Ngb-pt-0669-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྫོགས་སོ།། །། རྒྱ་གར་སྐད་དུ། མཉུ་ཤི་ཡ་མ་ར་གམ་རྭ་ཙཀྲ་ཏན་ཏྲ་ནཱ་ཤཱ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ཞེས་བྱ་བ་ན།དུར་ཁྲོད་རོ་མྱགས་ཀྱི་ཚལ། དུག་མཚོ་ནག་པོ་མེར་བ། གཤིན་རི་ཕྱིན་ཅི་ལོག་གི་རྩ་ན། དཔའ་བོ་རྔམ་པའི་ལྷ། སྲོག་དང་ཚེའི་བདག་པོ། སྒྲོལ་གིང་གི་བདག་པོ་མ་རུ་རྩེ་ཞེས་བྱ་བ་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྲོག་གི་བདག་པོ་མཛད་དེ། སེམས་ཅན་ཐམས་ཅད་ཀྱང་ཚེ་སྲོག་ཉམས་ཤིང་། ལུས་ལ་གདུག་ཅིང་རྩུབ་བའི་ངད་བྱུང་ནས། ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཡ་མན་ཏ་ཀ་དྲེགས་པ་འདུལ་བ་དྲག་པོ་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྔམ་པའི་སྒྲ་ཆེན་པོ་ཧ་ཧ་ཧི་ཧིའི་སྒྲ་དང་། ཧ་ལ་ཧ་ལའི་དང་། ཨ་ར་ལི་དང་། སྨྱོ་དང་། རུ་ལུའི་སྒྲ་དང་། ཧཱུཾ༷་དང་ཕཊ་ཀྱི་སྒྲ་སྒྲོགས་སོ། །དེ་ཉིད་དུ་གདུག་པ་ཅན་ཟ་བྱེད་ཡ་མ་རྭ་ཛ་དང་། འཁོར་གྱི་སྒྲོལ་གིང་བཞི་དང་། མ་མོའི་ཚོགས་དང་། སྲིན་པོའི་ཚོགས་དང་། བདུད་དང་། གཤིན་རྗེ་དང་། གནོད་སྦྱིན་བྱེ་བ་དང་བཅས་པ་ཡང་ལུས་ས་ལ་བརྡེབས་ཤིང་དྲན་པ་ཉམས་སོ། །གདུང་བའི་སྨྲེ་སྔགས་རབ་ཏུ་འདོན་ཏེ་མགྲིན་གཅིག་ཏུ་སྨྲས་པ། ཨེ་མ་རང་བྱུང་ཆོས་ཀྱི་སྐུ་མཆོག་སྟེ། །འབར་བྱེད་འཇིགས་པའི་གཏུམ་ཁྲོ་གཤིན་རྗེ་གཤེད། །མཐུ་རྩལ་རྨད་བྱུང་བསམ་དཀའ་ཨེ་མ་ཧོ། །བདག་ཅག་དྲེགས་པའི་འཁོར་དང་བཅས་པ་རྣམས། །གཤིན་རྗེ་གཤེད་ཀྱི་བྱིན་བརླབས་དབང་བསྐུར་ལ། །ཀུན་ཀྱང་གཤིན་རྗེ་གཤེད་ཀྱི་དགེ་འདུན་མཛོད། །ཅེས་གསུངས་ཏེ། སྲོག་གི་སྙིང་པོ་རྣམས་མདོངས་སོལ་དུ་ཕུལ་ལོ། །དེ་ནས་དྲག་པོ་སྒྲོལ་བའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རཀྟ་མཎྜལ་ཞེས་གསུངས་སོ། །དེ་ཉིད་དུ་སྣང་སྲིད་ཐམས་ཅད་ཁྲག་གི་རྒྱ་མཚོར་འཁྱིལ་བར་གྱུར་ཏེ། དེའི་དུས་སུ་མཁའ་དབྱིངས་མཐིང་ནག་ཏུ་གྱུར་ཏོ། །རླུང་རྡོ་རྗེ་རྒྱ་གྲམ་རབ་ཏུ་འཐོར་རོ། །སྲིན་རྩེ་འབར་བ་མེ་རིག་སྨུག་ནག་གི་ཀློང་ན་བཞུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཉོན་ཅིག་སྒྲོལ་གིང་བདག་པོ་སྟེ། །ཚེ་སྲོག་ཀུན་གྱི་བདག་པོ་ཁྱོད། ཁམས་གསུམ་སྒྲོལ་བར་དབང་བསྐུར་གྱིས། །ང་ཡིས་དགེ་བའི་ལས་ཀྱིས་ཤིག །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས། །དཀྱིལ་འཁོར་ཀུན་གྱི་བསྲུངས་མ་མཛོད། །ཅེས་གསུངས་ཏེ། སྒྲོལ་གིང་ཆེན་པོར་དབང་བསྐུར་རོ། །གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལེའི་རྒྱུད་ལས། གླེང་གཞིའི་རྟོག་པ་སྟེ་དང་པའོ།། །།དེ་ནས་འཁོར་རྣམ་བཞིའི་ནང་ནས་གནོད་སྦྱིན་དྲེགས་པའི་བདག་པོ་ཀུན་དགའ་བྱ་བ་ལངས་ཏེ། དྲག་པོ་སྒྲོལ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་འབར་བྱེད་ཁྲོ་བོའི་རྒྱལ། །དྲེགས་པ་འདུལ་བའི་ཡེ་ཤེས་ཁྱོད། །ཚེ་སྲོག་བདག་པོ་མ་རུ་རྩེ། །དོན་གྱི་དངོས་པོ་གང་ལ་བགྱི། །སྲོག་གི་སྙིང་པོ་གང་དང་གང་། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས། །བསྙེན་ཅིང་སྒྲུབ་པ་ཇི་ལྟར་ལགས། །གསད་དང་ལས་ཀྱི་མཐའ་བཏུལ་གང་། །མ་གྲུབ་སྤོགས་དང་གནད་དཀྲུག་དང་། །འཕྲིན་ལས་བཅོལ་བའི་རིམ་པ་རྣམས། །ཡེ་ཤེས་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དྲག་པོ་སྒྲོལ་བས་བཀའ་སྩལ་པ། །ཉོན་ཅིག་དྲེགས་པ་ཆེན་པོ་ཁྱོད། །ཚེ་སྲོག་བདག་པོ་མ་རུ་རྩེ། །འདས་པའི་དུས་ན་སྔོན་བྱུང་བ། །འཇམ་དཔལཁྲོསཔགཤིནརྗེཡིས། །བདུད་དང་སྲིན་པོ་རུ་ཏྲ་བསྒྲལ། །རུ་དྲའི་ཁྲག་ལས་གྲུབ་པ་ནི། །སྤྲུལ་པའི་སྲས་ནི་ལྕམདྲལལྔ། །གཤིནཡུལའཇིག་རྟེན་སྐྱི་གཡའ་བ། །གཤིན་རྗེའི་བླ་མཚོ་མེར་བ་ཡིས། །གཤིན་རི་ཕྱིན་ཅི་ལོག་གི་རྩ། །གཤིན་ལམ་རོ་ཁུང་ནག་པོ་ན། །སྲིད་པ་གསུམ་གྱི་ཚེ་སྲོག་སྡུད། །སྤྲུལ་པའི་ལས་མཛད་སྒྲོལ་བའི་གིང་། །གདུག་པ་འདུལ་ཞིང་སྐུ་ལ་འཁོར། །སྲོག་སྙིང་རླུ་་སྟེ་དྭངས་མའོ། །ཡི་གེ་དུག་གི་སྐྲུ་གྲི་སྟེ། །སྲོག་དང་སྙིང་གི་འཁོར་ལོ་ཡིན། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས། །བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ། །ཟ་བྱེད་སྐུ་མཆོག་ཆེན་པོ་སྟེ། །དྲིལ་བ་ལུས་ཀྱི་སྒྲུབ་པ་དང་། །བརྐྱང་པ་སྙིང་གི་སྒྲུབ་པར་འདོད། །ལས་ནི་རྣམ་པ་དྲུག་ཏུ་སྟེ། །བརྙེ་བོན་པོ་མུ་སྟེགས་དང་། །བུད་མེད་རྟགས་མགོར་སྡིག་ཅན་གསད། །མ་གྲུབ་སྤོགས་པའི་ལོག་ཐེན་ཏེ། །རྣམ་དང་མ་གྲུབ་ལྟོ་ལོག་དཀྲུག །གནད་གཅོད་པ་ནི་འཁོར་ལོ་སྟེ། ཤེས་ས་གསད་པ་ཉིད་ཀྱིས་སོ། །འཕྲིན་ལས་བརྒྱ་དང་རྩ་བཞི་ལས། །འདི་ནི་མངོན་སྤྱོད་ཁོ་ན་སྟེ། །དེ་ཕྱིར་སྒྲོལ་བྱེད་དམར་པོ་འདི། །ཟ་བྱེད་གཤིན་རྗེ་དམར་པོ་སྟེ། །ཙ་ར་དཀར་པོ་གཉའ་ནག་ལ། །རྟེན་ཏེ་སྲོག་བདག་སྒྲུབ་པར་བཤད། །ཅེས་གསུངས་སོ། །གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོ་ལས། གླེང་བསླངས་པ་དང་དྲིས་ལན་གྱི་རྟོག་པ་སྟེ་གཉིས་པའོ།། །།དེ་ནས་ཡང་ཀུན་དགའ་བོས། ཀྱེ་ཀྱེ་དྲག་པོ་སྒྲོལ་བའི་སྐུ། །འབར་བྱེད་རྔམ་པའི་རྒྱལ་པོ་ཁྱོད། །ཚེ་སྲོག་བདག་པོ་མ་རུ་རྩེ། །བསྙེན་དང་སྒྲུབ་པ་ཇི་ལྟར་བྱ། །རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་། །ལས་ལ་སྦྱོར་བ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། དྲག་པོ་སྒྲོལ་བས་བཀའ་སྩལ་པ། །ཚེ་སྲོག་བདག་པོ་སྒྲུབ་པ་ཡིས། །གནས་ནི་བྲག་དམར་ཆོལ་ཟང་འདྲ། །ཡང་ན་ཏྲི་ཤུལ་རྩེ་གསུམ་སྟེ། །དུར་ཁྲོད་ཆུ་འགྲམ་དགོན་པ་སྟེ། །གང་ཞིག་ཡིད་དགའ་བར་ཆད་མེད། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །བསྙེན་པ་གྲངས་ལ་རྟགས་རྫོགས་ནས། །སྒྲུབ་པའི་རིམ་པ་བསྟན་པ་ནི། །དུར་ཁྲོད་ས་ལ་མཎྜལ་བྱ། །ཨེ་དབུས་དྲག་པོ་དབང་དང་ལྡན། །འཁོར་ལོ་རྩིབས་བཞི་སྒོ་ཁྱུད་ལྡན། །དབུས་སུ་སྒྲོལ་གིང་མ་རུ་རྩེ། །འཁོར་ལོ་བཞི་ལ་རྫས་དགོད་པ། །མིང་བྱང་ཧོམ་དང་ཕུར་བུ་དང་། །སྒོ་གཉིས་དུག་གི་བླུག་གུའོ། །དཔལ་དང་གཤིན་རྗེའི་གཏོར་མ་དང་། །ཁྲག་མཚོ་མི་རྟ་ར་ཡི་སྙིང་། །མར་ཁུ་སྦྲང་རྩི་འོ་མ་དང་། །ཁྲག་དང་ཨ་མྲི་ཏ་སྦྱར་ཏེ། །གཤིན་རྗེ་མཆོད་པའི་རྫས་སུ་འོ། །དང་པོ་སྟོང་པ་བྱང་ཆུབ་སེམས། །སྙིང་རྗེ་ནམ་མཁའི་ངོ་བོ་ལས ཁུ་འབྲས་ས་བོན་ཡི་གེ་ཧཱུཾ༷། །མངོན་པར་བྱང་ཆུབ་འཁོར་ལོའོ། །དེ་ལས་ཨརུ་མེ་རུ་རྩེ། །སྐུ་མདོག་དམར་པོ་ར་ག་སྟེ། །ཕྱག་ན་མེ་རླུད་འཁོར་ལོ་བསྣམས། །དབུ་སྐྲ་རལ་པ་སྐ་སོ་བསླེབས། རྩེ་ལ་བརྙ་ལྕང་ལོ་འཁྱིལ། །ཨག་ཚོམ་ཁམ་ནག་ཛ་ཡི་འོད། །སྤྱན་ནས་མེ་ཡི་ཚ་ཚ་འཕྲོ། ཤངས་ནས་བསྐལ་པའི་རླུད་ནག་འཁྲུལ། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །གིང་དང་མ་མོའི་དབུས་ན་འགྱིང་། །རང་བཞིན་སྤྱན་དྲང་མཆོད་བསྟོད་བསྐུལ། །ཡི་གེ་བཅུ་གསུམ་རྒྱུན་དུའོ། །དེ་ལ་རྟགས་རྣམས་འབྱུང་བར་འགྱུར། །འོད་དང་སྒྲ་དང་རླུད་ནག་དང་། །བཙུན་པ་བཙུན་མ་ཨ་ཙ་ར། །མི་རེང་མང་པོ་འོད་དང་བཅས། །རྟ་པ་ཞིབ་ཅན་མང་པོ་དང་། །གོ་དང་མཚོན་ཆ་མཐོང་ན་འགྲུབ། །རྟག་ཏུ་སྲིན་པོ་ལས་ལ་རྦད། །དྲག་པོ་སྔགས་ཀྱི་གྲོང་ཁྱེར་བསྒྲེང་། །དྲག་པོ་ལས་ལ་སྦྱར་བའི་ཚེ། །ལིང་གའི་སྦྱོར་བ་ཟིན་པ་དང་། །དང་པོ་དབྱེ་བའི་འཁོར་ལོ་བསྐོར། །གཉིས་པ་དགུག་པའི་འཁོར་ལོ་བསྐོར། །གསུམ་པ་བཏབ་ཅིང་བྱད་དུ་གཞུག །ཙ་ར་དཀར་པོ་གཉའ་དག་ནི། ཁྲར་ལྷོ་མཚམས་སུ་གདགས་པར་བྱ། །སྐེ་རུ་མིང་བྱང་ཆེན་པོ་གདགས། །ལྷུ་དང་མགོ་སྟེ་བཅུ་གསུམ་པ། །མིང་བྱང་བཅུ་གསུམ་ཁྲམ་བྱང་གདགས། །དམིགས་པ་ཙ་ར་ཉིད་ལ་བཅའ། །ར་པྲ་བརྟག་ཅིང་སྒྲུབ་བྱ་བ། །དྲིལ་དང་རྐྱང་པ་ཤེས་པར་བྱ། །དྲིལ་ན་དམར་པོ་མཆེད་བཞི་སྟེ། །རྩ་བའི་ལས་དང་བལ་མོའི་སྔགས། །བཞི་རུ་བསྡེབས་ཏེ་གཏད་པ་ཙམ། །བསད་པའི་མཐའ་རུ་མནན་པ་བྱ། །རྐྱང་པ་དཔའ་བོ་གཅིག་པུ་ལ། །ཉིན་མཚན་སྔགས་ནི་མ་ནོར་བྱ། །རྟག་ཏུ་བོད་པ་གཤིན་རྗེ་སྟེ། །ལས་ལ་རྦད་པ་སྲིན་པོའོ། །གྲོང་ཁྱེར་བསྒྲང་བ་ཕུ་སྤྲུགས་ཏེ། །ཉིན་གྱི་ལས་སུ་ཤེས་པར་བྱ། །ལས་ཀྱི་སྲིན་མོ་རེ་མ་ཏི། །བསེ་མོ་བཞི་དང་དམར་མོ་འབུམ། །མཚན་གྱི་ལས་སུ་ཤེས་པར་བྱ། །ཕོ་ཉ་བཏང་ཞིང་གཟུགས་ལ་བསྟིམ། །རེག་ཆོད་དྲག་སྔགས་དྲིལ་བ་ཡིས། །རྒྱུ་མཆོག་རྩ་ར་ཤུགས་སྒྲོལ་བྱེད། །དེ་ནས་གཡང་གཞི་བཤུས་ནས་ནི། །ཙི་ཏར་ལིང་ག་བཅུག་པ་ལ། །དྲིལ་སྔགས་བཟླས་དང་ཕུར་པས་གདབ། །རྫོགས་དང་ལིང་ག་ཕྲན་ཚོ་ནི། །ཙིསྟར་བཅུག་ལ་ཁ་རུ་བརྫང་། །འདོད་པ་ཆེན་པོར་མནན་པ་སྟེ། །གཡང་གཞི་དང་བཅས་མནན་པ་ཡིན། །ལིང་ག་མི་བཟད་མཚོན་གྱིས་ག་། །རོ་སྟོད་འགྲམ་པ་གཡས་སུ་གཞུག །རོ་སྨད་འགྲམ་པ་གཡོན་དུའོ། །ཕོ་སྔགས་མོ་སྔགས་གཡས་གཡོན་བརྡེག །རྩང་ལ་རྩེ་ཐུར་མཆུ་སྦྱར་ལ། །ཚོན་སྐུད་ཀྱིས་ནི་བསྡམ་པར་བྱ། །དེ་ནས་སྟོང་ལམ་ཆེན་པོའམ། །མཁར་སྒོ་ལྷ་ཡི་ཁང་པའམ། །སྦྲུལ་ལྕེ་བསྣོལ་མ་སྟེག་གི་ཁ། །ཧྲི་སྟི་བཞིས་བསྐོར་སྔགས་ཀྱིས་གནན། །ལྷག་མ་རྫས་དང་ལིང་ག་ལ། །ཧོམ་ཤིང་ལྕགས་ཀྱི་སྤྱང་མོར་བསམ། །ལས་ཀྱི་མ་མོས་དགྲ་དགུག་ཅིང་། །བསྲེག་པ་མེ་ཡིས་ལས་ཀྱང་བྱ། །མནན་པའི་སྦྱོར་ཁ་རྫོགས་རྗེས་སུ། །ཟོར་ལམ་དགྲ་ལ་བསྟན་པ་སྟེ། །དུག་མདའ་ཁྲག་ཟོར་འཕང་བར་བྱ། །དེ་ལྟར་ནས་ན་ཐེ་ཚོམ་མེད། །བརྒྱ་བྱིན་དབང་པོ་མ་ར་ན། །ཞེས་གསུངས་སོ། །གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོ་ལསསྲོག་སྒྲུབ་ཀྱི་རྟོག་པ་སྟེ་གསུམ་པའོ།། །།དེ་ནས་ཡང་ཀུན་དགའ་བོས། དྲག་པོ་སྒྲོལ་བའི་གཙོ་བོ་ལ་གསོལ་པ། །ཨེ་མ་འཇིགས་བྱེད་ཆེན་པོ་ལགས། །སྒྲུབ་པའི་རིམ་པ་དེ་ལྟར་ན། །དྲེགས་པའི་སྲོག་གི་ངོ་བོ་ཡི། །སྔགས་ཀྱི་འཕྲེང་བ་ཇི་ལྟར་ལགས། །བོད་དང་ལས་ལ་རྦད་པ་དང་། །གསང་སྔགས་ཕོ་མོ་དབྱེ་བ་དང་། །ལས་སྔགས་རྫོགས་པར་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་ཡང་དྲག་པོ་སྒྲོལ་བས་བཀའ་སྩལ་པ། གསང་སྔགས་ཡི་གེའི་འཕྲེང་བ་ནི། །འཇིག་རྟེན་ལྷ་སྲིན་ཡོངས་ཀྱི་སྲོག །ནོར་བུ་འཕྲེང་བ་རིན་པོ་ཆེ། །ལས་མཁན་བོད་པའི་སྲོག་ཐག་སྟེ། །སྒྲུབ་བྱ་འགུགས་པའི་ལྕགས་ཀྱུའོ། །སྔགས་ནི་གཤིན་རྗེའི་རང་བཞིན་ཡིན། །སྔགས་ནི་དུག་གི་མེ་དཔུང་ངོ་། །སྔགས་ནི་ནད་ཀྱི་མཚན་ཉིད་དེ། །སྔགས་ནི་མཚོན་ཆའི་འཁོར་ལོའོ། །ཡིད་བཞིན་ནོར་བུ་འབྱུང་པ་ལྟར། །རྐྱེན་གྱི་ཏིང་འཛིན་རྟ་ཡིས་ནི། །ཇི་ལྟར་དམིགས་པ་བཞིན་དུའོ། །དེ་ནས་དྲག་པོ་སྒྲོལ་བས་ན། །ཉིད་ཀྱི་ཡང་སྙིང་འདི་དག་གསུངས་སོ། །ཨོ་ཤི་མསྐྲུ་ཡ་མ་རྭ་ཛ་ཨེ་ཀ་ཛ་ཞི་ཛ། རྟག་པ་རྒྱུན་གྱི་སྙིང་པོ་སྟེ། །སྒྲོལ་བའི་ཐུགས་ཀའི་ཧཱུཾ༷་ལས་ནི། །འོད་ཟེར་ལྔ་ཡིས་སྲོག་དགུག་པའོ། །དངོས་དང་ཡིད་ལ་འོང་བ་རྨི། །འདྲིས་དང་བཅུགས་པ་ཡང་ནི་འབྱུང་། །སྲིན་པོ་རྦད་པའི་ཡང་སྙིང་སྟེ། །རྣལ་མ་རྣལ་ཏེ་གསོད་ལ་རྔམ། །བཤོས་ལ་མེར་སྤྲིས་ལ་ཆུམ། ཐུ་བིས་ཐུ། ལྕགས་ཀྱི་སྐྲ། དགྲ་བོ་དྲི་མ་ར་ཡ། སྲིན་པོ་ཐོད་འཕྲེང་ནག་པོ་དང་། །མ་མོ་འཕྲུལ་ཆུང་ལྕགས་མིག་གམ། །བདུད་ཀྱི་སྲིན་པོས་སྙིང་རྩ་འགུག །ཏྲི་ལིང་ཤང་ཀ་དུ་དྲི་ཟ་ཡསྒ་རྦད་པུ་པྱེ་མ་ཁ་འདར། །རུ་རུབ་དབྲ་དཔྲ་ཐུམ་ཐུམ་ཤིག་ཤིག་དགྲ་བོ་མྱ་ར་ཡ། གཡང་གཞི་འབྲུབ་ཁུང་ལ་སོགས་པ། གདབ་པའི་གསང་སྔགས་ཁོ་ནའོ། །ན་མོ་རཏྣ་ཏྲ་ཡ་ཡུ། ན་མོ་བེ་བྲ་མ་ནི་པྱེ། མ་ཧྭ་རྭ་ཛ་པྱེ། ན་མ་ཏ་ཀུ་པ་ར་ཀུ་པར་བྱེ། ཀ་ཧ་ཀ་ཏི་པ་ཏེ། ཉུ་པ་ན།ཀུ་པ་ར་པ་ར་མ་ཏ་ཡི་ཤ་མི། ཤ་ནུ་རུ་པ་སུ་རུ་པ་ར་ཏ་ན་ཏ། ཀུ་པ་ར་ཙརྙ་ཁ་ན་ཙ་ཁ༷། ཧེ་མོ་ཧ་ས་ཀ་ན་ན་ཏ། ཀུ་བ་ར་ན་ཧེ། མ་ཀུན་གུ་ཧ་ཀ །ཙ་ལ་ཙ་ལ། པ་ཙ་ང་་ཙ། ཕུ་ལུ་གྲྭཧྭ། གནོད་སྤྱིན་དམར་པོ་ལ་སོགས་པ། །བྱེ་བ་ཕྲག་བརྒྱས་སྨྲས་པ་སྟེ། དམག་དཔུང་དབབ་བའི་སྔགས་ཡིན་ནོ། །ཨོ་་ཐོརྙོ་ཝི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་ཡ། ཡི་ཧྲིརྩི་ཝི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་དུ། ཨོ་ཧྲིསྐྱི་ཝི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་ནན། ཡི་ཧྲིསྐྱི་ཝི་ཀྲི་ཏྭ་ན་ན་མོན་ཏ་དགྲ་བོ་མ་ར་ཡ༷། དམག་དཔོན་སྤྲུལ་པ་ནོན་པ་བཞི། །བརྡེག་དང་མནན་པའི་སྔགས་སུ་བཤད། །ཨོ་ཛོ་ཏ་ཝ་ཀྲི་ཏེ་སོད་སོད། དགྲ་བོ་ནི་སོད་མ་ར་ནན། སྨྱོ་སྨྱོ། ཨོ་རུས་ཏ་རུས་ཏ་མ་ར་ཡ མ་ར་དུམ་ར་ནན། ལས་ཀྱི་འཆི་བདག་ཆེན་པོ་ལ། །རྒྱ་མཚོའི་གཏིང་དུ་གཏད་པའི་སྔགས། །ཏྲག་རསྒ་མུ་རུ་ལུ་རུ་ལུ་སྨྱོ། རག་མོ་ཏེ་ཀུམ་ཛ་ཛ་ཛུ། རག་མོ་ཙ་ཙ་ཁ་ལ་མ་ཏི་སྨྱོ་སྨྱོ། མ་རུ་ལུ་རུ་ལུ་སྨྱོ་སྨྱོ། ཏྲག་ཁ་མུན་ཏྲ་སྨྱོ། རུ་ལུ་རུ་ལུ་སྨྱོ། སྒྲོལ་བྱེད་ནག་མོའི་གསང་སྔགས་ཏེ། །ནག་མོ་འབུམ་གྱི་སྙིང་པོ་ཡིན། །དམག་དཔུང་དབབ་པ་ཞེས་ནི་བྱ། །ཨོ་སུ་ཏྲི་བ་ཡ། བ་ར་ཙིསྟ། ཡོ་གི་ཤོར་ཡ་མ་ཙིསྟ་ཧཱུཾ༷་ཕཊ། ཀྱི་ཁྲིད་ར་ཁྲིད་མི་རོ་ལ་ཁྲག་འཐུང་། །ཀང་ཀང་ཀེང་ཀེང་ཙིརྙ་མི་རོ་ལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀ༷་ཀ་ཡ། མ་མ་མ་མ་ལ་ཡ༷། འགྲོ་ལོ་རྣོ་རྩེ་འགྲན་གཡས་ལ་ཡ། མ་ཏི་ཏིརྫི་རྦད་ན་ཐུམ་རི་ལི་ལི། ཤི་ཏི་ཏིགི་རྦད་ཐུམ་རི་ལི་ལི། དགྲ་བོ་ནི་མ་ར་ཡ་ཏིགི་རྦད་ན་ཐུམ་རི་ལི་ལི། བལ་མོ་གདུག་པའི་ངན་སྔགས་ཏེ། །སྙིང་ཟན་རྨོད་པའི་དུག་མདའ་ཡིན། །ག་་པོ་ཡ༷་ཡ༷། སྒྲོལ་གིང་ཡ༷་ཡ༷། མ་རུ་རྩེ་ལ་ཡ༷་ཡ༷། རྩ་ལ་ཧུར་ཐུམས་སྲོག་ལ་ཡ་ཡ།དུ་ན་ཛ། དུ་ལིང་ཀྲད་དེ་ཀྲད་དེ་ཛ་ཛ། ཀྲིང་ཀྲིང་རྭ་ཛ་མ་ནི་སྙིང་ཤད་ཤད། ཧ༷་ཧ༷་མ་ར་དྲི་ཛ་ཛུ། སྒྲོལ་གིང་རྟག་ཏུ་རྦད་པ་སྟེ། །འདི་ནི་རྦད་ཏིག་ཁོ་ནའོ། །ཡང་དུ་སྙིང་ཁྲག་ནི་ཤ་ཀུ་སྲ ཁ་སོ་པ་ཏྲི་ཡ༷། དུ་ཡ༷་སེན་སེན་ཡ༷། ཚེ་སྲོག་རྩ་མྱ་ར་ཡ། ཡ་མ་རྭ་ཛ་དྲི་མྱ་ར་ཡ། དུ་མ་ར་ཡ ཡ་མ་ར་དུ། ཡ་མ་ཁྲག་སྙིང་། ཡ་མ་ཁྲེ་བ༷་རྦད། ཡ་ཚ་ལ་པ། ཡ༷་བ༷་རི་ལ། ཡ་མ་དམ་པ་དུམ་བུ་མུ་ར་ཡ་ཧཱུཾ༷་ཕཊ། ཨོ་དམར་པོ་རསྒ་སྙིང་ལ་ཁུག །ཐུམ་སྨྱོ་བཱ་ར་ཛུ། མྱ་ར་ཡ་ཛ་ཛ་ཛ་ཛ། སྤུ་གྲི་རེག་ཆོད་ཅེས་བྱ་བ། །ཨོ་ཤི་མཉུ་ཡ་མ་རྭ་ཛུ་ཨེ་ཀ་ཛ་གི་ཛ་ཛ། ས་མ་ཡ། ཨོ་ཤི་མཉུ་སྙིང་ལ་ཆུམ། དབུགས་ལ་སྨྱོ། སྲོག་རྩ་ཁུག་བཱ་ར་ཡ་ཐུན་སྨྱོ། གར་པ་དྲི་ཛ་ཛུ། སྙིང་དུ་ཁྲག་དུ།སྲོག་ཁུགས་མ་ཡ། ཙ་ཁྲག་ཙིསྟ་ཕྱུང་། དམར་པོ་རསྒ་སྲོག་ལ་ཧུར་ཐུམས་རྦད་རྦད། དམར་པོ་ཡབ་ཡུམ་གསང་པ་སྟེ། །བརྙེ་ནང་འགྲས་གསད་པ་ཡིན། །ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་སྨྱོ་ས་མ་ཡ། ཤི་མཛི་ལྕགས་ཀྱི་སྐྲ་ཆེ་གེ་མོ་མྱ་ར་ཡ་ཧཱུཾ༷་ཕཊ། སྙིང་ཐུམ་དྷི་པ་ཏྲིག་ནན་སྲོག་ལ་ཐུར་ཐུར་གཤོགས་རྦད་རྦད། སྲིན་པོ་ལས་ལ་རྦད་པ་ཡིན། །ཨོ་ཤི་མལྗ་ཀུ་བར་ཛ་ཁ༷་རུ་ལུ་རུ་ལུ་མ་སྨྱོ་ས་མ་ཡ། ཨོ་ཤི་སྒག་རསྒ་རུ་ལུ་སྲོག་ལ་སྦྱོ།དཔྲིས་ལ་ཆུམ། གུ་གུ་ཐུམ། བཱ་ར་ཡ་བ༷་རིལ་ཐུམ་ལི་སྙིང་རྩ་འདུ་འདུ། སྲོག་སྙིང་་ག་ཤད་མ་སྨྱོ། གནོད་སྤྱིན་ཕོ་མོས་གསད་པ་ཡིན། །ཨོ་ཤི་མཉུ་བདུད་པྲ་མ་ཡ་བདུད་སྨྱུ་ར་ཡ། སྙིང་འགོ་ཆོད་དུ་རུ་དུ་སྲ ཧར་ཏི་ཧར་ཏི་དགྲ་བོའི་སྙིང་ཤ་མྱ་ར་ཡ་ཛ། རྩ་ལ་རོག་པ་སྲོག་ཁུག །སྙིང་དུ་ཡ༷། དབུགས་ལ་ཐུམ། ནཱ་ག་གྲོ་ཏ་བ༷་རིལ་རྦད། ནཱ་ག་རྭ་ཛ་་ག་སྒག་སྲོག་ལུབས་རྦད། མྱགས་རྦད། བདུད་ཀྱི་དུག་མདའ་གསད་པ་ཡིན། །ཨོ་ཉི་མཉུ་ཏྲི་ལི་སྲོག་ཁུང་མྱོས་ལིང་ས་མ་ཡ་ཡ། ཤི་པ་ཙ་སྲོག་པ་ཤལ་ཁ་ཐུན་པ་ཙ་བ༷་རིལ་ཏུན་སྨྱོ། རྦད་ཁུག་ཏིར་ཏི་མྱ་ར་ཡ། མྱོས་སྙིང་ཚལ་པ་རྦུད་རྦུད། དུག་བདག་ཤན་པས་གསད་པའོ། །སྒྲོལ་གིང་ཤ༷་ཤ༷་རྩེ་ད་རྩེ་དཤ་ཤ་མ། ཤ་ཤ་རྭ་ཛ་མ་ནི་གིག་ཀ་ར་ཀྲིང་ཀྲིང་ཡ༷་ཡ༷་ཤོག་ཤོག །འདུ་འདུ་ཐུང་ཐུང་ཁྱེར་ཁྱེར། གིང་རྭ་ཛ་མ་ནི་སྦྱོ་སྨྱོ། ཐིག་ནིག་གཅིག་མེད་གཉིས་སྒག །བརྒྱད་གཅད། གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རང་སོད། གླང་ཐོབ། ཐོག་བརྫིས། མཐོངས་རྟོལ། གནད་ཆོད། རྒྱུན་སྟོབས། གཟུགས་ཆོམ། དཔུང་ཤིག །ལྷུར་ཕྱུར། ཡས་རྒྱབ། དུར་ཕུར་སྤྲུགས། ཀླད་པ་ཙཀྲ་ར༷། ཙིཀྟ་ཀུ་རུ་ནན། སོ་ཏྲི་བ་ར༷། སོ་ཏྲི་ནི། དྲི་ཏྲི་རྦད། ཨ་ཡུ་ཆོད། གཉའ་ན་ཁོག །མ་རྭ་ཡ། འདི་ནི་རྒྱུད་གཅོད་དྲག་པོ་སྟེ། །གྲོང་ཁྱེར་བསྒྲེང་དང་ཤོད་རྡེའུ་འགྲང་། །གསད་པའི་སྔགས་ཀྱང་འདི་དག་གོ །གཤིན་རྗེ་དམར་པོ་སྲོག་གི་འཁོར་ལོ་ལསགསད་སྔགས་པའི་རྟོག་པ་སྟེ་བཞི་པའོ།། །།དེ་ནས་ཡང་ཀུན་དགའ་བོས། དྲག་པོ་སྒྲོལ་བ་ལ་གསུངས་པ། ཨེ་མ་གསང་སྔགས་རྣལ་འབྱོར་ཅན། །ཆེ་བ་ཡེ་ཤེས་ལྡན་པ་ཁྱོད། །གསང་སྔགས་རིམ་པ་དེ་ལྟར་ན། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །ངོ་དམར་དགྲ་བོས་བསྟན་པ་འཇིག །རུ་དྲ་བསྒྲལ་བའི་རིམ་པ་གང་། །འཕྲིན་ལས་རྫོགས་པར་བཤད་པ་མཛོད། །དྲག་པོ་སྒྲོལ་བས་བཀའ་སྩལ་པ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །རྟགས་འཛིན་དུས་སུ་དེ་ཉིད་དུ། །བསྟན་པའི་ལྔ་དགྲ་གདུལ་བའི་ཕྱིར། །ཞིང་བཅུ་མ་ལུས་ཉམས་པའི་དགྲ། །མྱུར་དུ་བསྒྲལ་པ་འདི་དག་གོ །རྒྱ་ཤོག་རྒྱུ་ལ་ཨ་མུ་ཀའི། །རྟེན་གྱི་རྫས་དྲུག་དམིགས་པའི་རྟེན། །མི་རྟ་ར་ཡི་ཁྲག་དང་ནི། །བོང་བུའི་བདུད་རྩི་གྲོག་མཁར་བ། །དམིགས་པའི་གཟུགས་བྲིས་གནད་ཡིག་དགོད། །མཐའ་མ་དབྱེ་བའི་སྔགས་ཀྱིས་བསྐོར། །རྩང་བསྐོར་དུག་གིས་མྱོས་པར་བྱེད། ཁ་ཁ་ཧུ་ལུ་འཐབ་ཏུ་གཞུག །གུ་གུལ་སྦྱར་མ་ལ་སོགས་པ། །གདུག་པ་ཀུན་རྨེའི་དུ་བས་བདུག །དབྱེ་བ་རྫོགས་ནས་དགུག་པ་སྟེ། །དཔལ་གྱི་ཕྱག་བརྙན་རྟག་ཏུ་བསྐུལ། །ཨུ་ཀཁོ་ཡས་སྲོག་དགུག་གོ །དེ་ནས་སྟབ་པ་དྲག་ཏུ་བྱ། །སྔོན་དམར་དྲིལ་ཏེ་ཙ་ར་ལའོ། །ར་ནི་འདར་དང་འཚབ་པ་དང་། །སྤྲི་ཞིང་འཇོལ་དང་ཉལ་བ་དང་། །སྐད་འབྱིན་པ་ལ་སོགས་པ་ལ། །ཕྱི་པྲ་རྟག་པ་ཤེས་པར་བྱ། ཁུབ་ན་རེག་ཆོད་དྲག་སྔགས་ཀྱིས། །ཙ་ར་བསྒྲལ་ལ་ནད་པྲ་བལྟ། །སྙིང་དང་སོག་པ་མཆིན་པ་དང་། །རྟགས་ཀྱི་ཚད་མས་གཟུང་བ་བྱ། །སོགས་པའི་མཁའ་དྲུགས་གཅད་ལ། །ཆག་གྲུམ་ཀ་བ་ཆག་པ་དང་། །རྨུ་ཐག་ཆད་དང་རྡོལ་བ་དང་། །མདུང་ཤིང་འདྲ་དང་སྦྲུལ་རྗེས་འདྲ་བ་དང་། །ཧར་ཧོར་རྩ་བ་རྩུབ་བྱུང་བ་ན། །རྩ་བ་བརླག་པར་ཡང་དག་བཤད། །མཆིན་པའི་ས་གསུམ་ཤེས་པར་བྱ། །ཉག་ཉེ་ག་ཧར་ཧོར་གང་ཡང་བཟང་། །སྐྲན་དང་སྐྱ་ཐིག་སྔ་སྔོ་དང་། །པགས་པ་བྱེ་དང་ཁྲ་རྡོལ་ན། །རིམས་དལ་འོང་ཞིང་བཀྲ་མི་ཤིས། །དེ་དག་ཁྲིས་པ་བསྐམས་པ་ན། །ཕྱུགས་དང་རྫས་རྣམས་བརླག་པར་འགྱུར། །སྙིང་ཁུག་མང་ན་ཁྲག་ཏུ་སྒྱུག །ཆུ་ཡིས་ཁེངས་ན་སྨྱོ་འབོག་འོང་། །ཧར་ཧོར་ཉག་ཉེག་བྱུང་བ་ན། །བློ་བུར་དག་ཏུ་འཆི་བར་འགྱུར། །སྲོག་རྩ་སྦུ་གུ་མེད་པ་ན། །སྐྱེ་རྒྱུད་འཆད་པར་ཡང་དག་བཤད། །རྟགས་ནི་གང་དང་གང་བྱུང་ཡང་། །གཡང་གཞིའི་ནང་དུ་དྲག་སྔགས་དྲང་། །འདོད་པ་ཆེ་ཆུང་སྐབས་དང་སྦྱར། །བསྲེག་པའི་ཐལ་བ་ཁ་རུ་བརྫང་། །དེ་ནས་གནས་པའི་ལས་བྱའོ། །བན་དྷི་ནང་འགྲས་རྟགས་འགོར་ན། །རོ་ལངས་ནག་པོའི་ཙཀྲ་དང་། །མུ་སུ་ར་ཡི་ཐོད་པ་དང་། །དུག་དང་རུས་ནག་ཐལ་བ་དང་། །བྱི་ལའི་རུས་པའི་ལྕགས་ཕྱེ་དང་། །དོམ་ཁྲག་སྤྲེའུ་ལྕེ་ཝ་རུས་དང་། །དབྱི་ཁྲས་མངལ་ཁྲག་འབྲུ་གཉིས་ལ། །བསྔགས་ཤིང་གསད་པའི་ལས་ཀྱང་བྱ། །ལྷ་གསས་ཆགས་པའི་བོན་པོ་ལ། །སྦལ་པའམ་སྤྲེའུའི་ཐོད་པ་དང་། །དུག་དང་ཁྲག་དང་སྦྲུལ་ཤས་བྱ། །ཐམས་ཅད་བསྐྱེད་པའི་བུད་མེད་ལ། །ཝ་ཐོད་དུག་ཁྲག་བྲ་བོ་དང་། །བྱེའུ་རིག་པ་ལ་སྔགས་གསད། །མུ་སྟེགས་སྦྱོར་བ་ལོག་པ་ལ། །བུད་མེད་ཐོད་པར་ཁྲག་སྣ་དང་། །མཁྲིས་པའི་རྫས་ཀྱིས་གསད་པ་ཙམ། །སྡིག་ཅན་འགྲོ་བའི་གཤེད་མ་ལ། །གཤོག་པ་ཅན་དང་མཆེ་བ་ཅན། །གདུག་པའི་ཐོད་པར་མཆུ་སྡེར་དང་། །མཚོན་ཆ་སྣ་ཚོགས་སྦྱོར་བས་གསད། །དམ་འདྲེས་ཤིན་ཏུ་རྟགས་འགོར་ན། །ཕག་པའི་ཐོད་པར་མཁས་པས་ཀྱང་། །རྫས་རྣམས་སྦྱོར་བ་བསད་པ་ཙམ། །ཡང་ན་སྲོག་གི་སྒྲུབ་པ་ལ། །སྐྲུ་གྲི་བསྒྱུར་ཡང་མྱུར་དུ་ནི། །བརླག་པར་དཔའ་བོས་ཡང་དག་བཤད། །ཟ་བྱེད་གདུག་པའི་གཤིན་རྗེ་སྟེ། །ཚེ་སྲོག་འཕྲོག་པའི་ལས་སུ་བཤད། །གཤིན་རྗེ་དམར་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། །འཕྲིན་ལས་དྲག་པོའི་རྟག་པ་སྟེ་ལྔ་པའོ།། །།དེ་ནས་ཀུན་དགའ་བོས་གསོལ་པ། །དྲག་པོ་སྒྲོལ་བའི་སྐུ་མཆོག་ཁྱོད། །འཕྲིན་ལས་སྒྲོལ་བའི་རིམ་པ་དེ་ལྟར་ན། །སྔགས་འཆང་རྣལ་འབྱོར་ཆེན་པོ་ཡིས། །ལས་རྣམས་ཀུན་གྱིས་མ་གྲུབ་ན། །སྤོགས་པའི་ཆོ་ག་གང་ལ་བགྱི། །གནད་གཅོད་དྲག་པོ་ཇི་ལྟར་ལགས། །སྲོག་གི་འཁོར་ལོ་གང་ལ་བགྱི། །ཡེ་ཤེས་ཆེན་པོས་བཤད་པར་མཛོད། །དྲག་པོ་སྒྲོལ་བས་བཀའ་སྩལ་པ། །ལས་རྣམས་གང་ཡང་མ་གྲུབ་ན། །བཤགས་པ་བྱས་ལ་བསྙེན་པ་སྤོགས། །རྟགས་ཀྱི་དྲོད་རྟགས་ཚད་མས་གཟུང་། །འཕྲིན་ལས་རིམ་པ་སྤོགས་ཤིང་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །བསྒྲལ་བའི་གཡང་གཞིར་འཁོརལོབྲི། །ཙིསྟའི་ནང་དུ་མིང་བཅུག་ལ། །འཁོར་ལོ་སྟེ་དབུས་ཨེ་ལའོ། །ཞག་གྲངས་གསུམ་གྱི་བར་དག་ཏུ། །ཕོ་སྔགས་མོ་སྔགས་ཉིན་མཚན་བརྡེག །སྐབས་སུ་སྔགས་ཀྱི་གྲོང་ཁྱེ་བསྒྲེང་། །སྲོག་གཅད་གནད་གཅོད་དུ་མ་རེའོ། །ངེས་བར་རྫོགས་དང་མནན་པ་བྱ། །རྒྱ་རྫོགས་མཐའ་རུ་རུ་ཁུགས་བྱ། །ཨོ་ཤི་མཉུ་ཡ་མ་རྭ་ཛ་ཨེ་ཛ་ཞི་ཛ། ཕོག་རསྒ་མུ་རུ་ལུ་རུ་ལུ་སྨྱོ། ཕོ་མོའི་དྲིལ་སྔགས་ངེས་པར་གཅོད། །བདུད་ཀྱི་ཤོད་རྡེའུ་འགྲང་ཞིང་བརྡེག །རྫོགས་ནས་གདུག་པའི་གནས་སུ་གཏད། །དེས་ཀྱང་གྲུབ་པར་མ་གྱུར་ན། །ཡང་གསང་སྙིང་པོའི་སྦྱོར་བ་བརྩམ། །ཙིསྟ་དཀྲུག་པའི་འཁོར་ལོ་བཅའ། །བསེ་བྱང་གཉིས་ནི་ལྡིན་དུ་གཞུག །ཞག་གསུམ་བར་དུ་འཁོར་ལོ་དཀྲུག །མཐའ་རུ་བཟློག་སྔགས་ལྟོ་ནས་བཟློག །ལྷ་ནི་གནད་ལ་དབབ་པ་སྟེ། །བྱ་བ་སྔགས་ན་རང་སྲོག་གཅོད། །དྲོད་ཚད་རྟགས་ཀྱི་ཚད་པས་གཟུང་། །ཛ་ཏི་ཛ་ག་ཨེ་ཙ་ར་མ་ཡལྷུཔ་ན་ཤི་ཨོ། དགྲ་བོ་སྨྱུ་ར་ཡ་དྲི། སྐྲ་ཀྱི་ལྕགས། ཐུ་པིས་ཐུ།ཆུམས་ལ་སྤྲིས། མེར་ལ་བཤོལ། རྔ་མ་ལ་གསོད་དེ་རྣལ་མ་རྣལ་ཤིག་ཤིག །དུམ་དུམ། པྲ་པྲ། རུ་རུ་འདར་ཁ་མ་ཕྱེ་པུ་རྦད་ཤ་ཡག ཁྲ་དྲི་དུ་ག་ཤང་ལིང་ཏི། ག་་པོ་ཡ༷་ཡ༷། སྒྲོལ་གིང་ཡ༷་ཡ༷། མ་རུ་ཙེ་ལས་ལ་ཡ༷་ཡ༷། ཙ་ལ་ཧུར་ཐུམས་སྲོག་ལ་ཡ་ཡ། དུ་ན་ཛ་དུ་ལིང་། ཀྲད་དེ་ཀྲད་དེ་ཛ་ཛུ་ཀྲིང་ཀྲིང་། རྭ་ཛ་མ་ནི་ཤད་ཤད་ཧ༷་ཧ༷་མ་ར་ནི་ཛ་ཛ། ཕོ་སྔགས་ལྷོ་ནས་བཟློག་པ་སྟེ། །སྙིང་ཁྲག་འཛག་པའི་སྔགས་སུ་འདོད། །ཛ་ཏི་ཛ་ཀ་ཨེ་ཛ་ར་མ་ཡ་མསྣྲུཤིཨོ། སྨྱོརུལུ་རུ་ལུ་སྨྱོ། ཏྲ་མུན་ཁ་རག་སྨྱོ། ཏྲ་མུན་ཁ་རག་སྨྱོ། རུ་ལུ་ལུ་མ་མ་སྨྱོ། ཧི་མ་ལ་ཁ་ཙ་ཙ། མོ་རག་ཛ་ཛ་ཛ། ཀུམ་ཏེ་མོ་རག་སྨྱོ། རུ་ལུ་རུ་ལུ་མུ་ཤ་རག་ཏྲག་ཡ་བ་ཏི་སུ། ཏ་ཙི་ར་བ་ར་ཤོ་གི་ཡོ་ཏ་ཙི་མ་ཡ་ཧཱུཾ༷་ཕཊ། ཀྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཙིན་དྷ་མ་རོལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀང་ཀ་ཡ། མ་མ་མ་མ་ལ་ཡ༷་དགྲ་བོ་ལོ་རྣོ་རྩེ་མགྲིན། གཡས་ལ་ཡ་མ་ཏི་ཏ་བོད། པུ་ཐུ༷་རི་ལི་ལི། ཤ་ཏི་ཏི་སྟ་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་མ་ར་ཡ་ཏ་སྟ་རྦད་ན་ཐུ༷་རི་ལི་ལི། མོ་སྔགས་ལྟོ་ནས་དཀྲུག་པའོ། །དཀྲུག་བཟློག་དྲག་པོའི་དུས་དག་ཏུ། །ཁྲག་དུག་ཏིལ་དང་སྙིང་ཕྱེ་བསྲེག །བྱ་བའི་གོས་ཀྱང་ལོགཔརབགོ །གཤིནདམིགབཟློག་ཅིང་བསྐོར་བ་བྱ། །དེ་ལྟར་བྱས་ན་ལྷ་ཡང་ཡང་འཆི། །བསྟན་པ་ཉམས་སམ་ལས་རྡུགས་ན། །ལས་འདི་བྱ་བ་མ་ཡིན་པ། །ཡ་བ་ག་ཤ་རར་བཤད་པ་ཡིན། །སྔགས་བདག་ཉིད་ཀྱང་འཚེ་བྱེད་བཟློག །རྣལ་འབྱོར་དགོངས་པ་མ་ནོན་ན། །འཁོར་དུ་བཀྲ་མི་ཤིས་པའམ། །སྒྲོལ་གིང་ལས་ནི་མི་བྱེད་ན། །སྐབས་སུ་བཟློག་སྔགས་བཟླས་པར་བྱ། །ཞེས་གསུངས་སོ། །གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ལས། གནད་བཟློག་དྲག་པོས་གཟིར་བའི་ལེའུ་སྟེ་རྟོག་པ་དྲུག་པའོ།། །།དེ་ནས་དྲག་པོ་སྒྲོལ་བའི་སྐུ། །མཆོག་གིས་འདི་སྐད་ཅེས་གསུངས་སོ། །བསྟན་པ་རིན་ཆེན་རྒྱ་ལམ་གཅིག །རྨོད་པའི་རྒྱལ་པོ་ཉེ་བའི་ལམ། །དྲག་པོ་ཤུགས་ཀྱིས་སྒྲོལ་བ་ཡི། །ཟ་བྱེད་རོལ་བའི་ཏན་ཏྲ་འདིས། །ཆོས་ཉིད་དབྱིངས་ལས་ཐུགས་རྗེའི་སྐུ། །དཔའ་བོ་རྔམ་པ་གཅིག་པུ་པ། །ཡེ་ཤེས་ཆེན་པོ་བདེ་བའི་ལམ། །སྨོད་པའི་རྒྱལ་པོ་ངེས་ཤར་བའོ། །ཐབས་དང་ཤེས་རབ་ངེས་པའི་བཀའ། །ཡང་གསད་ཡན་ལག་ཉེ་བའི་སོ། །སྲོག་བདག་ཤན་དམར་གདུག་པའི་དཔལ། །ཟ་བྱེད་རོལ་པ་ཞེས་སུ་བཤད། །སྙིང་པོ་ཉེ་བ་བཀའ་རྒྱུད་འཛིན། ཁྲེས་རབ་དབང་གི་བརྡ་ཡིས་སོ། །མྱུར་མགྱོགས་སྒྲོལ་བ་ལིང་གི་རྒྱུད། །སྲོག་ལ་ཤན་པ་བསྐུལ་བ་འདི། །ལྷ་དང་མཁའ་འགྲོ་རིག་པ་འཛིན། །ལྷ་ཀླུ་དྲེགས་པ་མི་བཟད་རྗེ། །གཤིནརྗེགཤེད་ཀྱི་དགེ་འདུན་ཀུན། །ང་ཡི་བཀའ་རྒྱུད་རོལ་པ་འདི། །མ་འོངས་དུས་ན་གང་སྤྱོད་པའི། །རྣལ་འབྱོར་སྒྲུབ་པའི་ལས་གྱིས་ཤིག །ང་ཡང་དམ་ལས་མི་འདའ་སྟེ། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །གལ་ཏེ་འདས་ན་དྲེགས་པ་ཡིས། །སྙིང་ཁྲག་འདྲེན་དང་སྟོབས་འཇོམས་སོ། །ཡ་ག་ཤ་ཡསྒ་ས་མ་ཡ་ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་དགའ་མགུ་ཡི་རངས་་་་་ང་་་ང་་ངལེསྟེ་ངབྱེང་་ཞེ་ཏ་མངན་པར་བསྟད་ད། །གཤན་རྗ་དམར་པ་ཤན་པ་སྲག་ག་འཁར་ལ་ལས། རྒྱུད་གཏད་པའ་ འུ་ ་བདུན་པའ།། །།རབ་ཏུ་གསང་བའ་རྒྱུད་ཟ་ ད་ཤན་པའ་འཁར་ལ་ ས་བྱ་བ་རྫགས་་་ང་ང་འིང་ང་་ང་ངརྙེཁྲིས།། །།སྲག་བདག་ཤན་པའ་རྒྱུད། གནད་སྦྱན་དྲ་བ་ནག་པ ་རྒྱུད་ཕྱ་མ་འཕྲ་རྒྱུད་ལགས་ས། །བལ་ཡུལ་གྱ་རྒྱལ་པ་བ་སུ་དྷ་ར་དང་། ཨབྱ་བ་དྷ་དང་། བླ་མ་ཁྲག་འཐུང་ཉད་དང་། བད་ཀྱ་བན་ ་ ་གཙུག་གིས། བྷར་ཧ་ཡི་བྲག་ཕུག་ཏུ་བསྒྱུར་བའོ། །ས་མ་ཡ། རབ་ཏུ་གསང་བར་གསུངས་སོ། ་༑༷༷རྒྱ་རྒྱ་རྒྱ།། །།