Ngb-pt-0662-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རོ། །ཀུན་ལ་སྤེལ་ན་མཁའ་འགྲོ་དངོས་སུ་ཡོད་པའོ། ཁེན་ཏུ་གསང་ངོ་། །རྒྱ་རྒྱ་རྒྱ།། །། རྒྱ་གར་སྐད་དུ། ཨརུམསྣྲུཤིཡ་མུརྙ་ཀ་མརྙ་ཏནྟྲ་ཙཀྲ་དེ་སྟེ་དྷི་ཀྲི་སྣ་ནཱ་མ། ཏནྟྲ་རྭ་ཛ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་རྒྱུད་འཁྲུལ་འཁོར་ནག་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཐམས་ཅད་སྐུ་གསུམ་བདེ་བ་གཅིག །ཟུངས་ཐུབ་མཚན་མ་སྤངས་པ་ཡི། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། རང་བཞིན་ལྷུན་གྱིས་གྲུབ་པ་ཁྱབ་བརྡལ་ཆེན་པོའི་ཀློང་། ཡེ་ཤེས་རིན་པོ་ཆེའི་རྒྱུད་དང་ལྡན་པ། ཕྱི་དང་ནང་དུ་མེད་པ་གྲུ་གསུམ་མཐིལ་ནག་འབར་བའི་གཞལ་ཡས་ན། བཅོམ་ལྡན་འདས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེ་གཤེད་ཅེས་པ། མ་སྐྱེས་པ་སྐྱེ་བ་མེད་པ་ལས་རྡོ་རྗེ་ཁྲོ་བོ་འབར་བའི་སྐུར་བཞེངས་ཏེ། དཔའ་བརྟུལ་འབར་བས་གདུག་པ་འདུལ་ཞིང་བཞུགས་སོ། །དེའི་ཚེ་སྙིང་པོ་ཁྱད་པར་ཅན་མཁྱེན་པའི་རིག་པ་ཅན་ཡ་མ་ལག་ན་རྡོ་རྗེ་དང་། ཡེ་ཤེས་ཆེན་པོ་བཞི་ལས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་དང་། ང་རྒྱལ་རྡོ་རྗེ་ཞེས་བྱ་བ་དང་། འདོད་ཆགས་རྡོ་རྗེ་ཞེས་བྱ་བ་དང་། ཕྲག་དོག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་དུས་གསུམ་གཅིག་པའི་དེ་བཞིན་གཤེགས་པ་རྣམས་དང་། མ་སྐྱེས་ལམ་ལ་མདུན་པའི་རིག་པ་ཅན་རྣམས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་ཡུམ་ཆེན་མོ་སྐྱེ་འགག་གཉིས་མེད་དུ་ཤར་ཏེ། བཛྲ་པེ་ཏ་ལི་དང་། རྡོ་རྗེ་རྒྱལ་མཆོག་མ་དང་། རིན་ཆེན་རྒྱལ་མཆོག་མ་དང་། པདྨ་རྒྱལ་མཆོག་མ་དང་། ལས་ཀྱི་རྒྱལ་མཆོག་མ་སྟེ། གཤིན་རྗེ་མཁའ་འགྲོ་ཆེན་མོ་རྣམས་རང་རང་གི་གཙོ་བོ་ལ་འཁྲིལ་ཏེ་བཞུགས་སོ། །གཞན་ཡང་འཇོམབྱེདགཤིན རྗེའིཚོགས། ཁྲམ་བདག་ཆེན་པོ་ཡབཡུམདང། གཤིནརྗེའིསྔགས་པ་ཕོ་ཉ་མང་པོ་དང། ལསཀྱིགཤིན རྗེབྲནགྱིཚོགས། གཤིནརྗེསྤུགྲིམ་དང་། ལྕགས་ཀྱུ་མ་དང་།ཟོར་ཐོགས་མ་དང་། ཁྲམ་ཐོགས་མ་དང་། གཤིན་རྗེ་སྐྱེས་བུ་ནག་མོ་དང་། བེ་ཅོན་མོ་དང་། མཚན་མོ་དང་། དུས་མཚན་མོ་དང་། གཤིན་རྗེ་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལུ་གུ་རྒྱུད་མ་དང་། འབེབས་མ་ལ་སོགས་པ་དང་། གཞན་ཡང་གཤིན་རྗེ་ཆེན་པོ་འཇོམས་བྱེད་འབར་མའི་ཚོགས་དང་། ཟ་བྱེད་ཀྱི་ཚོགས་དང་། གསོད་བྱེད་ཀྱི་ཚོགས་དང་། མ་གདོན་ཆེན་མོའི་ཚོགས་དང་། འཆི་བའི་བདག་དང་། སྲོག་གི་བདག་མོ་དང་། ཚེའི་བདག་པོ་དང་། བདུད་དང་། སྲིན་པོ་དང་། ཀླུ་དང་། གནོད་སྤྱིན་གྱི་ཚོགས་ཐེར་འབུམ་བྱེ་བ་ས་ཡ་སྤྲུལ་པ་དང་། ཡང་སྤྲུལ་འཁོར་ཕོ་དང་མོ། ཡང་གཡོགས་འཁོར་དང་བཅས་པ་ནི། ཤན་པ་གྲི་དང་སྐྲུ་གྲི་ཐོགས་པ་ཤ་སྟག་དང་། མཆེ་བ་ཅན་དང་། གཤོག་པ་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་སྐུ་ལ་ཡོངས་སུ་བསྐོར་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབར་བ་གཏུམ་རྔམ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ཏེ། འོད་ཟེར་འབར་བ་རབ་ཏུ་འཁྲུགས་པས་ཐམས་ཅད་དུ་ཁྱབ་པར་བྱས་ནས། ཨ་ལ་ལའི་གད་རྒྱངས་ཆེན་པོ་བསྒྲགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ།འཁོར་ཐམས་ཅད་ཀྱང་རབ་ཏུ་བརྒྱལལོ། །དེནསགཤིནརྗེརྒྱལཔོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་མི་རྟོག་དབྱིངས་ནས་ཐུགས་རྗེ་ཡིས། །ཡེ་ཤེས་ཆེན་པོའི་སྐུར་བཞེངས་ནས། །ཆོ་འཕྲུལ་འཇིགས་རྔམ་ངོ་མཚར་ཆེ། །འཇིག་རྟེན་ཁམས་འདི་རབ་ཏུ་གཡོས། །འཁོར་རྣམས་འཁམས་ཤིང་ཐུགས་བརྒྱལ་ཞིང་འགྱེལ། །སོ་སོ་སྲོག་དང་ལྡན་པར་མཛོད། །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་བརྒྱལ་བ་ལས་བསླང་བའི་ཆེད་དུ་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ཉིད་དུ་འཁོར་བརྒྱལ་བ་དེ་དག་ལངས་ཏེ། རང་རང་གི་སྲོག་གི་སྙིང་པོ་དེ་ཁོ་ན་ཉིད་མདོངས་གསོལ་དུ་ཕུལ་ནས། སོ་སོ་ནས་ལུས་བཏུད་ནས་འཁོར་ན་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་མངོན་པར་མདུན་རིག་ནས། ཆོས་ཐམས་ཅད་མི་གཡོ་བ་ཞེས་བྱ་བར་ཁྱབ་པར་མཛད་པས་རང་བཞིན་འདི་དག་བསྟན་ཏོ། །ཨེ་མ་སྣ་ཚོགས་སྣང་བའི་ཆོས། །མ་སྐྱེས་ཡེ་ནས་གཉིས་སུ་མེད། །རྒྱུ་དང་རྐྱེན་མེད་རང་བྱུང་ཆེ། །དེ་ལ་ཀུན་འབྱུང་ཐབས་མཐའ་ཡས། །འགྲོ་བ་མ་ལུས་ང་ཡིན་ཏེ། །ང་ནི་དུས་གསུམ་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་བྱུང་། །ང་ནི་དུས་གསུམ་ད་ལྟར་གནས། །ཐམས་ཅད་ང་ཡི་རང་བཞིན་ལས། །མ་གཡོས་གཡོར་མེད་ཅིར་མེད་ཅིར་ཡང་གསལ། །སྙིང་པོ་ཉིད་ལ་གཡོ་བ་མེད། །ཅེས་གསུངས་སོ། །དེནསཡངགཤིནརྗེའིརྒྱལ་པོས་གསོལ་པ། ཀྱེ་མ་ཀུན་གྱི་རང་བཞིན་ཁྱོད། འཇིགས་བྱེདཆེནཔོགཤིནརྗེགཤེད། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །ཆེ་བའི་ཡོན་ཏན་རྒྱས་པར་མཛོད། །ཐུགས་རྗེས་འགྲོ་བའི་དོན་མཛོད་ཅིག །ཅེས་པ་དང་། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་འགྲོ་བ་ཡོངས་སུ་བསྟན་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཨེ་མ་ང་ནི་གཤིན་རྗེ་གཤེད། །འབར་བྱེད་འཇིགས་པའི་གར་དགུ་པ། །མ་ལུས་འཇིག་རྟེན་དུས་གསུམ་ཉམ། །ཕུང་པོ་ལྔ་ཉིད་རང་རྫོགས་གཤེད། །འབྱུང་བ་ཡུམ་མཆོག་ལྔ་རུ་གྲོལ། །རྣམ་ཤེས་ཚོགས་བརྒྱད་རྫོགས་པ་གཤེད། །འཆི་བདག་ཚོགས་རྫོགས་བཅུ་གཉིས་སོ། །དུས་དང་ཡུམ་སོགས་མཆོད་སྤྱིན་ཡུལ། །ཡན་ལག་ལོངས་སྤྱོད་སྒོ་སྐྱོང་ཚོགས། །རྒྱལ་བ་གཅིག་གི་ཡེ་ཤེས་འདི། །སྣ་ཚོགས་ལས་ལ་འགྲོ་བ་རྣམས། །བདག་ཉིད་ཆེན་པོའི་ངང་དུ་རྫོགས། །རང་ལས་བྱུང་ཞིང་སྤྲུལ་པར་སྣང་། །དོན་དམ་གཉིས་མེད་གཅིག་ཏུ་དཔའ། །གཤིན་རྗེ་གཤེད་པོ་དགྲ་ལས་རྒྱལ། །ཉིད་ལས་གཞན་དུན་དངོས་མི་བཙལ། །ཞེས་གསུངས་སོ། །དེ་ནས་ཡང་དེ་ཉིད་དུ། །རྣམ་དག་ཆོས་སྐུ་གཉིས་མེད་མཁའ། །ཆོས་འཕྲུལ་སྣ་ཚོགས་འཇིགས་པའི་སྐུ། །འགྲོ་དོན་ཐུགས་རྗེས་མཛད་པ་གང་། །ཞེས་གསུངས་སོ། །དེ་ཉིད་སྐྱེ་འགག་གཉིས་མེད་ཀྱི་དེ་ཁོ་ན་ཉིད་འདི་དག་གསུངས་སོ། །སྐྱེ་འགྲོ་མ་ལུས་ཆོས་སྐུ་བདེ་བའི་ངང་། །ཡེ་ཤེས་ཐམས་ཅད་བདེ་བའི་ངང་དུ་རྫོགས། །འཁོར་བའི་སྐྱོན་བྲལ་བསམ་དཔག་མེད། །འདུལ་བའི་དབང་གིས་སྣ་ཚོགས་གཟུགས་སུ་བསྟན། །འགྲོ་བ་ལས་ཀྱིས་རྨོངས་པ་ལ། །གདུང་བ་སྐུ་ཡི་ལས་དྲིལ་བསྟན། །ཁམས་ལྔ་དབྱིངས་སུ་བདེ་བའི་བཅུད། །སངས་རྒྱས་སྐུ་བདག་ལྔ་ཡི་ངང་། །ལྔ་གཉིས་སྟོབས་བདག་རང་གནས་མཆོག །མཚོན་ཆའི་རྒྱལ་པོ་འཁོར་ལོ་ཅན། །བསྟན་དང་གྲོལ་བ་སེམས་དཔག་མེད། །དབང་པོ་བསྟན་དང་རྡོ་རྗེ་མ། །ཡ་མ་རྡོ་རྗེ་སྙིང་པོ་ཆེ། །མེ་ཆུ་འབྱུང་བཞི་བསྟན་དང་འཕོ། །ལས་ཀྱི་འདྲེན་པ་སྲོག་ལུས་བརྒྱན། །དྲེགས་པ་དབང་ཕྱུག་བདེ་བའི་གནས། །འཕོ་བ་གསུམ་གྱི་བདག་ཉིད་ཅན། །དུག་ལྔའི་ནད་ཅན་འགྲོ་བ་ལ། །གཤིན་རྗེ་ནག་པོ་བདུད་དང་གཤེད། །སྔགས་ཀྱི་དམོད་པ་མཚོན་ཆ་དབབ། །རང་བཞིན་སྤྲུལ་པ་སྒྲུབ་བྱེད་ལས། །ཡེ་ཤེས་ལྷུན་གྲུབ་གཤིན་རྗེ་གཤེད། །འཇིག་རྟེན་འདས་དང་མ་འདས་པའི། །དྲེགས་པ་ཕོ་མོ་བཀོལ་འདོད་པས། །སྲོག་དང་སྲོག་བརྟག་སྲོག་དབྲོག་ཕྱིར། །འཇིག་རྟེན་སྲོག་གི་དགོངས་པ་བཤད། །འཁོར་ལོ་རྒྱལ་པོ་ཞེས་བྱ་བ། །འཁྲུས་མིག་དྲག་པོ་ཞབྲུལ་འཁོར་གྱི། །རྒྱུ་དང་ཚད་དང་གཟེར་དང་གནད། །བསྙེན་དང་བསྒྲུབ་དང་ལས་དང་གཟིར། །དུས་དང་གནས་དང་རྫས་དང་ཐབས། །ཕྱོགས་དང་བླང་རྫས་དགོད་དང་འཕོ། །ལྡོག་དང་འཁྱམ་བྲལ་གཅོད་དང་བཟློག །རྫས་དང་གནས་དང་རྒྱུད་དང་མཐུན། །གཞན་བཟློག་དཀྲུགས་སྤོག་གཟིར་དང་བླང་། །ལས་དང་ཐུན་མོང་དངོས་གྲུབ་མཆོག །ལུས་དང་ཡན་ལག་ཐབས་དང་གནད། །འཁོར་ལོ་རིན་ཆེན་སྒྱུ་མ་བརྡེར། །དབང་ཅན་བྲན་དང་ལས་དབང་གཡོག །མུན་ཁང་མཚོ་གླིང་གཤིན་རྗེའི་གནས། །ནམ་མཁའི་རྒྱལ་པོ་ཁམས་དང་བཅུ། །སོ་ཡི་སྒྲ་དང་རང་དབང་རྫོགས། །གསང་མཆོག་རླུང་ཁམས་ཡན་ལག་ལུས། །གཅོད་པའི་མཚོན་ཆ་གཤེད་དབང་བསྒྱུར། །མེ་ཡི་འཇིག་པ་ཡང་དག་བསྐྱེད། །ལས་ཀྱིས་སྦྱོད་པའི་སྙིང་པོ་ངས། །དོན་དང་སྦྱར་བའི་ལས་སྦྱངས་ལ། །གསང་ཆེན་ཐིག་ལེ་ནམ་མཁའི་ཁོངས། །རིག་པ་ཕྱག་རྒྱ་ཆེན་པོའི་སྟོབས། །ལྟ་སྤྱོད་བསྒྲུབ་དང་འཁོར་ལོ་དབང་། །དམ་ཚིག་སྔགས་དང་ཕྱག་རྒྱ་སྟེ། །གཞི་དང་ལམ་རིམ་སྦྱོར་བའི་ཚད། །ཡང་དག་རྫོགས་པའི་རྒྱལ་པོས་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་རྟོག་པ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་བར་བྱ་བའི་ཕྱིར་ལྷུན་གྱི་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ཡུམ་དྷ་ཏུ་ཤྭ་རི་མས། མི་རྟོག་པའི་དབྱིངས་ཆེན་པོ་ལ་དམ་པའི་གླུ་འདི་དག་བརྗོད་དོ། །ཨེ་མ་ཧོ་མི་གནས་མི་རྟོགས་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅིར་ཡང་མ་ཡིན་ཅིར་མ་ཡིན། །རང་བྱུང་རང་བཞིན་བརྗོད་དང་བྲལ། །ཅེས་གསུངས་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡུམ་གྱི་དབྱིངས་སུ་གྱུར་ཏོ། །དེ་ནས་མི་རྟོག་པའི་ངང་ལས་བསྐུལ་བ་འདི་དག་བརྗོད་དོ། །མ་བཅོས་ལྷུན་མཉམ་ཐིག་ལེའི་ངང་། །སྙིང་རྗེ་རང་བཞིན་མེད་པར་ཁྱབ། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་ནོ། །ཞེས་ཆེད་དུ་བརྗོད་པས། ཡེ་ཤེས་ཀྱི་འོད་ཟེར་རང་བཞིན་གྱིས་གསལ་བ་ཞེས་བྱ་བར་གྱུར་ཏེ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཡོངས་སུ་བདལ་ཏོ། །ཁྱབ་གོ །དེ་ནས་གཤིན་རྗེའི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། དུས་གསུམ་ཀུན་ཏུ་འབྱུང་བའི་དཔལ། །ཞི་བའི་ངང་ལས་འཇིགས་པའི་སྐུ། །མ་རུངས་པ་དག་འདུལ་མཛད་པ། །ཁྲོ་བོའི་དཀྱིལ་འཁོར་འབྱུང་བར་འཚལ། །ཞེས་བརྗོད་པས། རང་བཞིན་གྱི་དཀྱིལ་འཁོར་འདི་གསུངས་སོ། །ཡེ་ཤེས་གཞལ་མེད་ཕོ་བྲང་མཆོག །སྟེང་འོག་འཁོར་ལོ་པདྨའི་བར། ཁྲུ་བཞི་རིན་ཆེན་རྒྱུ་དང་ལྡན། །ཐོད་པ་ཀེང་རུས་རྩིགས་པར་བཅས། །སྒོ་བཞི་གྲུ་ཆད་ཁྱམས་དང་འགྲམ། །རྟ་བབས་བཞི་དང་ཏྭ་ར་ན། །ལྷུན་པོ་བཞི་དང་ལྡན་པའི་གནས། །ནོར་བུ་རིན་ཆེན་ཀེང་རུས་ཀྱི། །ཀ་བ་བརྒྱད་དང་དེ་བཞིན་གདུང་། །ཚངས་པའི་དྲལ་ལྕམ་ཞིང་རུས་བཅས། ཐོད་པ་ཞིང་ཆུང་རྒྱུ་མ་ཡིས། །བླ་འོག་དྲ་བར་སྤྲས་པའོ། །སྟག་གཟིགས་སེང་གེ་མ་ཧེ་གླང་། །ཆུ་སྲིན་གནམ་ལྕགས་སྒོ་ལ་མཛེས། །འདོད་ཡོན་ལྷ་མོ་དུར་ཁྲོད་བརྒྱན། །རིན་ཆེན་ཕ་ཁུ་ཐོད་པ་ཞིང་། །དྭ་བ་དྲུ་ཕྱེ་དྲིལ་བུ་དང་། །ཞིང་ཆུང་རྒྱན་གྱིས་མཛེས་པའོ། །རྡོ་རྗེ་མེ་རི་འཕྲེང་བའི་བར། །དུར་ཁྲོད་གླིང་དང་ཁྲག་མཚོ་དང་། །ཞིང་དང་ཀ་རྟེན་ལ་སོགས་བརྒྱན། །ཆོས་ཀྱི་འབྱུང་གནས་ཀྲིས་སྣ་སྟེ། །དབང་གི་ཁོར་ཡུག་དམར་པོ་ཡིན། །ལྷག་པའི་ཡེ་ཤེས་ཐོད་མཁར་བཞི། །ཕྱི་རིམ་དྲུག་གཉེས་འཁོར་ལོ་རྩིབས། །བར་ཁྱམ་སྒོ་བཞི་དག་དང་ལྡན། །ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཕྱི་ནང་མེད་པ་ཀུན་ཏུ་ནང་། །འཆི་བའི་བདག་གམ་གཤིན་རྗེ་སྟེ། །ཡི་དྭགས་ཆེན་པོ་ཁྱོ་ཤུག་བསྣོལ། །དྲི་ཟ་ཡི་དྭགས་ཀླུ་བདག་དང་། །གནོད་སྤྱིན་ཕོ་མོ་གདན་དུ་གདིང་། །རྫོགས་པ་ཆེན་པོ་ཡི་གེའི་སྐུ། ཁུ་འབྲས་ཡོངས་རྫོགས་དེ་ཉིད་དེ། །ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །འོད་ཟེར་འཕྲོ་འདུ་སྦྱོར་བ་ལས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །རང་གི་ཚིག་གིས་བསྐུལ་བ་ཡིས། །ང་ཡི་གཟུགས་སུ་གྱུར་པར་བྱོས། །ཆར་སྤྲིན་ནག་པོའི་མདོག་འདྲ་ལ། །ཞལ་དྲུག་ཕྱག་ནི་བཅུ་གཉིས་སོ། །དབུས་ཀྱི་ཞལ་ནི་མཐིང་ནག་ལ། །གདངས་ཤིང་མཆེ་བ་གཙིགས་པའོ། །གཡས་པ་ཀུ་མུ་ཏ་དང་མཚུངས། །ལྕེ་ནི་འདྲིལ་ཞིང་རློབ་པར་མཛད། །གཡོན་པ་ཁ་དོག་དམར་པོ་སྟེ། །ཞལ་ནི་ཅུང་ཟད་བཙུམ་པའོ། །སྟེང་གི་ཁྲོ་ཞལ་མཐིང་ནག་སྟེ། །ཡ་སོས་མ་མཆུ་མནན་པའོ། །ཞལ་གཡས་སྔོན་པོ་རྒོད་པ་སྟེ། །གཡོན་པ་ལྗང་ནག་མཆེ་བ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས། །ཐོད་པ་སྦྲུལ་དང་ཞིང་ཆུང་བརྒྱན། །ནོར་བུ་རིན་ཆེན་ཉི་ཟླས་མཚན། །གླང་ཆེན་སྟག་དང་ཞིང་ལྤགས་དང་། །ཁྲག་ནག་ཐལ་བས་སྐུ་བརྒྱན་ཏེ། །གར་དགུ་སྟབས་དགུ་འཇིགས་པར་མཛད། །ཞབས་བརྒྱད་མ་ཧེ་སྨུག་པོ་བརྫིས། །མཐིང་ནག་གྱད་ཀྱི་འཇིག་ཚུལ་ཅན། །རྡོ་རྗེ་རྒྱ་གྲམ་རྔེ་ཆུང་དང་། །རྡོ་རྗེ་ལྕགས་ཀྱུ་རལ་གྲི་དང་། །དགྲ་སྟ་མདུང་ཐུང་གཡས་ནའོ། །དུང་ཆེན་དམར་གྱིས་བཀང་བ་དང་། །རྒྱུ་ཞགས་ཞིང་ཆུང་མདའ་གཞུ་དང་། །སྡིགས་མཛུབ་བེ་ཅོན་གཡོན་པ་སྟེ། །འཇིགས་པ་ཡིས་ནི་འཇིག་པར་མཛད། །དུས་མཐའི་མེ་ལྟར་བཟོད་པར་དཀའ། །པེ་ཏ་ལི་དང་རལ་གཅིག་མ། །གཡས་ན་བཀའ་སྡོད་འཇིགས་པར་གནས། །གཡོན་ན་འཁྲིལ་འཁྱུད་བདེ་སྦྱོར་མ། །དུར་ཁྲོད་རྒྱན་ལྡན་ཐོད་པ་སྟོབ། །གདན་ལ་རྒྱུ་ཡི་ཡི་གེ་སྟེ། །ས་བོན་ལས་ནི་སྐུར་གྱུར་པ། །སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །ཞབས་བཞིས་ཕྱོགས་བཞིར་དྲེགས་པ་བརྫིས། །གཤིན་རྗེ་མཁའ་འགྲོ་གསང་བའི་ཡུམ། །རང་རང་གཙོ་ལ་རིམ་པས་འཁྲིལ། །གཡས་པ་ཞིང་དབྱུག་རྡོ་རྗེ་གྲི། །གཡོན་ན་འཁོར་ལོ་ཐོད་པ་རོ། །དུར་ཁྲོད་རྒྱན་དང་ལྡན་པའོ། །འོད་དང་མེ་རི་རབ་ཏུ་འཁྲུག །བཅུ་གཉིས་སྟེང་དུ་གཤིན་རྗེ་སྟེ། །བདུད་འཇོམ་དམར་པོ་དྲག་འཇོམས་དང་། །མིག་དམར་ལྕོགས་པ་མགོ་དགུ་དང་། །ལྷ་མཆོག་དུད་ཁ་གླང་མགོ་ཅན། །ཡ་བ་ཏི་དང་རྟེལ་པ་དང་། །སྟག་མགོ་ནག་པོ་ཕྱ་སངས་དང་། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །སྔོ་སྐྱ་སྨུག་ནག་དམར་སྐྱ་དང་། །སེར་ནག་སྔོ་སྐྱ་ལྗང་ནག་དང་། །དམར་ནག་དམར་སྐྱ་ལྗང་ནག་དང་། །མཐིང་ཁ་དཀར་དང་ལྗང་ནག་སྟེ། །རྡོ་རྗེ་མཁའ་འགྲོ་བཅུ་གཉིས་དང་། །གཉིས་སུ་མེད་པར་གནས་པའོ། །རང་རང་ལག་ཆ་མཚོན་ཆ་དང་། །དུར་ཁྲོད་རྒྱན་དང་ལྡན་པའོ། །ཁྱམས་ཀྱི་ཆ་ལ་གནས་པ་ནི། །ལས་ཀྱི་མཁའ་འགྲོ་རྡོ་རྗེ་དྲན། །གཤིན་རྗེ་ནག་མོ་ལ་སོགས་པ། །མ་མོ་བྱེ་བ་ཕྲག་བརྒྱ་དང་། །བདུད་དང་སྲིན་པོ་ཤ་ཟ་གནས། །སྒོ་བཞིར་གཤིན་རྗེ་ལྕགས་ཀྱུ་དང་། །ཞགས་པ་མ་དང་ལུ་གུ་རྒྱུད། །མྱོས་བྱེད་འབེབས་མ་ལ་སོགས་གནས། །དུར་ཁྲོད་གནས་སུ་གཤིན་རྗེ་སྟེ། །བྱེ་བ་ཐེར་འབུམ་ཡང་དག་གོ །སྐྱེ་མེད་དབྱིངས་ལས་སྐུར་རྫོགས་པ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་ཚོགས། །དང་བའི་མཚོ་ལ་སྐར་ཚོགས་བཞིན། །དབྱེར་མེད་མ་འདྲེས་གཅིག་གི་ངང་། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ནི། །དག་པའི་ཞིང་ཉིད་ཡེ་ཤེས་སོ། །སྐུ་རྒྱན་ཅིག་པའི་དཀྱིལ་འཁོར་ཏེ། །རྟག་ཆད་མཐའ་ལས་གྲོལ་བའོ། །ལྷུན་གྲུབ་ཡེ་ཤེས་དེ་ཉིད་དོ། །བགྲོད་ཐོབ་མ་ཡིན་སྐུ་གསུང་ཐུགས། །མི་བཟད་རྒྱན་གྱི་འཁོར་ལོ་རྫོགས། །ཞེས་གསུངས་པསདཀྱིལ་འཁོར་ཆེན་པོ་ཡོངས་སུ་ཁྱབ་པར་གྱུར་ཏོ། །འཕགས་པ་འཇམདཔལགཤིནརྗེགཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལེའུ་སྟེ་རྟོག་པ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་སྦྱིན་པ་ཞེས་བྱ་བ། །འཁོར་ལ་དབང་ངེས་པར་བསྐུར་བ་འདི་དག་གསུངས་སོ། །འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ། །བསྙེན་པ་དྲོད་དང་ལྡན་པར་བྱ། །ལས་ཀྱི་རིམ་པ་ཀུན་རྫོགས་ནས། །ཚོགས་དང་གཏོར་མ་རྒྱུན་དུ་བཏང་། །མཎྜལ་བྲི་དང་དགོས་རྫས་དགྲམ། །རང་འབྱུང་བུམ་པ་ཁ་རྒྱན་ཅན། །སོ་སོ་ལྷ་གྲངས་བཞིན་དུ་བྱ། །ལས་ཀྱི་བུམ་པ་སྐབས་སྦྱར་རོ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །རིགས་ཀྱི་བུ་དག་འཇུག་པ་རྩམ། །སེམས་བསྐྱེད་སྡོམ་པ་བཟུང་བ་དང་། །དམ་བསྒྲག་ཡོལ་དགབ་མེ་ཏོག་དོར། །མིག་དབྱེ་གདོང་གཡོགས་དགྲོལ་བར་བྱ། །ཁྲུས་བྱས་ཡོན་དབུལ་དཀྱིལ་འཁོར་བསྟན། །རྡོ་རྗེ་གྲལ་དུ་བཞག་ནས་ཀྱང་། །ཕྱི་ནང་གསང་དབང་རིམ་པར་བསྐུར། །རིན་ཆེན་ཐོད་པའི་བུམ་པ་སྲ །ཡེ་ཤེས་ཆུ་དང་བདུད་རྩི་ལྔ། །སྣུམ་པ་བཀང་ལ་རྟེན་གྱི་རྫས། །རིགས་དང་ཁྱད་པར་ལྷ་བསྐྱེད་ལ རྩ་བ་ལས་དང་སིརྙི་བླང་། །བཟླས་པའི་ཚད་པ་རྙེད་པ་དང་། །སློབ་མ་བུ་ལ་དབང་བསྐུར་ལ། །དངོས་གྲུབ་བཅུད་ཀྱི་བུམ་པ་བླང་། །ནུས་པ་བསྐྱེད་ཕྱིར་ཕན་པའི་དབང་། །བྱིན་བརླབས་ཉེར་ལེན་ཕུང་པོར་སྦྱང་། །རང་རིག་ལྷ་རུ་བྱིན་བརླབས་ཏེ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །མིང་དང་རྒྱན་དང་ཕྱག་མཚན་དང་། །གཞལ་ཡས་ཁང་དང་གདན་གྱི་དབང་། ཁྲ་ལྔ་བདུད་རྩི་ལྔ་དག་དང་། །འདོད་ཡོན་ལྔ་ཡི་དབང་བསྐུར་ཏེ། །བསྒོམ་ཞིང་བསྒྲུབ་དང་འཆད་པ་དང་། །རབ་འབྱམས་དབང་བསྐུར་རིམ་པས་བྱ། །གསང་བ་གཟུངས་མའི་ཕྱག་རྒྱ་བླང་། །རིགས་དང་དངོས་གྲུབ་ཀུན་ལ་སྦྱར། །ཡབ་ཡུམ་མཉེས་པའི་བྱིན་བརླབས་ལས། །རྟེན་གྱིས་འཁོར་ལོ་དྲུག་བརྒྱད་ལ། །ཐབས་དང་བཅས་པར་རྒྱན་སྦྱངས་ནས། །བདེ་ཆེན་འཁྱིལ་བའི་བྱང་ཆུབ་བཅུད། །གཉིས་མེད་བདེ་བའི་སྒྲ་དང་སྤྱིན། །ཐོགས་མེད་འགྲུབ་པའི་དབང་དུ་བཤད། །ཡུམགྱི་པརློར་བདེ་ཕབ་ལ། ཁེས་རབ་གནས་མཆོག་དམ་པ་ཡི། །ཡེ་ཤེས་བསྐྱེད་བའི་དབང་བསྐུར་བྱ། །བྷ་ག་གསང་བའི་གཞལ་ཡས་སུ། །རིག་པ་བདེ་བའི་སེམས་བསྐུལ་ལ། །སི་ར་ལམ་སྦྱངས་པདྨར་བསྐྱིལ། །རིམ་པ་རྒྱན་གྱི་བྱིན་བརླབས་འཕང་། །རིག་པའི་འཁོར་ལ་རོ་དབང་བསྐུར། །ཡེ་ཤེས་འཁོར་ལོ་ཐོབ་པར་བཤད། །ཐམས་ཅད་མ་འདྲེས་མཉམ་རྫོགས་པའི། །མཉམ་ཉིད་བདེ་བ་ཆེན་པོ་ཡི། །སྐུ་གསུམ་འབྲས་བུ་ལྷུན་རྫོགས་དབང་། །སྒྱུ་མ་སྣང་སྟོང་ཡེ་ཤེས་སྐུ། །མ་བསྐུར་སྐུར་མེད་རྒྱུ་འབྲས་འདས། །ཐམས་ཅད་བདེ་བ་ཆེན་པོར་རྫོགས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །རིག་པ་རང་དབང་བྱིན་བརླབས་མཆོག །ཆོས་ཉིད་རྫོགས་པའི་དབང་དུ་བཤད། །འཕགས་པ་འཇམདཔལགཤིནརྗེགཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། དབང་ངེས་པར་སྒྱིན་པ་ཞེས་བྱ་བ་སྟེ་རྟོག་པ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། །དམ་ཚིག་བཀོད་པ་ཞེས་བྱ་བ་འདི་གསུངས་སོ། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འཇམ་དཔལ་མི་གནས་ཟུང་དུ་མེད་པའི་སྐུ། །མི་གནས་ཁྲོ་བོ་གཤིན་རྗེ་གཤེད་དེ་ཡི། །ཕྱག་རྒྱ་སྐུ་ཉིད་རབ་བརྟེན་པ། །བསྲུང་བར་བྱ་བའི་དམ་ཚིག་ནི། །སྔགས་རྣམས་ཀུན་གྱི་དམ་ཚིག་སྲོག །བྱང་ཆུབ་བདེ་བའི་གཟུངས་ཡིན་པས། །སྲོག་ལྡན་དམ་པ་འདི་གཟུང་བྱ། །སྦྱོར་བ་སྔགས་ཀྱིས་འཁོར་ལོ་ལ། །མ་ཡེངས་བསམ་གཏན་ཏིང་འཛིན་བརྟན། །གསང་བའི་ལམ་མེན་གཞན་མི་འགྲོ། །རིག་པའི་བརྡ་མེན་ཕྱག་མི་བཙལ། །སྦྱོར་བ་སྔགས་ཀྱི་རྒྱུན་ཞུགས་ནས། །གཏམ་མི་བྱ་ཞིང་ཤ་ཆེན་བཟའ། །གཡང་གཞི་སྟག་ལྤགས་རོ་གོས་བགོ །དུར་ཁྲོད་རྒྱན་གདགས་འཕྲེང་ཆེན་བགྲང་། །དུང་རྔ་གླིང་བུ་རྫ་རྔ་དང་། །རཀྟ་ཨ་མྲི་སྒྱུགས་གླུ་བླང་། །སྨུག་ཆེན་སྨུག་ཆུང་དོན་དང་གསུར། །སྔགས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །མེ་རླུང་ལས་ཀྱི་འཁོར་ལོ་ལྟ། །མཚོན་ཆ་སྐུ་མདོག་སྣ་ཚོགས་བཅང་། །འཛབ་རྫོགས་དགོངས་པ་གསལ་བར་དྲང་། །བསྲུང་བ་སྔགས་ཀྱི་འཁོར་ལོ་བཅའ། །བསམ་གཏན་སེམས་ཀྱི་འཁོར་ལོ་ལྟ། །ཤེས་རབ་གསང་བའི་འཁོར་ལོ་འཇུག །ཐབས་ཀྱི་འཁོར་ལོ་བདེ་བར་སྤྲོ། །བྱང་ཆུབ་འཁོར་ལོ་ས་བོན་དྲང་། །བདེ་བའི་འཁོར་ལོ་བྷ་གར་བསྐྱིལ། ཁུགས་ཀྱི་འཁོར་ལོ་དབུགས་ལ་དབྱུང་། །འཕྲོ་འདུའི་འཁོར་ལོ་ཀུན་སྦྱངས་གྲུབ། །བརྒྱུད་པའི་འཁོར་ལོ་བསྲེགས་སྦྱང་བསྒྲོད། །སངས་རྒྱས་འཁོར་ལོ་སྟོང་ཕྲག་འབྱུང་། །འཁོར་ལོ་དམ་ཚིག་སྲོག་ལྟར་བསྲུང་། །དེ་ལས་ཡོན་ཏན་བྱིན་བརླབས་འབྱུང་། །ཆུ་ཆེན་འབྲུག་ན་སྔོན་མི་ཟློག །གཡུལ་བསད་རོ་ལ་བློ་ཡིས་བླང་། །ཡུགས་དང་རབས་ཆད་ནག་པོ་དང་། །མུ་ཟ་བ༷་ལ་བརྟུལ་ཤུགས་བྱ། །དོན་དང་རྐང་དུ་བཅས་པ་བླང་། །མོན་གྱི་ཙིསྟ་བརྙ་སེམས། །རྗེན་ཤུལ་དབང་པོ་སྔོན་དུ་བླང་། །རྟག་ཏུ་རོ་བླང་དམ་ཅན་བསྟེན། །དཔའ་བོ་དོན་ཁྲག་མཚན་ལྡན་བཙལ། །ཁྱི་དོམ་རྟ་ཤིང་དུར་ཁྲོད་ཤིང་། །གཙུག་མེ་རྡོ་སོལ་ལུས་ལ་བསྟེན། །སངས་རྒྱས་མཆོད་རྒྱུན་བླ་མ་བཟུང་། །སྔོན་དུ་འགྲོ་བར་བག་ཆགས་བསྡམ། །བྱང་ཆུབ་ལྕམ་དྲལ་རྒྱུན་མི་བཅད། །ཡ་མརྙ་ཀ་རྟག་ཏུ་བསྒོམ། །ཡ་ཚོགས་ཆུ་བོ་རྒྱུན་མི་བཅད། །ལམ་དུ་ཞུགས་རྣམས་མངོན་པར་སྦྱར། །སྙིང་རྗེ་ཕན་སེམས་བརྩོན་པས་སྦྱིན། །དཀོན་མཆོག་བླ་མ་རྒྱལ་སྲིད་བཙལ། །བརྟན་པར་རིན་ཆེན་གཏེར་ལ་བསྡུ། །སྙིང་པོ་ངང་དང་ཤུགས་ཀྱིས་དྲང་། །མཚན་ལྡན་གཟུངས་མ་བྱིན་བརླབས་གཟུང་། །བཀྲ་ཤིས་ཕྱག་རྒྱ་བཟུངས་མ་སྤྱད། །སེམས་ཀྱི་མེ་ལོང་བདེ་བ་བླང་། །བྱང་ཆུབ་ས་བོན་གཞན་མི་སྤྲོ། །གསང་བའི་དོན་དུ་སྨྲ་མི་བྱ། །དམ་མ་འདྲེགས་ཚོགས་གསང་མི་བསྒྲག །མཁའ་འགྲོ་གཞན་ཚོགས་བྱམས་ཤིང་གདུང་། །དབང་པོ་རྣོ་ལ་ཏིང་འཛིན་བརྟན། །ཕྱག་རྒྱ་གསལ་ལ་ཉམས་སྟོབས་ལྡན། །དམ་ཚིག་སྔགས་ཀྱི་འཕྲེང་བ་གཟུང་། །མདུན་པ་གསུམ་གྱིས་བརྟན་པར་བརྟགས། །ཡིན་པ་བཞི་ཡིས་ལྷག་པར་བརྟག །ལྟ་བ་བཞི་ཡིས་ཉམས་རྟོགས་ལྡན། །དབང་བསྐུར་བཞི་ཡིས་བརྟན་པར་གྲོལ། །གསལ་བ་གསུམ་གྱིས་རང་དབང་སྡུད། །ཅེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་གསང་རྒྱུད་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་རྟོག་པ་བཞི་པའོ།། །།དེ་ནས་གཤིན་རྗེ་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་མ་སྐྱེ་བ་མེད་དབྱིངས་ལས། །ཡེ་ཤེས་ཆེན་པོའི་སྐུ་རྫོགས་པ། །ཆེ་བའི་ལྷ་མཆོག་ཤིན་རྗེ་གཤེད། །ཉིད་ཀྱི་རྣལ་འབྱོར་བསྒྲུབ་པའི་དོན། །བསྙེན་ཅིང་བསྒྲུབ་ན་ཅི་ལྟར་བསྒྲུབ། །གསང་སྔགས་ངོ་བོ་དེ་ཉིད་གང་། །འཁོར་ལ་ངེས་པར་བཤད་པར་འཚལ། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཁྲོ་བོ་བསྙེན་པའི་དོན་དུ་འདི་གསུངས་སོ། །ཐོག་མར་ཤེས་ལྡན་སྨིན་བྱེད་མོས། །བླ་མེད་བྱང་ཆུབ་རྗེས་སྒྲུབ་པས། །མ་ལུས་སྔོན་དུ་འགྲོ་བ་ཡི། །འདོད་པའི་དོན་ཀུན་ཐག་བཅད་ནས། །དུར་ཁྲོད་ཆེན་པོ་ལ་སོགས་པའི། །སྐྱེ་བོས་དབེན་པའི་ནགས་ཚལ་དང་། །ལིང་གའི་ཚལ་དང་མ་ལ་ཡ། །དུར་ཁྲོད་ཆེན་པོ་ལ་སོགས་པ། །སྐྱེད་མོས་ཚལ་དང་རྒུ་འདུས་རི། །དེརནིགཤིནརྗེདཔའ་བོ་བསྒོམ། །བཀྲ་ཤིས་ས་ཡི་མཎྜལ་ལ། །མེ་ཏོག་ལ་སོགས་འཕྲེང་བས་འཁྲིགས། །མཆོད་པའི་དམ་རྫས་ཡོངས་སུ་དགྲམ། །གཙང་མ་རོ་ཡི་གོས་བཙལ་ཏེ། ཁ་ཚར་མ་ཉམས་རས་མཆོག་ལ། །སྒྲུབ་བྱ་རྟེན་གྱི་འཁོར་ལོ་སྟེ། །ཟུང་བརྒྱད་མུ་ཁྱུད་ཆུན་འཁོར་ཅན། །ཕྱོགས་མཚམས་གཤིན་རྗེ་མི་བཟད་རྗེ། །གཤེད་མཛད་ཆེན་པོ་སྐུ་གསུང་ཐུགས། །འབར་བའི་གཟུགས་བརྙན་ཡོངས་སུ་དགྲམ། །སྐད་ཅིག་སྔགས་ཀྱི་དེ་བཞིན་ཏེ། །ཕྱོགས་བཅུ་དུས་གསུམ་རང་བཞིན་ཏེ། །བདེ་བར་གཤེགས་པའི་ངོ་བོ་ཉིད། །གཤིན་རྗེ་གཤེད་རྒྱལ་གཅིག་པུ་དཔའ། །དངོས་གྲུབ་འདོད་ཕྱིར་རྟེན་ལ་གཞུག །ཡེ་ཤེས་བྱིན་བརླབས་སྟོབས་ལྡན་བྱ། །དྲི་སྤོས་སྨན་དང་བདུད་རྩི་ཆུ། །འབར་བའི་སྔགས་ཀྱིས་ལུས་བཀྲུ་ཞིང་། །བདུད་རྩི་འཁྱིལ་བས་རབ་ཏུ་གཏོར། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཀུ་ཤའི་སྟན་ལ་འདུག་པ་ནི། །རྡོ་རྗེ་ཁྲོ་བོ་མི་ཤིགས་བསྒོམ། །མཆོད་དང་བཟླས་པ་དེ་བཞིན་ཏེ། །གནས་རབ་འབྱོར་པའི་ལས་རྣམས་བྱ། །ཐོག་མར་བྱང་ཆུབ་རྩ་ལ་རྟེན། ཁྲེས་རབ་དེ་ལྟ་བུ་ཡང་བསྒོམ། །སེམས་ཀྱང་རྣམ་པར་མི་རྟོག་པས། །བདེ་གཤེགས་དངོས་གྲུབ་དེ་དག་ཐོབ། །ས་བོན་མཚོན་ཆ་མང་པོར་ལྡན། །ང་ཡི་སྐུ་རུ་འབྱུང་བར་བྱོས། །ཐུགས་ཁར་ཉི་ཟླ་སྙིང་པོ་སྔགས། །ཡེ་ཤེས་འོད་འབར་སྙིང་པོ་གསལ། །འཕྲོ་འདུ་སྦྱོར་བས་ཡེ་ཤེས་དགུག །བདེ་བའི་དུམ་བུ་སེམས་ལ་བླང་། །སེམས་ཀྱི་རྡོ་རྗེ་བརྟན་ཐོབ་ནས། །ཡེ་ཤེས་ཕྱག་རྒྱ་སྒྲོད་པར་དབབ། །ཕྱི་ནང་གསང་བའི་དྲོད་རྙེད་ནས། །དངོས་གྲུབ་རྫས་ལ་རྟེན་དེ་བླང་། །ལས་ཀྱི་གཤིན་རྗེ་ལས་ལ་བསྙེན། །ཁྲོ་བོའི་དཀའ་ཐུབ་ལྡན་པ་ཡིས། །སྣ་ཚོགས་མེ་རླུད་འཁོར་ལོ་ཅན། །འབུམ་ཕྲག་བཀུག་ལ་ཡ་ཚོགས་བཟླས། །ཡིད་དང་དབང་པོ་བསྡམས་བྱས་ནས། །ཁྲི་འམ་འབུམ་དུ་བཟླས་པའམ། །ཡང་ན་འབུམ་ཕྲག་བཅུ་གཅིག་གོ །སྔགས་ནི་ཤེས་སྐྱེབ་སྨིན་བྱེད་འཇོམས། །རྩ་བའི་སྙིང་པོ་ལྔར་འདུས་ཏེ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་འཕྲིན་ལས་རྣམ་པ་ལྔ། །བཞི་ལྔ་ཉེ་བར་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱོར་ཀར་འཇུག །ཨུ་ལི་ཀྭ་ལི་བདེ་གཤེགས་སྐུ། །ཐབས་དང་ཤེས་རབ་འབྲེལ་པ་ལས། །གསང་སྔགས་ཡི་གེ་འཕྲེང་བས་སྤྲོས། །བྱ་བ་མ་ལུས་འགྲུབ་བྱེད་པ། །སྒྲ་དང་དབྱངས་ཀྱི་སྦྱོར་བ་ཡིན། །འཇུག་པའི་རྒྱུ་དང་སྦྱོར་བའི་རྐྱེན། །འཇིག་རྟེན་འཇིག་རྟེན་འདས་ཀུན་གྱི། །རིག་པ་གཉིས་འཛིན་སྦྱོར་བ་ཡིས། །རྫོགས་ལྡན་སྦྱོར་བ་ཐམས་ཅད་ནི། །ཡོན་ཏན་རྫོགས་པའི་ཡི་གེ་ཡིས། །ཐམས་ཅད་བྱིན་གྱིས་རློབ་པ་ཡིན། །དེ་འོག་དབྱངས་ཀྱི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་ལ། །མུ་སུ་ན་ཡི་གསུམ་པའི་སྒྲ། །དེ་ཡི་འོག་ཏུ་ཉེ་བར་སྦྱར། །དབྱངས་ཀྱི་བཅུ་བཞིས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་ལ། །དབྱངས་ཀྱི་བཅུ་གཉིས་སྟེང་ནས་བརྒྱན། །སྒྲ་ཡི་དང་པོ་ཉེ་བར་གཞག །དེ་འོག་དྲུག་པའི་དང་པོའོ། །དེ་འོག་ལྔ་པའི་ཐ་མའོ། །ཉེ་གཞག །ཐུགས་ཀྱི་ཐིག་ལེ་བདེ་བའི་མཆོག །དམ་ཚིག་སྙིང་པོ་འདི་ཉིད་ཡིན། ཁ་རྣོན་འཁོར་ལོ་སྟོབས་དཔག་མེད། །མི་འགྱུར་གནས་པའི་ཐིག་ལེ་ཡིན། །གཞན་ཡང་རྫོགས་ལྡན་དེ་བཞིན་ཏེ། །སྒྲ་ཡི་དང་པོ་གྲལ་ལ་བཞག །དེ་འོག་དྲུག་པའི་བཞི་པ་སྟེ། །དྲུག་པ་ཡི་ནི་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་འོག་ཏུ་བརྒྱན། །དེ་འོག་ལྔ་པའི་དང་པོ་ལ། །སྡུད་དང་བསྐྲད་པའི་ཡི་གེ་གཉིས། །གསུང་གི་ཡི་གེ་གསང་བའི་བཅུད། །ལྷ་དགུ་རྣམས་ཀྱིས་སྔགས་ཀྱང་ཡིན། །ཡེ་ཤེས་དགུ་ཡི་དེ་ཉིད་དེ། །དངོས་གྲུབ་ཉེ་བ་དེ་ཉིད་དོ། །ཡ་ཤེས་སྐུ་ཉིད་དང་པོ་སྟེ། །ཨུ་མ་ཤ་ཡི་གསུམ་པའོ། །དེ་འོག་ལྔ་པའི་ཐ་མ་ཡིན། །དེ་རྗེས་དྲུག་པའི་དང་པོའོ། །དེ་འོག་ལྔ་པའི་ཐ་མ་ལ། །བཞི་པའི་ཐ་མ་ཉེ་བར་སྦྱར། །དེ་འོག་གཉིས་པའི་བཞི་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །ཨུ་མ་ཤ་ཡི་དང་པོ་ལ། །འོག་ཏུ་དྲུག་པའི་གསུམ་པས་བརྒྱན། །སྟེང་དུ་དབྱངས་ཀྱིས་གསུམ་པའོ། །ལྔ་པའི་ལྔ་པའི་འོག་ཏུ་ཡང་། །དབྱངས་ཀྱི་ལྔ་པས་སྤྲས་པའོ། །དེའི་འོག་བཞི་པའི་དང་པོ་ལྔ། །འོག་དང་དྲུག་པའི་གསུམ་པས་སྤྲས། །དེ་རྗེས་དྲུག་པའི་དང་པོ་བཞག །དེ་འོག་ལྔ་པའི་ཐ་མ་སྟེ། །དེ་རྗེས་བཞི་པའི་དང་པོའོ། །སྒྲ་ཡི་དང་པོ་དེ་རྗེས་ཏེ། །དེ་འོག་ལྔ་པའི་ཐ་མ་སྟེ། །བཞི་པ་ཡིན་ནི་དང་པོ་ལ། །སྟེང་དུ་དབྱངས་ཡིག་བཅུ་གཉིས་བརྒྱན། །དྲུག་པ་ཡི་ནི་གསུམ་པ་ལ། །སྟེང་དུ་དབྱངས་ཡིག་བཅུ་གསུམ་བརྒྱན། །དེ་རྗེས་བཞི་པའི་ཐ་མ་ལ། །དབྱངས་ཀྱི་གསུམ་པས་བརྒྱན་པའོ། །དེ་རྗེས་བདུད་དང་འགུགས་པ་བཞག །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །མ་ལུས་དགོངས་པ་ཀུན་འགྲུབ་པས། །ཡབ་ཡུམ་སྲས་བཅས་བསྙེན་པའི་མཆོག །རིགས་བརྒྱུད་འཕེལ་དང་ལོངས་སྤྱོད་ལྡན། །བླ་མེད་བྱང་ཆུབ་སྙིང་པོ་ཆེ། །ཡོན་ཏན་མཐའ་ཡས་མཆོག་ཏུ་བཤད། །གཞན་ཡང་འཕྲེང་བ་་བཏུ་བར་བྱ། །རྣམ་པ་སྣང་མཛད་དབུ་རུ་སྟེ། །དྲུག་གི་དང་པོ་རྗེས་སུའོ། །དེ་འོག་ལྔ་པའི་ཐ་མ་འོ། །དེ་ལ་དབྱངས་ཀྱི་བཅུ་གཉིས་བརྒྱན། །དེ་ཡི་སྟེང་དུ་དེ་བཞིན་བཞག །དེ་འོག་བཞི་པའི་དང་པོའོ། །དེ་འོག་སྒྲ་ཡི་དང་པོ་ལ། །ཨུས་མ་ཤ་ཡི་འོག་ཏུ་བརྒྱན། །སྟེང་དུ་དབྱངས་ཀྱི་བཅུ་གཅིག་བརྒྱན། །དེ་འོག་དྲུག་པའི་གསུམ་པ་སྟེ། །དེ་འོག་གཉིས་པའི་གསུམ་པའོ། །དེ་འོག་ཨུ་ཤའི་གསུམ་པ་ཡིན། །དེ་རྗེས་བཞི་པའི་དང་པོ་ལ། །སྟེང་དུ་དབྱངས་ཀྱི་བཅུ་གསུམ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་སྟེ། །དབྱངས་ཀྱི་ལྔ་པ་འོག་ཏུ་སྤྲས། །དེ་འོག་གསུམ་པའི་ཐ་མ་བཞག །དྲུག་པ་ཡི་ནི་དང་པོ་ལ། །སྟེང་དུ་དབྱངས་ཀྱི་བཅུ་གསུམ་བརྒྱན། །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་བཞག །དེ་རྗེས་དྲུག་པའི་དང་པོ་ལ། །གཉིས་པ་ཡི་ནི་དང་པོ་ལ། །འོག་ཏུ་དེ་ཉིད་བརྒྱད་པ་བཞག །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཀྱི་གསུམ་པའི་སྟེང་ནས་བརྒྱན། །དེ་འོག་སྡུད་དང་སྤྲོས་པར་ལྡན། །རྩ་བའི་འཕྲུལ་ཡིག་བརྒྱད་གཉིས་གཅིག །འཇིག་རྟེན་པ་དང་འདས་ཀུན་གྱི། །སྲོག་གི་ངོ་བོ་འདི་ཉིད་དེ། །རྩ་བ་ཡན་ལག་བཅས་པ་ཡི། །འཕྲིན་ལས་མ་ལུས་འདི་ཉིད་དེ། །མེ་དབལ་ཡི་གེ་སྟོབས་དཔག་མེད། །མཆོག་ཏུ་ལས་ཀྱི་བདག་པོ་འགྲུབ། །འདི་ཉིད་རྒྱལ་པོ་ལྟ་བུ་སྟེ། །གསང་སྔགས་འཕྲེང་བ་འདི་ཉིད་ལ། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །དུས་དང་གྲངས་དང་མཚན་མ་ཡིས། །བཟླས་པའི་སྙིང་པོ་ཚད་དུ་དབྱུང་། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །འཕྲིན་ལས་ཐོགས་པ་མེད་པ་ཡིས། །དགོས་པའི་དོན་ཆེན་འགྲུབ་པར་འགྱུར། །རྒྱུན་གྱི་སྤྱོད་ལམ་ཐམས་ཅད་དུ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་བརྟག །བདེ་བའི་ཡེ་ཤེས་སྐྱེ་བ་དང་། །འོད་དང་སྒྲ་སོགས་སྐུ་གཟུགས་བཞད། །ལུང་སྟོན་སྒྲ་དང་འབྱུང་བ་དང་། །རྨི་ལམ་རྟགས་རྣམས་མང་དུ་འབྱུང་། །མི་ངལ་བ་ཡི་སེམས་ཀྱིས་ནི། །རི་མོ་ལ་ནི་སེམས་གཏད་དེ། །རིལ་དང་ཆ་ཤས་རིམ་པས་བསྒོམ། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་རྣམས་དེ་བཞིན་རྒྱལ་བའི་གསུང་། །དྲན་རྟོག་ཐམས་ཅད་བདེ་གཤེགས་ཐུགས། །མི་བཟད་རྒྱན་གྱི་འཁོར་ལོ་སྟེ། །བསྙེན་པ་ཐམས་ཅད་རྫོགས་པའོ། །ཆོས་ཀྱིསྐུམཆོག གཤིནརྗེགཤེད། །མེ་ལོང་གཟུགས་བརྙན་ཤར་བ་བཞིན། །སྣང་ལརངབཞིནམེདཔའིསྐུ། །སྐུ་ལ་བགྲེས་རྒུད་མི་མངའ་སྟེ། །གསུང་ལ་འགག་པ་ཡོང་མི་མངའ། །ཐུགས་ལ་སྐྱེ་ཤི་མི་མངའ་སྟེ། །ཡོན་ཏན་འཕེལ་འགྲིབ་མེད་པ་ཡིན། །འཕྲིན་ལས་ཐོགས་པ་མེད་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་ནི། །གནས་ཀྱི་འཁོར་ལོ་བཅུ་གཉིས་བཞི། །གྲུ་བཞི་ལྡན་པ་ཆག་ཆག་གདབ། །ཚོན་སྐུད་བ༷་ཆེན་རོ་དུ་ཧ། །ཐག་པ་སྲད་བུ་ལེགས་པར་བྱ། །སྙོམས་པའི་ཚད་ལྡན་ཐིག་གདབ་བྱ། །ནི་ར་སུ་ཡི་ཁང་པ་དང་། །མ་ས་མུ་ཏྲེ་སྦྱར་བ་ཡིས། །ཚོན་གསུམ་ཁ་དོག་ཕྱེད་པར་འགྱུར། །རུས་པ་དུ་བས་བསྡུས་པ་དང་། །རཀྟ་དྲི་མས་སྦྱངས་པ་ཡིས། །ཚོན་ནི་འདུས་པའི་ཚོགས་ཞེས་བྱ། །ཡེ་ཤེས་བྱིན་བརླབས་ལྡན་པ་སྟེ། །ལེའུ་ཚེ་དགུ་ལྡན་མུ་ཁྱུད་བསྐོར། །མུ་ཁྱུད་འགྲམ་གཞི་ལྡན་པ་ལ། །འཁོར་ལོ་རྩིབས་ཆེན་བཞི་གསུམ་མོ། །ཕྱི་རིམ་བར་ཁྱམས་སྒོ་ཁྱུད་བཅས། །བར་ཁྱམས་དུར་ཁྲོད་བཞི་དང་ལྡན། །ཕྱི་རིམ་ཡི་དགས་འཕྲེང་བའོ། །ཐར་མཛད་ཆེན་པོ་ཡབ་ཡུམ་དང་། །གཤེད་བཞི་ཡབ་ཡུམ་བཅས་པ་རིམ། །མུ་ཁྱུད་དང་པོ་དགོད་པར་བྱ། །གཉིས་པ་འཁོར་ལོའི་རིམ་པ་ལ། །ཕྱོགས་བཅུའི་གཤེད་མཛད་ཡབ་ཡུམ་མོ། །བར་ཁྱམས་བདུད་སྲིན་མ་མོ་སྟེ། །འབར་མ་གཤིན་རྗེའི་མཁའ་འགྲོ་རྣམས། །སྐུ་ཡང་གསུང་གི་རྟེན་རྣམས་དགོད། །གཏོར་མ་གསུམ་དང་རཀྟ་དང་། །རྒྱན་རྫས་བཞི་དང་ཧ་སྟི་སྙིང་། །རྒྱུ་མའི་ཞགས་པས་བསྐོར་བར་བྱ། །སྐད་ཅིག་ལས་ནི་ཁྲོ་རྒྱལ་གཤེད། །འཇིགས་པའི་ཚམ་རྔམ་དྲེགས་པ་འདུལ། །རྡོ་རྗེ་བེ་ཅོན་འབར་བ་ཡིས། །གུར་དང་ས་གཞི་ར་བར་གཏམས། །རྡོ་རྗེ་མེ་རི་འཕྲེང་བའི་དབུས། །གཞལ་མེད་ཁང་དུ་གྱུར་པ་ཡི། །དཀྱིལ་འཁོར་ཀུན་ལ་མཆོད་སོགས་བྱ། །སྟོང་ཉིད་སྙིང་རྗེའི་ངོ་བོ་ལས། །རྒྱུ་ཉིད་ཡི་གེའི་རང་བཞིན་ནོ། །སྟེང་འོག་འཁོར་ལོ་པདྨའི་དབུས། །དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་རྫོགས། །གཞལ་མེད་ཁང་པ་གདན་དང་བཅས། །དེ་ལས་ཁྲོ་རྒྱལ་གཤིན་རྗེའི་ཚོགས། །རང་གི་ཚིག་གིས་བསྐུལ་བར་འགྱུར། །གཙོ་དང་འཁོར་རྣམས་རྫོགས་པ་དང་། །དབྱིངས་ནས་སྤྱན་དྲངས་དབྱེར་མེད་མཆོད། །རྫོགས་པའི་ཡེ་ཤེས་དེ་ཁོ་ན། །ཀུན་འབྱུང་དཀྱིལ་འཁོར་ཡོངས་རྫོགས་ཡིན། །ཕྱག་རྒྱ་གྲོལ་བའི་ཡེ་ཤེས་དབྱིངས། །གཉིས་མེད་སྒྱུ་འཕྲུལ་དྲ་བ་སྟེ། །ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཆེ། །དཀྱིལ་འཁོར་བཀྲམ་པའི་རྫས་ཀུན་དང་། །ཇི་ལྟར་དངོས་གྲུབ་རྫས་རྣམས་ལ། །རྟེན་ཏེ་འདོད་པ་བླང་བར་བྱ། །གཤིན་རྗེ་དཔའ་བོ་གཤེད་རྒྱལ་སྐུ། །རྫས་ལ་བསྟིམ་ཞིང་དངོས་གྲུབ་བསྡུ། །སྙིང་པོ་དམ་པ་བདག་ཉིད་བླང་། །ཇི་ལྟར་འདོད་པའི་དངོས་གྲུབ་རྣམས། །འདི་ནི་མྱུར་དུ་འགྲུབ་པ་སྟེ། ཐུན་མོང་འདོད་པ་བླང་བ་ཡིན། །བཀྲ་ཤིས་རྫས་དང་རིགས་བརྒྱུད་འཕེལ། །མི་ནུབ་གྲགས་ལྡན་ཡིད་ཀྱངའཕྲོག །གཤིནརྗེགཤེད་དང་གཉིས་མེད་འགྱུར། །འཕགས་པ་འཇམདཔལགཤིནརྗེགཤེད་འཁྲུལ་འཁོར་ནག་པོའི་གསང་རྒྱུད་ལས། གཤིན་རྗེ་གཤེད་བསྙེན་ཅིང་བསྒྲུབ་པའི་ཐབས་བསྟན་པ་སྟེ་རྟོག་པ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་སྤྲོས་པ་ལ་མཆོད་པ་འདི་དག་གསུངས་སོ། །ཨེ་མ་ཕྱོགས་བཅུ་དུས་གསུམ་གྱི། །དཀྱིལ་འཁོར་བདག་ཉིད་ཆེན་པོ་ནི། །མཆོག་ཏུ་གསང་བ་ཡེ་ཤེས་སྐུ། །ཁྲོ་མོ་མ་ལུས་སྐུ་རུ་འདུས། །བདག་ཉིད་ཆེན་པོ་གསང་བའི་བདག །དཀྱིལ་འཁོར་རྫོགས་པ་བསྒོམ་པར་བྱ། །ཐུགས་ཁར་ཉི་ཟླ་ཁ་སྦྱོར་ཧཱུཾ༷། །འོད་ཟེར་འཕྲོ་བའི་ཡིག་འབྲུས་བསྐོར། །སྤྲོས་པས་ཁམས་གསུམ་སྐུ་རུ་གང་། །ཡེ་ཤེས་དཀྱིལ་འཁོར་ཆེན་པོ་དག །མི་དམིགས་རྡོ་རྗེའི་དཀྱིལ་འཁོར་དུ། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་བསྟིམ། །ཐུགས་རྗེ་དབྱིངས་ནས་སྤྲུལ་པའི་སྐུ། །མཁའ་ལ་དབྱར་གྱི་ཆར་སྤྲིན་ལྟར། །མི་བཟད་རྔམ་པར་བཞུགས་པ་ནི། །འདུས་ཤིང་འཕྲོས་པས་སྐུ་རུ་སྣང་། །དམ་ཚིག་རོལ་དང་ཚོགས་ལ་གནས། །འཇིག་རྟེན་འཁོར་ཡུག་དཀྱིལ་འཁོར་དུ། །སྔོས་པ་མ་ལུས་ལོངས་སྤྱོད་ཀྱི། །ར༷་ཡ༷་ཁ༷་གྱིས་བྱིན་བརླབས་ཏེ། །ཨོ་དང་ཨུ༷༷དང་ཧཱུཾ༷་དག་ལས། །འདོད་ཡོན་ལྷ་མོ་བདུད་རྩིའོ། །འདུས་པས་གཏོར་ཚོགས་མཆོད་སྦྱིན་བྱ། ཁ་ཁ་ཁ་ཁུ་ཧི་ཁུ་ཧི། བྷན་དྷ་བྷན་དྷ་ཡ།སྨྱོ་ཤ་ཡལྒོ་ཤ་ཡ། སརྦ་ཨ་ན་ཡ་ཧཱུཾ༷། བྱུརྙོ་ཧོ་བྷ་ལི་ཏ་ཁ་ཁ་ཧཱུཾ༷། རྣམ་དག་མཆོད་པ་རྒྱ་མཚོ་སྟེ། །རྩ་བའི་སྔགས་ཀྱིས་མཆོད་དང་སྦྱིན། །མ་ལུས་མཆོད་པ་དམ་པ་འགྲུབ། །འཕགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །སྐུ་ཡི་འགྱིང་བག་གར་དགུར་ལྡན། །ཉི་ཟླ་ཐིག་ལེ་སྤྲོས་མེད་རྫོགས། །གཉིས་མེད་མཉམ་སྦྱོར་བདེ་བ་ཆེ། །གཡས་གཡོན་བསྐུལ་དང་འབེབས་པ་ལས། །དབུ་མ་ཐིག་ལེ་རྒྱུན་ཤར་བ། །རྩ་གསུམ་བསྐུལ་ནས་གང་ཞག་འབར། །རྩ་རྣམས་བདེ་བས་མཛེས་གང་བ། །ཡེ་ཤེས་རང་གནས་འོད་འབར་བའོ ཐམས་ཅད་གཉིས་མེད་རོ་མཉམ་གཅིག །ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ། །ཤེས་པ་གཉིས་འཛིན་རྟོག་བྲལ་བ། །རྡོ་རྗེ་འོད་ལྡན་ཕྱག་རྒྱ་ཡི། །ཡེ་ཤེས་ཆེན་པོ་རང་ཉམས་གསལ། །ལྔ་རྫོགས་བདེ་བ་གཅིག་ཏུ་འཁྱིལ། །བདག་དབང་རྡོ་རྗེ་བསྟན་པའི་སྐུ། །མཚན་མར་མི་གནས་དབྱིངས་སུ་ཐིམ། །མཆོད་ལྡན་དོན་ལྡན་བགྲོད་བའི་མཆོག །བདག་ཉིད་བདག་ལ་རོལ་ཞིང་མཆོད། །བདག་གཞན་གཉིས་མེད་རྟོགས་པའི་བློས། །གཟུང་འཛིན་བློ་ཡི་རྟོགས་པ་བསྒྲལ། །བདེ་ཆེན་གསང་བའི་མཆོད་པ་སྟེ། །སྒྲོ་སྐུར་འཛིན་རྟོག་མཆོད་པར་རོལ། །རྫོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ། །བདུད་རྩི་ལྔ་དང་ཟས་ལྔ་ལ། །ཧཱུཾ༷་ཞེས་ལྷ་མོས་བྱིན་གྱིས་བརླབས། །ཡིད་འོང་སྒྲ་དང་བཅས་ཏེ་དཀྲོལ། །འཁྲིལ་ལྡེམ་མཉེན་ལྕུག་མདངསདངལྡན། །གཤིནརྗེའིདཀྱིལ་འཁོར་མཉེས་ཤིང་གསལ། །བདག་མཆོད་ཀུན་མཉེས་མཆོད་པའི་མཆོག །ཅེས་གསུངས་སོ། །འཕགས་པ་འཇམདཔལགཤིནརྗེགཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། དཀྱིལ་འཁོར་སྤྲོ་ཞིང་མཆོད་པའི་ལེའུ་སྟེ་རྟོག་པ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་གསང་སྔགས་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུ་འདི་དག་གསུངས་སོ། ཁྲེས་སྐྱོབ་སྨིན་བྱེད་འཇོམས་པ་ཡི། །སྒྱུ་འཔྲུལ་དྲུ་བའི་ཡེ་ཤེས་ཏེ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་བྷརྫི་ཧཱུཾ༷་ཕཊ། འཇམ་དབྱངས་ཁྲོ་བོ་གཤིན་རྗེ་གཤེད། །ངོ་བོ་ས་བོན་དེ་ལ་གནས། །སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །ཚིག་ཏུ་བརྗོད་པས་ལྷ་ཡི་སྐུ། །འབྲུ་རྣམས་གསང་སྔགས་དོན་ཉིད་དེ། །སྐུ་ཡི་དངོས་གྲུབ་ཚེ་དཔག་མེད། །གཉིས་མེད་ཡེ་ཤེས་དེ་ཉིད་དོ། །ཨོ་ཨུ༔ཧཱུཾ༷་པེ་ཏ་ལི་རཀྟ་རཀྟ་མ༷་གྲྭཧྭ། མཁའ་འགྲོ་དབྱིངས་ཕྱུག་བདེ་བའི་དབྱིངས། །ཟ་བྱེད་ནག་མོའི་གསང་སྔགས་སོ། །ཨོ་ཨུ༷༷ཧཱུཾ༷། དཔའ་བོ་ཆེན་པོ་གཤིན་རྗེ་གཤེད། །ཉིད་ཀྱི་སྙིང་པོ་གསང་བའོ། །ཨོ་ཡ་མརྙ་ཀ་ཧཱུཾ༷། འདི་དག་གཤེད་པོ་འཇིགས་བྱེད་ཀྱི། །རྩ་བའི་སྙིང་པོ་ཉེ་བའོ། །ཨོ་ཀྭ་ལ་དུ་པ་ཧཱུཾ༷་ཕཊ་ཨ། ཡེ་ཤེས་རྡོ་རྗེ་གསུང་མཆོག་སྟེ། །བུམ་པ་བཟང་པོ་ལྷ་ཡི་གནས། །བཀྲ་ཤིས་དངོས་གྲུབ་སྙིང་པོ་སྟེ། །རྒྱལ་བ་ཀུན་གྱི་གསུང་ཡང་ཡིན། །ཨོ་ཧྲིརྨྱི༷ཝི་ཀྲི་ཏྭ་ན་ན་ཧཱུཾ༷་ཕཊ། ཡི་གེ་བདེ་བ་ཆེན་པོ་སྟེ། །རྒྱལ་བ་ཀུན་གྱི་ཐུགས་ལ་གནས། །འཁོར་ལོ་ས་ལ་ཉེ་བའོ། །ཨོ་ས་མ་ཡ་མཉུ་ཤི་མུ་ཏྲ་ཡ་མརྙ་ཀ་པ་ཙ་ཏེ་རོ་ནི་ཧཱུཾ༷་ཛ། འདས་དང་མ་འདས་ད་ལྟར་གྱི། །རྒྱལ་བའི་ཡོན་ཏན་མཆོག་ཉིད་དེ། །དམཚིག་ཆེན་པོས་གནད་བསྐུལ་བ། །ཉེ་བའི་སྙིང་པོ་གསང་བའོ། །ཨོ་ཡ་མ་མེ་ཏ་སྟེ་ར་ཛ་ས་ཏོ་རུ་ན་ཡོ་ན་རི་ཡ་ཙ་ནི་ཧཱུཾ༷་ཕཊ། འཇིག་རྟེན་པ་དང་འདས་ཀུན་གྱི། །འཕྲིན་ལས་དུས་ལ་བབ་པ་ཡི། །སྙིང་པོ་དམ་པ་འདི་ཉིད་ཡིན། །ཨོ་ཡ་མ་མེ་ཏ་སྟེ་ཧཱུཾ༷་ཛ་ཛ། སྲོག་གི་གཤེད་ཆེན་མ་རུངས་པ། །མི་བཟད་རྔམ་པའི་བདག་པོ་བཞི། །སྙིང་པོ་སྲོག་དང་དེ་དག་གོ །ཡ་མ་ར་ཙ་ས་དོ་མེ་ཡ། ཡ་མ་དོ་རུ་ན་ཡོ་ཏ་ཡ།ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ། ཡསྟེ་ཡ་ཙ་ན་ར་མ་ཡ། ཡེ་ཤེས་ལྷ་ཡི་སྙིང་པོ་སྟེ། །འཇིག་རྟེན་ལྷ་སྲིན་ཡོངས་ཀྱི་སྲོག །ཀྭ་ཡ་བ་ཀ་ཙིལྟི་ས་མ་ཡ་ཨུ་ཀཁོ་ཡ་ཧཱུཾ༷་ཛ་ཛ། མཚན་མ་གསུམ་གྱིས་དགུག་པ་སྟེ། །སྙིང་ཁྲག་འདུས་ནས་དབང་དུ་འགྱུར། །ལྷ་རྣམས་གནད་ལ་དབབ་པའོ། །ཡ་མ་སྙིང་ཤ་ཛ་ཛ་དུན་སྨྱོ། ཡ་མ་སྙིང་རུ་པ་ཤ །ཡ་མ་ཨུ་ཀཁེ་ཡ་ཧཱུཾ༷་ཛ་ཛ། གཤིན་བུ་རྗེ་འམ་འཆི་བའི་བདག །དབང་དུ་བསྡུ་བའི་སྙིང་པོའོ། །སྔགས་རྣམས་ངོ་བོ་རྣམ་དག་ལྷ། །འབྲུ་རྣམས་གསུང་མཆོག་སྤྲུལ་པ་སྐུ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རོ། །ཐམས་ཅད་རང་བྱུང་མཚན་དཔེ་རྒྱུ། །འདྲེན་པ་གསུམ་ལས་དོན་ཉིད་ལྡན། །རྐྱེན་དང་ལྡན་པས་ལུས་དབང་སྦྱོར། །བོད་པ་སྒྲ་ལ་ཡན་ལག་དབྱངས། །རྣམ་པ་གཟུགས་བརྙན་ཡི་གེ་འབྲུ། །རང་བཞིན་སྟོང་པ་སྤོས་དང་བྲལ། །ནམ་མཁའི་ཆོས་ལྟར་ཡེ་ཀློང་ཉིད། །ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །སྐྱོབ་པ་བླ་མེད་རྡོ་རྗེ་ཆེ། །ནུས་པ་མེད་རླུད་སྤུ་གྲི་དུག །སུརུ་ར་ཙ་རཀྟ་དང་། །མཚོན་ཆ་འཁྲིགས་པས་བསྐྱོད་པ་དང་། །དེ་དང་རི་བོ་རྦབ་ཆེན་ཏེ། །བདག་སྤྲུན་གཞན་སྐྱོབ་དམིགས་པ་གཅོད། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །གསང་སྔགས་ནོར་དང་འཕྲེང་བ་དག །ཐབས་མཁས་དྲོད་ཚད་ལྡན་པར་བྱ། །མི་ངལ་བ་ཡི་སེམས་ཀྱིས་ནི། །བརྒྱད་སྤངས་ལྔ་ཡི་འདུ་ཤེས་མེད། །ཇི་སྲིད་བར་དུ་བཟླས་པར་བྱ། །བཟླས་བརྗོད་སྐྱོན་རྣམས་མ་སྤངས་ཤིང་། །བླ་མའི་བཀའ་ལུང་མ་ཐོབ་པ། །རྫིསྲིད་བར་དུ་སུན་འབྱིན་ལྟུང་། །ངེས་པར་ལེགས་པས་དོན་གྲུབ་སྟེ། །ཡོན་ཏན་རྒྱ་མཚོ་མཁའ་ལྟར་དག །མི་བཟད་རིན་ཆེན་གཏེར་གྱི་མཆོག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །སྐུ་དང་གསུང་དང་ཐུགས་དག་དང་། །ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི། །སྙིང་པོ་ཉེ་བ་འདི་ཉིད་དེ། །ཡུལ་དང་ཤེས་པ་འཕྲོ་བ་གསུམ། །ཡུལ་ཉིད་དམིགས་པ་དང་པོ་སྟེ། ཁྲེས་པ་སྲོག་གི་ངོ་བོའོ། །སྤྲོ་བ་རིག་པའི་རྩལ་སྦྱོང་ངོ་། །རིག་པ་སེམས་ཏེ་ལས་ལ་སྔགས། །ཐིག་ལེ་ལེན་པ་སྙིང་པོ་ཡིན། །སྣང་བ་སྐུ་ཡི་རང་བཞིན་ཏེ། །བསྒྱུར་བའི་ཕྱིར་ན་ཕྱག་རྒྱའོ། །དུས་གསུམ་ཕྱོགས་བཅུའིརངབཞིནགྱི། །དེབཞིནགཤེགསཔཐམས་ཅད་ཀྱི། །གསང་བ་སྔགས་ཀྱི་སྙིང་པོ་སྟེ། །སྟོང་ཉིད་ཡེ་ཤེས་ཁྱོད་ལ་འདུད། །ཐབས་མཆོག་འབྲས་བུ་ཁྱོད་ལ་འདུད། །སྔགས་ཀྱི་ངོ་བོ་ཁྱོད་ལ་འདུད། །སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ། །སྣ་ཚོགས་ལས་བྱུང་ཁྱོད་ལ་འདུད། །ཨ་ལ་ལ་ཧོ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་རྟོག་པ་བདུན་པའོ།། །།དེ་ནས་གཤིན་རྗེའི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། འཇམ་དབྱངས་ཁྲོ་བོ་དཔག་མེད་སྐུ། །སྒྱུ་འཕྲུལ་དྲུ་བའི་ཡེ་ཤེས་ཁྱོད། །འཇིག་རྟེན་ལས་ཀྱི་གཤིན་རྗེ་སྟེ། །དྲག་ལ་མཐུ་རྩལ་ལྡན་པ་རྣམས། །བཀའ་བཞིན་ཉེ་བ་ཇི་ལྟར་ལགས། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ངེས་དོན་རྒྱས་པར་བཤད་དོ། །འདས་པའི་དུས་ན་སྔོན་བྱུང་བ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །ལྷ་ཡི་སྲིད་པ་ཀ་རུ་ཞེས། །རིགས་ཀྱི་བདག་པོར་གྲགས་པ་ཅིག །དྲེགས་པ་སྔགས་ཀྱི་སྒོར་ཞུགས་ནས། །བགྲོད་པ་མ་ཐོབ་སྔགས་པར་ཆེས། །དགེ་བཅུ་མ་སྤྱད་ཆེ་བ་སྙེམས། །ལྟ་སྤྱོད་འཕྲེལ་མེད་སྒྲ་ཕྱིར་འབྲངས། །འཇིག་རྟེན་དྲེགས་པ་ཤ་ཁྲག་བསྟེན། །རྟག་པའི་ཁྲོ་བོ་ཡོད་པར་བསྒོམས། །སྔགས་ཚིག་ཕྲ་མོ་སྟོབས་དང་ལྡན། །ལུས་ཆེ་ཡན་ལག་རགས་པར་བརྟས། །མཚོན་ཆ་མེ་རླུད་ལག་ཆ་ཡིས། །མྱུར་དུ་གསོད་ཅིང་ཤ་ཁྲག་ཟ། །རིགས་བྱེད་སྔགས་ཀྱི་བརྡ་སྤྲོས་ནས། །མོ་རིགས་ཡོད་པ་ཕྲད་འཕྲད་སྦྱར། །ཆགས་སྡང་མེ་ཆུ་རང་རྒྱུད་སྲེག །གསང་སྔགས་བཀའ་བསྒོ་ལོག་པ་དེ། །ཉོན་མོངས་དྲག་པོས་མཚམས་སྦྱར་ཞིང་། །དུས་མེན་པར་ནི་ཚེ་བྲད་ནས། །ན་རག་རྡོ་རྗེ་དམྱལ་བར་ལྟུང་། །ཚ་གྲང་གནས་སུ་བཅུ་དྲུག་གནས། །སྐྱེ་བ་ཉི་ཤུ་གཅིག་རྫོགས་ནས། །ཡི་དྭགས་གནས་སུ་བཀྲེས་སྐོམ་སྤྱད། །སྐྱེ་བ་གཉིས་ནས་དུར་ཁྲོད་གནས། །ཐོན་ནས་རྫུ་འཕྲུལ་ལུས་སུ་བླང་། །རྒྱ་མཚོ་རླུད་གི་བར་དག་ན། །བམ་རི་ལྕགས་མཁར་སྐྲུ་གྲིས་བསྡམས། །ལྕགས་མཁར་གླིང་དགུའི་བདག་པོ་མཛད། །ལས་ཀྱི་གཤིན་རྗེ་ནག་པོ་ཡིན། །དེ་ཡིས་འཇིག་རྟེན་ཕུང་བར་བྱེད། །སྔགས་ཀྱི་སྤྱོད་པ་གོལ་བར་བཤད། །ཅེས་གསུངས་སོ། །དེ་ནས་ཡང་གསོལ་པ། ཀྱེ་ཀྱེ་གཤིན་ཡུལ་འཇིག་རྟེན་རྨེ་ནག་གི །གཤིན་རྗེ་བླ་མཚོ་མེར་བ་ན། །གཤིན་རྗེའི་ལྕགས་ཁང་ནག་པོ་ཡོད། །ཁྱིམ་བདག་གཤིན་རྗེ་ནག་པོ་ཡིས། ཁྲ་ཟའི་འཇིགས་པ་མང་སྤྲོས་ཏེ། །སྲིད་པ་གསུམ་གྱི་ཚེ་སྲོག་ལེན། །ཁམས་གསུམ་འཁྲུག་པའི་ཡི་དྭགས་འདི། །གཉེན་པོ་གང་གིས་འདུལ་བ་ལགས། །ཞེས་གསོལ་པས། དེའི་ཚེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོ་བ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་འཇམ་པའི་དཔལ་ཐུལ་ཅིག་པར་བསྒོའོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱིས་ཞི་བའི་སྒོ་ནས་བདེན་པའི་ངག་གིས་བཏུལ་བསལསཀྱིགཤིནརྗེནགཔོ་དེ་ཐུལ་བར་མ་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྒྲོ་བ་བགྲོས་ཏེ། ཉིད་ལ་ཉིད་ཆེད་དུ་འདི་སྐད་གསུངས་སོ། །འདས་པའི་དུས་ན་སྔོན་བྱུང་བའི། །རིགས་ལས་གོལ་བའི་ཁྱིམ་བདག་འདི། ཁམས་གསུམ་འཁྲུགས་པའི་བདུད་ཡིན་པས། །ཞི་བའི་བདེན་པས་མི་ཐུལ་ཏེ། །འཇིགས་བྱེད་ཁྲོ་བོའི་ཞབས་ཀྱིས་གཟིར། །ཞེས་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དེ་ཉིད་སྐུ་ཁྲོས་པར་གྱུར་ཏོ། །འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེ་གཤེད་ཅེས་བྱ་བར་གྱུར་ཏེ།ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཧ་ལ་ཧ་ལ། ཧ་ན་ད་ཧ་ཧ་ཀ །ཨེ་ཨ་ར་ལི་ཧྲི། ཞེས་ཁྲོ་བོའི་རྔམ་སྒྲ་ཆེན་པོ་བསྒྲགས་པས་འཇིག་རྟེན་གྱི་ཁམས་རྣམས་འུར་འུར་དང་ཆེམ་ཆེམ་མོ། །འགུལ་བ་དང་། ལྡེག་པ་དང་། རབ་ཏུ་ལྡེག་གོ །ཉིད་ཀྱི་སྤྲུལ་པ་ཁྱེ་ཆུང་སྔོན་ནམ་མཁའ་ཁྱབ་པར་གྱུར་ཏོ། །དེའི་ཚེ་འཆི་བདག་གི་གཤིན་རྗེ་ཆེན་པོ་དེས་འཁོར་ཐམས་ཅད་བསྡུས་ཏེ། གཤིན་རྗེ་གཤེད་པོ་ལ་སྟོབས་འགྲན་པར་གྱུར་པས། གཟི་བྱིན་མ་བཟོད་ནས་སྲིད་པའི་རྩེ་མོར་བྲོས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ་པོ་གདོང་དྲུག་པ་རབ་ཏུ་འཇིགས་པའི་སྟོབས་དང་ལྡན་པ་དེས། སྐུ་འཇིག་རྟེན་གྱི་གཏོས་དང་མཉམ་པར་སྤྲུལ་ཏོ། །ཞབས་གཡོན་པའི་མཐེ་བོང་གི་སེན་མོས་ཚངས་པའི་ཡུལ་སར་འཆི་བདག་གིས་སྤྱི་བོར་བརྫིས་པས། ཉི་ཟླ་ལྟུང་བ་ལྟར་འཇོམས་བྱེད་གྲོང་ཁྱེར་དུ་ལྷུང་བར་གྱུར་ཏོ། །དེ་ནས་ལས་ས་ལ་བརྡེགས་ཤིང་རབ་ཏུ་བརྒྱལ་བ་ལས། འཆི་བདག་གི་ཚོགས་དེ་དག་གིས་འདི་སྐད་ཅེས་མགྲིན་གཅིག་ཏུ་སྨྲས་སོ། །ཨེ་མ་ཧོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཐུགས་རྗེ་ཆེན་པོ་ལགས། །བདག་ཅག་འཁོར་དང་བཅས་པ་རྣམས། །མ་གསད་དཔའ་བོའི་བཀའ་གསལ་ཉན། །ཅེས་གསོལ་ཏོ། །དེ་ནས་འབར་བ་ཆེན་པོ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་གཤིན་རྗེ་ཕོ་མོ་རྣམས། །ལས་ཀྱི་རྣམ་སྨིན་དྲག་པོ་ལས། ཁུབ་པའི་འཆི་བདག་ཤན་པའི་ཚོགས། །གཅེར་བུ་ནག་པོ་འཇིགས་པའི་ཚོགས། །འཆི་བདག་བདུད་དང་སྲོག་བདག་དང་། །གཟའ་དང་ས་བདག་ཆུ་སྲིན་ཚོགས། །ཁྱེད་རྣམས་ང་ཡི་བཀའ་ཉན་ན། །ཁྱེད་ཀྱི་སྲོག་གི་སྙིང་པོ་རྣམས། །གང་ཡིན་ང་ལ་བསྟན་པ་དང་། །ང་ཡིས་བསྒོ་བའི་ལས་གྱིས་ཤིག །ཅེས་གསུངས་སོ། །དེ་ནས་ཡང་འཆི་བདག་གཤིན་རྗེའི་ཚོགས་ཀྱིས་མགྲིན་གཅིག་ཏུ་གསོལ་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་ཡིས། །ཆོས་ཀྱི་དབྱིངས་ལས་སྐུར་སྤྲུལ་པ། །ཡེ་ཤེས་ལྷུན་གྲུབ་ཆེན་པོ་ཁྱོད། །བདག་ནི་འཆི་བདག་གཤིན་རྗེའི་ཚོགས། །སྲིད་པ་གསུམ་ལ་དབང་སྒྱུར་ཏེ། །ལྷ་ཆེན་དྲེགས་པ་ཁྱབ་འཇུག་ཀྱང་། །འཇིགས་བྱེད་ཁྲོ་རྒྱལ་ཆེན་པོ་ཡི། །ཞབས་འོག་གདན་དུ་འབུལ་ལགས་ཏེ། །དཀྱིལ་འཁོར་ཆེན་པོའི་བསྲུང་མ་བགྱིད། །གདུག་པའི་ཀླུ་དབང་ཆེན་པོ་ཡང་། །རྡོ་རྗེ་སྐུ་ལ་རྒྱན་པར་མཛོད། །འཇོམས་བྱེད་མ་གདོན་ཟ་བྱེད་དང་། །གསོད་བྱེད་བདག་པོ་ཆེན་པོ་ཡང་། །མི་འགྱུར་སྟོབས་ཀྱི་བསྲུང་མ་བགྱིད། །བདག་ཅག་འཆི་བའི་བདག་པོ་འམ། །ཚེ་ཡི་བདག་གམ་སྲོག་གི་བདག །བདག་ཅག་ནམ་མཁའ་མཐོང་གི་བདུད། །བདག་ནི་རྒྱ་མཚོ་གཏིང་གི་བདུད། །དེ་བཞིན་བརྗེད་པ་མེད་པའི་བདུད། །སྲོག་ལས་འཁྱུད་པའི་བདུད་ཡིན་ནོ། །སྲོག་གི་སྙིང་པོ་འདི་བཞེས་ལ། །བྱིན་གྱིས་རློབ་ཅིག་དབང་བསྐུར་མཛོད། །ཅེས་གསོལ་ཏེ། དེ་ནས་ལྷའི་འཆི་བདག་གི་ཚོགས་དང་ཐབས་ཅིག་ཏུ་ཕུལ་བ་འདི་ལྟ་སྟེ། །རཉི་ཀྲི་དྷ་དེ་ནཱ་བླུ་དེ་བ། ཝ་ཏ་ཨ་མུ་ཀ༷་མྱ་ར་ཡ་ཧཱུཾ༷་ཕཊ། ཅེས་ཕུལ་ལོ། །དེ་ནས་ཀླུའི་འཆི་བདག་གི་ཚོགས་དང་ཐབས་ཅིག་ཏུ། དུ་མརྙ་ཀ་ར་ན་ཡ་ཧཱུཾ༷་ཕཊ། ཅེས་ཕུལ་ལོ། །དེ་ནས་གཤིན་རྗེའི་ཚོགས་ཀྱིས་ཐབས་ཅིག་ཏུ། ཡ་མ་མེ་ཏ་སྟེ། ར་ཛ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ནི། ཞེས་ཕུལ་ལོ། །དེ་ནས་འཇིག་བྱེད་ཁྲོ་བོ་ཡིས། །སྲོག་གི་སྙིང་པོ་བསྡུས་ནས་ཀྱང་། །དྲེགས་པའི་ཚོགས་ལ་བཀའ་སྩལ་པ། །ལས་ལས་གྲུབ་པའི་གཤིན་རྗེའི་ཚོགས། །ཐབས་ཅད་དོན་ཉིད་བསྒྲུབ་པའི་ཕྱིར། །ཁྲོ་བོ་ཡིད་ལ་གནས་པར་གྱིས། །དཀོན་མཆོག་བླ་མ་གནས་པ་གནས། །དེ་ཡི་བཀའ་ཡང་བསྐྱང་བ་དང་། །དཀྱིལ་འཁོར་ཆེན་པོ་བསྲུང་བར་མཛོད། །བསྟན་པ་འཇིག་ན་ཁྱེད་ཀྱིས་སྒྲོལ། །ཅེས་གསུངས་སོ། །དེ་ནས་དྲེགས་པའི་ཚོགས་རྣམས་ཀུན། །གཟི་བརྗིད་འབར་བ་གཏུམ་པོ་ཡི། །དཀྱིལ་འཁོར་ཆེན་པོ་ཡོངས་བཅས། །ཁྲོ་རྒྱལ་ཀུན་གྱི་སྟོབས་དང་སྦྱར། །མཐུ་སྟོབས་བདག་པོ་དབང་ཕྱུག་ཆེ། །རྒྱལ་བ་ཀུན་གྱི་ཐིག་ལེ་བྱ། །ཐུགས་ཀྱི་སྙིང་པོ་སྟོང་དང་སྦྱར། །ཚངས་པའི་ཐིག་བཞི་རྒྱ་གྲམ་མོ། །མུ་ཁྱུད་སྲིད་པའི་གྲོང་ཁྱེར་སྦྱར། །གཉིས་པ་ཟུར་ཐིག་བཞི་དང་ལྡན། །མཐའ་རུ་བཅུ་དྲུག་བཞི་བསྣེན་ནོ། །དེ་ལ་གནས་པའི་ཡིག་འབྲུ་ནི། །དབུས་ནས་འཁྲུལ་འཁོར་ཁང་རྨིག་ལྔར། །འཁྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རོལ་བཅུ་གཉིས་ཙཀྲ་ལ། །མེ་དབལ་གཤེད་ཀྱི་ཡི་གེ་སྟེ། །མཚོན་ཆའི་རྒྱལ་པོ་དྲུག་གཉིས་དགོད། །ཕྱི་རིམ་བཅུ་དྲུག་ཁ་གནོན་སྟོབས། །ཐ་མ་སྤུ་གྲི་ལྡན་པར་བྱ། །དྲག་པོའི་མཐུ་སྟོབས་ཡ་ལ་སྡུ། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་མ་ལུས་བརྟན་ནས་བསྲེག །དེ་ཡི་ཡོན་ཏན་དཔག་མེད་ལ། །བྱིན་བརླབས་མཐུ་སྟོབས་གཏན་དཔག་མེད། །ཡེ་ཤེས་འཁོར་ལོ་བརྟན་པ་སྦྱིན། །དག་པའི་ཞིང་ལས་སྣ་ཚོགས་ལས། །བརྒྱད་དང་བཅུ་གཉིས་ལ་སོགས་པ། །ལས་ཀྱི་རིམ་པ་བསམ་དཔག་ཡས། །རྩ་བ་བཞི་ལ་དུ་མར་འགྱུར། །འབྱུང་བཞི་གནས་པའི་མཚོན་ཆ་ལ། །བྱིན་རློབས་དུ་མ་སྐབས་ཀྱིས་ཏེ། །མེ་དཔལ་སྔགས་དང་འཁོར་ལོ་མཚོན། །གཅོད་པའི་སྲེག་པ་དྲག་པོའི་ལས། །འཇོམས་བྱེད་ཡ་མའི་ཞིང་ཁམས་ནས། །འཇོམས་བྱེད་དྲག་པོ་ཞེ་སྡང་མཆོག །འབར་བ་དུག་གི་དུམ་བུར་བསྡུས། །མེ་འབར་ནག་པོའི་འབྲུ་ཉིད་ལ། །སྦྱོར་བའི་རྩ་ལ་སྤེལ་ཞིང་སྡུད། །དབང་སྡུད་འཁོར་ལོ་འབར་བའི་མཆོག །ཁྲག་འཐུང་འབར་བའི་ལུས་ལ་གཟུད། །སྣ་ཚོགས་དུག་གི་ཁུ་བས་བྱུག །རྟེན་འབྲེལ་སྟོབས་དང་ནུས་པ་ཡི། །མྱོས་པའི་རྫས་ཀྱི་དུ་བས་བདུག །འཁོར་ལོའི་ནུས་ཚད་ངར་དང་ལྡན། །དབུས་དང་མཚམས་ཀྱི་འབྲུབ་གནས་སུ། ཁུ་རྐྱེན་དྲུག་ལ་སོགས་པ་ཡི། །འདོད་པའི་དྲི་མ་ཀུན་བསྡུས་ལ། །མ་ལུས་ཀུན་གྱི་སྡིག་པ་སྒོ། །ཉེ་བར་གྱུར་པའི་ཡན་ལག་ཡིན། །ཞིང་བཅུ་མ་ལུས་རྟེན་ལ་བསྟིམ། །ཐུགས་ཀྱི་རྒྱུན་གྱིས་མཐུ་སྟོབས་ལྡན། །བསྒྲུབ་བྱ་གང་དམིགས་ཅིག་ལ་བསྡུ། །སྲོག་སྡུད་སྙིང་པོ་རྟེན་ཅན་ནོ། །ཚེ་རྟེན་ཚེ་གནས་ཐིག་ལེར་གཞུག །དྲག་པོ་སྟོབས་དང་མཐུ་དབང་འཕྲོག །མཁའ་འགྲོ་དབང་ཕྱུག་ལྟོ་བར་གཞུག །མི་འགྱུར་བརྟན་པའི་ཕྱག་རྒྱ་ཡིན། །བརྣག་པ་ཀུན་གྱིས་སྙིང་པོ་མཆོག །གཅོད་པའི་འཁོར་ལོ་མེ་དབལ་ཡིན། །དངས་མ་ཚེ་གནས་ཐིག་ལེ་བསྟིམ། །འབྱུང་བ་བཞི་ཡི་མདངས་བསྡུས་ལ། །སྙིགས་མ་རྗེན་ཤུལ་ཤ་ཟ་རོལ། །དེ་དག་པོ་དག་སྙིང་པོའི་བདག །འཇམ་དཔལ་ཐུགས་ཀྱི་སྙིང་པོ་འདི། །སྟོང་པའི་ཡེ་ཤེས་དབུས་ཉིད་དངོས། །གསལ་བའི་ཡེ་ཤེས་བཞི་ལྡན་ཏེ། །ལས་དང་འབྲས་བུ་སྨིན་པའི་མཆོག །བདེ་བའི་མཚོན་ཆ་འཁོར་ལོ་ཅན། །ཡུལ་དུ་སྣང་བ་གཟུགས་བརྙན་ཡིན། །སྒྱུ་མའི་བསྟི་གནས་དབང་པོའི་ཡུལ། །དེ་ལ་སྟོབས་ཀྱི་ལས་དང་མཇུག ཁམས་གསུམ་སྲེག་པའི་ཉི་མ་ཡིན། །དུག་གསུམ་གཅོད་པའི་འཁོར་ལེའོ། །འཇམ་དཔལ་ཐུགས་ཀྱི་འོད་ཟེར་གྱིས། །སྤྲུལ་པ་རང་བྱུང་འོད་ཤར་ཞིང་། །དུས་གསུམ་རྒྱལ་བས་བཀའ་བརྒྱུད་པའི། །སྙིང་པོ་འཐིགས་པའི་འཁྲུལ་འཁོར་འདི། །བཀའ་ཡི་བདུད་སྒོ་དངོས་གྲུབ་གཏེར། །མཚོན་ཆེན་འཁོར་ལོར་གཏེར་གྱི་མཆོག །ཐབས་རྣམས་ལྡན་དང་མི་ལྡན་པས། །བྱ་བ་ཀུན་གྲུབ་རླག་པར་འགྱུར། །གང་ཞིག་དྲུག་གི་ཡན་ལག་ལུས། །སྨིན་ཅིང་རྐྱེན་དང་ལྡན་པ་ལ། །ཟོས་པས་འཆི་འགྱུར་གདོན་ནི་ཟ། །འཕྲུལ་ཡིག་བཅུ་བདུན་སྙིང་པོ་འདི། །རྔམ་པའི་གཟེར་གྱིས་འབྲུ་བ་་ཏེ། །རྩ་བ་སྤུ་གྲི་འཁོར་ལོར་བཅས། །འཁྲུགས་བྱེད་ཀུན་གྱི་མཚོན་ཆ་སྟེ། །ཧ་ལ་ནག་པོ་བདུད་སྲིན་གཤེད། །སྲག་སྒོ་གཉིས་ཀྱི་ལ་ནས་སྟོན། །འབྱུང་བ་གནས་ཀྱི་ཁམས་སུ་བསྟིམ། །སྲོག་རྟེན་དྭངས་མ་གནས་སུ་བསྡུ། །ཡ་ལ་ཕབ་ལ་ཐིག་ལེར་གཞུག །རྡོ་རྗེ་དྲེགས་པ་གཅོད་པ་ཡི། །སྲོག་ལྡན་ཁམས་གསུམ་མ་ལུས་པའི། །གཤིན་རྗེ་རྒྱལ་པོ་སྲོག་གི་གཤེད། །སྲོག་ལུས་འབྲལ་པར་ཤར་གཉེར་བས། །གཤེད་ཅེས་བྱ་བ་ལས་གཉེར་ཡིན། །འབྱུང་བ་བཞི་དང་རྟེན་ས་བཞི། །བླ་གནས་བཞི་འཇོམས་ཉི་མའི་ལས། །ཞིང་བཅུ་སྲེག་པའི་ཉི་མ་ཡིན། །ཡེ་ཤེས་འོད་ལྡན་བསྐུལ་བའི་རྐྱེན། །ཉོན་མོངས་ལམ་གོལ་ལས་ཀྱི་མཆོག །ཕྲམོརྒྱུནགཅོདམཚོནཆའི་ལས། །དེ་ཡི་བསྒྲུབ་བྱ་གང་ཡིན་ལ། །མཚན་ནམ་ཉི་མ་བཞི་བཞིར་བསྒྲུབ། །དེ་ཕྱིར་ཉི་མ་བཞི་ཞེས་བྱ། །ཉི་མ་ལས་ཀྱི་རིམ་པ་ནི། །གནས་པ་བསྒྲུབ་བྱའི་སྲོག་རྟེན་ལ། །གནས་པའི་སྙིང་པོ་ཁམས་ཆེན་བཞི། །འབྱུང་བ་འདེགས་དང་སྤོར་བ་ལ། །ས་དང་མེ་ཡི་སྙིང་པོ་བླང་། །གཡེང་དང་བླན་པའི་རྩ་སྒོ་སྲ །རླུང་དང་ཆུ་ཡི་སྙིང་པོ་བརྟག །རྟེན་གསུམ་དབུགས་ཀྱི་སྲོག་ཤིང་ལ། །རྟེན་དང་སྡུད་པའི་སྙིང་པོ་བཟུང་། །རྩ་བྲན་བརྒྱད་དང་སུལ་བཞི་ལ། །བཅུ་གཉིས་གཟེར་གྱི་སྙིང་པོ་གནས། །བདུད་བཞི་སྙིང་གཟེར་དངས་མ་གནས་རྩ། །སྒོ་སྣུབས་བྱས་འཁྲུག་བྱེད་ཡུམ། །རྩ་ཡི་སྦྱོར་བ་བརྒྱ་དང་གཅིག །དྲུག་གཉིས་ཡན་ལག་སྦྱོར་བ་ཡིན། །རྣལ་ཟློག་དཀྲུག་མཆོངས་འདྲོས་ཐབས་བརྒྱད། །དྲུག་གཉིས་འཕོ་བའི་ལས་གཉིས་བརྟགས། །དྲིལ་བའི་འཁོར་ལོ་མཚོ་ཆེན་ཚུལ། །བརྒྱབ་པས་ཡང་ཏོག་བདུད་ཀྱི་སྟོབས། །དྲག་པོ་ཟ་བྱེད་མྱོས་པའི་སྔགས། །ཧོ་པན་སྲོག་འཛིན་སྦྱོར་བ་བརྒྱད། །དུག་གསུམ་སྲོག་འཇོམས་ཚེ་གནས་བསྟིམ། །སྤོགས་པ་རང་གཟིར་ཁུགས་དང་གསོ། །སྒོ་ཡིན་རྟེན་གཟུགས་རྒྱུ་གསུམ་གནད། །ཉི་མ་རྟེན་བཞི་འཁོར་ལོ་གནས། །དེར་འཇོམས་བཅུ་དྲུག་ལས་ཀྱི་ཚད། །གསང་བ་ར་སྦྱངས་གྲངས་མེད་ལམ། །གསུམ་གནས་བསྒྲོད་པ་རྟེན་དགུ་འཕོ། །སྙིང་པོ་སྲོག་སྡུད་བཅུད་ལ་དབབ། །སྦྱོར་བ་གཉིས་ཀྱིས་མནན་པར་བྱ། །འཕོ་ཞིང་འགྱུར་མེད་ལས་ཞེས་བྱ། །ཟླ་བ་མར་གྱི་ངོ་དག་ལ། །བདུད་ཀྱི་ཉི་མ་ཚེས་གཅིག་ལ། །དུས་ནི་འབྲུག་སྒྲ་ཚུབ་མ་ལ། །གསད་པའི་ལས་སོགས་དྲག་པོ་ཤིས། །ཐབས་ཀྱི་རླུང་རྒྱུ་དྲག་པོའི་མེ། །ནམ་དང་ཉི་མའི་གུང་ལ་ནི། །བརྡེག་དང་སྲེག་པ་ལ་སོགས་འགྲུབ། །འཁོར་ལོ་དྲག་ཏུ་བསྐོར་བའི་ཚེ། །གཤིན་རྗེའི་འཁོར་རྣམས་དབང་སྡུད་ཅིང་། །སྤྱི་རྒྱུག་སྔགས་ཀྱིས་བར་བར་བྲབ། །གཤིན་རྗེ་དཔའ་བོ་མཁའ་འགྲོ་ལ། །མི་ཡི་ཤ་ཁྲག་རྐང་དང་ཚིལ། །རྟ་དང་ར་ཡི་ཤ་རུས་ཁྲག །དེ་རྣམས་སྙིང་དང་འབྲུ་རྣམས་ཟས། །གཏོར་མར་བྱས་ཏེ་ཐོད་པར་དགང་། །སྙིང་ཁྲག་ཆང་སྦྱར་ཨརྒ༷་སྦྲེང་། །གསུར་ཆེན་དུད་པ་རྒྱུན་མི་བཅད། །རྫ་རྔ་བརྡུང་ཞིང་གཤིན་རྗེ་བོད། །ཚིལ་ཆེན་མར་མེ་རྟག་ཏུ་བཏང་། །དྲག་པོ་འཁོར་ལོ་རྫོགས་པ་ལ། །མནན་པའི་ཆོ་ག་བཤད་བྱ་བ། །འཁོར་ལོ་ཐོད་འཁོར་ནང་དུ་གཞུག །ཚས་དྲག་རེ་ཐུམས་བྱས་ནས་ནི། །སྲད་བུ་ནག་པོས་རྒྱ་གྲམ་བཅིང་། །སྨན་གཏོར་བཤམས་ལ་གཤིན་རྗེ་བོད། །མ་ཉེས་དཔང་གཟུགས་ལྷ་ཀླུ་ལ། །བདེན་པས་བསྒོ་ཞིང་དམོད་བཅོལ་བྱ། །འཆི་བདག་རྒྱལ་པོ་ཉིད་ལ་ག་། །དངོས་པོར་རལ་པ་ཚར་དགུ་པ། །ག་་ཅིང་རི་རབ་འོག་ཏུ་གཞུག །འོ་ན་ཁུང་རོ་ཁུང་འབྱུང་པོའི་སྲང་། །ཀླུ་ཡི་གནས་སུ་གཏད་པར་བྱ། །ཞེས་གསུངས་སོ། །འཕགས་པ་འཇམདཔལགཤིནརྗེགཤེད་འཁྲུལ་འཁོར་ནག་པོའི་རྒྱུད་ལས། གསད་པའི་འཁོར་ལོ་བསྟན་པ་སྟེ་རྟོག་པ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་འཁྲུལ་འཁོར་ནག་པོ་གཤིན་རྗེ་གཤེད་ཀྱི་མཆོན་ཆ་ཕུང་བྱེད་ལས་ཀྱི་དེ་ཁོ་ན་ཉིད་དག་གསུངས་སོ། །དཀོན་མཆོག་རྒྱལ་བའི་སྐུ་དགྲ་ལ། །གཤེད་བདག་འཁོར་ལོ་ནག་པོ་བསྐོར། །སྦྱོར་བའི་རྒྱལ་པོ་འབྲུ་བསྡེབས་ལ། །ཀ༷་པ་རལ་གྲི་སོ་རིར་བཅས། །མེ་ཆུ་སྟོབས་དང་རླུང་གི་འཕོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཕྱི་ནང་གསང་བ་གནད་དང་གཟེར། །ལས་ཀྱི་གཅོང་ཆེན་འབྲུ་བཏུས་ལ། །དྲག་པོའི་འཁོར་ལོ་བསྐོར་བར་བྱ། །མུ་ལ་འཕེན་པའི་ཡིག་འབྲུ་གནས། །རྡོ་རྗེའི་ཕྱོགས་སུ་རིམ་པས་འཕངས། །ཨཀེན་ཙིསྟ་མ་ནུར་སྦྱར། །རིན་པོ་ཆེ་ནས་དབུས་སུ་སྦྱར། །ཉི་མ་དང་པོར་ཤེས་པར་བྱ། །དེ་བཞིན་རིན་པོ་ཆེ་ནས་ཀྱང་། །ཛི་ཧ་ཀ་མ་འཕྲེང་བ་སྟེ། །པདྨ་ནས་ནི་དབུས་སུའོ། །ཉི་མ་གཉིས་པར་ཤེས་པར་བྱ། །དེ་བཞིན་པདྨའི་འབྲུ་ལ་འཕེན། །སྣུ་ར་དྷ་ར་ཀྟན་ད་སྟེ། །རལ་གྲི་དེ་བཞིན་དབུས་སུའོ། །ཉི་མ་གསུམ་པའི་འཁྲུལ་འཁོར་རོ། །དེ་བཞིན་རལ་གྲི་འབྲུ་འཕངས་ཏེ། །ཙཀྲ་རྭ་པར་སྦྱར་བ་ནི། །རྡོ་རྗེ་སྦྱར་བ་དབུས་སུ་འགྱུར། །རུ་སྤྲད་འཁྲུལ་འཁོར་ཉི་མ་བཞི། །ཕྱི་ཡི་འཁྲུལ་འཁོར་ཤིས་པ་སྟེ། །ཡང་དག་རྫོགས་པའི་རྒྱལ་པོས་བཤད། །དྲིལ་བའི་ཡི་གེ་ཞབྲུལ་གྱི་འབྲུ། །བཅུ་གསུམ་འབྲུ་གཉིས་ལྡན་པ་སྟེ། །ལས་ཀྱི་བསྙེན་པར་བཤད་པ་སྟེ། །ནང་གི་འཁྲུལ་འཁོར་ཡིན་པར་འདོད། །མུ་ལ་ནས་ནི་རྡོ་རྗེ་ཕྱོགས། །གཡས་སུ་འབྲུ་བསྡེབས་རལ་གྲི་དང་། །པདྨ་རིན་པོ་ཆེ་སྦྱར་ཏེ། །གསང་བའི་འཁྲུལ་འཁོར་ཡིན་ཞེས་པ། །འཇིགས་བྱེད་རྒྱལ་པོ་ཡ་མས་བཤད། །འཁྲུལ་མིག་བཅུ་བདུན་འཁྱིལ་བ་སྦྲུལ། །ཐོད་མར་དབུས་ནས་མགོ་དྲངས་ཏེ། །རླུད་དང་ས་སྟེ་སྒྲ་དང་རེག །ནམ་མཁའ་མེ་དང་ཡིད་དང་སྣ། །མཆུ་དང་ལྕེ་དང་རྣ་བ་ལུས། །དུས་དང་དྲི་དང་རོ་དང་ནི། །ལྟ་བྱེད་དང་ནི་གཟུགས་སུ་སྡེབས། །འཁྲུལ་འཁོར་དང་པོར་བསྡེབ་པ་ཡིན། །དེ་བཞིན་རླུང་དང་སྒྲ་དང་རེག །ནམ་མཁའ་དང་ནི་ས་རུ་སྦྱར། །ཆུ་དང་ལྕེ་དང་རྣ་བ་དང་། །ལུས་དུས་དྲི་དང་རོ་དང་མིག །གཟུགས་དང་མེ་དང་ཡིད་དང་སྣ། །འཁྲུལ་འཁོར་གཉིས་པར་བསྡབས་པའོ། །རླུང་དང་ནམ་མཁའ་རེག་བྱ་ས། །སྒྲ་དང་ལུས་དུས་དྲི་དང་རོ། །མིག་དང་གཟུགས་མེད་ཡིད་དང་སྣ། །ཆུ་དང་ལྕེ་རུ་བསྡེབས་པ་ནི། །ཁྲུལ་འཁོར་གསུམ་པར་བསྡེབས་པ་ཡིན། །རླུད་དང་ནམ་མཁའ་ས་དང་སྒྲ། །རེག་བྱ་རོ་དང་ལྟ་བྱེད་དང་། །ལུས་དང་མེ་དང་ཡིད་དང་ནི། །སྣ་དང་མཆུ་དང་ལྕེ་རུ་བསྡེབ། །རྣ་བ་ལུས་དུས་དྲི་རུ་སྦྱར། །འཁྲུལ་འཁོར་བཞི་པར་བསྡེབས་པའོ། །ཏ་པ་ལ་ཡི་འབྲུ་བ་་ནི། །སྦྱོར་བ་རིན་ཆེན་སྔགས་དེ་ཉིད། །བཅུ་བདུན་སྔགས་ཀྱི་སྦྱོར་བ་ཅིག །ལས་དང་མཐུ་དང་འདྲེན་པ་ཅིག །མཚན་ཉིད་འཇོམས་དང་རྒྱུད་དང་བཀོལ། །མཆོག་ཏུ་འགུགས་ཤིང་དམིགས་འཛུག་པའོ། །མགོ་མངས་འབུར་འགྲོ་འབྲུ་བསྡེབས་པ། །དང་པོ་རྡོ་རྗེ་ཕྱོགས་དག་ནས། །རླུད་ནག་མེ་ཡི་བར་དུ་བདུན། །འབྲུ་སྡེབས་དྲག་པོའི་ཡི་གེ་འབྲུ། །རིམས་ཀྱིས་སྦྱར་བ་དང་པོ་བཞིན། །ས་དང་རླུད་སྟེ་མེ་ནས་ས། །ཡིད་ནས་མེར་སྦྱར་སྣ་ནས་ཡིད། །ཆུ་ནས་སྣས་སྦྱར་སྒྲ་དང་ཆུ། །རིན་པོ་ཆེ་ཡི་ཕྱོགས་དག་ནས། །རླུད་དང་རེག་བྱ་སྒྲ་དང་རླུད་། །ཆུ་སྒྲ་ཆུ་དང་མེ་རུ་བསྡེབས། །རྣ་བ་དག་དང་ལྕེ་དང་ལུས། །རྣ་བ་རེག་བྱ་ལུས་བྱར་བསྡེབ། །པདྨའི་ཕྱོགས་ནས་རླུ་་དང་མཁའ། །རེག་བྱ་རླུད་སྟེ་ལུས་དང་རེག །དུས་དང་ལུས་ཏེ་དྲི་དང་དུས། །རོ་ནས་དྲི་སྦྱར་ནམ་མཁའ་རོ། །རལ་གྲི་ཕྱོགས་ནས་རླུད་དང་ས། །ནམ་མཁའ་རླུ་་དང་རོ་དམ་མཁའ། །མིག་དང་རོ་སྟེ་གཟུགས་ཙ་ཀ་ཀྲུ། །མེ་དང་གཟུགས་ཏེ་ས་དང་མེ། །འཕྲེང་སྔགས་བདུན་པོ་གཤེད་ཆེན་རྒྱལ། །འགུགས་དང་ལས་ལ་ཉེ་སྦྱར་བ། །ཨུ་མི་ཏ་དང་འདྲ་བ་ཡི། །དྲག་སྔགས་བཅུ་གཉིས་བརྒྱད་ཡིན་ཏེ། །རྗེས་སུ་མཐུན་པའི་རྐྱེན་སྔགས་ཀྱིས། །ཉེ་བར་སྦྱར་ན་ལས་ཀུན་བྱེད། །གྲོང་ཁྱར་ཟད་དང་དཀྲུགས་པའོ། །ལས་ཀྱི་རྒྱལ་པོ་རྫོགས་བྱེད་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །རིན་ཆེན་དྲག་པོ་སྟོབས་ཀྱི་འབྲུ། །རྡོ་རྗེ་ཡག་ཤ་ངར་བླུད་པ། །རྡོ་རྗེ་དྲག་པོ་མེ་ཡི་སྔགས། །སྟག་མོའི་མཆོང་བའི་སྟབས་ཚུལ་གྱིས། །གཟུགས་བརྒྱབ་མི་འཆོར་ཆུ་སྲིན་ལྟར། །བསྐོར་བའི་ཙཀྲ་འདི་ལྟ་སྟེ། །ཕྱོགས་ནས་ཕྱོགས་མཆོངས་ཕྱོགས་བཞིར་དྲིལ། །མཚམས་ནས་མཚམས་ཏེ་ཐད་ཚུགས་སུ། །རིམ་གྱིས་བསྐོར་བ་དྲག་པོའི་འབྲུ། །སྡེབས་ནི་སྦྱོར་བ་འདི་ཉིད་དེ། །བྱ་རྣན་དང་ནི་བྷ་བྷ་སྟེ། །རྒྱབ་ཏུ་བི་ཡ་ཀ་ཉིད་དོ། །ཨཀྟ་དང་ནི་པྲིཏྣ་འོ། །ཧོ་པན་ཏ་དང་པ་ནེ་དང་། །ཀཨནི་ཏྣ་ཨཀེན་འོ། །རྙུ་ར་དྷ་རུ་ཙ་ཏ་སྨུ། །སྙརྙ་དང་ནི་མ་སའོ། །ཙག་ཀྲུ་དང་ནི་ཇིཡུ་ཧ་དང་། །རྭ་པ་དང་ནི་ཀ་མར་སྦྱར། །སྡེབས་ཀྱི་སྦྱོར་བ་དང་པོར་བཤད། །བྱ་རྣན་པྲསྟི་ཡཀྟ་དང་། །བྷ་བྷ་བྷ་ཡ་ཀ་དག་དང་། །ཨསྣེ་དང་ནི་ཨ་ནསྣི། །ཧོཔན་ཏ་དང་པ་ནི་དང་། །ཙག་ཀྲུ་རྙི་ཧ་རུ་པའོ། །ཀ་མཙིསྟ་མ་ནུ་ཏེ། །རྙུ་ར་བྷ་རུ་ན་ས་དང་། །བྷན་དྷ་བསྡེབས་པ་གཉིས་པ་ཡི། །བྱ་རྣན་བྷ་ཡ་བྷ་བྷ་དང་། །པྲ་པ་ཏི་ཨཀྟ་པ་ནི་དང་། །ཧོལ་པན་ཏ་དང་ཨསྟེ་དང་། །ཀཨ་ནི་ཏན་དང་ཙིསྟ་སྨུ། །རྙུ་ར་བྷ་རུ་ནས་དང་། །བྷསྟོ་རྙོཧ་ཙཀྲུ་དང་། །ཀ་མ་རུ་པ་སྡེབས་པ་ནི། །གསུམ་པའི་སྦྱོར་བར་ཡང་དག་གོ །བྱ་རྣན་ཨཀྟ་པྲསྟི་དང་། །བྷ་ཡ་ཀ་དང་བྷ་བྷའོ། །ཀཨ་ནི་ཏན་དང་ཨག་ནེ་དང་། །པ་ནི་དང་ནི་ཧོ་པན་དང་། །ཛུ་ཧ་ཙཀྲུ་ཀ་མ་དང་། །རུ་པ་སྟུ་ར་ཏ་རུ་དང་། །ཙིསྟ་སྨུ་ཏ་སྙན་ཏའོ། །ན་ས་སྦྱར་བ་བཞི་པ་སྟེ། །དྲག་པོའི་སྦྱོར་བ་རིམ་པའོ། །དེ་དག་རྣལ་མའི་སྦྱོར་བ་སྟེ། །དེ་བཞིན་གཡས་སུ་བགྲོད་པ་ནི། །དབུས་སུ་རྟ་ལང་འགྲོས་ཐབས་ཀྱིས། །མགོ་གཅིག་རིམ་གྱིས་འཕེན་པར་སྦྱར། །རྡོ་རྗེ་གསང་བ་མཆོག་ཉིད་དེ། །སྟག་གིས་མཆོངས་པའི་སྦྱོར་བ་ཉིད། །བཀའ་ཡི་གསང་བའི་འཁོར་ལོ་འབྲུ། །གསང་པ་སྔགས་ཀྱི་བཅུད་ལེན་པ། །ཐར་པའི་ཐར་པ་མ་ལུས་འཇོམས། །ནག་པོ་འབྲུ་ཐུས་བདུད་ཀྱི་ཚིག །དྲག་པོ་སྡུད་པ་སྦྱོར་བའི་མཆོག །ཡན་ལག་ལྡན་པས་མ་ལུས་བསྐྱོད། །རྡོ་རྗེ་རྣོན་པོའི་འཁྲུལ་འཁོར་འདི། །གནོད་སྦྱིན་སྲིན་པོའི་འཁོར་ལོ་ཡིན། །དྲག་པོ་གཤེད་ཀྱི་མཚོན་ཆ་སྟེ། །རིན་ཆེན་ཡི་གེ་གསེར་གྱི་འབྲུ། །དབུས་ཀྱི་གླིང་བུ་རེ་ཆ་ཡི། །འབྲུར་འགྲོ་མགོ་ལྔ་ལྡེབས་ཀྱི་འགོས། །རྡོ་རྗེའི་ངར་བླུད་ཨུར་མོའི་ཐོག །བསྡེབས་པས་རྒྱལ་པོའི་ལས་འགྲུབ་པའོ། །རླུད་དང་ས་སྒྲ་རེག་བྱ་མཁའ། །གཉིས་པ་རླུ་་སྒྲ་རེག་བྱ་དང་། །ནམ་མཁའ་དང་ནི་ས་རུ་སྦྱར། །གསུམ་པ་རླུད་དང་རེག་བྱ་མཁའ། །ས་དང་སྒྲ་ཉིད་སྦྱར་བའོ། །བཞི་པ་རླུད་དང་ནམ་མཁའ་ས། །སྒྲ་དང་རེག་བྱ་སྦྱོར་བའོ། །ཉི་མ་བཞི་བསྡེབས་མཚན་མོ་ཡང་། །ནམ་མཁའ་རེག་བྱ་སྒྲ་དང་ས། །རླུད་དང་སྦྱར་བ་དང་པོ་ཡིན། །གཉིས་དང་གསུམ་དང་བཞི་པ་དྲག །རྗེས་སུ་མཐུན་པ་མཚན་སྔགས་ཏེ། །དབུས་ཀྱི་སྟག་ཆེན་མཇུག་སྡུམ་གྱི། །གཤེད་བཞིས་བསད་པའི་སྦྱོར་བར་བཤད། །རྟེན་དྲུག་གནས་ལ་གདོན་བྱ་བ། །ཐོག་མར་འབྲུ་གཉིས་དོར་བྱས་ནས། །རྡོ་རྗེ་ཕྱོགས་ནས་མེ་དང་ཡིད། །སྣ་དང་ཆུ་དང་སྒྲ་དང་རླུད་། །དེ་བཞིན་རིན་ཆེན་ཆུ་དང་ལྕེ། །རྣ་བ་ལུས་དང་རེག་བྱ་རླུད་། །པདྨའི་ལུས་དང་དུས་དང་དྲི། །རོ་དང་ནམ་མཁའ་རླུད་དང་སྦྱར། །རལ་གྲི་རོ་དང་ལྟ་བྱེད་དང་། །གཟུགས་དང་ས་དང་རླུད་དུ་སྦྱར། །མཚམས་སུ་འདོད་པའི་ཨ་མུ་ཀ །རྫོགས་པ་སྦྱོར་བ་བཞི་ཉིད་དོ། །ཕུང་པོ་གནད་དང་འབྱུང་བ་ལྔ། །དང་པོ་ལྟ་བྱེད་སྣ་དང་ཆུ། །དེ་བཞིན་སྒྲ་དང་རོ་ལ་སྦྱར། །ལྕེ་དང་རྣ་བ་ལུས་རེག་རླུང་། །གཟུགས་ངད་མེ་རོ་ནམ་མཁའ་རླུང་། །དམིགས་དུས་མེ་ས་རླུང་དུ་སྦྱར། །ཕུང་པོ་ལྔ་ཡི་རྟེན་བཅོམ་ནས། །བདེ་བའི་གནས་དང་སྦྱར་བར་བྱ། །དབུས་ཀྱི་འབྲུ་ལྔ་རུ་བཞི་ལ། །འཕེན་བྱེད་རྡོ་རྗེ་རིན་ཆེན་དབུས། །རྗེས་སུ་རྡོ་རྗེ་སྦྱར་བར་བྱ། །རླུང་དང་རིན་ཆེན་པདྨ་དབུས། །མཐའ་རུ་རིན་པོ་ཆེ་ལ་སྦྱར། །རླུང་དང་པདྨ་ནམ་མཁའ་དབུས། །མཐའ་རུ་པདྨ་དེ་བཞིན་ནོ། །རླུང་དང་ནམ་མཁའ་ས་དང་དབུས། །མཐའ་རུ་མཁའ་སྦྱར་འདོད་པ་གཞུག །ཆགས་སྡང་འཇོམས་པའི་འཁྲུལ་འཁོར་ཡིན། །དབུས་ཀྱི་འབྲུ་ལྔ་མུ་ལ་སྟེ། །དེ་བཞིན་རྡོ་རྗེ་རིན་ཆེན་པད། །དབུས་ཀྱི་འབྲུ་སྦྱར་འདོད་པ་གཞུག །དེ་བཞིན་རིན་ཆེན་པདྨ་དང་། །རལ་གྲི་སྦྱར་བ་དབུས་སུ་འཀྱུར། །དེ་བཞིན་པདྨ་རལ་གྲི་དང་། །རྡོ་རྗེ་ས་སྦྱར་དབུས་སུ་འོ། །དེ་བཞིན་རལ་གྲི་རྡོ་རྗེ་དང་། །རིན་པོ་ཆེ་དང་སྦྱར་དབུས་སུའོ། །འབྱུང་བ་བཞི་ཡི་ནད་འཇོམས་ཤིང་། །གཅོད་བྱེད་ལས་ཀྱི་འཁྲུལ་འཁོར་ཡིན། །དབུས་ནས་མཐའ་རུ་འབྲུ་དེང་དེ། །དེ་བཞིན་མུ་ལའི་སྟེང་དུ་མཆོངས། །དབུས་ནས་རྡོ་རྗེ་དྲི་དང་རླུང་། །དེ་བཞིན་རིན་ཆེན་ཆུ་དང་རླུད་། །དབུས་ཀྱི་པདྨ་ལུས་དང་རླུད་། །དེ་བཞིན་རལ་གྲི་རོ་དང་རླུད་། །སྒོ་བཞི་ལས་ཀྱི་རླུད་འཁོར་ཏེ། །མུ་ཁྱུད་དང་པོའི་སྦྱོར་བ་དག །འབྲུ་བཞི་ལ་ཡང་དེ་བཞིན་ཏེ། ཁུ་བཞི་ནད་བསླང་འཁྲུག་པ་ཡིན། །འབྲུ་གཅིག་འཕེན་དང་སྡུད་པའོ། །རྩ་གསུམ་གནས་དང་རྟེན་བཞི་གསུམ། །འཇོམས་བྱེད་དྲག་པོའི་ཡི་གེ་སྟེ། །དུག་གསུམ་སྦྱོར་བ་འཇོམས་པའི་འབྲུ། །མེ་དང་ས་སྟེ་ཆུ་དང་སྒྲ། །ལུས་དང་རེག་བྱ་རོ་དང་མཁའ། །འཕེན་བྱེད་རྩ་ཡི་འབྲུ་ལ་སྡུད། །རླུད་ནག་རྡོ་རྗེ་པདྨ་དང་། །དེ་བཞིན་རིན་ཆེན་ནམ་མཁའ་སྟེ། །རྗེས་སུ་པདྨ་རྡོ་རྗེ་དང་། །དེ་དག་ནམ་མཁའ་རིན་པོ་ཆེ། །འགྲོ་སྟངས་སྒོ་བཞིའི་ཙཀྲ་ཡིན། །ཤེས་པ་དང་དྭངས་སྙིགས་འབྱེད་པ་ནི། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་བཞི་ཡི་མུ་ལར་སྦྱར། །ཕྱག་རྒྱ་བདེ་ཆེན་ལུས་ཉིད་ལས། །ཡན་ལག་སྦྱོར་བ་རྐྱེན་རྣམས་མཛེས། །མཚོན་ཆའི་རྒྱལ་པོ་ནོར་བུའི་འབྲུ། །བསྙེན་པ་རྒྱུན་དང་འཁོར་ལོ་དང་། །ཐུན་དང་གནད་གཅོད་པ་ཡིན་ནོ། །འགྲོ་སྟབས་བརྒྱད་ཀྱིས་ཡང་དག་སྦྱོར། །བཅུ་གཉིས་ཚུལ་གྱིས་ལས་བྱེད་དེ། །ལས་ནི་སྣ་ཚོགས་འཁོར་ལོ་སྟེ། །འཕེན་སྡུད་འབེབས་པའི་དོན་དང་བཅས། །རིག་པ་གཉིས་ཀྱི་བདེ་ལ་གནས། །ཡི་གེ་ལྷ་ཡི་རང་བཞིན་ཏེ། །འོད་ཟེར་དུག་གི་མེ་དཔུང་དང་། །གནད་ཀྱི་མཚན་ཉིད་མཚོན་ཆ་ཡིན། །རྩ་བཞིར་འབྱུང་བའི་་གནད་དགུ་དབབ། །དྲག་པོ་འཕངས་ལ་གནད་དགུ་གཟེར། །རྒྱུ་རྐྱེན་འཇོམས་པ་ཉི་ཤུ་བདུན། །ལན་གསུམ་སྦྱོར་བ་དགུ་གཉིས་དགུ། །སྤྱི་གཅོད་མཚོན་ཆ་སྐྲུ་གྲི་མེད། །བླ་གནས་བརྟེན་དགུ་མདའ་དགུ་གཟུགས། །རྐྱེན་དགུས་ཕུལ་ལ་རྟ་དགུས་འཕང་། །སྒོ་དགུ་ཕྱེ་ལ་གནད་དགུ་དབབ། །དྲག་པོ་སྔགས་ཀྱི་འཁོར་ལོ་ཉིད། །རྩ་བར་བཅས་པའི་ལོ་མ་ཅན། །སྙིང་པོ་མཆོག་ལས་ཡན་ལག་རྫོགས། །གསུམ་དང་བཞི་ལྔ་དྲུག་དང་བདུན། །བརྒྱད་དང་དགུ་དང་བཅུ་བཅུ་གཅིག །བཅུ་གཉིས་ལ་སོགས་དུ་མར་འགྱུར། །ལས་ཀྱི་རྒྱལ་པོ་འཁྲུལ་འཁོར་ཡིན། །ཡ་བག་ཤ་ཡི་སྦྱོར་བ་སྟེ། །ཁྲོ་བོའི་རྒྱལ་པོས་ཡང་དག་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས།འཁྲུལ་འཁོར་སྡེབས་ཀྱི་ལེའུ་སྟེ་རྟོག་པ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རང་གནས་ཀྱི་དོན་ཞེས་བྱ་བ་འདི་དག་གསུངས་སོ། །བསྙེན་པའི་དཀྱིལ་འཁོར་ཕྱི་བསྒྲུབ་སྟེ། །རྒྱན་ལ་ཡང་དག་གཟུང་བ་མེད། །གཟུགས་བརྙན་འཁོར་ལོ་མ་ཡིན་ཏེ། །གང་ཡིན་སྙིང་གི་འཁོར་ལོ་ལ། །སྙིང་གི་རྩ་བཞི་གཤེད་བདུད་བཞི། །འདུས་པ་གསུམ་ལ་ཡབ་ཡུམ་སྟེ། །ཕྱི་རིམ་རྩ་བརྒྱད་འབྲེལ་པ་བཞི། །བདུད་སྒོ་བཞི་དང་ལྡན་པ་ལ། །སོ་སོ་སྒོ་རུ་ཡི་གེ་བརྟག །རྣལ་འབྱོར་རིགས་ཅན་ཡ་མའི་སྐུ། །བསྒོམས་པ་སྙིང་གི་ཙཀྲ་དག །གནས་པ་བརྟག་ཕྱིར་རྒྱུད་དོན་བཤད། །དབུསསུགཤིནརྗེགཤེད་ཀྱི་སྐུ། །ཡབ་ཡུམ་གཉིས་དང་རྒྱན་རྣམས་རྫོགས། །དྭངས་མ་བཞི་ཡི་སི་ར་ལ། །འབྲུ་བཞི་གཤེད་པོ་ཡབ་ཡུམ་རྫོགས། །རྩ་བྲན་བརྒྱད་དང་ཡུལ་བཞི་ལ། །ཕྱོགས་སྐྱོང་བཅུ་དང་གཉིས་སུ་རྫོགས། །གསལ་རྫོགས་དབང་བསྐུར་བྱིན་གྱིས་བརླབ། །རང་རྒྱུད་ཡིད་འོང་མཆོད་རྒྱུན་བརླན། །ཐུགས་ཁའི་ས་བོན་རིང་དུ་བསྐུལ། །རྐྱེན་ལྡན་དྲོད་བཅས་སྐབས་ཀྱི་དབབ། །སྙིང་ཁའི་འཁོར་ལོ་མཉེས་ཏེ་འབར། །ཕྱི་ནང་གསང་བའི་མཆོད་རྒྱུན་འཁྱིལ། །བཟླས་པའི་ཚད་ལ་དྲོད་ཐོབ་ནས། །ལས་ལ་སྦྱར་བའི་བསྙེན་པ་བྱ། །ཕྱི་ནང་གསང་བའི་དྲོད་བླངས་ལ། །ལྕང་ལོར་བདུད་རྩི་བཅུད་རི་ལུ། །གླིང་བཞི་སྐུ་བྲིས་སྟེང་ནས་དགབ། །འོད་སྒྲ་དྲི་དང་གཟུགས་མཐོང་ནས། །དངོས་གྲུབ་ཆེན་པོ་བླང་བར་བྱ། །སྐུ་གསུང་རྡོ་རྗེའི་དངོས་གྲུབ་སྡུ། །གནམ་ལྔར་བསྟིམ་ལ་སྐུ་ལྔ་དང་། །ཕུང་པོ་དུག་ལྔ་ཡེ་ཤེས་ལྔ། །བདུད་བཞི་འཛིན་པ་རིགས་ལྔར་རྫོགས། །སྐྱེ་མེད་མི་འགྱུར་ཆི་ལས་གྲོལ། །བྱིན་བརླབས་སྣ་ཚོགས་གང་བརྩམས་འགྲུབ། །རྒྱལ་བའི་སྙིང་པོ་འཁོར་ལོར་བཤད། །བསྡུས་པ་གསང་བ་གཤེད་ཀྱི་དོན། །ཙཀྲ་པ྅་ལྡན་པར་བྱ། །གཡས་གཡོན་སྦྱོར་སྒྲོལ་དབུས་ན་ཡབ། །སྐུ་གསུང་ཐུགས་དང་རིགས་ལྔར་རྫོགས། །དངས་མ་སྙིང་གི་རྩ་བཞི་ནི། །ཆོས་ཉིད་བདུན་ན་རྭ་ཛ་སྟེ། །ཡོན་ཏན་གཡས་ན་མྱོས་བྱེད་འབར། །ཡེ་ཤེས་རྒྱབ་ན་ཨརུ་དམར། །རང་རྒྱུད་གཡོན་ན་རལ་པ་ཚར། །སྐུ་ཆེ་ཡན་ལག་ཡུམ་འཁྱུད་པ། །རང་རང་འོད་དང་ཆས་དགུར་ལྡན། །བདུད་བཞི་རྟོག་ཚོགས་གཤེད་བཞི་རིགས། །ལྔ་ལན་གསལ་བས་མཆོག་རྒྱུན་དབབ། །རང་ཉམས་ཉེས་བྱས་བསྙེན་པ་བྱ། །སྐུ་ཡི་བརྒྱ་བར་རང་སྔགས་ཛབ། ཡོན་ཏན་རྫོགས་པ་དབུ་རུ་བཞག །དཔའ་བོ་རྩ་བ་འབྲུ་ལྔ་ལ། །སྡུད་པའི་འབྲུ་ལ་འགུགས་པ་གནས། །ཉིན་མཚན་སུམ་སྟོང་སྨྲ་བ་ཡང་། །ལམ་གཉིས་སིརྙི་དེ་བཞིན་གཉིས། །དུར་ཁྲོད་ཕྱི་ནང་དེ་བཞིན་གནས། །དེ་བཞིན་གསད་པའི་འཁོར་ལོ་ནི། ཁྲེས་རྒྱུད་དྲུག་པ་དགྲ་ལ་གནས། །གཤིན་རྗེ་ནག་པོའི་ལྟོ་བ་ན། །ཡི་གེ་འབྲུ་ཤག་གྲོང་ཁྱེར་གནས། །སྲིད་པ་གསུམ་ཡང་དེ་ན་གནས། །འཆང་ཞིང་གསོད་པ་རང་རྒྱུད་གཤེད། །བརྣག་པ་ཙིསྟ་རྒུ་ཧ་ལ། །དྭངས་མ་བཞི་དང་སི་རང་བརྒྱད། །འབྲེལ་ཆེན་བཞི་དང་ལྟེ་བར་གནས། །དབུས་ཀྱི་རྩ་འདུས་སྣང་བ་ལ། །རྩ་གཉིས་བར་ན་སྐེད་པའི་ཡང་། །ཡ་ཡི་ཁོང་ན་སྲོག་རྟེན་དྲི། །ལེན་སྲོག་ས་བོན་བག་ཆགས་རྒྱུ། །དེ་སྟེངས་དྲག་པོ་འབྲུ་གཅིག་ཡ། །དྭངས་མ་བཞི་ཡི་རྩ་བསྡུས་ན། །ས་ལ་མ་གནས་དྲོད་ལ་མེ། །ཆུ་ལ་ཏ་གནས་རླུད་ལ་སྟེ། །རྩ་བྲན་བརྒྱད་དང་མཚམས་བཞི་ལ། །བཅུ་གཉིས་མེ་དབལ་ཡི་གེ་གནས། །མདུད་པ་བཞི་ཡི་འབྲེལ་ཆེན་ལ། །ས་ལ་སྤྲ་མ་ཡང་དགག་ནས། །མེ་ལ་མུར་ཙ་ཡ་དེ་གནས། །ཆུ་ལ་རཀྟ་ཙ་ར་ཡ། །རླུད་ལ་མུ་ར་ཡ་དག་གནས། །འབྲུ་དགུ་གཅོད་པ་ཚར་རེ་གནས། །གསང་བ་གཤིན་རྗེའི་ལྷོ་བ་ན། །སྲིད་གསུམ་དགྲ་ཡི་ཤེས་རྒྱུད་གནས། །བརྣག་པའི་སྙིང་ལ་མཚོན་ཆ་གནས། །བྲི་དང་རྒྱུ་ལ་རག་མ་ལུས། །གནས་པ་སེམས་ཀྱི་ལྟ་བར་བཤད། །ལས་ཀྱི་རིམ་པ་བརྒྱད་དང་ལྡན། །ཕོ་ཉ་སྔགས་ལ་རྦད་པ་བརྒྱད། །ལྕགས་ཀྱུའི་ཕྱག་རྒྱས་འགུགས་པ་ཡིན། །ལྷ་ལྔ་སྤྲད་པའི་རྫས་དུད་བདུག །ལས་གཉིས་ར་ལ་བཞི་དབྱེ་བ་བཅུ། །གཡོན་པ་ལྕགས་ཀྱུ་ཙིསྟར་བཅས། །གཡས་པ་གུང་མོ་མཛུབ་གཉིས་བཅག །བེ་ཅོན་ཕྱག་རྒྱས་བསྡུས་ཏེ་བསྟིམ། །རྟེན་ཅིག་ལུས་ལ་ཀུན་བསྡུས་ལ། །དང་པོར་རྒྱུ་བཞི་ནད་དུ་བསླང་། །སྔགས་ཀྱི་ཚད་མ་བརྒྱ་བརྒྱས་ལྡང་། །དང་པོ་ས་ལ་བད་ཀན་ནད། །གཉིས་པ་མེ་ལ་མཁྲིས་པའི་ནད། །གསུམ་པ་ཆུ་ལ་ཁྲག་གི་ནད། །བཞི་པ་རླུད་ལ་སྐྱ་སྒང་ནད། །དེ་ནས་ཉི་མ་བཞི་པ་ལས། །དང་པོ་ས་ཡི་རྩ་བཅད་ནས། །འབྱུང་བ་མེ་ལ་བསྡུས་ཏེ་བསྟིམ། །མྱོས་ཤིང་བརླབས་ཏེ་འཁོར་ཞིང་ལྕི། །ལུས་ཀྱི་དྲན་པ་ཉམས་ཏེ་འགྱུར། །གཉིས་པ་མེ་ཡི་རྩ་སྲོག་གཅོད། །གཉིས་འདུས་དྭངས་མ་ཆུ་ལ་ཐིམ། །ཚ་བ་ལུས་དང་ལས་ལ་སྐྱེ། །ཡིད་འཁྲུག་དྲན་པ་ཉམས་ཏེ་འཆལ། །གསུམ་པས་ཆུ་སྲོག་གཟུངས་མ་བཅད། །དྭངས་མ་རླུང་གི་རྩ་ལ་ཐིམ། །བུ་ག་དགུ་ཡི་རླན་དང་བྲལ། །ལུས་དང་རྩ་སྦུབས་ཁྲག་ཏུ་རྒྱས། །བཞི་པ་རླུད་གི་རྩ་བཅད་ནས། །དྭངས་མ་ཐིག་ལེ་ནམ་མཁར་འདུས། །ཕྱི་ཡི་རླུད་འགགས་སྒྲ་ནང་རྒྱུ། །ལུས་སྲོག་དྭངས་སྙིགས་ཕྱེད་དེ་འགྲོ། །དྭངས་མ་སྐྱེ་མེད་ཐིག་ལེར་བསྒྲལ། །སྙིགས་མ་དྲི་དང་བཅས་པ་བཞི། །མེ་ཆུ་ལས་ཀྱིས་འཁྲུག་ཅིང་འཁོལ། །སྔགས་ཀྱི་ཕོ་ཉས་ཤ་ཟ་བསྐུལ། །བརྣག་པའི་ལྷ་དང་སྲུངས་མ་དྲལ། །བདག་ལུས་སྔགས་ཀྱི་གོ་ཆར་བསྡུས། །སྒོ་དགུ་ཕྱེ་ལ་མཚམས་སྒོར་འཇུག །ཡི་གེ་དགུ་བསྲེག་བརྟེན་དགུ་བསྡུ། །དམར་ནག་མེ་ཡིས་མེ་པར་བསྲེག །རྐྱེན་དང་སྔགས་ཀྱིས་སྲོག་བསྡུས་ནས། །ཐོད་པའི་ལིང་ག་རྟེན་ལ་བསྟིམ། །དྭངས་སྙིགས་ལུས་སྲོག་འབྱེད་ཅིང་འཆང་། །ཕོ་ཉས་ལུས་བཤིག་ཟ་ཞིང་རོལ། །རྟེན་ཞལ་གཤིན་རྗེ་འཆི་བདག་གིས། ཁྲ་རུས་དྲལ་ཏེ་ནང་གྲོལ་འཐུབ། །རྩ་ལ་གནས་པའི་སྔགས་དབལ་གྱིས། །དྭངས་མ་བཞི་དང་རྩ་བྲན་གཅོད། །ཁྲག་དང་བག་ཆགས་སྐེམས་ཤིང་སྲེག །སྤུ་གྲི་མཚོན་ཆ་རང་གིས་གཅོད། །འདུད་པ་བཞི་དང་འབྲེལ་ཞིང་འཐུབ། །མཐའ་རུ་གཟིར་ལ་ཕུར་པས་གདབ། །བཏད་ཁྲམ་བརྣག་པ་སྤོགས་མེད་བྱ། །ལས་རིམ་སྐྲུ་གྲི་བརྒྱད་དུ་བསྡེག །མཚམས་སུ་འདོད་པ་ཨ་མུ་ཀ །མན་ངག་སྙིང་གི་འཁོར་ལོར་བཤད། །དུར་ཁྲོད་བརྒྱད་དང་མཚོ་གླིང་བཞི། །དམིགས་པའི་བརྣག་པ་རྟེ་ལྡན་པའི། །བདག་གཞན་དོན་དུ་མཆོག་འགྱུར་ལ། །འཁོར་ལོའི་དམ་པར་འདི་གཟུང་བྱ། །བསྒྲུབ་དང་བསྙེན་པའི་གནས་སྐབས་སུ། །རང་སྔགས་འདྲེན་པའི་སྙིང་པོ་དང་། །དྲག་པོ་ལས་ཀྱིས་སྔགས་རྣམས་བཟུང་། །རྩ་སྒོ་སྦུབས་དང་བཅས་པ་སྲ །མེ་དང་ཆུ་ཡི་སྙིང་པོ་བརྟག །ས་དང་རླུད་གི་སྲོག་གཟུགས་བསྒྲལ། །ནམ་མཁའི་དྭངས་མ་ཐིམ་ཞིང་འཕོ། །འདི་ནི་མཆོག་གི་འཁོར་ལོ་ཡིན། །རྟག་ཏུ་མ་བྲལ་གདེང་ལྡན་ན། །མཆོག་གི་ལས་ལ་ཉེ་བ་ཡིན། །བཟློག་ཅིང་དཀྲུག་དང་བརྣལ་མར་དྲང་། །གསད་པའི་མཆོག་ལ་ལས་འདི་སྦྱར། །ཞེས་ནི་འཇམ་པའི་རྒྱལ་པོས་གསུངས། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། རང་རྒྱུད་གནས་པའི་འཁོར་ལོ་བསྟན་པ་སྟེ་རྟོག་པ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཀྱི་རྒྱལ་པོ་འཁྲུལ་འཁོར་བསྡེབས་ཀྱི་ལས་རིམ་འདི་གསུངས་སོ། །ལས་ཀྱི་རྒྱལ་པོ་འཁྲུལ་འཁོར་འདི། །གསང་བའི་ལམ་ཆེན་མཆོག་གཉིས་བསྡུས། །གསང་སྔགས་འདི་ཡིས་ཕྱག་རྒྱ་གྲོལ། །བསྙེན་བསྒྲུབ་ལས་སྦྱོར་སྤོགས་དང་སྦྱར། །ལུས་ནི་ཉོན་མོངས་སྤངས་པ་ལས། །དངོས་གྲུབ་མཆོག་དང་འཇིག་རྟེན་ཏེ། །དུས་ནི་ལོ་འམ་ཟླ་བ་འམ། །དེ་སྐབས་ལོ་ཕྱེད་དག་ཏུ་བྱ། །དཀའ་ཐུབ་གསུམ་དང་ལྡན་གྱུར་ན། །དུས་ཀྱི་བསྙེན་པ་རྣམ་གྲངས་ཏེ། །སྔོན་དུ་འགྲོ་དང་ལས་ལ་སྦྱོར། །ཡ་མ་དགུག་དང་མཚན་མ་གསུམ། །དུས་ཚོད་ངེས་བར་འགྲུབ་པར་བཤད། །དེ་ཡི་གྲངས་ཀྱི་བསྙེན་པ་ལ། །བྱེ་བ་འབུམ་ཁྲི་སྟོང་བརྒྱའི་གྲངས། །འདི་དག་ཏུ་ནི་གྲངས་ནི་དབྱེ། །བསྙེན་པ་ལས་སྦྱོར་གསད་པ་དང་། །ཐོད་པ་བཅའ་དང་མནན་པའི་སྐབས། །ན་ཡ་གྲངས་ཀྱི་ཚད་མར་བཤད། །འོད་དང་དུ་བ་བཞད་པ་རྣམས། །དེ་ཡི་དམ་པ་བཤད་ལ་ལྟ། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །དགོས་པའི་དོན་ཆེན་གང་ལ་ཡང་། །བསྙེན་པས་དངོས་གྲུབ་རྣམ་གསུམ་ཐོག །དེ་མ་ཡིན་པས་དངོས་མི་འགྲུབ། །དྲག་པོ་ལས་ཀྱི་མཐར་བྱ་ན། །ཐ་ཆུངས་བཞི་ཡི་མར་ངོ་ལ། །དངོས་གྲུབ་ཐོབ་དང་བསྙེན་པ་རྫོགས། །དེས་ནི་དྲག་པོ་འཁོར་ལོ་བསྐོར། །དེ་མ་ཡིན་ན་རང་ལ་ལྡོག །མ་ལ་ཡ་དང་དགུ་འདུས་རྩེར། །དུར་ཁྲོད་ཆུ་གླིང་གཉེན་རའི་ཤིང་། །བདེ་བའི་གནས་མཆོག་ཡ་མའི་གླིང་། །ནག་པོ་དུག་གི་སྙིང་པོ་དང་། །ཡི་གེ་འབྲུ་ཤག་གྲོང་ཁྱེར་ནི། །མུན་ནག་འདྲ་བ་གཤེད་པོ་ཡི། །དེ་ཡི་ལྟོ་བ་དག་ན་གནས། །སྲིད་པ་གསུམ་ཡང་དེ་ན་གནས། །དེ་ཕྱིར་སྲིད་གསུམ་འཇུག་བར་བཤད། །དུས་དང་སྒྲ་གཉིས་རྩོལ་དང་རིགས། །གནོད་པས་གཤིན་རྗེའི་ཟ་རེས་འབེབས། །བསྙེན་པས་སྔོན་དུ་ལྷ་བཀུག་ལ། །ལས་ཀྱི་ཡ་མ་དབང་དུ་བསྡུ། །དེ་ཡིས་ལྷ་དང་ལས་བྱེད་འགུགས། །རྟགས་ལ་རྣམ་པ་གསུམ་དུ་འདོད། །ཕྱི་ནང་གསང་བ་ཉེ་བར་གཟུང་། །གོ་ལ་སྐུ་གདུང་ཉི་ཟླ་དགབ། །བདུད་རྩིའི་ཆུ་ལ་ཁྲུས་བྱེད་དང་། །མེ་ཆུ་ཚུབ་མ་འཁྱིལ་པ་ལྷ། །ཀླུ་ལ་འདོད་ཕྱིར་གྲུ་གཟིངས་བསྐྱོད། །གླང་པོ་ཤོན་ནས་མཚོན་ཆ་འབར། །གཅན་གཟན་བདག་སྒོ་དང་འཆར། །སྲིད་གསུམ་འཇུག་ས་ཡ་མའི་གནས། །བྱིན་བརླབས་འབྱུང་ཕྱིར་ཏིང་འཛིན་གཙོར། །བཱ་ར་ཡ་ཡི་བརྡ་སྒྲས་འཇོམས ཕོ་མོའི་མཚན་ཉིད་གཡས་དང་གཡོན། །འགྲོ་བའི་ཆོས་བཞིན་སྦྱོར་བས་གཅོད། །དགུག་དང་བསད་པ་བཞི་གཉིས་རྫོགས། །ལས་ཀྱི་རྒྱལ་པོ་རྫོགས་པ་ཡིན། །བརྒྱད་པོ་དག་ལ་ཉིན་བཞི་སྟེ། །སྟེང་དང་འོག་དང་ཁ་གནོན་ལ། །ཉི་མ་རེ་རེ་ཤེས་པར་བྱ། །འདི་དག་རྐྱང་པའི་མཆོག་ཡིན་ཞེས། །འཇིགས་བྱེད་རྒྱལ་པོས་ཡང་དག་སྤྱད། །བརྒྱད་པོ་རྣལ་དང་བཟློག་པ་ལ། །ཉི་མ་བཞི་བཞིར་ཤེས་པར་བྱ། །མི་འགྱུར་ཡི་གེ་རྣལ་ཟློག་གཉིས། །སྟེང་འོག་ཡི་གེ་ཁ་གནོད་ལ། །ཉི་མ་རེ་རེ་ཤེས་པར་བྱ། །བཅུ་གསུམ་འཁྲུལ་འཁོར་ལ་ཁ་ཐུན། །བརྒྱ་བྱིན་དབང་པོ་མྱ་ར་ན། །བརྒྱད་པོ་དག་དང་མི་འགྱུར་ལ། །གཡས་གཡོན་ཉི་མ་བཞི་པ་སྟེ། །མཆོག་བཟང་བུ་ཡི་ཁང་བ་བཞིན། །བཅུ་དྲུག་སྦྱོར་བས་དཀྱིལ་འཁོར་རྫོགས། །རྩ་ཆེན་གཅོད་པའི་ཙཀྲ་སྟེ། །སྟེང་འོག་ཁ་གནོན་ཉིན་གཅིག་རྫོགས། །ཉི་མ་བཅུ་བདུན་ལས་མཐའ་རྡུལ། །གཞན་ཡང་བཤད་པ་འདི་དག་སྟེ། །གནད་དགུ་འཇོམས་པས་འབྲུ་དགུ་ལ། །གཡས་དང་གཡོན་དུ་བསྐོར་བ་ལས། །སྔགས་ནི་འབྲོས་འདེད་རིལ་དུ་བཤད། །བརྒྱད་པ་རྣལ་ཟློག་བརྒྱད་པ་སྟེ། །མཐར་ཕྱིན་འཁྲུལ་འཁོར་དྲུག་གཉིས་སོ། །བརྒྱད་པོ་བརྒྱད་དང་མི་འགྱུར་བརྒྱད། །སྟེང་འོག་ཁ་གནོད་འཁོར་དང་། །རིམ་བཟློགས་སྔགས་ཀྱི་གནས་དགུ་བསྡེབ། །རྡོ་རྗེ་སྙིང་པོ་རིན་ཆེན་འབྲུ། །ལྔ་བདུན་སྙིང་པོ་བཅུ་དང་གཉིས། །བཅུ་བདུན་སྙིང་པོ་འཁོར་ལོ་ལ། །གཅིག་དང་ཉི་ཤུ་སུམ་ཅུ་གཉིས། །དྲིལ་ནས་དྲུག་ཅུ་གཉིས་ཀྱི། །འཁོར་ལོ་སྦྱོར་བ་གང་བྱེད་དང་། །ཡེ་ཤེས་དམ་ཚིག་གསལ་བ་ལ། །ལྷ་ཡི་འཁོར་ལོ་ལེགས་ཐོབ་ནས། །སྙིང་པོ་ཐིག་ལེ་ཀུན་བསྡུས་ནས། །འཁོར་ལོའི་ཡིག་འབྲུ་ཐིག་ལེར་སྦྱར། །ཡེ་ཤེས་སྙིང་པོ་ཉིད་དུ་གཞུག །དྲག་པོའི་སྦྱོར་བ་བཟློག་ནས་ནི། །ལན་གསུམ་སྦྱོར་བ་ཤེས་པར་བྱ། །རིག་པ་ཀློང་གི་ལམ་ནས་འཕང་། །ཡང་ན་འཁོར་ལོ་སྒོ་དགུ་ཉིད། །རྡོ་རྗེ་རྣོན་པོའི་རྒྱ་མདུད་བཅའ། །མནན་པ་རྡོ་རྗེ་ལྕགས་ཀྱིས་བསྡེབས། །སྤྱི་རྡེག་སྟོབས་ཀྱིས་མནན་པར་བྱ། །རིམ་པ་ཇི་བཞིན་བཟློག་པ་སྟེ། །གནད་གསུམ་བཟློག་པའི་སྦྱོར་བ་ཡིན། །སྔགས་ཀྱི་དབལ་དང་འབར་བའི་འོད། །ཕྱོགས་དང་མཐུན་པར་སྲོག་བྱེད་དེ། །གོང་ལས་འཕེན་ཅིང་གོང་མས་གཅོད། །འཁོར་ལོ་བར་ན་སྔགས་ཀྱི་གནད། །གང་ཡིན་ཇི་བཞིན་པ་ཡི་རིམ། །གཅིག་དོར་གཉིས་དང་གསུམ་དེ་བཞིན། །རིམ་པས་བཞག་ལ་འཇུག་བྱེད་པས། །འཕོ་ཞིང་གཡོ་བ་མེད་པའི་གནོན། །སྦྱོར་བཞི་སྦྱོར་བ་རྐྱང་པ་དང་། །རྣལ་མས་ཁུགས་པར་མ་གྱུར་ན། །སྦྱོར་བའི་རིམ་པ་ལས་ཀྱི་གནད། །སྐབས་འཛིན་ཆུ་སྲིན་རྡོ་རྗེའི་གནད། །འདུས་པའི་ཡེ་ཤེས་ཐིག་ལེ་ཅན། །སྟོབས་ལྡན་རྒྱུ་བ་མེད་པར་གསལ། །མཚོན་ཆའི་རྒྱལ་པོ་ངར་ཅན་འདིས། །རིན་ཆེན་ཡིག་འབྲུ་སྙིང་པོར་ལྡན། །སྐད་ཅིག་སྔགས་དང་འོད་སྟོང་འབར། །གཡོ་མེད་ཕྱོགས་མཚམས་དབང་བསྡུས་པས། །མ་ལུས་ལས་ལ་ཐིམ་པར་ལྡན། །སྟོབས་ཆེན་ནག་པོ་འབྲུ་གཅིག་བཞི། །རིལ་བསྡུས་སྦྱོར་བ་ངར་ལྡན་གནས། །ཡ་བག་ཤ་ཡི་སྦྱོར་ཚུལ་གྱིས། །རྡོ་རྗེ་དྲག་པོ་འབར་བའི་གནད། །དེ་ཉིད་ངེས་པར་འཇུག་བྱེད་པའི། །ལས་རྣམས་སྦྱོར་བ་སྨིན་པ་རྣི། །མི་འགྱུར་ལས་ཀྱི་རྡོ་རྗེ་གནད། །འགྲོས་ཐབས་བརྒྱད་ལ་བཅུ་གཉིས་ཚུལ། །རིམས་བཟློག་གནད་ལ་དབབ་པ་སྟེ། །སྐབས་དང་སྦྱར་ཞིང་སྦྱོར་བ་དབྱེ། །མཐའ་རུ་སྤྱི་ལྡེག་གམ་འགྲེང་ཧོ། །ཡེ་ཤེས་རྡོ་རྗེ་འཁྱུདཔ་ཡི། །ལྕགས་ལ་སོགས་པ་མཐའ་རུ་སྦྱར། །ཐོད་པ་རབས་ཆད་ནག་པོའམ། །དག་དིག་གླེན་པ་བཀྲ་མི་ཤིས། །མ་ཟ་མཛེ་ཅན་ཡུགས་མ་ཕོག །མཛོ་རྟོལ་ཙ་ར་དྲེའུ་ཐོད་པར། །སྔོན་དམར་ཁར་ནག་སུམ་སྒྲིལ་དཀྲི། །ལྷ་ཁང་མཆོད་རྟེན་རོ་ཁང་མུ། །དུར་ཁྲོད་གཉན་ན་མགོ་ལ་ཐེམ། །ལམ་སྲང་གང་རུང་ཆེར་གནོད་པར། །སྙིང་པོ་རི་རབ་བཅས་པ་ཡི། །ཡ་མ་སྐུ་གསུང་ཐུགས་ཀྱི་ལྷོར། །དམིགས་པ་གང་ཡིན་ལེགས་པར་གཞུག །ཕྱག་རྒྱ་སྟོབས་ལྡན་ཟིལ་གྱིས་མནན། །སྦྱོར་བ་སྔགས་ཀྱི་རིམ་པ་ནི། །ཡི་གེ་བསླང་དང་གཟེར་བཞི་བརྡབ། །ལྷ་བསྐྱེད་མངའ་དབུལ་འཁོར་ལོ་གསོལ། །མཚོན་ཆ་ངར་གླུད་བྱིན་གྱིས་བརླབ། །སྲུང་དང་དབྱེ་བའི་ལས་ལ་སོགས། །ཏིང་འཛིན་རྒྱལ་པོ་རྐྱེན་གྱིས་འགྲུབ། །ཐེ་ཚོམ་ལེ་ལོ་གཡེང་བ་ཡིས། །སྦྱོར་བ་བརྩམས་ན་དོན་མི་འགྲུབ། །འཁོར་ལོ་ལྡོག་པའི་རྒྱུ་བཤད་པ། །ལྷག་ཆད་རྣལ་འབྱོར་ནོར་དང་འདྲེས། །རེ་ཀ་ཐིག་འབྱོར་དྲི་མས་གོས། །རྒྱུ་རྐྱེན་སྦྱོར་མིན་ལྡོག་པར་བཤད། །དེ་བཞིན་འ་་པའི་རྐྱེན་བསྟན་པ། །སྔགས་ལ་ནན་ཆུངས་འཛབ་མ་རྫོགས། །གཉེན་པོ་བཀའ་བསྒོ་ལས་གཉེར་ཆུངས། །ལས་ཆོག་ཡན་ལག་རྟད་ཚོགས་ཉམས། །ལས་མི་བྱེད་དེ་འཁོར་ལོ་འ་། །རྡུལ་ཚོན་དམ་ཚིག་ཡེ་ཤེས་ཀྱི། །བསྙེན་བསྒྲུབ་དལ་ལ་རྟེན་བྱས་ནས། །གསོད་པའི་འཁོར་ལོས་བསད་བྱས་ནས། །ནན་པའི་སྦྱོར་བས་ནན་ཏན་བསྐྱེད། །དེ་ནི་དམིགས་པ་གཅོད་པར་བྱེད། །དེས་དང་ཆོད་པར་མ་གྱུར་ན། །ལས་དང་སྦྱོར་བ་སྤོགས་པར་བྱ། །གསང་སྔགས་མཐར་རྫོགས་གཉེན་པོར་མནན། །སྦྱོར་བ་དེས་ཀྱང་མ་ཆོད་ན། །རོ་ལངས་ནག་པོའི་སྦྱོར་བ་དཀྲུག །རང་ལས་སྐྱེས་པའི་སེམས་རྟོག་ལས། །དམར་ནག་ཡུལ་ལ་འཁོར་ལོ་བཅའ། །ཐབས་དང་ཤེས་རབ་ལྟོ་བར་གཞུག །འགྲོས་ཐབས་བརྒྱད་ཀྱིས་དཀྲུག་ཅིང་སྦྱར། །མཐར་རུ་དྲག་པོ་ཧོམ་གྱིས་གནས། །རྟགས་རྣམས་བྱུང་ནས་མ་བཏོན་ན། །དམིགས་པ་ཟད་ཀྱང་རྟག་ཏུ་འཁོར། །མི་མཉམ་མགོ་ལོག་རེ་མིག་ནོར། །ལྟ་བའི་སྦྱོར་བ་བཞི་མ་ལྡོག །གནད་དགུ་མ་ཡེངས་གཉེན་པོ་གཡེང་། །འཕྲུལ་གྱི་འཁོར་ལོ་སྦྱོར་བ་བཞི། །རྡོ་རྗེ་རྒྱལ་པོ་སྦྱོར་དང་བཅས། །ཡང་དག་བག་པའི་འཁོར་ལོ་མིན། །སྦྱོར་བ་རྒྱུ་ཡི་བརྡ་གཟུགས་ཅན། །བདེ་བ་གཅིག་གི་ལམ་དང་ལྡན། །ཐབས་མཆོག་གསུམ་དང་འདི་སྦྱར་ཡིན། །ཡང་དག་དཔའ་བོས་ངེས་པར་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། འཁྲུལ་འཁོར་སྡེབས་ཀྱི་ལས་ཀྱི་ལེའུ་སྟེ་རྟོག་པ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡན་ལག་གི་འཁོར་ལོ་འདི་དག་གསུངས་སོ། །བསད་པའི་འཁོར་ལོ་ཇི་བཞིན་དུ། །འཁོར་ལོ་རེའུ་ཆའི་ཡིག་འབྲུ་རྣམས། །རྫོགས་པའི་མཐའ་རུ་ལ་སྔགས་དགོད། །དབང་དུ་བྱ་བའི་འཁོར་ལོ་ནི། །སྨད་འཚོང་ཞབས་མ་གྲུ་བཞི་ལ། །ཆ་གཉིས་རྩོང་བྲི་སྙི་ཧང་བསྐུ། །བཙུན་མོའི་སྙིང་ཁར་འཁོར་ལོ་བྲི། །མཚལ་དང་རྒྱ་སྐྱེགས་ཁྲག་ཆེན་བསྐུ། ཁ་སྦྱར་དམར་ནག་ལྟོ་བར་བྲི། །ཉིན་མཚན་དྲིལ་བརྟོར་དགུག་པ་བརྡགས། །རྣེལ་ཐོད་སྲིན་མོའི་སྒྲོམས་སུ་མནན། །མོས་པས་རྣམ་པ་བཞི་ཐོབ་ཅིང་། །འཇིག་རྟེན་གསུམ་པོ་དབང་བསྒྱུར་ཞེས། །རྡོ་རྗེ་རྣོན་པོ་སེམས་དཔའ་གསུངས། །རྒྱས་པར་བྱ་བའི་འཁོར་ལོ་ནི། །རིན་ཆེན་རྒྱུ་ལ་པྲི་བ་ཡང་། །ནོར་ལྷ་རྒྱལ་པོའི་རྒྱབ་ཏུ་བཅའ། །རིན་ཆེན་གའུ་ལྷ་ཡི་ཁང་། །ཡང་ན་སྐྱེད་མོས་ཚལ་དག་གམ། །ལྗོན་པའི་ཤིང་དག་གནས་པ་སྲ །ཛལྷ་ལ་དང་བཅས་པར་བྲི། །ཚེ་དང་ལོངས་སྤྱོད་རིགས་བརྒྱུད་རྒྱས། །སྦྱོར་བ་དྲུག་དང་ལྡན་པར་འགྱུར། །ཞི་བར་བྱ་བའི་འཁོར་ལོ་ནི། །ཟླ་བའི་དཀྱིལ་འཁོར་ལྟེ་བར་བཅའ། ཁ་སྦྱར་ཉི་ཟླ་དགེ་སློང་གི་དབེན་གནས་ལྡན་པའི་དཀྱིལ་དུ་བཅའ། །དུང་དང་ཉ་ཕྱིས་ནང་དུ་དྲིལ། །གཙང་མའི་རས་དང་བཅས་པར་སྦ། །དྲག་པོ་ག་་པོ་ལྷན་ནེ་བ། །འཇིགས་པ་བརྒྱད་ལས་ཡང་དག་སྐྱོབས། །དབྱི་བ་རྟ་དང་མ་ཧེ་ལ། །འཁོར་ལོ་གཉིས་བྱས་ལྟོ་སྦྱོར་ལ། །སྦྲུལ་ཤིའི་དུད་བདུད་སྣོལ་ཁྲག་བསྐུ། །སྔགས་བཟླས་རྟ་རྒོད་ཐོད་པར་བཅའ། །གང་ལ་དམིགས་པ་ལྷ་གནས་ཡུལ་རྟེན་སྦ། །རྒྱུད་གཅིག་པའང་གཉིས་སུ་ན། །ལྷ་མི་རྒྱུད་གཉིས་སྨོས་ཅི་དགོས། །བསྐྲད་པར་བྱ་བའི་འཁོར་ལོ་ནི། །རྔམ་མོའི་རྒྱབ་ཏུ་རིམ་པས་བྲི། ཁ་སྦྱར་དོམ་ནག་ཐོད་པར་གཞུག །འབབ་ཆུའི་འགྲམ་མམ་ཁྱི་ཚང་མནན། །རྒྱལ་བློན་ཤ་ཟ་གང་ཡང་རུང་། །དཀར་པོའི་ཕྱོགས་ལ་སྡང་བ་རྣམས། །ཐ་བོལ་འཐར་པའི་ཡུལ་དུ་བསྐྱེལ། །ལྐུགས་པར་བྱེད་པའི་འཁོར་ལོ་ནི། །རྒྱབ་བཅད་ལུག་གི་རྒྱབ་ཏུ་བཅའ། ཁ་སྦྱར་ལུག་ཐོད་རེ་བས་དྲིལ། །པདྨ་དབང་ཕྱུག་དེ་བ་ཡང་། །ལྐུགས་པའི་མཆོག་ཏུ་དེ་འགྱུར་ན། །སྲོག་ཆགས་རྣམས་ལ་སྨོས་ཅི་དགོས། །འབོག་པར་བྱ་ན་ཤ་བ་ཡིས། །རྒྱབ་ཏུ་མཁས་པས་འཁོར་ལོ་བྲི། ཁྲན་དམར་རླུད་ཕྱོགས་མཁར་ལ་མནན། །ནག་པོ་གདུག་པའི་སེམས་ལྡན་པ། །འབོད་ཅིང་རྒྱལ་བར་ཡང་དག་བཤད། །སྨྱོ་བར་བྱེད་ན་སྤྲེའུ་ཡི། །རྒྱབ་ཏུ་འཁོར་ལོ་བྲིས་བྱས་ལ། །སྨྱོ་འབོག་སྤྲེའུ་ཡི་ཁྲག་གིས་བསྐུ། །སྤྲེའུ་ཐོད་འཁོར་ལོ་གལ་པ་ཡིས། ཁེང་ཆེན་དག་ལ་མནན་པ་ན། །སྨྱོ་ཞིང་ཁྲག་སྒྱུག་ངེས་པར་འགྲུབ། །མྱོས་བར་བྱེད་པའི་འཁོར་ལོ་ནི། །སྲོག་དང་བྲལ་བའི་ལུས་ལ་བྱ། །ས་འམ་ཚ་བས་ཤི་བ་ཡི། །ལུས་སམ་པགས་པ་དེ་ཉིད་དོ། །རིམས་ཀྱིས་ཤི་བའི་ཐོད་པར་བཅའ། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྒྱུར། །ཁྱབ་འཇུག་གཞོན་ནུ་དབང་ཆེན་ཡང་། །མྱོས་ཤིང་རླག་པར་ཡང་དག་བཤད། །རེངས་པར་གེན་པའི་ཤིང་ལ་བཅའ། །ཐང་ཤིང་དྲུང་བསྐམས་ཐེམས་སུ་གཞུག །ལམ་ཆེན་གཡང་ས་དགོད་པར་གནོན། །གྱེན་པའི་ཤིང་ལྟར་སྲོག་ཆགས་ཀུན། །རེངས་པར་བྱེད་པའི་མཆོག་ཏུ་བཤད། །གཟིར་བ་སྟོབས་ཀྱི་བདག་པོའི་ལྟོར། །འཁོར་ལོ་བྲིས་ལ་འབྲི་ཐོད་གཞུག །ལྷ་ཡི་ཁང་པའམ་ཀ་རྟེན་གནན། །གཟིར་བའི་མཆོག་ཏུ་དེ་བཤད་དོ། །དྲག་པོའི་སྦྱོར་བ་རུས་སྦལ་ལྷོར། །བདུན་ནག་སྦྱོར་བ་རྒྱུ་ཡི་ལྟོར། །བསྐྱབ་པ་རང་གི་རྟེན་གྱིས་བྱ། །ལྷ་སྲིན་རང་རང་ལྷོ་བར་བྱ། །མནན་པ་ལས་ཀྱི་བདག་པོ་སྟེ། །བདུད་རྩི་འཁྱིལ་པའི་ལྟོ་བར་གཞུག །ཆ་གཉིས་བྲིས་ལ་ཐོད་ཆེན་མནན། །སྔགས་པ་སྟོབས་ཆེན་འོག་ཏུ་མནན། །དོན་ཡོད་གྲུབ་པའི་འོག་ཏུ་མནན། །ཐར་པའི་ལམ་མེད་དེ་ཉིད་ཡིན། །དབང་པོ་གཞོམ་པའི་འཁོར་ལོ་ནི། །ཆུ་སྲིན་རྒྱས་པའི་ལྷོ་བར་བྲི། །མོན་གླང་དཀར་ནག་ཐོད་པར་གྲུབ། །གང་ཡིན་མནན་ལམ་འོག་ཏུ་མནན། །ཕོ་མོ་དབང་པོ་འཇོམས་པར་བཤད། །ལོངས་སྤྱོད་གཤོམ་ན་ཡི་དྭགས་ཀྱི། །ལྟོ་བར་འཁོར་ལོ་བཅས་ཏེ་གཟིར། །གྲོང་ཁྱེར་ཞིག་པའི་འགོང་པོ་ལ། །དམ་སྲི་ཕག་གི་ཐོད་པར་མངག །ལོངས་སྤྱོད་མཁར་གྱི་ཕུགས་སུ་མནན། །ལོངས་སྤྱོད་རླག་པར་བྱེད་པ་ཡིན། །ལོ་ཐོག་གཤོམ་པ་ལྷོ་འཕྱེའི་གཟུགས། །ལྟོ་བར་འཇིག་རྟེན་ལོ་ཐོག་བཅུད། །གཉན་སྦལ་ཁོག་པར་ཡུལ་དབུས་མནན། །ལུས་གཞོམ་པ་ཡི་འཁོར་ལོ་ནི། །སྦྲུལ་ནག་ལྟོ་བར་བྲིས་བྱས་ཏེ། །མཛེ་ཅན་དམར་ཐོད་ཐོད་པར་མནན། །ཡ་ངའི་ནད་ནི་འབྱུང་བར་འགྱུར། ཁམས་གསུམ་གཞོམ་པ་མེ་ཡི་གཟུགས། །ནམ་མཁའ་གྲུ་གསུམ་ཨེ་ཡི་དཀྱིལ། །འཁོར་ལོ་ཉི་ཟླའི་འོད་ཟེར་འཕྲོ། །ནམ་མཁའ་རྒྱ་མཚོ་རྟེན་མེད་མནན། །ཀུན་གྱི་འཁོར་ལོ་གཅོད་པ་སྟེ། །སྤུ་གྲི་སོ་བཞིན་ལྡན་པ་རྩིབས། །ས་དང་ཆུ་དང་མེ་དང་རླུད་། །ནམ་མཁའ་དབྱིངས་ཀྱི་ཁོངས་སུ་གཞུག །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཡ་མ་མེ་ཏ་ཁྲེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་སྣྲོ་ནི། ཧྲི༷༷སྒྱི་ཨ་མུ་ཀ་ཨ༷་གུ་ཤ་ཛ་ཨུ་ཀཁོ་ཡ་ཧཱུཾ༷་ཛ་ཛ། སྤྲུརྨྱི་སྤ་ར་ན་ཧཱུཾ༷། ཤསྟི༷་ཀུ་རུ་ཡེ་གྲྭཧྭ། དེ་བ་བི་དེ་པྲ་བེ་ཤ་ཡ་ཕཊ་ཡ༷། པྲ་རཀ་ལ་མུར་ཙ་མ་ཏ་རེ་ཙ་རུ་ཡེ་ཕཊ། མུར་ཙ་རག་མུ་ཤི་ཕཊ། པྲ་རཀ་མུ་ཡ་ཧྲི་ཏ་ཡ༷།རཀྟ་མུར་ཡ་ཙ་༷ར་ཡ༷་ལིང་ཡ༷་ཤར་ཡེངས། བྷ་ཧུ་ཐིང་། ར་མ་པྲ་རཀ་ཏི་རི་རྦད། སརྦ་པྲ་ཏ་ཡི་ཤིག་ཁ་གཟིར་ནན་རྦད། སྟ༷་པ་ཡ་ནན། མུར་རཀྟ་ཐིབས་ད༷་སུ་ཁ༷་རིལ་ལྷུ་ཏ་ཐམ། རུ་ཡ༷་ཧྲི་ཏྲི་ལིང་ཡ༷་ཤིག་ཕོབ། །ཧྲིལ་ཤར་འུར་ཐོག་ཕྲོ་ཧུར་ནཱ་ག་གཟིར་ཐོབ། མུ་ར་ཡ་བཛྲ་སྤྲུཁོ་ཡ༷། པྲ་མ་ཡ། རཀྟ་ཙ་ར་ཡ། མྱ་ར་ཡ། ནི་ཤ་ཀུ་རུ་ནི་རྦད་ཡ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་གསང་རྒྱུད་ལས། ཡན་ལག་གི་འཁོར་ལོ་བསྟན་པའི་ལེའུ་སྟེ་རྟོག་པ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དྲག་པོ་ཐུན་ལ་སོགས་པ་འཁོར་ལོ་དང་བསྡེབས་པའི་རིམ་པ་འདི་གསུངས་སོ། །དྲག་པོའི་འཁོར་ལོ་བསྐོར་དང་རྗེས། ཁ་གསོ་ཐུན་གྱི་ལས་བཤད་པ། །ས་ཆུ་མེ་རླུད་ནམ་མཁའ་དགྲ། །གང་ཡིན་འབྱུང་བ་ཤེད་དུ་དབབ། ་་ས་ཀར་དུག་ཁྲག་ཕུར་བུའི་ཐུན། །གསེར་དང་གྲི་ལྕགས་རྡོ་ནག་པོ། །མདའ་ཐུན་དྲག་པོ་བསྐྱོད་བྱས་ལ། །བད་ཀན་མཁྲིས་པ་རླུད་དང་ཁྲག །སྨྱོ་འབོག་དྲི་རྒུགས་སྣ་ཚོགས་ཏེ། །འབྱུང་བ་ཁམས་ཀྱི་གཤེད་དུ་དབབ། །ཁྱད་པར་གསང་བའི་ཐུན་དབབ་པ། །ལུས་ངག་ཡིད་གསུམ་གཞོམ་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་བ་་སྡུས་ལ། །གསོད་པའི་མཚོན་ཆ་བསྡེབ་པར་བྱ། །དུར་ཁྲོད་ས་ལ་ཁྲུ་གང་བའི། །དཀྱིལ་འཁོར་ནག་པོ་ཐོད་འཕྲེང་ལྡན། །དུར་ཁྲོད་རྒྱན་དང་མེ་ར་བྱི། །དབུས་སུ་ཡ་ལས་གཤིན་རྗེའོ། །མོན་ཐོད་ནང་དུ་སྙིང་ཁྲག་སྦྱར། །ར་རོག་ལུག་དང་མི་ནག་ཡིན། །བརྣག་པའི་གཟུགས་དང་མིང་བྱང་གཞུག །ཕྲོག་བསྐུལ་ཐུན་དབབ་ལས་ཞེན་གདབ། །བསྐུལ་ཚིག་ལུས་བསྐྱོད་དྲག་ཏུ་དབབ། །རི་རྒྱལ་རྦབ་ཆེན་འདྲིལ་བ་བཞིན། །སྨོད་པའི་རྒྱལ་པོ་ངར་ལྡན་པས། །ལུས་ཀྱི་དབང་པོ་འཇོམས་པ་སྟེ། །ཡ་མརྙ་ཀའི་བརྣག་པའོ། །གྲོག་མཁར་ས་དམར་བ་ཡི་ལྕི། །རོ་བསྲེགས་ས་ལ་ཁྲུ་དོ་རྩིག །ཁྲག་དང་དུག་གི་ཆག་ཆག་གདབ། །ཨེ་གནས་ཐོད་པ་དགུ་འཕྲེང་བྲི། །དཀྱིལ་འཁོར་དམར་ནག་ཁྲག་མཚོ་ཅན། །གཏོར་མ་ཤ་ཆེན་གསུར་དང་ཁྲག །མི་རྟ་ར་ཁྲག་བསྣུག་ཉུངས་ཀར། །ཐོད་ཚལ་བླུགས་ལ་ཐུན་དུ་དབབ། །གྲི་རྒོད་ཐོད་པར་ལིང་ག་གཞུག །ཐུན་དབབ་ལུས་བསྐྱོད་ཁྲོ་བོ་བསྐྱེད། །དམར་ནག་ཁྲག་གི་རྒྱན་ལྡན་པ། །སྔོ་ནག་ཡུམ་འཁྱུད་འོད་ཟེར་འཕྲོ། །དྲག་པོ་ཐུན་དབབ་ལམ་དུ་གཞུག །སྟག་མདའ་དམར་པོས་ངག་དབང་འཇོམས། །གཡུལ་གྱིས་ས་ལ་མཎྜལ་བྲི། །དབུས་སུ་དཔལ་གྱི་གཏོར་མ་ལ། །ཡ་ལས་གཤིན་རྗེ་ནག་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཡུམ་དང་ལྡན། །བསྙེན་པ་འཕྲོ་འདུད་དབང་དུ་བསྟིམ། །མེ་འབར་འགྱུར་ལྡོག་ཁོལ་བ་རྟགས། །བྷ་ལི་སྔོས་ལ་བསྡུ་དང་བསྟན། །བརྣག་པའི་གཟུགས་ལ་བརྡེག་པའི་རྫས། །ཁྱི་དང་རྟ་ནག་གྲི་རྒོད་ཁྲག །སྣ་ཚོགས་དུག་དང་ཉུངས་ཀར་གྱིས། །ནད་དང་མཚོན་ཆ་ཆར་དུ་འབེབས། །སྣ་ཚོགས་ཤ་ཟ་མི་མཐུན་གཟུགས། །གཏོར་མ་ཐུན་དང་བརྣག་པའི་ཁམས། །རྒྱུ་ལ་ནད་དང་དལ་དུ་འབེབས། །མི་མཐུན་ཉོས་དང་དབང་པོ་འཆལ། །སྨྱོ་འབོག་མཛེ་ཤུ་རིམས་སུ་འབེབས། །དྲག་ཏུ་བསྐུལ་དང་ཡུལ་ལ་རྦད། །དམིགས་པའི་རྩ་དང་སྲོག་གཟུང་གཅོད། །བླ་དང་བག་ཆགས་བཀུག་ཅིང་གསོད། ཁེས་རྒྱུད་དྲན་པ་ཉོས་ཤིང་སྐྱེམས། །དགུ་བསྐོར་དྲག་པོ་ལས་ཀྱི་ཐུན། །ཡིད་ཀྱི་དབང་པོ་འཇོམས་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུན་གྱི་ཡང་སྙིང་རྒྱལ་པོ་འདི་དག་གསུངས་སོ། །ཨེ་ཨེ་ཨེ་ཨ་ཀྲོ་ཏེ་ཀ་ཡ་མ་ཡེ། ཀྭ་ལ་རྭ་པ་ཀ་པ་ཡེ། ཧྲི་སྟི་ཨ་པ་ཡེ། ཡ་མརྙ་ཀ་ཝི་ཀྲི་ཏ། ཀ་ལི་ཀྲོ་དྷ་ཨ་ནེ་ཨུ་ནེ་དུ་ན་བྱ་ཙ་ཡེ། དུ་རུ་ཡེ། ཙིཀྟ་ཡེ། ཧ་ལ་ཡེ། ཡ་མ་ཀྲི་ཏ། ཡ་མ་ཀྲོ་དྷ། ཡ་མ་ཀྲོ་དྷ། མོརྙ་ཡ་མ་རསྒ །ཡ་མ་བྱི་ཤ །ཙི་ཧཱུཾ༷རྫི་མོརྙ་ཧྲི་ཙ་ཡ་ཨ་མུ་ཀ །ཙིརྟི་བྲེང་ཤག །བརྒྱགས་ཐུན་སྨྱོ། ཐུམ་རིལ་ཁྲག་ལ་མྱོགས་སྨྱོ། །དུན་ཏིང་ཧྲེལ་ཤག་ཧ་ལ་ཡ༷་སྨྱོ། དགྲ་བོའི་ཙིསྟ་ཚལ་མྱོགས་རྦད། །སྲོག་ལ་མུ་ར་ཡ་རྦད། ནི་ཤ་ཀུ་རུ་ནི་རྦད། སྤོ་་དུན་ཧུར་ལོང་བྲེང་དུན་ཧུར་ཐུམས་ཛ། ཙིསྟ་རྦད་ཡ། ཡང་གསང་ཐུགས་ཀྱི་བརྣག་པ་སྟེ། །རྒྱུན་དང་དབབ་པར་རང་གཤེད་དང་། ཁ་གསོ་ལ་སོགས་མ་ལུས་འདུས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །གསང་སྔགས་ཁ་བླངས་ནུས་པ་ཅན། །སྟོང་པར་བཟླས་པ་མ་ཡིན་ཏེ། །ཉུངས་ཀར་དག་ལ་བསྟིམ་ཞིང་སྔགས། །ཨོ་ཨ་ཀྲོ་ཡ་མ་ཏོ་མེ་དགྲ་བོའི་སྲོག་ལ་མྱ་ར་ཡ་རྦད་རྦད། ཟོར་ཐུན་ལ་སྨྱོ། སྐུ་ཡི་ཐུན་དེ་གཤིན་རྗེ་གཤེད། །ཨོ་ཡ་མ་རསྒ་མོན་ཏ་བ༷་རིལ་ཏྲག་རསྒ་ཡ་མ་རཀློ་སྨྱུ་ར་ཡ་རྦད། ཏྲཀ་རསྒ་མོན་ཏ་བྷ༷་རིལ། རཀློ་ཁ་ཐུན་རྦད་སྨྱོ་སྨྱོ། གསུང་གི་ཐུན་ཏེ་འཇིགས་བྱེད་དམར། །ཨོ་ཡ་མ་ཙིསྟ་དུན་ཛ་ཛ། སྲོད་ལ་རྦད་རྦད། །ཡ་མ་ཙིསྟ་ཐུན་ཛ་ཛ། སྲོག་ཐུན་སྨྱོ། སྲོག་ལ་རྦད་རྦད་ཐུན་སྨྱོ། ཐུགས་ཀྱི་ཐུན་ཏེ་ཚེ་སྲོག་བདག །གབ་པ་གསང་བའི་ལས་སུ་གསུངས། །གཞན་ཡང་སྲེག་པའི་ལས་བྱ་བ། །ཉིན་བཞི་རྫོགས་པའི་འཁོར་ལོ་མནན། །ཐུན་གྱི་མཐའ་རྟུལ་སྦྱིན་སྲེག་ཅིག །ཡང་ན་སྤྱིན་སྲེག་ལྔ་བཅུ་དང་། །འཁོར་ལོ་ཉི་མ་བརྒྱད་དུ་བསྡེབ། །ཡང་ན་བརྒྱ་དང་བརྒྱད་དུ་ཡང་། །ཧོམ་དང་འཁོར་ལོ་བསྡེབ་པ་སྟེ། །ཟླ་བ་བཅུ་གཉིས་བར་དུ་ཡང་། །དུས་ཀྱི་མཐའ་རྡུལ་མེ་ཡི་ལས། །དེ་ནི་མྱུར་དུ་རུ་ཏྲ་རླག །བདག་ཉིད་བྱང་ཆུབ་དེ་ཉིད་ཐོབ། །དེ་ནས་ཡང་དག་བཤད་བྱ་བ། །ཁྲམ་དམར་ཁྲམ་ནག་ཚད་ལྡན་པ། །མཁས་པས་ཁྲམ་གྱི་རེ་ཆ་བྲི། །ཁྲམ་བཏབ་བདག་པོ་བཅུ་གཉིས་ལ། །ཁྲམ་བདག་ཕྱིར་ན་དྲག་ཏུ་བསྐུལ། །རེ་རེ་ལ་ནི་དམིགས་པ་གཞུག །ཁྲམ་ཁ་རི་ལི་ཞེས་ཀྱང་གདགས། །རྗེས་ལ་བདུད་ཀྱི་ཁྲམ་ཁ་དབབ། །འཁོར་ལོ་ཁྱམ་འདེབས་ཆུ་སྲིན་གྱི། །བཟུང་ནས་བརྒྱབ་པ་མི་འཆོར་བྱེད། །གཞན་མ་འཁོར་ལོ་བྱད་བསྡེབས་པས། །བྱད་ཁ་ཀླུ་དང་མ་གདོན་ཏེ། །དུག་སྦྲུལ་ནག་པོ་ལྟ་བུར་སྤྱད། ཁོད་དང་བསྡེབས་ན་བདུད་ཀྱི་ལས། ཁོད་རྡེ་དང་བཅས་རྩིས་བསང་པ། །བདུད་ཀྱི་ཤན་པ་གསོད་པ་ཡིན། །བསྡེབས་པའི་གྲོགས་ཏེ་རྣོ་བའི་ངར། །འཁོར་ལོ་གཅོད་པའི་གྲོགས་སུ་འགྱུར། །ཅེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། འཁོར་ལོ་ཐུན་བསྡེབས་དང་བྱད་ཁ་ཤོད་ཁྲམ་བསྡེབ་པའི་ལེའུ་སྟེ་རྟོགས་པ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། རྡོ་རྗེ་རྣོན་པོས་གསོལ་པ། ཀྱེ་མ་འཇིགས་བྱེད་གཤིན་རྗེ་གཤེད། །འཕྲིན་ལས་རྣམ་བཞི་རྫོགས་པའི་སྐུ། །དབང་དྲག་གཉིས་ཀྱི་བསད་པ་རྫོགས། །ཞི་རྒྱས་གཉིས་ཀྱིས་ལས་གང་བྱེད། །འཇིགས་བྱེད་རྒྱལ་པོས་ངེས་གསུངས་པ། །འཇམ་དཔལ་ཐུགས་ཀྱི་དཀྱིལ་འཁོར་དུ། །རིགས་དང་བཅས་པའི་ག་འུ་ལ། །སྟེང་དུ་སྐུ་ཡི་བཅུ་བདུན་པ། །ཚེ་ཡི་འབྲུ་དྲུག་འདོད་པ་གསུམ། །ཉི་ཤུ་རྩ་བཞི་ཡིག་འབྲུས་གང་། །དམར་ལ་གདངས་པའི་སྣག་ཚས་བྲིས། །མགོ་དམར་ཚེ་ཡི་རྟགས་ལྔ་བབ། །རང་བྱུང་འཆི་མེད་སྣུམ་དང་སྦྲུ། ཁ་སྦྱར་འབྲུ་ལྔའི་རྒྱས་གདབ་འཁྲིལ། །ས་ཡི་དཀྱིལ་འཁོར་པདྨ་བཞི། །བཅུ་གཉིས་ལྡན་པ་རེ་ཀ་སྟེ། །ལྟེ་བ་ཅོང་ཟིས་དཀར་པོར་བྱ། །དེ་བཞིན་ཐུན་པར་རིམ་པར་ལྡན། །མདའ་དང་ཚེ་ཡི་རལ་གྲི་དགོད། །གཞལ་ཡས་གདན་སྟེངས་ལྷ་རྣམས་བསྐྱེད། །སྤྱན་དྲངས་ལ་སོགས་པྲུ་ཛ་དབུལ། །ཚེ་ཡི་བསྙེན་པ་ཁྲི་ཚེ་བརྒྱད། །ཉིན་ཞག་ཐུན་གསུམ་མཆོད་བསྟོད་བཟླས། །ཚེ་ཡི་སྙིང་པོ་གནས་ནས་དྲང་། །འོད་འབར་དྲི་དང་དུག་སླངས་བསྐུལ། །ཐོན་ནས་ཚེ་ཡི་ག་འུར་བསྟིམ། །དངོས་གྲུབ་བདུན་རྩིས་དབང་བསྐུར་ལ། །སྙིང་པོ་བསྐུལ་ཞིང་སྦྱོར་བས་བསྟིམ། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱིན། །བཀྲ་ཤིས་ཚེ་ཡི་གླུ་དབྱངས་བརྗོད། །འཇམ་དཔལ་ཨུ་ཡུའི་སི་དྷིར་བཤད། །བསྙེན་པའི་རྟགས་རྣམས་ཕྱིན་པ་དང་། །སྒྲུབ་པས་འཕྲོ་འདུ་རབ་བྱས་ནས། །ཐ་མའི་དུས་ན་དངོས་གྲུབ་བླང་། །དམར་སེར་བ་ཡི་འོ་མ་དང་། །ལྷུང་བཟེར་མར་གྱིས་བཀང་བ་དང་། །རྡོ་རྗེ་ཚེ་ཡི་ཞལ་ཟས་བསག །སྙིང་པོའི་མཆོག་ཉིད་དེ་ལ་བསྟིམ། །འོད་ཟེར་འཕྲོ་འདུ་ཞི་དང་རྒྱས། །རྣལ་འབྱོར་ཆས་གོས་དེ་བཞིན་ནོ། །ཡེ་ཤེས་དཀྱིལ་འཁོར་འོད་ཟེར་ཚུལ། །ཞལ་ཟས་དེ་ཉིད་དངོས་ལ་བསྟིམ། །ང་ནི་འཇིགས་བྱེད་གཤིན་རྗེ་གཤེད། །བཀའ་ཡི་འཁོར་ལོ་རབ་བསྒྱུར་ཞིང་། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་བསྟིམ། །འགྲོ་བ་རྨོངས་པ་མ་རིག་མུན་པ་ལ། །ཡེ་ཤེས་ཉི་མ་སྨིན་པ་གཤིན་རྗེ་གཤེད། །སྡུག་བསྔལ་ཚ་བས་གདུངས་པ་སེམས་ཅན་ལ། །ཐུགས་རྗེ་ཟླ་ལྟར་བསིལ་བའི་གཤིནརྗེགཤེད། །ཉོན་མོངས་ནད་ཀྱིས་ཉེན་པའི་འགྲོ་བ་ལ། །སྨན་པའི་རྒྱལཔོབླམེདགཤིནརྗེགཤེད། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲས། །ཐུགས་རྗེ་རྣམ་ཐར་གཤིན་རྗེ་གཤེད། །ཀུན་མཁྱེན་ཀུན་རིག་འཇམ་པའི་དཔལ། །མཆོག་དང་ཐུན་མོང་ལ་སོགས་པ། །དངོས་གྲུབ་དག་གི་གཏེར་ལགས་པས། །ཞལ་ཟས་དངོས་ལ་བསྟིམ་པ་དེ། །བསྟོད་པ་སྒྲ་དང་གླུ་གར་གྱིས། །ལྷ་དང་མཁའ་འགྲོ་མཆོད་ཅིང་བླང་། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ལ། །སི་དྷི་ཧཱུཾ༷་ཞེས་གདགས་པར་བྱ། །དེ་ནས་གསང་སྔགས་འདི་དག་སྟེ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་བྷརྫི་ཨུ་ཡུ་ཙྭ་ན་ཧཱུཾ༷་ཨ། ཆེ་བསྒྲུབ་པ་ཡི་སྙིང་པོ་སྟེ། །ཡབ་ཡུམ་གཤེད་ཀྱི་སྔགས་དང་བསྡེབ། །ཨ་ཡུ་ཛ་ན་ཡུ་ཙེ་ཨ་བ་ན་ཡ་བྲུ༷། །ཨ་སྟི་ཁིའ྅་ཡ་ཨུ། སྐུ་མཐར་སྦྱར་བའི་ཚེ་དཔག་མེད། །ཨུ་ཡུ་ཙྭ་ན་ཡུ་ཚེ་ཨ་པ་ནི་ཡ་བྲུ༷་པུ་ཀྲ་ཙ་ན་ཨ་པ་ན་ཡ་གྲྭཧྭ། ཚེ་བསྲིང་དཔལ་ནི་བསྐྱེད་པ་དང་། །རིགས་བརྒྱུད་སྤེལ་བའི་མཆོག་ཉིད་དེ། །ཡོན་ཏན་མཐའ་སྦྱར་ཡང་དག་གོ །ཀ་མ་ལ་སྟིན་དུ་ཨ་པ་ན་ཡ་སྲུཧྭ། སྐུའམ་ཐུགས་ཀྱི་མཐར་སྦྱར་ན། །དུས་མ་ཡིན་པར་འཆི་བ་བཟློག །བི་ཀྲི་ཨ་པ་ན་ཡ་གྲྭཧྭ། ཀྲན་ཨ་པ་ན་ཡ་གྲྭཧྭ། མི་བཟད་གདོན་དང་གང་དག་ནད། །མི་བཟད་པ་ལས་ཐར་པར་འགྱུར། །འཇིག་རྟེན་ནད་རྣམས་ཞི་བར་བྱེད། །བཛྲ་ཙཀྲ་ཨ་པ་ན་ལ་ཕཊ་ཕཊ། རྭ་ཛ་བཛྲ་ཙཀྲ་ཨ་པ་ན་ཡ་ཧཱུཾ༷་ཕཊ་ཕཊ། ཐུགས་ཀྱི་སྙིང་པོ་མཐའ་སྦྱོར་ན། །བགེགས་རྣམས་ཐམས་ཅད་སྐྲག་པར་བྱེད། །ཙཀྲ་ཧྲི་ཨ་པ་ན་ཡ་གྲྭཧྭ། དབང་དུ་བསྡུ་བ་དེ་ཉིད་དོ། །ཧྲིལྟི་ས་ནན་ཨ་པ་ན་ཡ་གྲྭཧྭ། འདི་ནི་བསྲུང་བར་བྱ་བ་ཡིན། །ཧྲི་སྟི་ཤན་ཏིང་ཨ་པ་ན་ཡ་གྲྭཧྭ། འདི་དག་བདུད་བགེགས་ཞི་བར་བྱེད། །ཅེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། །ཡོན་ཏན་རིན་པོ་ཆེའི་ལེའུ་སྟེ་རྟོག་པ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དྲེགས་པ་དབང་དུ་བསྡུ་ཞིང་གཟིར་གནོན་དྲག་པོས་འདུལ་བ་ཞེས་བྱ་སྟེ། སྟོང་སྲོག་འཁོར་ལོ་དྲག་པོ་འདི་དག་གསུངས་སོ། །མྱེ་མྱེ་མྱེ། ཨ་ཀྲོ་ཏེ་ཀ་ཡ་མཏོ་ཀ །ཡ་མ་ཡེ། ཀྭ་ལ་རྭ་པ། ཀ་པ་ཡེ། ཧྲིསྒྱེ་ཨ་པ་ཡེ། ཨུ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨུ་ཨི་སྤུ། ཨེ་ཨོ༷་ཨ༷། ར་ར་ལི་ལི། དུ་རུ་ཡེ། བྱ་ཙ་ཡེ། སིང་ང་ཡེ། ཧྲི་ད་ཡེ། བི་ཏ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུནེ། བི་ཀྲི་ཏ། ཨ་ཨ་ན་ན། ཡ་མ་ར་ཛ། ཡ་མ་རཀ་ཤ །ཡ་མ་རཀ་ཨུ། ཡ་མ་རཀྟ། བེ་ཏ་ལི་ཀྲོ་དྷི་ཤཱ་རི། མ་མ་ཨེ་ཀ་ཛ་ཏི་དེ་མ་ཁ་ལ་བ༷་རིལ།རུ་ལུ་རུ་ལུ། ཤི་བཛྲ་ཀྲོ་དྷ། ཡ་མ་ཀརྨ། རོ་ཥ་ན་ཀྲི་ཏ། ཙཎྜརཀྟ་མོན་ཏ། ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་རྦུར་ཡ་ནན། ཨེ་ཧུར་ཐུམས་ཛ། ཁང་ཤ་ག་རོ་མྱགས་མུགས་ཏི་རྦད་ཡུ། འདི་དག་སྟོང་སྲོག་འཁོར་ལོ་སྟེ། །ཡབ་ཡུམ་སྲད་དང་འཁོར་བཅས་པའི། །རྩ་བའི་ཡང་སྙིང་འདི་དག་ནི། །རྒྱུན་ཏུ་བགྲངས་ན་ལས་ཀུན་བྱེད། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རྫོགས། །འཇིག་རྟེན་དྲེགས་པའི་སྲོག་ཀྱང་རྫོགས། །ཡེ་ཤེས་ལྷུན་གྲུབ་སྙིང་པོ་རྫོགས། །རྣམ་རྟོག་འཇོམས་པའི་ཐོ་བ་རྫོགས། །དུག་ལྔ་སེལ་བའི་མེ་ཆེན་རྫོགས། །རྫོགས་པའི་དཀྱིལ་འཁོར་ཐིག་ལེ་ཆེ། །སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ། །ཡིད་བཞིན་ནོར་བུ་ཁྱོད་ལ་འདུད། །དེ་ནས་ཡང་འདི་གསུངས་པ། ཨུ་ནེ་ཨ་ནེ་ཨུ་ནེ། ཨུ་ཨུ་ཨུ། སིང་ང་ཡེ། བྱ་ཙ་ཡེ། དུ་རུ་ཡེ། ཧྲི་ཏྲ་ཡེ། ཧ་ལ་ཡེ། ཆེ་གེ་མྱོགས་མྱོགས་ཐུམ་རིལ་རྦད། འདི་དག་གཟིར་བའི་དེ་ཉིད་ཡིན། །སརྦ་རྩ་རྦུར་སྲོག་ནན་སྙིང་གཟེར་བྲེང་ཤག་ཡ་རྦད། འདི་དག་བཤིག་པའི་སྦྱོར་བའོ། །དུ་ར༷་ཏི་ཡ༷་སྟིང་ཕྱུང་སྲོག་ལ་གཟིར་ནན་ཕྱུང་། འདི་དག་ཕས་ཀྱི་སྦྱོར་བ་ཟུག་པ་འབྱིན་པའོ། །མརྙ་དུམ་མ་ཧ་རག་དུ་རེ་ཐུམ་རིལ་རྦད། །འདི་དག་གསང་ལམ་དགག་པ་སྟེ། །ཨེ་ནན་ཡ༷་བཟློག་དྷིད་སྨྱོ། འདི་དག་བཟློག་པ་དྲག་པོ་ཡིན། །བིབྷ་ནན་སྟམ་པ་ཡ་ནན། འདི་དག་གཞན་གྱི་ངག་མནན་པའོ། །སྲིད་གསུམ་ཁྱམ་ཁང་ལྟོ་བ་མྲ །འཁོར་ལོ་མཁས་པས་བྲིས་བྱས་ཏེ། །དྲེགས་པ་ཅན་ཀུན་གཟིར་བ་དང་། །ལས་ཀྱི་དབྱེ་བ་དེ་བཞིན་བྱ། །ལྷ་ཡི་རྣལ་འབྱོར་གཤིན་རྗེ་གཤེད། །དཔའ་བོ་དེ་ཉིད་ཡིན་ཤེས་སོ། ཁྲེ་བཛྲ་ཀྲོ་དྷ་ཨོ། ཡ་མ་ཡ། མ་མ་རུ་ལ་མདུན་ཏིང་ཀི་ལ་ཡ་ཏ། དེ་བ་ཨ། རསྒ་ར། རུ་ཀྭ །དྷ་ཡཀྟ། ཀྟ་གྲིབ། ཛ། རྭ་ཛ་ཙ། ཤུ་ལ་ཛ། ཧམ་ཤ་མི་ཏྲ། ནཱ་ག །ཕུ། འཇིག་རྟེན་དྲེགས་པ་ཕོ་མོ་སྟེ། །སྲོག་གི་རྣམ་ཤེ་འདི་དག་ལ། །གཟིར་དང་སྲོག་འཕྲོག་གསོད་པར་བྱེད། །གཤེད་ཀྱི་ལྟོ་བར་སྲོག་འཕྲོག་པས། །རྣམ་པར་ཤེས་པ་སྲོག་ཏུ་བཤད། །སྙིང་པོ་འཛིན་བྱེད་ལྕགས་ཀྱུ་ཡིས། །རང་རྒྱུད་གནས་ནས་འགུགས་པ་ཡིན། །འཕྲོག་བྱེད་ལྕགས་ཀྱུའི་སྲོག་ཏུ་བཤད། །མ་ཡེངས་ཏིང་འཛིན་ངོ་བོ་ཉིད། །ཡུལ་གསུམ་གསལ་བར་གྱུར་པ་དང་། །ཡིད་ཀྱི་གཟུགས་ཅན་དངོས་སུ་ཡོང་། །བསྟན་པའི་སྟོབས་སུ་གྱུར་པར་བྱེད། །ཏིང་འཛིན་ངོ་བོ་སྲོག་ཏུ་བཤད། །དམིགས་པའི་ལུས་ནི་ཅི་འདྲ་སྟེ། །རྣམ་ཤེས་རྟེན་དང་བཅས་པའི་གཟུགས། །མཚོན་ཆ་གཅོད་བྱེད་རྒྱལ་པོ་ཡིས། །བཅད་གཏུབས་གར་བྱས་འཆི་བས་ན། །གཟུགས་ལ་སྲོག་ཅེས་བྱ་བར་བཤད། །སྲོག་ནི་རྣམ་ཤེས་བོད་པའི་མིང་། །གཟེར་བྱེད་གཅོད་བྱེད་འཕྲོག་བྱེད་དང་། །འགྱུ་བ་རྩ་སྦུབས་དངས་མ་ཡིས། །འོད་དགུ་སྤྱུར་གཟུགས་དངོས་སུ་སྟེ། །བསྟན་དང་སྟོབས་སུ་གྱུར་པ་སྟེ། །འཇིག་རྟེན་ཁམས་ལ་དབང་བྱས་ནས། །ཐོགས་པ་མེད་པར་ལས་བྱེད་འགྱུར། ཁྲ་རུལ་དོང་དུ་བཅུག་པ་ལ། ཁྲ་སྦྲུང་ནམ་མཁའ་འཁོར་བ་ལྟར། །གཤིན་རྗེ་ཕོ་མོའི་སྲོག་ཤེས་ན། །ལྷ་སྲིན་རང་དབང་མེད་པར་འདུ། །བསྟན་པའི་སྙིང་པོ་དེ་ཉིད་ལ། །དམ་ཅན་སྲོག་ན་བསྟེན་པར་བཤད། །རིག་པའི་རྒྱལ་པོ་བྱང་ཆུབ་སེམས། །གཅིག་ཉིད་ཀུན་གྱི་རང་བཞིན་ནོ། །འཇིག་རྟེན་འདས་དང་མ་འདས་པའི། །དྲེགས་པ་ཕོ་མོ་ཐམས་ཅད་ཀུན། །རང་གི་སེམས་སུ་ཤེས་པར་བྱ། །སེམས་དང་གཉིས་སུ་མེད་ཤེས་ན། །སྣང་སྲིད་ལྷ་འདྲེ་རང་གི་སེམས། །སེམས་ཉིད་དི་མེད་དག་པ་ན། །སྣང་སྲིད་ལྷ་འདྲེ་ཀུན་གྱིས་གྲུབ། །བྱས་པ་མེད་པར་རང་བྱུང་བས། །ལྷ་འདྲེ་རང་བྱུང་རང་གི་རྒྱན། །རང་གི་སེམས་ལ་དབང་ཐོབ་པས། །སྣང་སྲིད་ལྷ་འདྲེ་འདོད་དགུར་སྒྱུར། །དཔེར་ན་མི་ཡི་རྣམ་པར་ཤེས། །གདོན་གྱི་དབང་དུ་གྱུར་པ་ནི། །རང་དབང་མེད་པར་དེ་བཞིན་འགྱུར། །བསྟན་པའི་སྙིང་པོ་རྒྱལ་བའི་ཐུགས། །འཇིག་རྟེན་དྲེགས་པ་ཅན་གྱི་སྲོག །འགྲོ་དྲུག་སྣང་བའི་སེམས་ཅན་སེམས། །དངོས་གཞི་མ་བཅོས་དེ་བཞིན་གཅིག །དགོངས་པའི་སྟོབས་ལྡན་སྲོག་ཅེས་བྱ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། སྟོང་སྲོག་འཁོར་ལོ་བསྟན་པའི་ལེའུ་སྟེ་རྟོག་པ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་རྣོན་པོས། བཅོམ་ལྡན་འདས་ལ་གསོལ་པ། ཨེ་མ་འཇིགས་བྱེད་གཏུམ་རྔམ་ཆེ། །འཆི་བདག་ལས་ཀྱི་གཤིན་རྗེ་ཡི། །སྨོད་པ་དེ་ཉིད་བཤད་པར་འཚལ། །དེ་ནས་ཡང་དག་ངེས་གསུངས་པ། །འཇམ་དཔལ་ཁྲོ་བོ་གཤིན་རྗེ་ནི། །འཇིགས་བྱེད་ཡ་མ་རྭ་ཛ་སྟེ། །ཉེ་བར་གྱུར་པ་སྒྲོལ་བའི་གིང་། །ལས་ཀྱི་ཐོད་པ་ནག་པོ་གཞག །གུག་རྒྱལ་དྲི་དང་ཆུ་ཡིས་བཀྲུ། །ལྟག་པར་འཆི་བདག་གཟུགས་བཏགས་ལ། །སྨོད་པ་ཁ་ཐུན་བྲི་བ་དང་། །སྲིད་གསུམ་ཡུམ་གྱི་ལྟོ་བ་མྲ །འཁོར་ལོ་བཅའ་བར་ཡང་དག་བཤད། །བར་དུ་རོ་རས་རྒྱ་ཤོག་ལ། །གཅོད་པའི་ལྡིང་བའི་ཙཀྲ་སྟེ། །དགྲ་གཟུགས་གནས་ལ་ཡི་གེ་དགོད། །སྲིད་གསུམ་ལྟོ་བར་གསོད་པ་སྟེ། །འདི་དག་ལས་ཀྱི་རྒྱ་ཀ་མ། །རང་རྒྱུད་གཤིན་རྗེ་ནག་པོ་སྟེ། །འཁོར་ལོ་ནག་པོ་ཞེས་སུ་གྲགས། །ཡ་མ་ར་ཛས་དྲག་སྔགས་འདིས། །མགོ་འཁོར་ཡིད་འཁྲུག་ཁྲག་སྒྱུག་དང་། །བསད་པའི་ལས་ཏེ་བཱ་ར་ཡ། །འགུགས་པ་ཀླུ་ལ་གཅོད་པ་མེ། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལས ཚངས་པའི་གནས་བཞིར་སྔགས་འཕྲོས་པས། །རྒྱུན་མ་ཆད་བར་འཁོར་ལོས་གཅོད། །རྒྱུན་གྱིས་འཁོར་བས་དེ་ཉིད་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རྒྱུན་ཁྱེར་ཞེས་བྱ་བ་ཡ་མ་རྭ་ཛ་བརྣག་པ་འདི་གསུངས་སོ། །ཡ་མ་མེ་ཏ་སྟེ། ནི་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ཧཱུཾ༷་ཕཊ། བསྙེན་པ་རྒྱུན་ཁྱེར་འཆི་བདག་ཡིན། །ཡ་མ་མེ་ཏ་སྟེ། ཛ་ར་ནི། ཡ་ར་ནི་ཡོ། ན་རུ་ཏོ་ས་ཨ། མུ་ཀ༷་རྩ་ཁྲག་སྙིང་ཐུམ་རིལ་ར༷་ཤག་རྦད་ཡ། ཡ་མ་མེ་ཏ་ཁྲེ། ནི་ར་ཡ་ཙ། ནི་ར་ས་ཏོ། རུ་ན་ཡོ་ཛ། སྲོག་ལ་སྨྱུ་ར་ཡ་ཐུན་སྨྱོ། འདི་དག་བསད་དང་ཐུན་གྱི་ལས། ཡ་མ་ར་ཛའི་བརྣག་པ་ཡིན། །ཨོ་ཤི་མཉུ་ཡ་མ་རྭ་ཛ་མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རཀྟ་ཁ་མུན་ཏྲ། ཁ་མུ་ཙི་སྙིང་ཁ་རག་མ་སྨྱོ།པ་རཀ་སྨྱོ། པ་རཀྟ། རུ་ལུ་རུ་ལུ་སྨྱོ། ཨེ་ཁ༷་ཁ་ལ་མ་ཏི་སྨྱོ། དགྲ་བོའི་སྙིང་རྩ་སྲོག་རྩ་རྦད་སྨྱོ། མ་མ་སྙིང་ཁ་རག་ཏ་ཐུན་སྨྱོ། ཆེ་གེ་མོ་དུ་མྱ་ར་ཡ། མ་ར་དུ་ཡ་མ་སྙིང་ཡ་མ་ཁྲག །ཡ་མ་སྲ ཡ་མ་རྦད། ཚལ་པ་ཚལ་པབ༷་རིལ་དུམ་བུ་དུམ་བུ། ཆེ་གེ་མོ་མུ་ར་ཡ་ཧཱུཾ་ཕཊ། ཆེ་གེ་མོ་ཙིསྟ་ཁ་རག་ཧཱུཾ༷་ཕཊ། ཆེ་གེ་མོ་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མ་རྭ་ཛ་བརྣག་པ་ཐུན། ཡ་མ་སྟེ་ཏ་མེ། ན་རུ་ཏོ་ས། ཛ་ར་ནི་ཡ། ར་ནི་ཡོ་ཛ། འདི་དག་གནད་གཅོད་ནག་པོ་ཡིན། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ལས། ཡ་མ་རྭ་ཛ་ཁྲོས་པའི་ལེའུ་སྟེ་རྟོག་པ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་འདི་གསུངས་སོ། །ཆོས་སྐུ་བྱང་སེམས་རང་བཞིན་ལས། །མ་གཡོས་ཐུགས་རྗེ་བསམ་མི་ཁྱབ། །མ་སྐྱེས་སྐྱེ་མེད་ཆོས་དབྱིངས་ལས། །སྐྱེ་བའི་ཆོ་འཕྲུལ་གཤིན་རྗེ་གཤེད། །འགག་མེད་བདེ་ཀློང་ཐུགས་རྗེས་རོལ། །མི་གཡོ་མཉམ་རྫོགས་སྤྲུལ་སྐུར་འཆར། །ཆེ་བའི་ཡོན་ཏན་མཚན་དང་དཔེ་བྱད་ལྡན། །ཡོན་ཏན་ལྷུན་གྱིས་རྫོགས་ལ་འདུད། །ཆེ་བའི་ཡོན་ཏན་ཀུན་ཁྱབ་ལ། །ངང་གི་ཁྲོ་བོར་བསྟན་པ་ནི། །འགྲོ་བ་བསྒྲལ་ནས་སྨིན་པའི་མཆོག །རིན་ཆེན་པདྨ་རྒྱ་མཚོ་ལྷུན། །གཉིས་མེད་སྲས་མཆོག་གཤིན་རྗེ་གཤེད། །སྐྱེ་དང་བཅས་པའི་མཚོན་དཔག་དཀའ། །ཐུགས་སྦྲུལ་ཁམས་གསུམ་ཉི་མའི་འོད། །བདེ་ཆེན་མཉམ་པའི་སྐུ་ལ་འདུད། །ཐོག་མ་ཉིད་ནས་གསང་བ་ཀུན་ཤེས་པས། །རིགས་གསུམ་ལྡན་པ་ག་བ་དགུ་ཡི་གནས། །སྦྱོང་བ་གསུམ་གྱི་ཡང་དག་ལེན། །བླ་མེད་མཆོད་ལ་དོན་གཉིས་ལེན། །ནམ་མཁའ་རིན་ཆེན་འབར་བྱེད་པའི། །དུས་གསུམ་འཇིག་རྟེན་མཉམ་པའི་སྐུ། །མ་ལུས་བསྟན་པ་སྙིང་པོའི་དོན། །མ་ལུས་འདུས་པའི་ཚོགས་ལ་འདུད། །ཕྱོགས་བཅུ་ཀུན་ནས་འདུས་པ་ཡི། །ཡེ་ཤེས་རྒྱས་པའི་ཐིག་ལེ་འདི། །གསང་ཆེན་རྨད་དུ་བྱུང་བ་ཡི། །རྒྱུ་འབྲས་ལས་ལ་ཞེན་པ་རྣམས། །གཅོད་པའི་མཚོན་ཆ་རྣོ་དབལ་ཏེ། །ཀམ་པ་ས་ལེ་སྐྲུ་གྲི་མེད། །རྡོ་རྗེ་བེ་ཆོན་སྡིབས་མཛུབ་ཆུ། །གཞི་དང་གཡང་གཞི་རྫོགས་ལ་འདུད། །འགྲོ་བ་ལས་ཀྱིས་མྱོས་པ་ཡིས། །རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡིས། །མ་སྐྱེས་གདོད་ནས་རྣམ་པར་དག །ཡེ་ནས་ལྷུན་གྱིས་གྲུབ་པའི་བཅུད། །ཐམས་ཅད་མ་ལུས་ཆོས་ཀྱི་དབྱིངས། །དོན་དམ་སྤྲོས་པ་ཀུན་ལས་འདས། །ཡེ་ཤེས་རྒྱལ་པོ་རྫོགས་ལ་འདུད། །ཕྱོགས་བཅུ་དུས་གསུམ་སྣང་སྲིད་བཞི། །སྐྱེ་མེད་གཡོ་འགུལ་བདེ་དང་སྡུག །བཅུ་དང་བཞི་རྫོགས་སྡིག་པ་ཅན། །ལས་དང་ཤུགས་ཀྱིས་ཁྱབ་པ་ཡིས། །འབྱུང་བ་བཞི་དང་རྟེན་དབང་བཞི། །ལྔ་དང་དྲུག་བརྒྱད་གཉིས་བསྡུས་ནས། །སྡུད་པ་མེ་ལ་གཅོད་པ་ཡང་། །གསང་བབ་ལེན་པའི་མཆོག་ལ་འདུད། །གྲུ་གསུམ་ཨེ་ཡི་ཕོ་བྲང་དུ། ཁམས་གསུམ་མཆོགགིལསབསྡུས་ནས། །སྲིད་གསུམ་གནད་ཀྱིས་རྡུབ་པ་ཡི། །འགྲོ་བ་ལས་ཀྱིས་སྤྱི་འཁོལ་བའི། །ཕུང་པོ་རྡོ་རྗེ་རྩ་དྭངས་མ། །སྙིགས་མ་འདོད་ལ་མཉེས་མཆོད་སྐོང་། །མ་ཡེངས་གོམས་པའི་ལམ་དང་སྤྲད། །ལས་ཀྱི་རྒྱལ་པོ་རྡོ་རྗེ་བདུད། །འགུགས་པ་འགུགས་དང་བདུད་ནས་འགུགས། །སྒྲོལ་ཞིང་སྒྲོལ་ལ་སྒྲོལ་མཆོག་སྒྲོལ། །སྦྱོར་ཞིང་སྦྱོར་ལ་གནས་སྦྱངས་སྦྱོར། །གྲོལ་ནས་སྦྱངས་བས་གནས་ཐོབ་རྫོགས། །ཨོ་གྱི་ཡེ་ཤེས་ལས་བྱུང་བ། །སྐུ་དང་ཡེ་ཤེས་རིགས་དང་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །དོན་དང་རང་གི་མཚན་ཉིད་རྫོགས། །མ་ཡི་ཡེ་ཤེས་ལས་བྱུང་བ། །སྦྱོར་དང་སྒྲོལ་དང་ཕྱག་རྒྱ་རྫོགས། །མེ་ཡི་ཡེ་ཤེས་ལས་བྱུང་བ། །བདེ་དང་སྡུག་པའི་ཡོན་ཏན་རྫོགས། །ཏ་ཡི་ཡེ་ཤེས་ལས་བྱུང་བ། །ཐུགས་རྗེས་སྒྲོལ་བའི་ཕྱག་རྒྱ་རྫོགས། །ཁྲེ་ཡི་ཡེ་ཤེས་ལས་བྱུང་བ། །སྣང་དང་བསྐྱོད་པའི་འཕྲིན་ལས་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །བསྲེག་དང་སྨིན་པའི་དྲོད་དབང་རྫོགས། །ཛ་ཡི་ཡེ་ཤེས་ལས་བྱུང་བ། ཁམས་གསུམ་གསལ་བའི་ཉི་མ་རྫོགས། །ས་ཡི་ཡེ་ཤེས་ལས་བྱུང་བ། །དྲི་ལ་ཐོགས་མེད་དབང་པོ་རྫོགས། །ཏྭ་ཡི་ཡེ་ཤེས་ལས་བྱུང་བ། །དངས་མ་སྡུད་པའི་ཡོན་ཏན་རྫོགས། །རུ་ཡི་ཡེ་ཤེས་ལས་བྱུང་བ། །རོ་རྣམས་རྒྱས་དང་གསོལ་བར་རྫོགས། །ན་ཡི་ཡེ་ཤེས་ལས་བྱུང་བ། །སྟོབས་ཆེན་དྲག་པོ་འཇོམས་པ་རྫོགས། །ཡོ་ཡི་ཡེ་ཤེས་ལས་བྱུང་བ། །སྐུ་དང་ཆ་བྱད་དྲེགས་པ་རྫོགས། །ནི་ཡི་ཡེ་ཤེས་ལས་བྱུང་བ། །དུས་གསུམ་མི་གཡོ་མཉམ་པར་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །ཚོར་བ་དྲི་ཡིས་༄༅ །འཇོམས་པར་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །རོ་མཆོག་འདོད་ལྡན་རེ་བ་རྫོགས། །ཙ་ཡི་ཡེ་ཤེས་ལས་བྱུང་བ། །སྤྱན་དང་ལྡན་པར་རེ་བ་རྫོགས། །དྲི་ཡི་ཡེ་ཤེས་ལས་བྱུང་བ། །སྒྲ་དང་ལྡན་པ་དབང་པོ་རྫོགས། །ཧཱུཾ༷་གི་ཡེ་ཤེས་ལས་བྱུང་བ། །སྡུད་པ་དབྱིངས་སུ་ཐིམ་པར་རྫོགས། །ཕཊ་ཀྱི་ཡེ་ཤེས་ལས་བྱུང་བ། །མངགས་པ་ལས་ཀྱི་ཕོ་ཉ་རྫོགས། །ཧྲིམྱི་བཅུ་དྲུག་ཡིག་འབྲུ་ཡིས། །དམ་ཚིག་ཁ་ནོན་སྟོབས་ལྡནརྫོགས། །དུ་མན་བརྒྱད་པ་དག་གིས་ནི། །བདག་པོ་བཞི་ལ་གཟེར་བཏབ་ནས། །གནས་མི་འབྱམ་པའི་བཅུད་ཕུར་ཏེ། །འཆི་བདག་ཀླུ་ཡི་སྙིང་པོ་རྫོགས། །ཧྲིསྒྱི་ཡིག་འབྲུའི་འཁོར་ལོ་ཡིས། །ལྷ་ཆེན་སྨོད་པ་དུག་སྐྲུལ་ལྟར། །ཉི་ཞིང་རགས་པས་འཇོམས་པར་རྫོགས། །སྐྲུ་གྲི་བཞི་ཡི་ཡིག་འབྲུ་ཡིས། །འབྱུང་བ་བཞི་ཡི་ནད་སྡུད་ཅིང་། །ལས་བཞི་གཅོད་པའི་འཁོར་ལོ་རྫོགས། །ནི་ཤ་ཀུ་རུའི་ཡིག་འབྲུ་ཡིས། །དཀར་ནག་བར་ནས་འཁྲུག་ཅིང་སྐྱོབ། །སྲོག་རྟེན་བརྒྱད་གཅོད་སྲོག་མེད་གསོད། །རྩ་དང་སྲོག་བཟུང་ཙིསྟ་གཅོད། །བཅད་ནས་ཡེ་ཤེས་རང་ལ་འཆར། །ཡེ་ཤེས་བླ་མའི་ས་ལམ་བགྲོད། །ཐམས་ཅད་ཡེ་ཤེས་ཉིད་དུ་གསལ། །འགྲོ་བ་རྨོངས་པ་ཞིང་བཅུ་བདུན། །ཐུགས་རྗེ་ཡེ་ཤེས་ཐུགས་ཀྱི་སྒྲོལ། །འཕྲིན་ལས་བྱུང་བ་ཁྱོད་ལ་འདུད། །ཕྱི་རྒྱུད་གཟུགས་བརྙན་འཁོར་ལོ་ལ། །སྣོད་བཅུ་བཞི་རྟེན་འབྱུང་བ་རྫོགས། །རྟེན་འབྲེལ་སྲིད་པའི་འཁོར་ལོ་