརྟགས། །ཉེ་བར་ཐོབ་པས་ཞེན་པ་ལོག །དག་པ་སངས་རྒྱས་སྣང་བ་གསུམ། །སྣང་བ་སྤྲུལ་པའི་སྐུ་ཡིན་ལ། །མཆེད་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཉེ་བར་ཐོབ་པ་ཆོས་ཀྱི་སྐུ། །སྦྲུལ་སྐུ་རང་ལ་སྣང་བ་གསུམ། །སྣང་བ་སྤྲུལ་སྐུར་འཁྲུངས་པ་དང་། །མཆེད་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཉེ་བར་ཐོབ་པས་མྱ་ངན་འདས། །ལོངས་སྐུ་རང་ལ་སྣང་བ་གསུམ། །སྣང་བ་ཡེ་ཤེས་སྒྱུ་མའི་སྐུ། །མཆེད་པ་དགོངས་པས་ཆོས་ཀྱང་སྟོན། །ཉེ་བ་ཐོབ་པ་ས་བཅུ་པའི། །འཁོར་གྱི་སྒྲིབ་སྦྱོངས་ཆོས་སྐུར་གྲོལ། །ཆོས་སྐུ་རང་ལ་སྣང་བ་གསུམ། །སྣང་བ་ཡེ་ཤེས་སྒྱུ་མའི་སྐུ། །སྣང་བས་ཆོས་སྐུ་ལོངས་སྐུར་ཤར། །མཆེད་པ་ལོངས་སྐུས་སྤྲུལ་སྐུར་འགྱེད། །ཉེར་ཐོབ་སླར་ཡང་ཆོས་སྐུར་གྲོལ། །དེ་ལ་དོན་ནི་རབ་བཤད་ན། །སྣང་བ་གང་ལྡན་བཤད་པ་གསུམ། །འཁོར་བའི་ཁམས་གསུམ་སེམས་ཅན་རྣམས། །རྣང་བ་གསུམ་དང་ལྡན་པ་དང་། །འཇིག་རྟེན་ལྷ་སྲིན་གདུག་པ་རྣམས། །སྣང་བ་གསུམ་དང་ལྡན་པ་དང་། །དག་པའི་སངས་རྒྱས་སྐུ་གསུམ་རྣམས། །སྣང་བ་གསུམ་དང་ལྡན་པའོ། །དེ་ལ་སྐྱེལ་ས་རབ་བཤད་ན། །སེམས་གསམ་དག་ནི་སྐྱེལ་ས་ནི། །གསལ་སྟོང་གཉིས་སུ་མེད་པ་ཡི། །མངོན་པར་བྱང་ཆུབ་ངང་དུ་བསྐྱལ། །གསལ་བ་རང་རིག་སྣང་བ་ལ། །སྟོང་པ་ཡུལ་གྱི་སྣང་བ་སྟེ། །ཡུལ་སེམས་གཉིས་སུ་མེད་པ་ནི། །མངོན་སུམ་བྱང་ཆུབ་སངས་རྒྱས་པར། །དབང་ཆེན་རྣལ་འབྱོར་པ་ཡིས་མཐོང་། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །སྣང་བ་གསུམ་གཏན་ལ་དབབ་པ་སེམས་གསུམ་ལ་དམིགས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རླུང་རྣམས་ཀྱི་དེ་ཁོ་ན་ཉིད་འདི་གསུངས་སོ། །རླུད་རྣམས་དེ་ཉིད་རབ་བཤད་ན། །དེ་ཡང་རླུད་གི་ངོ་བོ་བཤད། །སྲོག་དང་རྩོལ་པའི་བདག་ཉིད་དེ། །སྲོག་ནི་ནང་དུ་གནས་པ་ལ། །རྩོལ་བ་ཕྱི་ནང་ལྡང་འཇུག་བྱེད། །དེ་ནས་རླུ་་གི་ངེད་ཚིག་ནི། །འཁོར་འདས་ལས་ཀུན་བྱེད་པས་རླུད་། །འཁོར་བའི་རྒས་ན་འཆི་བར་བྱེད། །འདས་པའི་སྐུ་དང་ཡེ་ཤེས་བྱེད། །དེ་ནས་རླུང་གི་དབྱེ་བ་ནི། །རྩ་བའི་རླུད་དང་ཡན་ལག་རླུད་། །རྩ་བའི་རླུད་ནི་རྣམ་པ་ལྔ། །སྲོག་འཛིན་པ་དང་གྱེན་དུ་རྒྱུ། །ཐུར་སེལ་མེ་མཉམ་ཁྱབ་བྱེད་ཡིན། །ཡན་ལག་རླུད་ཡང་རྣམ་པ་ལྔ། ཁུ་བ་རབ་ཏུ་རྣམ་པར་རྒྱུ། །ཡང་དག་རྒྱུ་དང་ངེས་པར་རྒྱུ། །དེ་ནས་རླུད་དེ་རིགས་འཛིན་ལ། །རྩ་བ་ཡན་ལག་བརྡས་པ་བཤད་བྱ། །ཀླུ་ཡི་རླུད་དང་རུས་སྦལ་རླུད་། །ཚངས་པ་ལྷ་སྤྱིན་ལྟ་བུའི་རླུད་། །གཞུ་རྒྱལ་ལྔ་ནི་རྩ་བ་ཡིན། །ཉི་མ་འབྲུག་དང་གླ་རྩི་དང་། །ཨ་རུ་ར་དང་རེག་འཇམ་བྱ། །དེ་ནས་རླུད་གི་གནས་པ་གསུམ། །རྩ་བ་སྲོག་འཛིན་སྙིང་གར་གནས། །གྱེན་དུ་རྒྱུབ་ལྐོག་མ་སྟེ། །མེ་དང་མཉམ་པ་ལྟེ་བ་ལ། །ཐུར་དུ་སེལ་བ་གསང་བ་ན། །ཁྱབ་བྱེད་ཚིག་ལ་གནས་པའོ། །ཡན་ལག་རྒྱུ་བ་མིག་ལ་གནས། །རབ་ཏུ་རྒྱུ་བ་རྣ་བ་ལ། །རྣམ་པར་རྒྱུ་བ་སྣ་ཡིན་ཏེ། །ཡང་དག་པར་ནི་རྒྱུ་བ་ལྕེ། །ངེས་པར་རྒྱུ་བ་ལུས་ལ་གནས། །དེ་ནས་རླུད་གི་ལས་བྱེད་ཚུལ། །ཐུན་མོང་ཁྱད་པར་གཉིས་ཡོད་དེ། །ཐུན་མོང་འཁོར་བ་བསྐྱེད་པ་དང་། །འདས་པ་བསྐྱེད་པའི་ལས་གཉིས་བྱེད། །འཁོར་བསྐྱེད་པར་བྱེད་པ་ཡང་། །དང་པོ་ཕ་མའི་ས་བོན་འབྱིན། །བར་དོའི་ཤེས་པ་དག་དང་བསྲེས། །མ་ཡི་མངལ་དུ་སྨིན་པར་བྱེད། །བར་དུ་ལུས་རྒྱས་རྒས་པར་བྱེད། །ཐ་མར་འཆི་སྟེ་ལུས་སེམས་འབྲལ། །བར་དོར་ལུས་ལན་ཡང་ཡང་འཁོར། །འདས་པ་བསྐྱེད་པར་བྱེད་པ་ཡང་། །རྣལ་འབྱོར་བསྐྱེད་རིམ་སྒོམ་པ་དང་། །རྫོགས་པའི་རིམ་པ་བསྒོམ་པ་དང་། །འབྲས་བུ་ཐོབ་པར་རླུད་གིས་བྱེད། །ཁྱད་པར་ལས་གཉིས་འཁོར་འདས་ཏེ། །འཁོར་བའི་རྒྱུ་ལ་ལས་བྱེད་གཉིས། །རྩ་བ་དང་ནི་ཡན་ལག་ཡིན། །མ་ཤི་བར་དུ་ཚེ་སྲོག་འཛིན། །མཆིལ་སྣབས་གྱེན་ལ་འདྲེན་པ་དང་། །བཤང་གཅི་ཁུ་ཁྲག་ཐུར་ལ་སེལ། །མེ་མཉམ་དྲོད་ཀྱིས་ཁ་ཟས་འམུ །ཁྱད་པར་འགྲོ་དྲུག་ལས་རྣམས་བྱེད། ཁུ་བས་གཟུགས་ནི་མཐོང་བར་བྱེད། །རབ་ཏུ་རྒྱུ་བས་སྒྲ་རྣམས་ཐོས། །རྣམ་པར་རྒྱུ་བས་དྲི་ཡང་ཚོར། །ཡང་དག་རྒྱུ་བས་རོ་རྣམས་མྱོང་། །ངེས་པར་རྒྱུ་བས་རེག་བྱ་ཤེས། །འདས་པའི་བྱེ་བྲག་ཅི་ཤེས་པ། །སྲོག་འཛིན་ལ་སོགས་ལས་བཞི་འགྲུབ། །ཁྱབ་བྱེད་བར་དོར་འོད་གསལ་འཆར། །ཡན་ལག་སྤྱི་དང་བྱེ་བྲག་བཤད། །ཐུན་མོངས་དངོས་གྲུབ་ཐོབ་པ་དང་། །མངོན་ཤེས་རྣམ་པ་ལྔ་ཡང་འཆར། །དེ་ནས་རླུད་གི་བྱ་བ་ཡང་། །འབྱུང་ལྔ་རྩ་བ་ཡན་ལག་ཡིན། །སྲོག་འཛིན་ཆུ་ལ་གྱེན་རྒྱུ་མེ། །ཐུར་སེལ་ས་ཡིན་མེ་མཉམ་མེ། །ཁྱབ་བྱེད་ནམ་མཁའི་རླུད་དུ་འདོད། །རྒྱུ་བ་མེ་ལ་རབ་རྒྱུ་རླུད་། །རྣམ་རྒྱུས་སྟེ་ཡང་དག །ངེས་པར་རྒྱུ་བ་ནམ་མཁའ་འོ། །དེ་ནས་རླུ་་གི་རྒྱུ་ཚུལ་ནི །གཅིག་ནི་གཙོ་བོར་རྒྱུ་ཙམ་ན། །རླུང་གཞན་འཁོར་དུ་རྒྱུ་བའོ། །མེ་ཡི་རླུང་ནི་གྱེན་དུ་ལྡང་། །ཆུ་ཡི་རླུད་ནི་ཐུར་དུ་དབབ། །ས་ཡི་རླུ་་ནི་ཐད་ཀར་གནས། །རླུད་གི་རླུ་་ནི་བསེགས་ལ་གྲོ། །ནམ་མཁའི་རླུད་ནི་ཀུན་ལ་ཁྱབ། །དེ་ནས་རླུང་གི་རྒྱུ་བའི་གྲངས། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱིར་ན་ཉིན་ཞིག་ཕྲུགས་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པའོ། །བྱེ་བྲག་ཏུ་ནི་མེ་ཡི་རླུད་། །ཉིས་བརྒྱ་ཉི་ཤུ་རྩ་ལྔར་རྒྱུ། །གཞན་ཡང་དེ་བཞིན་རྒྱུ་བ་ཡིན། །དེ་ནས་རླུད་གི་ཉམས་ལེན་གསུམ། །ཕྱིར་ལ་འགྲོ་ན་བཏང་བ་ཡིས། །མན་ངག་སྟོད་ནད་ཚད་པ་སེལ། །ནང་དུ་འཇུག་ན་གང་པ་ཡིས། །མན་ངག་སྨད་ཀྱི་གྲང་བ་འཇོམས། །ཁོང་དུ་གནས་ན་ཁ་སྦྱོར་གྱི། །མན་ངག་ཚེ་ཡི་རིགས་འཛིན་ཐོབ། །འབྱུང་འཇུག་གནས་པ་གསུམ་དུ་སློབས། །དེ་ནས་རླུད་གི་མན་ངག་འདི། །རླུད་གི་ཁ་དོག་རབ་བཤད་བྱ། །སྲོག་འཛིན་དཀར་ལ་གྱེན་རྒྱུ་དམར། །ཐུར་སེལ་སེར་ལ་མེ་མཉམ་ལྗང་། །ཁྱབ་བྱེད་མཐིང་ཁའི་མདོག་ཅན་ཡིན། །རྒྱུ་བ་དམར་ལ་རབ་རྒྱུ་ལྗང་། །རྣམ་པར་རྒྱུ་བ་སེར་པོ་ལ། །ཡང་དག་པར་ནི་རྒྱུ་བ་དཀར། །ངེས་པར་རྒྱུ་བ་མཐིང་ཁ་ལ། །དེ་ནས་རླུད་དང་ལྷ་སྦྱར་ན། །རྩ་བའི་རླུད་ཡང་གཉིས་སུ་སྣང་། །རགས་པར་སྣང་བ་རིགས་ལྔའི་ཡུམ། །ཕྲ་བར་སྣང་བ་རིགས་ལྔ་ཡབ། །ཡན་ལག་གཉིས་སུ་སྣང་བ་ཡང་། །རགས་པར་སྣང་བ་སེམས་མལ། །ཕྲ་བར་སྣང་བ་སེམས་དཔའ་སྟེ། །མདོར་ན་ཞི་དང་ཁྲོ་བོར་སྣང་། །ཁྲོ་རྒྱལ་པདྨ་ཧེ་རུ་ཀ །རླུང་གི་དེ་ཉིད་འདུལ་བྱའི་དོན། །ཕོ་ཉ་འགུག་འདྲེན་ལས་རྣམས་སྤྲོ། །དེ་ནས་རླུང་གི་རང་བཞིན་གཉིས། །མ་དག་འཁོར་བའི་རང་བཞིན་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡིན། །དག་པ་སངས་རྒྱས་རང་བཞིན་ནི། །བདེ་གཤེགས་སྐུ་ལྔ་ཡེ་ཤེས་ལྔ། །དེ་སོགས་དཔག་མེད་རྒྱལ་བར་འགྱུར། །དེ་ནས་རླུ་་གི་བསྡུ་བ་ནི། །རྩ་བའི་རླུང་ལྔ་བེམས་པོར་བསྡུ། །ཡན་ལག་རླུང་ལྔ་གསལ་བར་བསྡུ། །བེམས་པོ་འབྱུང་བ་རླུང་དང་ནི། །གསལ་བ་རིག་པའི་རླུད་ཞེས་བྱ། །དེ་ནས་རླུང་གི་འབྱོར་ས་ཚད་ནི། །རྣམ་པར་རལ་ཏུ་གསལ་བ་དང་། ཁུ་བ་ངེས་པར་འབྱུང་བའོ། །རྩམ་པ་ཁ་དོག་ལྔར་ཤེས་ཏེ། །རྒྱུ་བ་ལོ་ཟླ་ཉིན་ཞག་དུས། །དེ་ནས་རླུང་གི་དགོས་པ་ནི། །རྡོ་རྗེའི་བཟླས་པ་གྲུབ་པས་དགོས། །དེ་ནས་རླུང་གི་དོན་བཤད་ན། །རླུད་རྣམས་གང་ལ་ལྡན་པ་ནི། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཟག་བཅས་རླུད་དང་ལྡན་པ་ལ། །རྣལ་འབྱོར་ལམ་བསྒྲུབ་རྣམས་ལ་ཡང་། །ཁམས་ཀྱི་འདུ་ལུགས་གསུམ་དང་ལྡན། །མྱ་ངན་འདས་པའི་སངས་རྒྱས་ལ། །ཟག་པ་མེད་པའི་རླུད་དང་ལྡན། །དེ་ནས་རླུང་གི་འབྲས་བུ་ནི། །ལམ་གྱུར་འབྲས་བུ་རིགས་འཛིན་བགྲོད། །མཐར་ཐུག་འབྲས་བུ་ཝ་གསུམ་ཐོབ། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །རླུང་གི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་བཟླས་པའི་དགོངས་པ་འདི་གསུངས་སོ། །རྡོ་རྗེའི་བཟླས་པ་བྱ་བ་ཡང་། །འདི་ནི་ངོ་བོ་རབ་བཤད་པ། །ཡི་གེ་འབྲུ་གསུམ་ཞེས་བྱ་བ། །ཨོ་དང་ཨུ༷༷དང་ཧཱུཾ༷་དུ་གནས། །འདི་ནི་ངེས་པའི་ཚིག་བཤད་ན། །སྔགས་ནི་ཤེས་སྐྱོབ་ཤེས་བྱ་སྟེ། །སྔགས་རྣམས་དེར་ནི་འདུས་པས་ཤེས། །འདོད་བའི་དོན་གྲུབ་འཁོར་བ་སྐྱོབ། །འདི་ནི་དབྱེ་བ་རྣམ་བཞིར་གནས། །བརྗོད་པར་བྱ་བའི་འབྲུ་གསུམ་ནི། །ཨོ་དང་ཨུ༷༷དང་ཧཱུཾ༷་དུ་བཟླས། །དམིགས་པར་བྱ་བའི་འབྲུ་གསུམ་ནི། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །བརྡ་རུ་གྱུར་པའི་འབྲུ་གསུམ་ནི། །རླུད་ནི་འཇུག་ལྡང་གནས་པ་གསུམ། །དོན་དམ་པ་ཡི་འབྲུ་གསུམ་ནི། །འོད་གསལ་སྟོང་པ་ཟུང་དུ་འཇུག །འདི་ནི་ལས་ཀྱི་རྣམ་བཞི་བྱེད། །བརྗོད་པར་བྱ་བའི་འབྲུ་གསུམ་ལས། །སྔོན་འགྲོ་མཆོད་རྫས་བྱིན་བརླབས་དང་། །དངོས་གཞི་ལྷ་སྐུ་བསྐྱེད་པ་དང་། །སྙིང་པོས་བསྐུལ་བའི་བསྙེན་བསྒྲུབ་དང་། །ཐ་མར་སྐུ་གསུང་ཐུགས་སུ་ཐིམ། །དམིགས་པར་བྱ་བའི་འབྲུ་གསུམ་ལས། །འཁོར་བའི་ལུས་ངག་ཡིད་གསུམ་བསྐྱེད། །འདས་པའི་སྐུ་གསུང་ཐུགས་འགྲུབ་བའོ། །བརྡར་གྱུར་བ་ཡི་འབྲུ་གསུམ་ལས། །ཕྱིར་སྡང་ཨོ་ལས་འགྲོ་དོན་མཛད། །ནང་འཇུག་ཧཱུཾ༷་གིས་དངོས་གྲུབ་ལེན། །ཁོང་གནས་ཨུ༷༷ནི་ཆོས་ཀྱི་སྐུའོ། །དོན་དམ་པའི་ཡི་འབྲུ་གསུམ་ལས། །འོད་གསལ་སྙིང་རྗེ་ཆེན་པོ་ཐབས། །སྟོང་པ་ཤེས་རབ་ངོས་བཟུང་བྲལ། །ཐབས་ཤེས་ཟུང་འཇུག་དབྱེར་མེད་པའོ། །འདི་ནི་བཟླས་པའི་དཔེ་བཞི་ནི། །རྡོ་རྗེ་ལྟར་ན་དབྱེར་མེད་པ། །འབྲུ་གསུམ་ལུས་ངག་ཡིད་གསུམ་དང་། །སྐུ་གསུང་ཐུགས་དང་དབྱེར་མེད་དོ། །རྡོ་རྗེ་ལྟ་བུ་ཐོགས་མེད་ནི། །ཉིན་བཞག་ཕྲུགས་གཅིག་དག་ལ་ཡང་། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །བཟླས་པ་དེ་ལྟར་འགྲུབ་པ་ནི། །རང་བཞིན་ལྟ་གོང་ས་བཟླས་བརྗོད་དོ། །རྡོ་རྗེ་རྩེ་ལྔ་ལྟར་གནས་ནི། །དཔེར་ན་རྡོ་རྗེ་རྩེ་ལྔ་པ། །ཆ་གསུམ་དག་ཏུ་ཡོད་པ་ལྟར། །ཕྱིར་ལ་ལྡང་བ་བདེ་གཤེགས་ལྔ། །ནང་དུ་འཇུག་པ་ཡེ་ཤེས་ལྔ། །ཁོང་དུ་གནས་པ་འབྱུང་ལྔའོ། །རྡོ་རྗེ་རིན་ཆེན་ལྟ་བུ་མྲ །དགོས་འདོད་རེ་བ་སྐོང་བ་ནི། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཐམས་ཅད་མ་ལུས་འགྲུབ་པའོ། །འདི་ནི་རྡོ་རྗེའི་བཟླས་པའི་ཐབས། །ཞི་བའི་བཟླས་པ་བྱ་བ་དང་། །ཁྲོ་བོའི་བཟླས་པ་བྱ་བ་དང་། །དེ་དག་རེ་རེ་ཀུན་ལ་ཡང་། །བསྙེན་པ་བཟླས་བྱར་གཉིས་སུ་འགྱུར། །འདི་ནི་བཟླས་པའི་ཡོན་ཏན་ཡང་། །ཉོན་མོངས་དུག་གསུམ་སྦྱོང་བ་དང་། །ལུས་ངག་ཡིད་གསུམ་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། །སྐུ་གསུམ་འབྲས་བུ་ཐོབ་པའོ། །འདི་ནི་སྲིད་གསུམ་སྦྱར་ན་བཞི། །ཕྱི་ཡི་སྲིད་པ་གསུམ་པོ་ནི། །སྟེང་ན་ལྷ་གནས་བར་ན་མི། །འོག་ན་ཀླུ་ཡི་སྲིད་པའོ། །ནང་གི་སྲིད་པ་གསུམ་པོ་ནི། །དང་པོ་སྐྱེ་བར་སྲིད་པ་དང་། །བར་དུ་ན་བའི་སྲིད་པ་དང་། །ཐར་མར་འཆི་བའི་སྲིད་པའོ། །གཡང་བའི་སྲིད་པ་གསུམ་པོ་ནི། །ལ་ལ་ན་དང་རས་ན། །ཨ་ཝ་རྙུ་ཏི་དག་ཏུ་འདོད། །དབང་བའི་སྲིད་པ་གསུམ་པོ་ནི། །ཕོ་དང་མོ་དང་མ་ནིང་གསུམ། །འདི་ནི་ཁམས་གསུམ་སྦྱར་བ་ནི། །འདོད་ཁམས་ཧཱུཾ༷་ལ་གཟུགས་ཁམས་ཨོ། །གཟུགས་མེད་ཁམས་ནི་ཡི་གེ་ཨུ༷༷ འདི་ནི་མཐོ་རིས་ངན་སོང་སྦྱར། །ཨོ་ནི་བྱོལ་སོང་ཡི་དགས་ཨུ༷༷ །ཧཱུཾ༷་དོན་མ་རྟོགས་དམྱལ་བར་འཁོར། །ཨོ་ནི་ལྷ་ཡིན་ལྷ་མིན་ཧཱུཾ༷། །ཨུ༷༷ནི་མི་རུ་གནས་པའོ། །འདི་ནི་མྱ་ངན་འདས་བར་སྦྱར། །སྦྲུལ་སྐུ་ཨོ་ལ་ལོངས་སྐུ་ཧཱུཾ༷། །ཨུ༷༷ནི་ཆོས་སྐུར་གནས་པའོ། །འདི་ནི་འབྲུ་གསུམ་ཁ་དོག་བཤད། །ཨོ་ནི་དཀར་ལ་ཨུ༷༷ནི་དམར། །ཧཱུཾ༷་ནིམཐིང་ཀའི་མདོག་ཡིན་ནོ། །འདི་ནི་འབྲུ་གསུམ་ལྷ་སྲིན་སྦྱར། །ཨོ་ནི་གཏི་མུག་ཀླུ་ཡིན་ལ། །ཨུ༷༷ནི་འདོད་ཆགས་གནོད་སྤྱིན་ཏེ། །ཧཱུཾ༷་ནི་ཞེ་སྡང་གཤིན་རྗེའོ། །འདི་ནི་འབྲུ་གསུམ་སྒྲ་ཡི་གནས། །ཨོ་གྱི་སྒྲ་ནི་སྤྱི་བོ་ནས། །ཁ་རུ་ཡོང་བའི་ཡུམ་ཙམ་མོ། །ཨུ༷༷ཡི་སྒྲ་ནི་གྲེབ་ནས། །ཁ་རུ་སོང་བའི་ཡུན་ཙམ་མོ། །ཧཱུཾ༷་གི་སྒྲ་ནི་ལྟེ་བ་ནས། །ཁ་རུ་ཡོང་བའི་ཡུན་ཙམ་མོ། །འདི་ནི་འབྲུ་གསུམ་དོན་བཤད་པ། །ལུས་ཀྱི་སྟོད་སྨད་གནས་པ་ནི། །ཨོ་ནི་ལུས་སྟེང་མགོན་གནས། །ཨུ༷༷་ནི་ལུས་བར་མགྲིན་པར་གནས། །ཧཱུཾ༷་ནི་ལུས་སྨད་ཐུགས་ཀར་གནས། །འདི་ནི་འབྲུ་གསུམ་བསྐྱེད་པའི་རྒྱུ། །རྒྱུ་བའི་རྒྱུ་ནི་ཡི་གེ་ཨུ༷༷། །དངོས་རྒྱུ་ཨུ་ལི་ཀྭ་ལི་སོགས། །གསང་སྔགས་མ་ལུས་འདིས་བསྐྱེད་པས། །སྔགས་ཀུན་རྩ་བར་འདི་འགྱུར་རོ། །འདི་ནི་འབྲུ་གསུམ་དགོངས་པ་ནི། །བསྐྱེད་རིམ་རྫོགས་རིམ་ཀུན་འགྲུབ་བས། །འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི། །ལམ་ཞུགས་རྣལ་འབྱོར་ཀུན་ལ་དགོས། །འདི་ནི་འབྲུ་གསུམ་དོན་བཤད་ནི། །ཆོས་དགོས་གང་ཡིན་ངོས་བཟུང་ན། །འདི་ནི་རྡོ་རྗེ་བཟླས་པ་ཡིན། །ཨོ་ཨུ༷༷་ཧཱུཾ༷། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །རྡོ་རྗེའི་བཟླས་པའི་དོན་བསྟན་པ་ལེའུ་སྟེབཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མངོན་པར་བྱང་ཆུབ་པ་འདི་གསུངས་སོ། །མངོན་པར་བྱང་ཆུབ་དོན་ཉིད་ནི། །ཁྱེད་ལ་གདམས་ངག་བཤད་པར་བྱ། །འདི་ཡི་བྱང་ཆུབ་ངོ་བོ་ནི། །དོན་དམ་སྤྲོས་པ་བྲལ་བའོ། །འདི་ཡི་བྱང་ཆུབ་ངེས་ཚིག་ནི། །མངོན་ཞེན་འཁོར་བ་སྣོད་བཅུད་ལ། །ཆུབ་པ་སྣང་དང་ཞེན་བྲལ་ནས། །དེ་དོན་མངོན་དུ་བྱས་པའོ། །འདི་ཡི་བྱང་ཆུབ་དབྱེ་བ་ནི། །ངོ་བོ་ཉིད་ཀྱི་བྱང་ཆུབ་ནི། །ཆོས་རྣམས་གནས་ལུགས་སྐྱེ་མེད་གནས། །ལམ་རིམ་མངོན་པར་བྱང་ཆུབ་ནི། །བདག་ཉིད་བསྒྲུབ་པའི་ལུས་འདི་ཡང་། ཁུ་མ་བསམ་གཏན་སྟོང་པར་རྟོགས། །འབྲས་བུའི་མངོན་པར་བྱང་ཆུབ་ནི། །གཟུགས་སྐུ་གཉིས་པོ་ཆོས་སྐུར་ཐིམ། །འདི་ཡི་རྣམ་གྲངསརྣམགཅིགསྟེ། །ཕྱི་དཔེ་མངོན་པར་བྱང་ཆུབ་ནི །ཉི་མ་དག་ཀྱང་མ་ཤར་བའི། །ནམ་མཁའ་སྤྲིན་མེད་ལྟ་བུའོ། །ནང་དོན་མངོན་པར་བྱང་ཆུབ་ནི། །རང་རིག་སྤྲོས་པའི་མཐའ་བྲལ་བ། །བདེ་སྟོང་དག་ཏུ་གནས་པའོ། །འདི་ཡི་བསམ་གཏན་རྣམ་པ་བཞི། །སྔོན་འགྲོ་བླ་མར་གསོལ་བ་བཏབ། །དངོས་གཞི་བསམ་གཏན་རྣམ་བཞི་བསྒོམ། །ཐུན་མཚམས་ཐུན་ཚོད་བཟུང་བ་དང་། །རྗེས་སྤྱོད་ལམ་ཀུན་མི་འབྲལ་བྱ། །དངོས་གཞི་བསམ་གཏན་གཉིས་སྒོམ་པ། །རིལ་པོར་གཞིག་པའི་བསམ་གཏན་དང་། །རྗེས་སུ་གཞིག་པའི་བསམ་གཏན་ནོ། །རིལ་འཛིན་བསམ་གཏན་བདག་ཉིད་ནི། །པདྨ་དབང་གི་སྐུར་གསལ་ནས། །དེ་ནི་དམ་ཚིག་སེམས་དཔའ་ཡིན། །ཐུགས་ཀར་ཡི་གེ་གསལ་བ་ནི། །དེ་ནི་ཡེ་ཤེས་སེམས་དཔའ་ཡིན། །ཡིག་འབྲུ་ཐིག་ལེའི་རང་བཞིན་ནམ། །དེ་ཡི་ནང་དུ་ཐིག་ལེ་གསལ། །དེ་ནི་ཏིང་འཛིན་སེམས་དཔའ་ཡིན། །རང་ཉིད་དེ་ལྟར་སྒོམ་པ་དང་། །སེམས་ཅན་རྣམས་དང་ཐ་དད་མེད། །ཡི་གེ་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་སྦྱངས་ནས་སླར་ལ་འདུས། །སྤྱི་ནས་སྙིང་གར་ཐུར་ལ་ཐིམ། །རྐང་མཐིལ་སྙིང་གར་གྱེན་ལ་ཐིམ། །སྙིང་ཁའི་ཐིག་གེ་སྟོང་པར་བསྒོམ། །རྗེས་སུ་གཞིག་པའི་བསམ་གཏན་ནི། །སྒོམ་པའི་རིམ་པ་ཀུན་མཐུན་ཡང་། །དེ་ལྟར་སྒོམ་པར་བྱེད་པ་ཡིས། ཁྲེས་པ་རང་ཡང་སྟོང་པར་ཐིམ། །འདི་ཡི་བྱང་ཆུབ་དཔེ་བསྟན་པ། །རིལ་པོར་འཛིན་པའི་བསམ་གཏན་དཔེ། །མེ་ལོང་དག་ལ་ཧས་བཏབ་པའི། །དབུགས་ཀྱི་ངད་འདུས་ལྟ་བུའོ། །རྗེས་སུ་གཞིག་པའི་བསམ་གཏན་དཔེ། །ལྟེང་ཀ་དག་ཏུ་ཆུ་འཁྱིལ་བ། །ས་ལ་ཐིམ་ནས་མེད་པའམ། །ཐལ་བ་རླུད་གིས་འཐོར་བྱས་ནས། །རླུད་བཅས་ནམ་མཁའ་ཞི་བཞིན་ནོ། །འདི་ཡི་ཉམས་ཀྱི་འཆར་དུས་ནི། །གཉིས་དུས་ཡེ་ཤེས་སྐྱེ་བ་དང་། །དབང་པོ་གཉིས་ནི་མཉམ་སྦྱོར་དུས། །ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དག་། །ལམ་སྒོམ་དུས་སུ་ཡེ་ཤེས་སྐྱེ། །འཆི་དུས་ཡེ་ཤེས་སྐྱེབའོ། །འདི་ཡི་བྱང་ཆུབ་ཐིམ་ལུགས་ནི། །ས་ནི་ཆུ་ལ་ཐིམ་པ་ཡི། །རྟགས་ནི་སྨིག་རྒྱུ་ལྟ་བུ་དང་། །དེ་ཡི་ཉམས་ཡང་འོད་ལྔར་འཆར། །ཆུ་ཡང་མེ་ལ་ཐིམ་པ་ཡི། །རྟགས་ནི་དུ་བ་ལྟ་བུ་དང་། །མེ་ཡང་ཆུ་ལ་ཐིམ་པ་ནི། །སྲིན་བུ་མེ་ཁྱེར་ལྟ་བུ་དང་། །རླུད་ནི་རྣམ་པར་ཤེས་པ་ལ། །ཐིམ་པས་ཉི་མ་ལྟ་བུ་དང་། །རྣམ་པར་ཤེས་པ་ཆོས་ཉིད་དུ། །ཐིམ་དུས་སྤྲིན་མེད་ནམ་མཁའ་འདྲ། །དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །བྱང་ཆུབ་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཟུང་དུ་འཇུག་པ་འདི་གསུངས་སོ། །ཟུང་དུ་འཇུག་པའི་དོན་འདི་ནི། །ཁྱེད་ལ་རབ་ཏུ་བཤད་བྱ་ན། །དེ་ཉིད་ཟུང་འཇུག་ངོ་བོ་ནི། །གཉིས་མེད་ཡེ་ཤེས་ཆེན་པོ་ཡིན། །དེ་ཉིད་ངེས་པའི་ཚིག་བཤད་ན། །ཟུང་ནི་གཉིས་ཀྱི་རྣམ་པ་ལ། །འཇུག་པ་གཅིག་ཏུ་བསྲེས་པའོ། །དེ་ཉིད་དབྱེ་བ་བྱེ་བྲག་སྤྱི། །བྱེ་བྲག་གཞི་ལམ་འབྲས་བུ་ནི། །ངོ་བོ་ཉིད་ཀྱི་ཟུང་འཇུག་བཞི། །ཆོས་རྣམས་གཉིས་མེད་གནས་པའོ། །ལམ་གྱི་རིམ་པའི་ཟུང་འཇུག་ནི། །དངོས་པོར་སྣང་བའི་ཆོས་ཅན་རྣམས་། །ཆོས་ཉིད་སྟོང་པར་གནས་པའོ། །འབྲས་བུའི་ཟུང་དུ་འཇུག་པ་ནི། །སྐུ་གསུང་ཐ་དད་མེད་པར་གཅིག །སྤྱིར་ནི་འོད་གསལ་ཟུག་འཇུག་གཉིས། །རིག་པའི་སེམས་ཀྱི་འོད་གསལ་ནི། ཁུ་ཡིས་མ་བསྐྱེད་རྐྱེན་མི་འཇིག །རིག་ཅིང་གསལ་བའི་སེམས་འདི་ཡང་། །ཅིར་ཡང་མ་གྲུབ་ཡེ་ཤེས་རྟོགས། །དེ་ནི་སེམས་ཀྱི་འོད་གསལ་ཡིན། །དབང་པོ་སྒོ་ལྔའི་ཡུལ་སྣང་བའི། །སྣོད་དུ་འཛིན་པ་ཀུན་བྲལ་དེ། །ཡུལ་དུ་མ་གྲུབ་ངོས་བཟུང་བྲལ། །སྟོང་པར་རྟོགས་པའི་ཡེ་ཤེས་ནི། །ཆོས་ཅན་ཆོས་ཉིད་ངང་དུ་གྲོལ། །དེ་ན་ཆོས་ཉིད་འོད་གསལ་ཡིན། །ཡུལ་སེམས་གཅིག་ཏུ་འདྲེས་པ་ནི། །དེ་ནི་འདྲེས་པའི་ཟུང་འཇུག་ཡིན། །སེམས་ཉིད་ཆོས་ཉིད་དབྱེར་མེད་ན། །དེ་ནི་དབྱེར་མེད་ཟུང་འཇུག་ཡིན། །ཐབས་དང་ཤེས་རབ་འབྲེལ་བ་ནི། །དེ་ནི་འབྲེལ་བའི་ཟུང་འཇུག་ཡིན། །དོན་དམ་ཀུན་རྫོབ་ཐ་དད་བྲལ། །དེ་ན་དོན་གཅིག་ཟུང་འཇུག་ཡིན། །མདོར་ན་གཉིས་པའི་ཆོས་རྣམས་ཀུན། །གཉིས་མེད་གྱུར་ན་ཟུང་འཇུག་ཡིན། །དེ་ནིད་མཚོན་དཔེ་བསྟན་པ་ཡང་། །དཔེར་ན་གླང་ཆེན་མཐུན་པོ་གཉིས། །གཉའ་ཤིང་གཅིག་གིས་བསྡུས་ནས་ནི། །ཞིང་རྨོའི་བྱ་བ་བྱེད་པ་ལྟར། །སྣང་བ་དང་ནི་སྟོང་པ་གཉིས། །དོནགཅིགཏུནིརྟོགས་པར་བྱེད། །དེ་ཉིད་རྣམ་གྲངས་རྣམ་པ་གསུམ། །སྣང་བ་ཟུང་དུ་འཇུག་པ་ནི། །ཟུང་དུ་འཇུག་པའི་ངོ་བོས་ཏེ། །དེ་ཡང་ཐབས་དང་ཀུན་རྫོབ་དང་། ཁྲེས་རབ་དང་ནི་དོན་དམ་གཉིས། །གཉིས་མེད་གཅིག་ཏུ་སྟོན་པའོ། །འབྲེལ་བ་ཟུང་དུ་འཇུག་པ་ནི། །ཡོན་ཏན་དག་གི་རྣམ་པས་ཏེ། །གསལ་སྟོང་གཉིས་སུ་མེད་པ་སྲ །ཆོས་རྣམས་ཐམས་ཅད་གནས་པ་ལ། །དེ་ལྟར་མ་རྟོགས་ཐུགས་རྗེ་སྐྱེ། །འགོག་པ་ཟུང་དུ་འཇུག་པ་ནི། །རྟོག་པའི་ཁྱད་པར་དབྱེ་བ་སྟེ། །གསལ་བ་དང་ནི་སྟོང་པ་སྲ །ཆོས་རྣམས་ཐམས་ཅད་འདུས་རྟོགས་ནས། །དེ་ལ་རྣལ་འབྱོར་བློ་ཆེན་གྱིས། །གཉིས་འཛིན་རྣམ་རྟོག་མི་གནས་སོ། །དེ་ཉིད་ཟུང་དུ་འཇུག་རྟོགས་པའི། །གང་ཟག་མྱ་ངན་འདས་ལུགས་གཉིས། །ཐེག་པ་ཆུང་ངུ་ཐམས་ཅད་ནི། །ལས་དང་ཉོན་མོངས་སྒོ་ནས་འབྱེད། །ཐེག་པ་ཆེན་པོར་གྱུར་པ་ཀུན། །སྐུ་གསུམ་སྒོ་ནས་འབྱེད་པའོ། །ཐེག་ཆུང་ཉན་རང་ལྟ་བུ་ནི། །སེམས་ཅན་ཐམས་ཅད་འཆི་བ་ཡང་། །ལྷག་མའི་ལུས་འདིར་དོར་མོད་ཀྱང་། །ལས་དང་ཉོན་མོངས་བག་ཆགས་ཀྱིས། །ལུས་དེ་མ་བོར་ཡོད་པས་ན། །དེ་ཡི་ཕྱི་མའི་ལུས་ལེན་པས། །ལྷག་བཅས་མྱ་ངན་འདས་པ་ཡིན། །ད་ལྟའི་ལུས་འདི་དོར་བྱས་ནས། །ལས་དང་ཉོན་མོངས་བག་ཆགས་ཀྱིས། །ལུས་ཡང་མེད་པར་གྱུར་པ་ཡིས། །ལྷག་མེད་མྱ་ངན་འདས་པའོ། །ཐེག་པ་ཆེན་པོ་འདི་ལྟར་བཤད། །ལྷག་བཅས་མྱ་ངན་འདས་པ་ནི། །རིགས་འཛིན་གཟུགས་སྐུ་རྣམ་གཉིས་ཐོབ། །ལྷག་མེད་མྱ་ངན་འདས་པ་ནི། །ཆོས་ཀྱི་སྐུ་ཉིད་མངོན་གྱུར་ཐོབ། །དེ་ཉིད་ཟུང་དུ་གང་འཇུག་ན། །རིག་པའི་ཡེ་ཤེས་གསལ་བ་དང་། །ཡུལ་གྱི་དབྱིངས་ཉིད་སྟོང་པ་གཉིས། །གཅིག་ཏུ་འདྲེས་ཤིང་རོ་གཅིག་པའོ། །དེ་བཞིན་ཟུང་འཇུག་འབྲས་བུ་ནི། །རྡོ་རྗེས་འཆང་བ་ཆེན་པོས་སྐུ། །མཚན་དཔེས་བརྒྱན་པ་ལོངས་སྐུ་ལ། །དེ་ཡི་ཐུགས་ནི་མི་རྟོག་པའི། ཡེ་ཤེས་འོད་གསལ་ཆོས་ཀྱི་སྐུ། །དེ་ལ་ཐུགས་རྗེ་འབྱུང་བ་ནི། །མ་འགགས་ཤར་བ་སྤྲུལ་པའི་སྐུ། །སྐུ་གསུམ་ལྟ་བུར་སྣང་ན་ཡང་། །གསུམ་མོ་ཐ་དད་མ་ཡིན་ནོ། །རྡོ་རྗེ་འཆང་སྐུར་རོ་གཅིག་འགྱུར། །ཟུང་འཇུག་འབྲས་བུ་དེ་ཉིད་ནི། །དཀྱིལ་འཁོར་བདག་པོ་རྡོ་རྗེ་འཆང་། །རྒྱུད་ཀྱི་སྟོན་པ་ཀུན་ཏུ་བཟང་། །གདུག་པ་འདུལ་ན་པདྨ་དབང་། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །ཇི་ལྟར་སྣང་བ་པདྨའི་སྐུ། །དབང་ཆེན་དོན་ལས་མ་གཡོས་པས། །འཁོར་འདས་དྲེགས་པ་གསང་བར་ཕྱུང་། །རྨོངས་པ་མི་ཤེས་མུན་པ་ལ། །གབ་སྦས་མེད་པའི་རྒྱུད་ཆེན་འདི། །འགྲོ་བས་རྟོགས་ཕྱིར་གསལ་བར་བཤད། །འདི་ལྟར་བསྟན་ཡང་མ་གོ་ན། །སྐལ་མེད་རིགས་ཆད་མེད་པར་ངེས། །དཔལ་པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །དབྱེར་མེད་ཟུང་དུ་འཇུག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་དྲེགས་པ་དབང་གི་ལས་ལ་བསྐོལ་བ་འདི་གསུངས་སོ། །རྣལ་འབྱོར་དགྲ་བོ་སྒྲོལ་འདོད་ན། །དཀྱིལ་འཁོར་མལ་གྱི་འོག་ཏུ་བཅའ། ཁུ།་གསུམ་ནག་པོ་རྒྱ་སོག་བྱུག །ཚེར་མ་ཅན་གྱི་ཤིང་གདན་ལ། །ར་རོག་སོགས་པ་མིང་བྱང་ནི། །ཁྱི་ཡི་ཁྲག་གིས་བྲི་བར་བྱ། །ཡུགས་སའི་སྐྲས་བཀྱིགས་དོང་ནང་གཞུག །སེང་ལྡེང་ཕུར་པ་སོར་བརྒྱད་གདབ། །ཉི་ཤུ་རྩ་གཅིག་རྩང་དམར་ནི། །ཐུར་དུ་ཁ་བསྟན་གཟུགས་པར་བྱ། །རི་རབ་གཡམ་པས་ཁ་ཡང་བཅད། །དེ་ལྟར་རང་གི་མལ་ཡང་བཅའ། །མདུན་དུ་མཚན་ངན་ཐོད་པའི་ནང་། །རྟ་ན་གར་རོག་ཁྱི་ནག་སྙིང། ཁྲ་སྣ་སྙིང་སྣའི་གཏོར་མ་བཤམས། །གཡག་རོག་རྭ་ཅོ་གཡས་པའི་ནང་། །དུག་ཁྲག་ལྕགས་ཟངས་ཉུངས་ནག་དང་། ་་ས་ཀར་སྐྱེ་ཚེ་གང་འབྱོར་དང་། །ཕ་འོང་ནག་པོའི་གྲིག་པ་བླུག །བྱ་རོག་མདའ་ལ་དར་ནག་གདགས། །གཏོར་མ་དར་ནག་ཞལ་ཁེབ་བྱ། །རང་ཉིད་པདྨ་གསང་ཆུང་ནི། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གདེངས་པ་ལ། །གཡོན་པ་སྡིགས་མཛུབ་ཐུགས་ཁ་ན། །པད་སྟོང་སྟེང་ན་ཐོད་པར་བཅས། །མདུན་ན་ལྷ་ཆེན་ནག་པ་ནི། །གཡས་པ་ཁ་ཊ༷་རྩེ་གསུམ་བསྣམས། །གཡོན་པ་གུརྙེ་སྐུ་ལ་བསྟེན། །དུག་གུལ་ནག་མོ་རས་གྱོན་མ། །གཡས་པ་ཕྱག་གིས་གཙོལ་འཁྱུད། །གཡོན་པ་རཀྟ་གཙོ་ལ་སྟོབ། །མོན་པ་ནག་པོ་ཐར་བྱེད་དགུག །ཞགས་པ་གཡས་ལ་གྲི་གུག་གཡོན། །མོན་མོ་ནག་མོ་ཁྲག་མིག་དགུག །ལགནམཚོན ཆསྣཚོགས་ཐོགས། །བསེ་ཡི་སྐྱེས་བུ་དམར་པོ་དགུ །ལག་ན་དམིགས་པ་ལེན་པར་སྒོམ། །ཟླ་བ་གསུམ་དུ་སྔགས་འདི་གདོན། །ཧས་ཁྱུང་བྱ་ཀྲི་མུ་ཀ་ཕཊ། །རོག་ཏི་ནག་པོ་སྲོག་ལ་ཆེམ་ཆེམ། །རོག་ཤ་ནག་པོསྲོག་པོ་བ་མ་རིལ་རིལ། །ཙི་ཏ་ནག་པོ་སྲོག་ལ་རྦད་རྦད། །འུར་བ་འུར་བ་ཁ་ལོང་ཁ། ཀུ་ཏྲི་ཀུ་ཏྲི་དགྲ་ལ་སྨྱོ། །དམ་ཉམས་སྲོག་ནལ་ཁ་སོག་སོག །རྒྱུག་བྲེང་ཁ་ལོང་ཁ། བཛྲ་མ་ཏྲ་སྲོག་ལ་རྦུད་རྦུད། །གློག་སྙིང་དྲོན་མོ་ཐང་ལ་ཕྱུང་། །སྙིང་ཁྲལ་དྲོན་མོ་ཞལ་དུ་འཐུང་། །དམ་ཉམས་ཆེ་གེ་མོའི་སྲོག་ངན་སྒལ་ནས་ཆོད། །སྤྱི་བོར་སྐྲ་བཅིངས་འགྲམ་གཡས་ཁྲག་། །གཡོན་པ་སོལ་བས་བྱུག་པར་བྱ། །གཅེར་བུ་རོ་སོལ་ཐལ་བས་བྱུགས། །དྷ་ར་མ་གླེགས་བམ་ཁུར་བྱས་ལ། །ལག་ཏུ་ཅང་ཏེ་འུ་ཐོག་ས་ལ་དཀྲོལ། །སྔགས་བཟླས་སྐུ་ཉིད་དངོས་སུ་སྟོན། །མེ་ཆེན་འབར་བ་མཐོང་ན་རབ། །བྱ་ནག་མང་པོ་ལྡིང་བ་དང་། ཁེང་ལ་སྟ་རེས་གཅོད་པ་དང་། །སྒྲིན་ནག་འཐིབས་པ་འབྱུང་བ་ནི། །འབྲིང་པོ་ཡིན་པར་ཤེས་པར་བྱ། །སྐྱ་ཤར་མང་པོ་བྱུང་བ་དང་། ཁྲ་ལ་ཁྱི་ཡིས་སྟོད་པ་དང་། །ལུག་ཁྱུར་སྤྱང་ཀི་ཞུགས་བ་ནི། །ཐ་མ་ཡིན་པར་ཤེས་པར་བྱ། །མལ་འོག་ལིང་ཀ་སྦྱིན་སྲེག་བྱ། །གཡག་རུའི་ཐུན་རྣམས་ཟོར་དུ་འཕངས། །བསྒྲུབ་པ་ས་ཐོབ་བར་དག་ཏུ། །གདོང་དང་ལག་པ་མི་བཀྲུ་ཞིང་། །རང་གི་མལ་སྟན་མི་སྤྲུག་གོ །ཐོན་ནས་བློ་བུར་དོན་མི་གཉེར། །འགྲོ་ན་རང་ལུས་གུ་ཀུལ་བདུག །ཁྲུས་བྱས་ནས་ནི་འགྲོ་བར་བྱ། །དྲེགས་པ་གསང་བྱེད་དབང་ཆེན་གྱི་རྒྱུད་ལས། །ཕོ་ཞེ་སྡང་གི་གཙོ་བོ་ལས་སྲོག་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་ཐོག་དང་སེར་བས་གཞོམ་པ་འདི་གསུངས་སོ། །དང་པོར་རང་ཉིད་པདྨ་དབང་། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་སེང་ལྡེང་དབྱུག་པས་ཏེ། །གཡོན་པསྡིགས་མཛུབ་ཞགས་ཅན་སྒོམ། །ཨོ་སྦར་ཏ་ཀྲིད་ཧྲི། །ཧ་ཧ་ཧཱུཾ༷་ཧཱུཾ༷་ཕཊ། །གསུམ་ཚོ་བཅུ་གཅིག་སྐྱོལ་བ་ན། །ར་ང་གི་ལུས་ཀྱི་བགྲུང་བ་ཡི་ན། །དེ་ན་སྒྱུག་མའི་དོང་བུའི་ནང་། ་་་ཀར་གཙང་མ་བྱས་ནས། །སྔའདིའབུམ་ཚོ་གསུམ་དུ་བཟླས། །ཨོ་ན་མོ་བྷ་བསྟོ་རིག་ཁྲིད་མི་རི་ཡ་ཧཱུཾ༷་ཕཊ་ཕཊ། །ཚེས་བདུན་ནས་ནི་ཕ་མོའི་སྔགས། །བཅུ་བཞི་བར་དུ་བཟླས་པར་བྱ་ཧ་རི་ནག་ཕོག་ །ཧ་རི་ནཱ་ག་མྱོགས། །ཧ་རི་ནཱ་ག་ཁྲིལ། །ཧ་རི་ནཱ་ག་སྨྱོ། །ཧ་རི་རཀྟ་སྨྱོ། །ཧ་རི་རག་ཤ་ཤག །ཧ་རི་རིསྒ་ཕྲོ། །ཧ་རི་རག་ཤ་ཤར། །ཧ་རི་རསྣ་བྲོན། །དེ་ནས་དབེན་པའི་གནས་ཉིད་ཏུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ནང་། །མི་ནག་རྟ་ནག་ཁྱི་ནག་ཁྲག ་་ས་ཀར་ཐུན་གྱིས་རྫས་སུ་བྱ། །ཕུར་པ་གསུམ་དང་མཆོད་རྟེན་དང་། །རྣེལ་གྲི་འམ་ནི་ཤ་བའི་མགོ། །གྲུ་གསུམ་གྲྭ་ལ་གཞག་པ་ནི། །མརྡ་བུརྙ་ཞེས་ཀྱང་བྱ། །དེ་ནང་འཁོར་ལོ་གྲུ་བཞི་པ། །འབྲུག་གློག་སྦྲུལ་གྱིས་དགང་བར་བྱ། །སྔགས་འདི་འབུམ་ཆོག་གསུམ་དུ་བཟླས། །ཨོ་སུམ་བྷ་ར་ཧྲིལ་ཧྲིལ། །ཧཱུཾ༷་ན་མོ་བ་ག་བསྟོ་རིག་ཁྲིམ་ལ་རི་ཡ། །ཡུལ་ཆེ་གེ་མོར་ཙིཏ་ནི་ར་སྣ་ཏ་ཡེ་སྭར་ལ་ཕོབ་བོ། ཁུ།་གསུམ་རྩེ་ལ་གནས་པ་ནི། །དབང་ཕྱུག་ཆེན་པོ་སྦྲུལ་ལ་ཤོན། །མཐིང་ནག་རྡོ་རྗེ་བེ་ཅོན་བསྣམས། །ལྷ་མཆོག་ཆེན་པོ་སྤྲེའུ་ལ་ཤོན། །མཐིང་སྐྱ་ཟོར་བ་ཕོ་རྟགས་འཛིན། །གུ་ལང་ནག་པོ་ཁྱི་ལ་ཤོན། །སེར་ནག་རླུད་ནག་ཕྱག་ན་འཛིན། ཁུ།་གསུམ་ལོགས་ལ་གནས་པ་ནི། །ར་ཧཱུཾ༷་ལ་ནི་ཕག་ལ་ཞོན། །མགོ་དགུ་དུད་ཁ་མདའ་གཞུ་ཐོགས། །སྤེན་པ་ནག་པོ་འབྲུག་ལ་ཞོན། །ཕྱག་ན་བྲེ་བ་ཕྱགས་མ་བསྣམས། །བེ་བ་ས་ར་སྟག་ལ་ཤོན། །མཐིང་སྐྱེ་བེ་ཅོན་སྙེམ་བསྣམས། །མི་ནག་རྟ་ནག་ཁྱི་ནག་དང་། །འབྲི་ནག་བྱུང་ན་གྲུབ་པ་ཡིན། །སྡུར་མ་སྔོ་ལ་ཞུགས་པ་དང་། །བཙས་མ་རྔ་ན་གྲུབ་པ་ཡིན། །རི་རྩེར་སྐྱེར་བའི་ཕུར་པ་གཟུགས། །འབྲིང་ནི་ཁམ་པའི་ཁྲག་དང་ནི། །ཐུན་ཁྲག་བསྲེས་པས་ལམ་ཡང་བསྟན། །ཐོད་པ་སེང་ལྡེང་ཕུར་པ་ཡིས། །ཡུལ་གྱི་ལྷ་ཡང་འཕང་བར་བྱ། །མཆོད་རྟེན་སྐྱེར་བའི་ཕུར་པ་ཡིས། །ཞིང་གི་དཀྱིལ་དུ་མཐོ་ཡང་གཟུགས། །བཅུ་བཞི་དག་ལ་སེར་རྟ་བསྐྱལ། །བཅོ་ལྔ་ཐོག་སེར་འཁྲུག་ཅིང་འབབ། །པདྨ་དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །ང་རྒྱལ་ཅན་གྱི་གནོད་སྦྱིན་ཆེན་པོ་དྲུག་གིས་ཐོག་དང་སེར་བ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་དུ་བྱ་བ་འདི་གསུངས་སོ། །རང་ཉིད་པདྨ་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་རྟ་མགོ་ལྗང་། །རྡོ་རྗེ་སྡིགས་མཛུབ་ཡུམ་དང་འཁྲིལ། །ཐོད་པ་ཁ་ཏྭ༷་འཛིན་པའོ། །མདུན་དུ་ཙན་དན་དཀར་པོའི་ཆུས། །ལག་པ་གཡོན་པས་མཎྜལ་འབུལ། །སྲིན་ལག་གཡོན་པའི་ཆོས་འབྱུང་་བྲི། །དེའི་སྟེང་གསེར་མདོག་མཁའ་འགྲོ་མ། །གཡས་པ་ཤིང་ཐོག་ཨ་རུ་ར། །གཡོན་པ་འབྲས་ཀྱི་སྙེ་མ་འཛིན། །སྔགས་འདིས་མཎྜལ་དབུལ་བར་བྱ། །ཨོ་སྙ་ཏ༷་རྙོ་བ། པ་ར་སྒ་ནི། ཕ་ལ་ཧ་རེ། བྷ་སུ་རྙེ། རྙི་ཝདྷ་ཤ་རི། སྤྲུསྒྱེ་ཀ་རེ། བྷ་ཡ་ནཱ་ས་ནི། སནྟྲ་དུཛི་ནི། བྷརྫི་བྷལྒ རྙོསྦ་རྙི་ཨུདྷི་བེ། ཀུ་རུ་ཀུ་མྲ མ་མ་ཀར༷་ཛ༷གྲྭཧྭ། སྔགས་འདི་འབུམ་དུ་བཟླས་པར་བྱ། །འདོད་པ་མ་ལུས་ཐམས་ཅད་འགྲུབ། ཨོ་རྭ་ཛི་ཧྲི་ཛ། བཛྲ་བྷ་ར་ཧི། ཧ་རི་ནིས་རི་ན། ཁྲེ་བ་སུ་ནི། དྷ་མ་ན་སྟེ་ཏྲེ། ཨ་པ་རྭ་ཛ་ཏ་ཧྲི་ཛ། དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། །འདོད་ཆགས་ཀྱི་བདག་ཉིད་ཀྱིས་དབང་དུ་བསྡུ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྲུང་ཞིང་བཟློག་པ་འདི་གསུངས་སོ། །མཆོད་རྟེན་ཟུར་གསུམ་ནག་པོ་བྱ། །བུམ་པའི་ནང་དུ་བདག་གི་གཟུགས། །ལག་ཏུ་ཕུར་བུ་བཟུང་བྱས་ནས། ཟུར་ལ་བཟློག་སྔགས་གསུམ་པོ་བྲི། །འོག་གི་ལིང་ག་དག་ལ་གཟེར། །ཕོ་མོ་ཀླུ་གསུམ་འདིས་བཟློག་གོ །ཨོ་་ག་རསྒ་ཀ་རྡར་ནི་རྦད་སྨྱོ། །ཁ་ཐུན་ཚལ་བ་དྲི་རྦད་སྨྱོ། །ནཱ་ག་ཤུ་ཙ་ར་དྲི་རྦད་སྨྱོ། ཁྲརྙི་པ་ར་དྲི་རྦད་སྨྱོ། །མ་དྲི་ར་ག་དྲི་རྦད་སྨྱོ། །ཡསྒ་ཁ་ཐུན་དྲི་རྦད་སྨྱོ། །ཁ་ཐུན་ཚལ་པ་དྲི་རྦད་སྨྱོ། །ཧྲི་ཏྲི་ཛ་དྲི་རྦད་སྨྱོ། །ཕོ་ཐམས་ཅད་དྲིལ་ཏེ་བཟློག་པའོ། །ཛ་ཐུན་ཁ་ལ་རསྒ་ཡ། །དུ་ར་ཡསྒ་སྙིང་ལ་ཡ། །ཁལ་ཚ་ནཱ་ག་སྲོག་ལ་ཡ། །ཁ་རག་ཡསྒ་རྦད་སུ་ཡ། །མ་མ་རག་ག་ཁྲག་ལ་ཡ། །ཧི་རི་ཁ་ལ་རསྒ་ཡ། ཤུ་བོ་ར་ཛ་དབུགས་ལ་ཡ། །ཏྲ༷་སྨྱོ་ཏ་མ་སྨྱོ་ལས་ལ་ཡ མོ་ཐམས་ཅད་སྦྱིར་དྲིལ་ཏེ་བཟློག་པའི་སྔགས་སོ། །ཏྲི་ཐུན་ཁ་ལ་རྩེ་ཡསྒ་ཏྲད། །མ་ནི་ཛ་ཐུན་ཁ་ལ་རྦད། །མ་ནི་ར་ག་སྙིང་ལ་རྦད། །སྙི་ར་ཙ་ནི་གཟུགས་ལ་རྦད། །སྙིང་ཁྲག་ད་ལ་སྲོག་ལ་རྦད། །ཡ་ཀ་ཡཀྟ་སྲོག་ལ་རྦད། །ཨ་གུ་ཤ་ཡ་སྙིང་ལ་རྦད། །མ་དྲི་ར་ག་སྲོག་ལ་རྦད། །ཀླུ་གཉན་ཐམས་ཅད་དྲིལ་ཏེ། བཟློག་པའི་སྔགས་སོ། །ཟླ་བ་གང་ཡང་རུང་བ་ཡི། །དུས་བརྒྱད་ལ་ནི་གཟའ་བདུད་དང་། །སྡེ་བརྒྱད་སྡོངས་ནས་རྒྱུ་བས་ན། །ཁང་པ་ཟུར་གསུམ་སྐོང་བུ་ནང་། །དུ་ག་ཁྲག་ཉུང་དཀར་སྔ་གས་བཟླས་ནས། །དགྲ་ལ་ཟེར་དུ་འཕང་བར་བྱ། །བླ་རྩི་བ་བླ་མུ་ལི་དང་། །སྡོང་རྒྱུས་འུ་འབུལ་ཤུལ་དག་དང་། ་རྒོང་ཀུན་ཉུང་དཀར་སྔགས་བཟླས་ནས། །མགུལ་དུ་བཏགས་ན་བསྲུང་བར་འགྱུར། །དྲེགས་པ་གསང་བའི་རྒྱུད་ལས། །ཕྲག་དོག་ཅན་གྱི་སྡེ་བརྒྱད་ཀྱིས་བསྲུང་ཞིང་བཟློག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་བསྐོལ་བ་འདི་གསུངས་སོ། །དཀྱིལ་འཁོར་གྲུ་གསུམ་ནང་དག་ཏུ། །ལིང་ག་མིང་རུས་ལྡན་པ་ལ། །ཐ་མ་རྦོད་རྦད་སྔགས་ཀྱིས་བསྐོར། །ཕྱི་ནི་རྫ་རྣལ་ག་འུར་གཞུག །ནང་ནི་གླང་རུ་ནང་དུ་བྱ། །གསང་བ་མཛེ་ཐོད་ནང་བཞུག་གོ །བདག་ཉིད་པདྨ་དབང་ཆེན་སྒོམ། སྔགས་འདིས་ཀླུ་རྣམས་བོད་པར་བྱ། །ཨོ༷་ནག་པོ་ཏམ་པ་རྩ་ཡ་ཧཱུཾ༷་ཛ་ནཱ་ག་ཀྲོ་ཏི་ཤྭ་རི་ཧཱུཾ༷་ཛ། ན་ག་དུ་ན་དུ་ན། ཧེ་ལི་ན་ག་འདུས་འདུས་ས་མ་ཡུ་ཛ། ཀླུ་ཡི་ཆོ་འཕྲུལ་དུ་མ་བྱུང་། །དཀར་གསུམ་དམར་གསུམ་གཏོར་མ་དབུལ། །རྦད་སྔགས་འདིས་བསྒྲུབ་ལས་ལ་བཏང་། །འཇིག་རྟེན་ཁམས་ཀྱི་ཀླུ་རྣམས་འདུ། །ཨོ་ནག་པོ་ཏ་པི་རྩ་ཡ། ན་ག་རཀྟ། ཆེ་གེ་མོ་ཧེ་ཁུ་ལ། ཕེ་ཤན་ཕོས་ཕོས་ཤིག་ཤིག །ཆུ༷་ཆུ༷་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པས། །དགྲ་བོའི་སྲོག་ལ་མ་ར་ཡ་ཛ། དེ་ནས་གསད་པར་བྱ་བ་ནི། །དུག་གི་ཐུན་དང་ཁྲག་གི་ཐུན། །ཕུརཔས་བཏབ་ནས་གཏད་པར་བྱ། །བསད་པའི་སྔགས་འདིས་རང་གླུད་བརྡེག །ནག་པོ་བ༷་ཙིསྟ་ལ་རྒྱོབ། །སྒག་ཐུར་སྙིང་ལ་ཐུར། །སྙིང་འགུལ་གུལ་མྱགས་མྱགས། །རྩ་བཞི་བཀུམས། ཁྲན་ཤན་སྲོག་ལ་ཤན། །ཐུར་ཐུར་སྲོག་ལ་ཐུར། །ཆེ་གེ་མོ་མ་ར་ཡ་སོད། ཁྲ་ར་ན་རྒྱལ་རིགས་གནས་པས་དཀར། །ལྷོ་ན་བྲམ་ཟེ་གནས་པས་སེར། །ནུབ་ན་རྗེ་རིགས་གནས་པས་དམར། །བྱང་ན་དམངས་རིགས་གནས་པས་སྔོ། །བྱང་ཤར་རྡོལ་པ་གནས་བས་ནག །ཕྱོགས་དང་ཁ་དོག་ཤེས་ནས་ནི། །དམངས་དང་གདོལ་པ་ནག་ལ་གཏད། །གང་གཏད་འཆོར་བ་མེད་པར་འགྱུར། །གལ་ཏེ་ལྡོག་པ་གྱུར་པ་ན། །པདྨ་དབང་ཆེན་སྐུར་གསལ་ཏེ། །ཐུགས་ལས་བྱ་ཁྱུང་སྤྲུལ་པ་གཏང་། །གསང་བའི་སྔགས་ཀྱིས་བསྲུང་བར་བྱ། །ཨོ་ཧུ་ལུ་ཧུ་ལུ་ནག་པོ་ཙ་པ་ལ་རསྒ། །ཨེ་ཨུ་ར་ལ་ནི་ག་སྲི་ཧཱུཾ༷། ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུཾ༷་ཕཊ། །ཅེས་བཟླས་བསྲུང་བ་དམ་པའོ། །དབང་ཆེན་དྲེགས་པ་གསང་བའི་རྒྱུད་ལས། གཏི་མུག་ཅན་ཀླུ་ནག་པོ་ལ་གཏད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་གཟིགས་ནས་འདི་གསུངས་སོ། །དཀྱིལ་འཁོར་མངོན་དུ་ཕྱུང་བ་ཡིས ལྷ་ཚོགས་བཅུ་གསུམ་དཀྱིལ་འཁོར་གསལ། །གཟུགས་བསྙེན་དཀྱིལ་འཁོར་བྲིས་པ་ཡིས། །ཐུགས་ཀྱི་རྟེན་ལ་བསྒྲུབ་པར་བྱ། །རིམ་པ་དབང་ལ་བགྲོད་པ་ཡིས། །དབང་བཞིས་ལམ་དང་མཆོད་པར་བྱ། །སྐུ་གསུམ་ཡོན་ཏན་འཕྲིན་ལས་ཀྱིས། །དབང་ཆེན་དྲེགས་པ་འདུལ་བར་བྱ། །མུན་པའི་འཁོར་སྒོ་ཆེན་པོ་ཡིས། །འགྲོ་དྲུག་མུ་སྟེགས་དབང་དུ་བྱ། །སྤྱོད་པའི་འདྲེན་སྒོ་བསྟེན་པ་ཡིས། །མཚན་ཉིད་ཐེག་པ་དབང་དུ་བྱ། །ཐབས་ཀྱི་སྦྱོར་སྒོ་བཤད་པ་ཡིས། །བྱ་སྤྱོད་རྣལ་འབྱོར་དོན་རྣམས་འདུལ། །ངེས་པའི་གསང་སྒྲོ་བསྟན་པ་ཡིས། །བསྐྱེད་རྫོགས་རྫོགས་ཆེན་པ་ལ་བསྐྱལ། །རྒྱུ་འབྲས་དབྱེ་བ་བཤད་པ་ཡིས། །སྣང་ཚབས་སྟོང་ཚབས་ཆེ་ཆུང་༄༅། ཁྲེས། །སེམས་ལ་དམིགས་པར་བྱས་པ་ཡིས། །སྣང་བ་གསུམ་པོ་གཏན་ལ་འབེབས། །རླུད་གི་དེ་ཉིད་བསྟེན་པ་ཡིས། །འཁོར་འདས་བྱ་བ་བྱེད་པ་ཤེས། །རྡོ་རྗེ་བཟླས་པ་བཤད་པ་ཡིས། །གསང་སྔགས་འབྲུ་གསུམ་དོན་དུ་འདུས། །མངོན་པར་བྱང་ཆུབ་རིམ་པ་ཡིས། །སྒྲིབ་བྲལ་དགོངས་པ་མྱ་ངན་འདས། །འོད་གསལ་ཟུང་དུ་འཇུག་པ་ཡིས། །རྡོ་རྗེ་དབང་དུ་ཡང་སངས་རྒྱས། །ཕོ་ཡི་བསྒྲུབ་པས་བསྐོལ་བ་ནི། །ཞེ་སྡང་ཅན་ལ་སྲོག་མཐུས་བསྒྲུབ། །གནོད་སྤྱིན་ཟན་ལ་ཕབས་པ་ཡིས། །ང་རྒྱལ་ཅན་ལ་ཐོག་སེར་བསྒྲུབ། །མོ་ཡི་བསྒྲུབ་པ་བྱས་པ་ཡིས། །འདོད་ཆགས་ཅན་ལ་དབང་དུ་སྡུད། །གདུག་པ་གསུམ་པོ་མངགས་པ་ཡིས། །ཕྲག་དོག་ཅན་ལ་བསྲུང་ཞིང་བཟློག །ཀླུ་གཉན་ས་བདག་གཟེར་བ་ཡིས། །གཏི་མུག་ཅན་ལ་ཀླུ་གཏད་བསྒྲུབ། །མན་ངག་མ་ལུས་གསང་བ་རྣམས། །འདིས་འདུས་དབང་ཆེན་གསང་བའི་རྒྱུད། །བསྟན་པ་དར་བར་སྤྱོད་འགྱུར་བ། །ལྷ་དང་མཁའ་འགྲོའི་ཐུགས་ཀྱིས་ཟུང་། །ཞེས་ཕྱོགས་བཅུར་སྒྲ་སྒྲགས་པས། །ཀུན་གྱིས་རང་རང་གི་སྐད་དུ་གོ་ནས་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་ལ་ཐིམ་མོ། །དབང་ཆེན་དྲེགས་པ་གསང་བ་ལས། །ཡོངས་སུ་་བསྡུས་པའི་ལེའུ་སྟེ་ཉི་ཤུ་བའོ།། །།རྒྱུད་འདི་ཨུ་རྒྱན་སློབ་དཔོན་པདྨས་བསྒྱུར་ནས། །རྒྱལ་པོ་ལ་གཏད་དེ་སྦས་པ་འདིས། །ཕྱི་རབས་རྣལ་འབྱོར་ལས་འཕྲོ་ཅན་དང་ཕྲད་པར་ཤོག །དབང་ཆེན་ཐུགས་ཀྱི་རྒྱུད་དྲེགས་པ་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། །ས་མ་ལ། རྒྱ་རྒྱ་རྒྱ།། །། རྒྱ་གར་སྐད་དུ། ཤི་པདྨ་བ་ཤང་མ་ཧྭ་ན་རསྙི་ར་ཏ་ནེ་སྟ༷་པ་ན་ནྟྲ་ནཱ་མ། བོད་