Ngb-pt-0673-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་མཚོ་ལ་བཙས་སུ་གཞག་གོ། །། རྒྱ་གར་སྐད་དུ། ཡསྒ་མུ་ཏྲ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་གར་མཁན་མཆོག་གི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །མ་རུ་རྩེ་ལ་ཕྱག་འཚལ་ལོ། །མ་རུ་རྩེ་མཆེད་བཞི་ལ་ཕྱག་འཚལ་ལོ། །བསེ་ཡི་ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་ཚོགས་ལ་ཕྱག་འཚལ་ལོ། །མ་རུ་རྩེ་ཡི་སྤྲུལ་པ་ལས། །སྐུ་ཡི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། །གསུང་གི་སྤྲུལ་པ་སྲིན་པོ་མ་རུ་རྩེ། །ཐུགས་ཀྱིས་སྤྲུལ་པ་བདུད་པོ་མ་རུ་རྩེ། །ལས་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ། །སྲིད་པ་གསུམ་གྱི་དམག་སྡུད་ཅིང་། །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་མཛད། །བཙུན་མོ་སྲས་དང་བཅས་རྣམས་ཀྱི། །འགལ་བྱེད་ཆམ་ལ་དབབ་འདོད་ན། །མ་རུ་རྩེ་ལ་བརྩོན་པས་སྒྲུབ། །བཛྲ་མ་བཞི་དར་ཆེན་མོ་བཞི། ཁྲ་ཟའི་ཚོགས་དང་ཁྲག་འཐུང་ཚོགས། །གིང་དང་ལས་བྱེད་མང་པོ་ཀུན། །རང་རང་འཕྲིན་ལས་མཛད་པར་བྱུང་། །ལེའུ་དང་པོའོ།། །།འཕྲིན་ལས་མྱུར་དུ་ཇི་ལྟར་སྒྲུབ། །དང་པོ་རི་ཁྲོད་ངོས་ལ་བརྩམ། །བྱིན་བརླབས་དབང་གཟུགས་དམ་བརྡར་ནས། །རྫས་དང་ཡས་ཐགས་འཚོགས་པ་དང་། །དཀྱིལ་འཁོར་འཁོར་ལོ་རྩིབ་།་བཞི་ལ། ཁྲར་དུ་དམ་རྫས་སྣ་ཚོགས་པ། །ལྷོར་ནི་སྐྱེར་པའི་ཧོམ་ཤིང་བཅིང་། །ནུབ་ཏུ་སྤྲུལ་པའི་ཕུར་བུ་གཞག །བྱང་དུ་དབྱེ་བའི་སྒྲོ་དྲུག་གཞག །དབུས་སུ་དུག་གི་བླུག་གུ་གཞག །ཤོད་སྡེ་ཡས་ཐགས་འཚོགས་པར་གཞག །ལེའུ་གཉིས་པའོ།། །།དང་པོ་ཆོས་ཉིད་ཏིང་ངེ་འཛིན། །གཉིས་པ་ཁྱབ་པའི་ཏིང་ངེ་འཛིན། །གསུམ་པ་མཚོན་པའི་ཏིང་ངེ་འཛིན། །ཧཱུཾ༷་ལས་ཀྱང་ཕྱག་མཚན་ཉིད་ལས་སྐུ་བསྐྱེདཔ། །ཨོཤིམསྣྲུཤིཡ་མ་ཏ་ཀ་མ་རུ་རྩེ་པ་ཏ་ཡེ་ཧཱུཾ༷། བདག་ཉིད་མ་རུ་རྩེ་སྐུ་གསལ་བ་ཉིད་གྲུབ་པ་དང་། མ་ཡི་འཕྲོ་འདུ་བྱིན་རླབས་ལས། །བཛྲ་མ་བཞི་གསལ་བར་སྒོམ། །ཛ་ཡི་འཕྲོ་འདུའི་བྱིན་རླབས་ལས། །མ་རུ་རྩེ་བཞི་གསལ་བར་སྒོམ། །གཞན་ཡང་ཕོ་ཉའི་ཚོགས་ཀུན་ནི། །རང་རང་ཆ་ལུགས་གསལ་བར་བྱ། །ལེའུ་གསུམ་པའོ།། །།སྲོག་གི་སྙིང་པོ་དག་དྲང་ངོ་། །ན་མོ་རཏྣ་ཏྲ་ཡ་ཡུ། ཙ་ལ་ཙ་ལ་པྲ་ཙ་ལཤི་ག་གམ་ནི་གྲྭཧྭ། ཁྲོ་དྲང་ངོ་། །ལེའུ་བཞི་པའོ།། །།རྒྱུན་གྱི་སྙིང་པོ་ཐིམ་པ་དང་། །བསྟོད་དང་སྤྱན་དྲང་མཆོད་པ་དབུལ། །འཁོར་ལ་འཕྲིན་ལས་བཅོལ་ཞིང་དགུག་པར་སྒོམ། །ལེའུ་ལྔ་པའོ།། །།དེ་དུས་དྲག་སྔགས་ཁྲི་ཁྲི་གདོན། །དང་པོ་ཡབ་ཡུམ་བསྐུལ་ཞིང་བརྡེག །གཉིས་པ་སྒྲོལ་བདག་བསྐུལ་ཞིང་བརྡེག །གསུམ་པ་ཁྲོ་བོ་སྐུལ་ཞིང་བརྡེག །བཞི་པ་ལྷ་མོ་བསྐུལ་ཞིང་བརྡེག །ལྔ་པ་དྲག་སྔགས་རངས་པ་ཡང་། །སྟོང་སྟོང་སྟོན་ཅིང་བརྡེག་པར་བྱ། །གཏོར་མས་མཆོད་ཅིང་འཕྲིན་ལས་བཅོལ། །ལེའུ་དྲུག་པའོ།། །།ད་ནི་གསད་ཁྲམ་དུས་སུ་བྱ། །མཎྜལ་གྲུ་གསུམ་བྱས་པ་ལ། །མོན་ཐོད་དབུས་སུ་གཞག་པར་བྱ། །སྟེང་དུ་ཕུར་པ་བཅུ་གཅིག་གཞག །སྔོན་དམར་གྱིས་ནི་བཅིང་བར་བྱ། །ཕུར་བུའི་ཕྱོགས་བཞིར་གཟུངས་ཐག་བཞི། །མཎྜལ་ལྷོ་ནུབ་མཚམས་སུ་ཡང་། །འབྲུབ་ཁུང་ཟུར་གསུམ་གཅིག་བྲུས་ལ། །གསད་ཁྲམ་དཀྱིལ་འཁོར་རྭ་ལ་བྱ། །ར་བསྒྲལ་སོགས་པ་གཡས་པ་ལ། །དགྲ་བོའི་གཟུགས་བྲིས་སྙིང་ཁར་དྲི། །གཞན་ཡང་བདུད་ཆས་རྣམ་ལྔ་ལ། །གཟུགས་བྱས་གནས་ཀྱི་སྙིང་པོས་བསྐོར། །དེ་ནི་པགས་པའི་སྟེང་དུ་བཞག །ནུབ་མོ་མཆོད་པ་རྒྱུན་མི་གཅད། །ཉིན་མོ་ཕུར་བུ་གཟུངས་ཐག་ནས། །ཕྱོགས་བཞིར་སྔགས་པ་བཞིན་འཐེན་ནས། །བི་ཤ་ར་མ་ནེའི་སྔགས། །སྟོང་སྟོང་བཟླས་ཏེ་གྲངས་ནི་ཚང་བ་དང་། །དེ་ནས་མ་རུ་རྩེའི་སྙིང་པོ་ཁྲི་བཟླས། །ཨོ་མ་རུ་རྩེ་པ་ཏ་ཡེ་གྲྭཧྭ། ར་ཡི་སྙིང་པོ་ནི་མར་ངོ་ལ་བཟླས་པར་བྱའོ། །དེ་ནས་བསྙེན་པ་རྫོགས་པ་དང་། །མོན་ཐོད་དུ་ཕུར་བུས་ལན་གསུམ་དུ་གདབ་པར་བྱའོ། །དེ་ནས་རྣལ་མ་རྣལ་ཏེ་གསོད་ལ་རྔམ། །བཤོས་ལ་མར། དཔྲིས་ལ་ཆུམ། ཐུ་བིས་ཐུ། ལྕགས་ཀྱི་སྒྲ། ཧཱུཾ༷་ཕཊ། མྱ་ར་ཡ། ཞེས་པ་ནི་གྲངས་ཀྱི་ཕུར་པ་ལ་བཟློས་ཤིང་བརྡེག་གོ །དེ་ནས་ལྕགས་ཀྱི་ཐོབས་བརྡུང་། །དེ་ནས་སྟ་རེས་གཏུག་དེ་ནས་ལས་ཀྱི་རིམ་པ་དང་སྦྱར་རོ། །ལེའུ་བདུན་པའོ།། །།མ་རུ་རྩེའི་འཕྲིན་ལས་ལས། དཀྱིལ་འཁོར་གྲུ་གསུམ་སྟེང་དུ་ནི། །རྟེན་ནི་གཏོར་མ་ལྔ་པ་ལ། །ར་དམར་པོ་དང་ཀྱི་དམར་ཁྲའི་ཤ་དང་ཁྲག་ལ། །གཏོར་མ་མ་རུ་རྩེའི་བྱ། །སྲིན་པོ་མ་རུ་རྩེ་ལ་དཀར་པོ་གཉའ་ནག་གི་སྙིང་ཁྲག་ལ་གཏོར་མ་བྱ། །གཤིན་རྗེ་མ་རུ་རྩེ་ལར་ཁམ་པའི་སྙིང་ཁྲག་ལ་གཏོར་མ་བྱ། །བདུད་མ་རུ་རྩེ་ལ་ལུག་ནག་པོའི་ཁྲག་ལ་བྱའོ། །གནོད་སྦྱིན་མ་རུ་རྩེ་བྱ་སྲི་བོའི་ཤ་ཁྲག་ལ་གཏོར་མ་བྱ་ཞིང་དབེན་བཅའ་འོ། །ལེའུ་བརྒྱད་པའོ།། །།གཅིག་ནི་བདེ་གཤེགས་སྤྲུལ་པ་ལ། །གཉིས་ནི་གིང་རང་གཤིན་རྗེ་ཡིན། །གཉིས་ནི་བདུད་དང་གནོད་སྦྱིན་ཡིན། །ལྔ་པོ་འདི་བསྒྲུབས་རྣལ་འབྱོར་གྱིས། །འགལ་བྱེད་ཆེན་ལ་དབབ་འདོད་ན། །མ་རུ་ཙེ་ཉིད་གསལ་བར་སྒོམ། །རྒྱུན་སྔགས་ལ། ཨོ་ཤི་མཉུ་ཡ་མན་ཏ་ཀ་ཀུ་མ་ར་ཙ་ཀླུ་ལིང་ཀུན་སང་ཀུ་ཏ་ཀི་ཧཱུཾ༷་ཕཊ། ཅེས་པ་ནི་རྟག་ཏུ་དྲང་པའོ། །ལེའུ་དགུ་པའོ།། །།དེ་ལ་བསྐུལ་བ་དང་གདབ་པའི་དུས་ཆོད་ནི། འཇམ་དཔལ་མ་རུ་རྩེ་ནི་སྤྱི་ཡི་ལྷ་སྟེ། ཁམས་གསུམ་དབང་དུ་སྡུད་པའི་འདི་དྲག་ཏུ་བསྐུལ་ལོ། །གནོད་སྤྱིན་མ་རུ་ཙེ་རྒྱུ་བའི་དུས་ཚོད་ནི་ནམ་ཕྱེད་ན་ཡིན་ནོ། །དེ་ཡི་དུས་སུ་བསྐུལ་ཞིང་སྙིང་པོ་ནས་གནོད་པ་འདའོ། །ཨོ་ཧྲིཁྱི་བི་ཀྲི་ཏྭ་ཆེ་གེ་མོའི་ལིང་ཙ་ལ་མ་ར་ཡ་ཛ། ཞེས་བརྡེག་གོ །སྤྱིར་ཡང་དྲིལ་ཏེ་བརྡེགས་པའི་སྔགས་ལ། ཨོ་ཤི་མཉུ་ཡ་སྙིང་མགོ་ཆོད། སྲོག་ལ་ཧུར། ཙིསྟ་ཀུ་ལུང་། ཙ་ཀྲ་ར༷། སོ་ཏྲི་ཁ། གཤམ་ཏོ་ཛ། ཞེས་བརྡེག་པར་བྱའོ། །གསང་བའི་ལེའུ་སྟེ་བཅུ་པའོ།། །།མ་རུ་ཙེ་ལ་ཕྱག་འཚལ་ལོ། །བསེ་མའི་ཚོགས་ལ་ཕྱག་འཚལ་ལོ། །དང་པོ་ཡུམ་མ་ཧྭ་དེ་བ་སྟེ། །དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །དེ་ཡི་དམ་ལ་བཏགས་པ་སྟེ། །སྲིད་གསུམ་ཟིལ་གྱིས་གནོན་པའི་ལྷ། །དེ་ནས་རིགས་ཀྱི་མགོན་པོ་སྟེ། །ཕྱག་ན་རྡོ་རྗེ་མཐུ་ཡི་བདག །དེ་ནས་ཆོས་སྐྱོང་བདག་པོ་སྟེ། །དེ་ནས་འཇམ་དཔལ་ཨརུ་མ་རུ་ཙེ། །དེ་ནས་སྙིང་རྗེའི་བདག་པོ་སྟེ། །སྲིད་པར་འགྲོ་བ་རྣམས་ཀྱི་གཉེན་གཅིག་པོ། །དེ་ནས་གཤིན་རྗེའི་གཙོ་བོ་སྟེ། །གཤིན་རྗེའི་རྒྱལ་པོ་མ་རུ་ཙེ། །དེ་ནས་ཕྱོགས་བཅུའི་བདག་པོ་སྟེ། །སྒྲོལ་གིང་ཆེན་པོ་མ་རུ་ཙེ། །དེ་ནས་དམག་དཔོན་གཙོ་བོ་སྟེ། །གནོད་སྦྱིནདམརཔོགཤིནརྗེགཤེད་ཀྱི་ལྷ། །དེ་ནས་རིག་སྔགས་བདག་པོ་སྟེ། །གསང་སྔགས་སྙིང་པོ་འདོན་པའི་བདག །ཨོ་ན་མ་རཏྣ་ཏྲ་ཡ་ལྭ། ན་མ་བི་བྲ་མ་ནི་པྱེ། ན་མོ་མ་ཧྭ་ར་ཛ་པྱེ། ན་མོ་རཏྣ་ཀུ་པ་ར་ཕྱེ། ན་ཏ་ཀུ་པ་ར་ན་གུ་ཧ་ང་ཀ་ཏི་པ་ཏི། ཏ་པ་ན་ཀུ་པ་རན་པྱེ། མར་དྷ་མི་ཤ་མོ། ཅོཏོ་ནུ་རུ་པ་སུ་རུ་པ། ན་ཏ་ཀུ་པ་ར་ཙིནྟྲ། ཀ་ན་ཙ་ཁ༷། ཨེ་མ་ཧ་ས། ཀ་ནན་ཏ་ནང་ཏ། ན་ཏ་ཀུ་པ་ར་ན། ཧེ་མ་ཀན་གུ་ཧེ་ཀ །ཀ་ཙ་ལ་ཀ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་སྲུཧྭ། ཉིན་ཞག་རེ་ལ་ལན་སྟོང་སྟོང་བཟློས་ཤིང་། སྟོན་པས་ལས་ཅི་ཡང་འགྲུབ་པར་བྱེད་པ། གནོད་སྤྱིན་གྱི་སྡེ་དཔོན་གྱིས་གསང་སྔགས་དང་རིག་སྔགས་གཉིས་གཟེར་འདེབས་ཤིང་། གཉིས་མེད་སྒྲུབ་པར་བྱེད་པ་གཟུངས་སྔགས་འདི་སྟོན་ཅིང་སྤྱད་པས། དངོས་གྲུབ་ཐོབ་པའི་ལེའུ་བཅུ་གཅིག་པའོ།། །།དང་པོ་ཉན་ཐོས་དགྲ་བཅོམ་མ། །བར་དུ་སྲིད་པ་སྲོག་གི་བདག །ཐ་མ་ཆོས་སྐྱོང་བསྲུངས་མ་མཛད། །དང་པོ་བཛྲ་ཟོམ་ཤ་མ། །རི་རབ་རི་ཡི་ཟོམ་རྩེ་ནས། །མ་མོ་ནག་མོའི་གཙོ་མོ་མཛད། །འཛམ་གླིང་སེམས་ཅན་ཐུགས་རྗེས་སྒྲོལ། །རྡོ་རྗེ་ཡ་བྱིན་མི་འདའ་དམ་ལ་གནས། །གཅུང་མོ་བཛྲ་ག་ཡང་གཞིག ་།ན་གོན་རག་ཤའི་སྐད་ཆིངས་ཅན། །མ་མོ་དམར་མོའི་གཙོ་མོ་མཛད། ཁམས་གསུམ་སེམས་ཅན་ཐུགས་རྗེས་བསྒྲོལ། །རྡོ་རྗེ་བསེ་སྦྱིན་མི་འདའ་དམ་ལ་གནས། །དེ་གཅུང་བཛྲ་དན་ཤ་མ། །སེར་མོ་གདོང་བཞི་ཚད་མེད་སྒྲོལ། །མི་འདའ་གཏན་གྱི་གྲོགས་མཛད་མ། །སེར་ནག་གཙོ་མཛད་སྲིད་གསུམ་ཐུགས་རྗེས་སྒྲོལ། །རྡོ་རྗེ་རྩེ་བྱིན་མི་འདའ་དམ་ལ་གནས། །དེ་གཅུང་བཛྲ་ཕོར་ཐོགས་མ། །དབུ་གསུམ་བཞད་པས་གཤེགས་དགྱེས། །ལག་ན་ཕོར་ཐོགས་ཅུང་ཟད་མང་པོ་ཆེ། །ལྗང་ནག་གཙོ་མཛད་ཞེ་སྡང་ཐུགས་ཀྱིས་སྒྲོལ། །རྡོ་རྗེ་ཕག་བྱིན་མི་འདའ་དམ་ལ་གནས། །ཨ་སྟི་ཙ་རྒྱའི་དུས་ལ་བབ། །ཨ་བི་ཙ་ར་མཐུ་མོ་ཆེ། །རྡོ་རྗེ་གཤོན་ནུའི་རིགས་འཛིན་མ། །སྲིད་པའི་ཕུར་བུའི་ལས་མཛད་མོ། །ངན་སྔགས་ཡོངས་ཀྱི་ཆ་འཛིན་མ། །རྣལ་འབྱོར་ཡོངས་ལ་མཚན་རྟགས་སྟོན། ཁུ།བ་པར་བྱེད་པའི་ལས་མཁན་མོ། །སྐུ་ནི་མི་སྟོན་དབྱིངས་ནས་ཆོ་འབྲུལ་འགྱེད། །ཨ་ཙི་ཏ་ཨ་པ་ར་ཙི་ཏ། ཛ་ཡེ་བི་ཛ་ཡེ་སྲུཧྭ། ཉིན་ཞག་རེ་རེ་ལ་ཁྲི་ཁྲི་སྟོན་ན་སིརྙི་ཐོབ་བོ། །ལེའུ་བཅུ་གཉིས་པའོ།། །།འཇམ་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །མ་རུ་ཙེ་ལ་ཕྱག་འཚལ་ལོ། །དང་པོ་དཀྱིལ་འཁོར་བྲིས་པ་དང་། །རྫས་རྒོད་སྒོམ་པ་རྫོགས་པ་དང་། །ལིང་ག་ར་ལ་བཅའ་བ་འབྱུང་། །དང་པོ་དགུག་པའི་ལས་ནི་བྱ། །ངེས་པར་ཁུགས་ནས་དབྱེ་བའི་ལས། །དང་པོ་དུག་ཆུ་བན་དྷ་གབ། །གཉིས་པ་བྱ་རོག་འུག་པའི་སྒྲོ། །གསུམ་པ་དུད་པ་རྣམ་པ་ལྔ། །དང་དུ་བླངས་པས་དབྱེ་བའི་སྔགས། །ཨོ་ལང་ཀུ་ས་མ་མྲ ཧུ་ལུ་ལིང་མྱོས་ན། རྒལ་རྒ་གཟེར་ག་རྣ་ཡ། ཞེས་བཟླས་སོ། །གཉིས་པ་བྱ་རོག་འུག་པའི་སྒྲོ། །མ་མ་ཏྲག་རག་མུ་ར་ཡ་ཕྱེ། །མ་མ་སྒག་རག་ཤ་རུ་ཏྲ་བཱ་ར་ཡ་ཕྱེ།ཏྲག་མཁའ་ལྡིང་བཱ་ར་ཡ་ཛ། ཏྲག་མཁས་ལྡིང་བཱ་ར་ཡ་ཁུག །གསུམ་པ་དུག་ཆུས་བྲན་པ་ནི། ཡ་མ་རྭ་ཛ་ཀླུ་ལིང་བྷ་སང་སང་ན། ཀུན་བྷ་སང་སང་ཀླུ་ལིང་སང་ཀུ་ཏྲ་ནན། ཡོ་ལྕགས་སང་ཀུ་ཏ་ནི་ཧཱུཾ༷་ཕཊ། ཅེས་པས་ས་ས་ནི་འཚོ་བར་བྱེད་པའི་ལྷ་དང་། བསྲུང་བའི་ལྷ་དང་། འགོ་བའི་ལྷ་དང་། སྐྱོབ་པའི་ལྷ་དང་། ཕན་པའི་ལྷ་དང་། དེ་རྣམས་དང་ཕྱེ་ཞིག་པའོ། །ལེའུ་བཅུ་གསུམ་པའོ།། །།ངེས་པར་ལྷ་དང་ཕྱེད་པ་དང་། དྲག་པོའི་ངན་སྔགས་འདི་ཡིས་བསྒྲལ། །ཨོ་ཤི་མལྗ་ཡ་མ་རྭ་ཛ་ཨེ་ཀ་ཛུ་ཎྜ། དགྲ་བོའི་སྲོག་རྩ་མྱ་ར་ཡ། ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་རྔམ། བཤོལ་ལ་མེར་མེར། དཔྲིས་ལ་ཆུམ་ཆུམ། ཐུ་བིས་ཐུ། ལྕེགས་ཀྱི་སྐྲ། དགྲ་བོའི་སྲོག་རྩ་སྨྱུ་ར་ཡ། ཡི་ཏྲི་ལིང་ཤང་ཀ་མྲ བྲི་ཟ་ཡསྒ་རྦད་ཕྱེད་མཁའ་དར། རུ་རུ་པྲ་པྲ། དུམ་དུམ་ཤིག་ཤིག །དགྲ་བོའི་སྲོག་རྩ་མ་ར་ཡ། ཨོ་ཧྲིསྐྱི༷༷ བི་ཀྲི་ཏ་མོན་ཏ། དགྲ་བོ་མ་ར་ཡ༷། ཡི་ཧྲིསྐྱི༷༷ བི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་དུ། ཨོ་ཏིགི༷ བི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་ནན། ཡིཧྲི་ རྨྱི༷ བི་ཀྲི་ཏྭ་བོན་ཏ་དགྲ་བོ་མུ་ར་ཡ། བོ་བོ་དགྲ་བོ་མར་ཡ་མ་ར་ཡ༷། མ་ར་དུ། མ་ར་ནན། ཛོ་ཏ་བ་ཀྲི་ཏ་དགྲ་བོ་སོད་སོད། ཡ༷་དུ་སྙིང་ཁྲག་དགྲ་བོ་མུ་ར་ཡ།ཨོ་དྲི་ཤ་ཀུ་སྲ ཀྲི་ཤི་ཀུ་སྲ ཁ་སོབ་ཏྲི་རུ་ཡ༷། སེན་སེན་ཡ༷། དགྲ་བོའི་སྲོག་རྩ་མ་ར་ཡ༷། དྲི་ཤཱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་ཡ་མ་ཁྲག །དགྲ་བོ་བ༷་རིལ། ཚལ་པ་དམ་པ་དུམ་བུ་ཧཱུཾ༷་ཕཊ། ཨོ་མ་མམ་ལ་ཡ༷། །དགྲ་བོ་རྣོ་ཚེ་འགྲན་གཡས་ན་ཡ༷། མ་ཏི་ཏི་ཏ་རྦད་ན་ཡ་ཐུམ་རི་ལི་ལི། ཡསྒ་དྲི་ཡ་ཏི་སྟ་རྦད་ན་ཡ་ཐུམ་རི་ལི་རི། ཁ་ཆུང་ནི་སྟི་སྟ་རྦད་ན་ཐུམ་རི་ལི་ལི། སྙིང་ཁ་རག་དགྲ་བོ་དྲི་ཏི་སྟ་རྦད་ན་ཡ་ཐུམ་རི་ལི་ལི།ཞེས་བརྡེག་པར་བྱའོ། །ར་བསྒྲལ་ལ་སྙིང་གི་ནང་དུ་མཚན་བྱང་བཅུག་ལ་པགས་པའི་ཐོག་ཏུ་བཞག་ལ། །སྙིང་པོས་བྲབ་བོ། ཕུར་བས་གདབ་བོ། ཁྲ་རུས་བཟའ་བའི་སྙིང་པོ་བཟླས། །བདུད་ཀྱི་སྙིང་པོ་བཟླས། །བདུད་ཀྱི་སྙིང་པོས་ཁུགས་པར་གདབ་བོ། །མ་མོའི་དྲག་སྔགས་ཀྱང་བརྡེག་གོ །ལེའུ་བཅུ་བཞི་པའོ།། །།གཞུག་ཏུ་སྙིང་དང་མཚན་བྱང་མགོ་ཡི་ནང་དུ་བཙལ་ལ། ཚེར་ཐུན་བདུན་ལ་ཤ་ཟ་མ་བདུན་གྱི་སྙིང་པོ་བཟླས་ལ། བུ་ག་བདུན་དུ་བཙེམས་ལ་པགས་པའི་ནང་དུ་བསྐུམས་ལ་སྐུད་པས་བསྡམས་ཏེ། གནོད་སྤྱིན་རྒྱུ་བའི་སྲང་དུ་མནན་པ་བྱས་ན། མཐའ་རྩ་རྒྱུད་འཆད་དོ། །ལེའུ་བཅོ་ལྔ་པའོ།། །།ཟོར་ཐུན་དྲག་པོའི་འཕྲིན་ལས་ཀྱང་། །དུག་བླུག་ནག་པོའི་རྨེ་ཁྲག་ལ། །ཐུན་གྱི་སྙིང་པོ་ཁྲི་ཙམ་བཟླས། །གྲུབ་རྟགས་བྱུང་ན་འཕང་བར་བྱ། །ལེའུ་བཅུ་དྲུག་པའོ།། །།དྲག་པོ་ལས་ཀྱི་དུས་སུ་ནི། ཁྲར་ལྷོར་ཧོམ་ཁུང་གྲུ་གསུམ་བྱ། །སྐྱེར་པའི་ཧོམ་ཤིང་བརྩིག་བར་བྱ། །སྲེག་རྫས་ཅི་ཡང་རུང་བ་སྟེ། ཡ༷་ཤིང་ནག་པོ་མ་སའི་དུད་པ་ཚེར་ཐེལྭ རྨད་དུ་བྱུང་བའི་མཆོད་པ་རྣམ་པ་ལྔ། དུག་གི་གཏོར་མ་འཕྲིན་ལས་བཞིའི་ཕུར་པ་བཞི། སྲོག་གི་སྦུད་པ་བཞི། དེ་ལྟར་འཚོགས་པ་དང་། སྡོད་དཀྱིལ་འཁོར་གསལ་བར་སྒོམ་ཞིང་། ཨག་ནི་རྭ་ཛ་གསལ་བར་བསྐྱེད་ལ། ཨག་ནེའི་སྙིང་པོ་ནི། ཨོ་ཨག་ན་ཡེ་ཀབ་བྱ་ཛ། ཨོ་བ༷་ཛ་ལ་ཧ་ས་ཧཱུཾ༷་ཕཊ། ཅེས་བརྗོད་དོ། །གཞུད་དང་མཐུན་པའི་ཚིག་གིས་སྤྱན་དྲངས་ལ་མཆོད་པ་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཀུན་ལ་བསྟོད་ར་བཏང་ལ། བདུད་པྲ་མ་ཡའི་སྙིང་པོས་སྤྱིན་སྲེག་ཏུ་བྱའོ། །ལེའུ་བཅུ་བདུན་པའོ།། །།སྐུ་གཅིག་པ་ཞེས་བྱ་སྟེ། །མ་རུ་ཙེལ་བརྩོན་པར་སྒྲུབ། །གང་ཞིག་ཉེས་བྱེད་གསད་འདོད་ན། །བསྲུང་བའི་ཚུལ་ཁྲིམས་ཐུབ་པ་དེས། །གནོད་སྤྱིན་སྡེ་དཔོན་བརྩོན་པར་བསྒྲུབ། །དཀྱིལ་འཁོར་གྲུ་གསུམ་ཨེ་དཀྱིལ་དུ། །ཆེ་གེ་མོ་ཡི་ལིང་ག་གཞག །དམ་རྫས་འཚོགས་ནས་འདི་ལྟར་བྱ། །ཞག་གསུམ་བར་དུ་འདི་ལྟར་བྱ། །ཐེ་ཚོམ་མེད་པས་འདི་ལྟར་བྱ། །དང་པོ་སྔགས་པ་གཅེར་བུར་དབྱུང་། །སྐྲ་བཅིངས་ཁ་གདངས་སྙིང་པོ་གདོན། །རྒྱ་གར་གདུག་བའི་ངན་སྔགས་འདི། །དང་པོ་ཉིད་དུ་སྐུ་བསྐྱེད་པ། །ཨོ༷་ན་མོ་རཏྣ་ཏྲ་ཡ་ཡུ། ན་མོ་བེ་ཤ་ར་མ་ཡ་དྲི་ཧཱུཾ༷། སྤྱན་དྲང་བ། ཛ་ཧཱུཾ༷་བ༷་ཧོ། ཨེ་མ་ཧ་ས་ནན། ཀ་ནན་ཏ་ཀ་པར་པྱེ། ཛ་ཧཱུཾ༷་བ༷་ཧོ། ས་མ་ལྭ།དགུག་པ་ནི། ད་ཀུ་ད་ཀུ །པ་ར་མ་དྲི་ཛ། མཆོད་པ་ནི། ཨ་ནུ་རུ་པ་ཁའི། སུ་རུ་པ་ནི་ཁའི། ཀུ་པ་ར་ཙརྙ་ཁའི། རུ་ཀུ་པ་ར་མ་ཏ་ཁའི། སྟོང་སྟོང་ཙམ་བརྗོད་དོ། །མ་རུ་ཙེ་ཡི་ཕྱག་རྒྱ་ལས། །ལུས་ནི་སྒྲེན་མོ་དབྱུང་བར་བྱ། །ཁྲག་གིས་བྱུག་ཅིང་ང་རོ་དབྱུང་། །རྐང་པ་བརྐྱང་བསྐུམ་ཚུལ་དུ་བྱ། །ལག་པ་གནོད་སྤྱིན་གར་ལག་བྱ། །དེ་དུས་སྙིང་པོ་སྟོང་སྟོང་གནོན། །ཨོ་ཤི་མསྨུ ཨུ་ཙུས་མ། མ་མ་རྣལ་ཏེ་སྨྱོ། གཤིན་རྗེ་ནག་པོ་སྙིང་ཁྲག་ལ་ཚལ་པ་སྨྱོ། ཀུམ་ཀུ༷་ཏ་ཀི་དྲི་ཏ་ཀི་དྲི། ཧ༷་ཧ༷་མར་ཡ་དྲི་ཛ། རྟག་པར་བཟླས་སོ། །དེ་ནས་དགྲ་བོ་བསད་ན་སྙིང་པོ་འདི་བཟླས་སོ། །ཨོ་ཛ་ཨོ་དྲི་ཤ་ཀུ་སྲ དགྲ་བོ་དྲི་ཤ་ཀུ་སྲ དྲི་ཤ་ཀུ་ཁ་སོ་ཡ་མེ།སེན་སེན་ཡ༷་རུ་ཡ༷། ཡ་མ་སྙིང་ཡ་མ་ཁྲག །ཡ་མ་བེ་རི་ལི་ལི་ཕཊ་རྦད། དགྲ་བོའི་སྙིང་ལ་མར་ཡ་དུ་གུག་ཙར་ལིང་། དགྲ་བོ་གུག་ཙར་ཙར་ལིང་། ཞེས་བཟླས་སོ། །གསད་པའི་སྙིང་པོ་ནི། དུན་དུན་མུག་པ་ཤང་། ཧ་ལ་ཧ་ལ། ཙ་ལ་ཙ་ལ པ་ཙ་པ་ཙ། ཧིམ་ཧིམ་རྦད་ན་རྦད་ན། རྦད་པུ་ལིང་། རྦད་པུ་ལིང་། མ་ཤ་ཡ། མྱ་ར་ཡ་མྱ་ར་ཡ། ཁྲི་ཁྲི་སྟོན་ཅིང་ལིང་ག་ལ་ན་ར་བྱའོ། །ཨོ་ཛོ་ཏ་བྲ་ཀྲི་ཏ་སོད་སོད། ཧཱུཾ༷་ཧཱུཾ༷། རུ་ཏ་རུ་ཏ། བོ་བོ་ཡང་ཡང་། དགྲ་བོ་ནི་སོད་སོད། དེ་ནས་གཞུང་དང་མཐུན་པའི་བསྟོད་པ་བྱ། གདུང་ཞིང་བོད། འཕྲིན་ལས་ཟབ་ཏུ་གཉེར་གཏད། གཞུག་ཏུ་ལིང་ག་གཅིག་དང་གཏོར་མ་གཅིག་གཏང་རག་དུ་བཏང་། ལིང་ག་གཅིག་སྦྱིན་སྲེག་བྱས་ལ་ཐལ་བ་སྨན་ཕུད་དུ་བླུག་ལ། ཕྱེད་བདེ་གཤེགས་མཆོད། ཕྱེད་ཉིད་རང་བཏུང་ངོ་། །གནས་སྤར་བའི་དགོངས་པ་ཡང་བྱའོ། །ལེའུ་བཅོ་བརྒྱད་པའོ།། །།གནོད་སྤྱིན་ཟླ་གསང་དམར་