Ngb-pt-0653-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨེ་མ་ར་ན་མན་ཏྲ་ཏནྟྲ་པྲ་ཏུ༷་གིར་ཏནྟྲ་རྭ་ཛ་ནཱ་མ། བོད་སྐད་དུ། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་སྔགས་སྡེབས་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཆེན་པོ་འཇིགས་བྱེད་འབར་བ་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་བའི་དུས་གཅིག་ན། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་དང་། ཡུམ་པེ་ཏ་ལི་ནག་མོ་དང་། རྔམ་ཆེན་མོ་དང་། སྤྱན་གསུམ་མ་དང་།ཕྱོགས་བཅུ་ནས་ལྷགས་པའི་ཁྲོ་བོ་དང་ཁྲོ་མོ་གྲངས་མེད་པ་དུས་གསུམ་གྱིས་བསྡུས་པ་རྣམས་རྔམ་པའི་ཆ་ལུགས་དང་ལྡན་པར་ལྷགས་ནས། བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྱན་སྔར་ལྷགས་པར་གྱུར་ཏོ། །དེ་ནས་ལས་ཀྱི་གཤིན་རྗེ་རྣམས་ཀྱིས། མགོན་པོ་རིགས་གསུམ་ལ་འདི་སྐད་ཅེས་གསོལ་ཏོ། །ཧོ་མགོན་པོ་ཆེ་པོ་ལགས། །དུས་ངན་ཐ་མ་བྱུང་དུས་སུ། །ནང་འགྲས་རྩོད་པ་བྱུང་བ་དང་། །དེ་ཚེ་རྩོད་པ་ཇི་ལྟར་བཟློག །རྩོད་པ་དྲག་པོ་ནམ་ཞིག་འབྱུང་། །ཞེས་ཞུས་པས། རིགས་གསུམ་མགོན་པོས་བཀའ་སྩལ་པ། །རྩོད་པ་འབྱུང་དུས་འདི་ལྟ་སྟེ། །དུས་ངན་ཐ་མ་བྱུང་དུས་སུ། །སེམས་ཅན་ཚེ་ཐུང་བསོད་ནམས་ཟད། །སྐྱེ་བོ་དམོད་པ་རྟོག་རྟོག་སྤྱོད། །དྲག་སྔགས་མཚོན་ཆ་སྣ་ཚོགས་སྤྱོད། །གསང་བའི་རྡས་ལ་དམོད་པ་རོལ། །གསང་བར་འོས་པ་ཀུན་ཀྱང་འབྱིན། ཁྲ་ཆེན་ལ་སོགས་ཟས་ཟ་ཞིང་། །གཡང་གཞིའི་རྒྱལ་མཚན་ཁུར་དུ་ཁུར། །མང་པོ་ཚོགས་རྣམས་ལྷ་སྲིན་འབོད། །སྨྱོན་པའི་སྤྱོད་པ་སྣ་ཚོགས་བྱེད། །དེ་ཚེ་སྡེ་བརྒྱད་ལྷ་སྲིན་འཁྲུགས། །སྣ་ཚོགས་ཡམས་དང་ནད་རྣམས་དང་། །རིམས་དང་བཀྲ་མི་ཤིས་པ་འབྱུང་། །ནང་འགྲས་རྩོད་པ་དེ་དུས་སུ། །དེ་ཚེ་སློབ་དཔོན་སློབ་བུ་དང་། །མཆེད་དང་རྡོ་རྗེ་སྤུན་ལ་སོགས། །འཁྲུག་ཅིང་ཉམས་པ་ཆེན་པོ་འབྱུང་། །ཞེས་གསུངས་སོ། །ཡང་གསོལ་པ། ནང་འགྲས་བཟློག་པ་བཤད་དུ་གསོལ། །བཀའ་སྩལ་པ། དྲག་པོ་སྔགས་ཀྱིས་བཟློག་པ་དང་། །འཁོར་ལོ་སྦྱོར་ལས་བཟློག་པ་དང་། །ཐུན་གྱི་སྦྱོར་བས་གསད་པའོ། །ཞེས་གསུངས་སོ། །ཕྱིར་བཟློག་དྲག་པོ་སྔགས་སྡེབས་ཀྱི་རྒྱུད་ལས། གླེང་གཞི་དང་གླེང་སླང་གི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསུངས་པ། དང་པོ་འཆི་མེད་དུས་ཀྱི་སྦྱོར་བ་བཟློག་ཅིང་། རང་གི་གནོད་བྱེད་མཐའ་དག་གཟིར་བ་དང་། །བར་དུ་མཁའ་འགྲོ་གཟན་ཁ་དགྲ་ལ་སྤོ་ཞིང་སྔགས་ཀྱི་དུ་མདའ་ཁོང་དུ་བརྡེག་པ་དང་། ཐ་མར་རང་སྲོག་རང་གིས་བཅད་པ་དང་། གཤེད་མའི་ཡི་གེ་རྒྱུད་ལ་བསླང་སྟེ། ལྷ་བཞི་བདུད་དུ་དབབ་པའོ། །ཞེས་གསུངས་སོ། །དེ་ཡི་དོན་རྣམས་ཇི་ལྟར་ལགས། །བདག་ཅག་རྣམས་ལ་བཤད་པར་འཚལ། །བཀའ་སྩལ་པ། དང་པོ་རྩོད་པ་ནང་འགྲས་ཚེ། །གང་ལ་བྱ་བྱའི་གཟས་པ་པོ། །འཁོར་ལོ་མིང་བྱང་ལེགས་བྲིས་ལ། །རབས་ཆད་མོན་གྱི་ཐོད་པ་སྲ །ཁྲག་དང་དུག་གིས་ནང་བྱུགས་ལ། །དེ་ཡི་ནང་དུ་དྲིལ་ལ་གཞུག་མིང་རུས་སྙིང་ཁར་བྲི་བ་ཡང་། །གྲི་དང་ཧུར་ཐུམས་ཛ་མྱ་ར་ཡ་རྦད། །དཀར་ནག་མཚམས་སུ་ལེགས་པར་བྲི། །ཡན་ལག་བཞི་ལ་ཧཱུཾ༷་བཞི་བྲི། །འདོམས་སུ་ཕཊ་དང་མགོ་ལ་ཛ། །ལྟེ་བདག་ལ་ཐུམ་རི་ལ་ཞེས། །མི་ཐག་དུག་གི་སྣག་ཚས་བྲི། །ཡུགས་ས་དར་མའི་ཞབས་མའམ། །མི་ལྤགས་རོ་རས་གར་རུས་གཏུམ། །ཚོན་སྣ་ལྔ་ཡི་སྐུད་པ་ཡིས། །རྒྱ་གྲམ་བཅིངས་ལ་ཧོམ་ཁུང་གཞུག །གཡམ་པ་ནག་པོས་ཁ་བཅད་ལ། །དེ་ཡི་སྟེང་དུ་མཆོད་རྟེན་ནི། །ནག་པོ་སོར་བཅུ་གཉིས་པ་ཅིག །དུས་དུས་གསང་སྔགས་དྲག་པོ་བཟླས། །གང་ཡིན་སྦོད་པ་ངོས་གཟུང་བྱ། །སྔགས་ཀྱི་བར་དུ་མིང་རུས་དང་། །སྦོད་པའི་སྦྱོར་བ་གང་ཡིན་གཞུག །ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་ཨུ་ཨུ། ཨེ་ཨེ་ཨེ། ཡ་ཨ་ཧྲི། མ་ཨེ་སྟི། ཨ་ཀྲོ་ཏེ་ཀ་ཡ་མན་ཏཀ །ཨ་པ་ཡེ། ཧྲི་སྟི་ཀྭ་ལ་རྭ་བ་ཡེ། བི་ཏྲི་ཏ་མཉུ་ཀ་ཡེ། བཛྲ་ཀྲོ་དྷ་བ་ཀ་བག་ཏོ། བཛྲ་ཙཎྜབཛྲ་པ་ཁི། ཧྲི་ཧ་ཡ་གྲོ་བ་མ་ཧྭ་རྭ་ཛ་ཏྲི་ཏྲ་ཡ་མ་ཡེ། ཨུ་ནེ་ཨུ་ནེ་ཨུ་ནེ། ཧཱུཾ༷་ཛ་ཛ། བར་དུ་གང་ཡིན་དམིགས་པའི་སྲོག །དེ་བཞིན་སྲུངས་མ་རྣམས་ཀྱང་གཞུག །དུས་དུས་ཕུར་པ་ཐོད་པ་ལ། །བརྡེག་ཅིང་གཟིར་བའི་ཚུལ་དུ་བྱ། །དེ་ཡིས་སྦྱོར་བ་བཟློག་པ་དང་། །གནོད་བྱེད་མཐའ་དག་འཇོམས་པར་འགྱུར། །ཞེས་སོ། །ཕྱིར་བཟློག་ནག་པོའི་སྔགས་སྡེབས་ཀྱི་རྒྱུད་ལས། འཆི་མེད་དུས་ཀྱི་སྦྱོར་བ་བཟློག་ཅིང་གནོད་མཐའ་དག་གཟིར་བ་སྟེ་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་རིགས་གསུམ་མགོན་པོ་ཆེན་པོ་ཡིས། བར་དུ་མཁའ་འགྲོའི་གཟན་ཁ་དགྲ་ལ་དབབ་ཅིང་སྔགས་ཀྱི་དུག་མདའ་ཁོང་དུ་བརྡེག་པའི་སྦྱོར་བའི་གསུངས་སོ། །མཁའ་འགྲོ་གཟན་ཁ་དབབ་པ་ནི། །དང་པོ་དགྲ་བོའི་ལིང་ཁ་བྱ། །འཁོར་ལོ་བྱས་ལ་ཐུན་གྱིས་བརྡེག །འབྲུབ་ཁུང་ནང་དུ་ལིང་བདུན་གཞུག །ཧོམ་ཁུང་ཁ་ལ་ནག་པོ་རྩང་། །ཉི་ཤུ་རྩ་གཅིག་གཟུགས་པར་བྱ། །ཐ་མར་ཐུན་རྫས་བསོགས་པར་བྱ། །ཐུན་རྫས་རྣམས་ནི་འདི་ལྟ་སྟེ། ་་ས་ཀར་མི་ཁྲག་དུག་ཆུས་སྦྱར། །དེ་ཡི་ཐུན་རྫས་བསོག་པ་ནི། །རྡོ་ལྕགས་ཟངས་ཀྱི་ཕྱེ་མ་དང་། །ཁྲག་ལ་སོགས་པ་མང་དུ་བསོག །ཐུན་གྱི་རྫས་སུ་བསྟན་པ་ཡིན། །མདའ་ནི་ཐུན་རྫས་ཡིན་པར་གསུངས། །དུག་ནི་སྔགས་ཀྱི་འོད་ཟེར་དེ། །དུག་མདའ་ཞེས་སུ་བསྟན་པ་ཡིན། །ཞེ་གསུངས་སོ། །གཟས་ཁ་སྤོ་བའི་འཁོར་ལོ་ནི། །ཕྱི་རྩིབས་བཅུ་དྲུག་མུ་ཁྱུད་ལྡན། །ནང་དུ་རྩིབས་བརྒྱད་ལེགས་པར་བྲི། །རྩིབས་ལ་དྲག་སྔགས་སྣུ་གྲི་བྲི། །བར་དུ་མིང་བྱང་ལེགས་པར་བྲི། །བཅུ་དྲུག་རྩིབས་ལ་གཅོད་པའི་སྔགས། །ལེགས་པར་བྲིས་ལ་ཧོམ་ཁུང་དུ། །ཕོ་ཐོད་མོ་ཐོད་ཁ་སྦྱོར་དུ། །མིང་བྱང་འཁོར་ལོ་ཁོག་པར་གཞུག །ཧོམ་ཁུང་བཅུག་ལ་རྩང་གིས་བསྐོར། །གྲི་ལྕགས་ཕུར་པ་སོར་བཅུ་གཉིས། །མདུན་དུ་བཙུགས་ལ་ཐོད་པར་གདགས། །མེ་དང་འོད་ལ་སོགས་པ་དང་། །མདངས་ལ་སོགས་པ་ཡོང་མི་བསྟན། །གསང་བའི་མཐུན་རྫས་བསྟན་པ་ནི། །ལྕེ་སྤྱང་སྔོན་པོའི་ཐོད་པ་ཡིས། །མིང་བྱང་དག་ལ་ཕོག་པར་བརྡེག །དུས་དུས་ཐོད་པ་རྟེན་ལ་བརྡེག །གསང་སྔགས་དྲག་པོ་སྡེབས་ལ་བརྡེག །དོན་དྲུག་བསྙེན་པའི་རྒྱས་སྡེབས་དང་། །ཕྲ་མེན་རྐྱང་སྡེབས་ཤེས་པར་བྱ། །དོན་དྲུག་བསྙེན་པའི་རྒྱས་སྡེབས་ཀྱིས། །ཡེ་ཤེས་ལྷ་ཡི་བསྙེན་སྡེབས་ཡིན། །རྒྱབ་རི་དམག་དཔུང་སྡེབས་ཡིན་པས། ཁེན་ཏུ་ཚན་གྱི་ཆེ་བར་འགྱུར་དམག་མི་སྡེབས་ནི་སྡེ་བརྒྱད་འཁོར། །སྐྱེས་བུ་སྡེབས་ཀྱིས་རྣོ་བར་བྱེད། །དམོད་པ་དྲུག་སྡེབས་གསང་བར་བསྟན། །མཁའ་འགྲོའི་གཟན་ཁ་དབབ་པའོ། །ཞེསགསུངས་སོ། །ཕྱིར་བཟློག་ནག་པོ་སྔགས་སྡེབས་ཀྱི་རྒྱུད་ལས། མཁའ་འགྲོ་གཟས་ཁ་དགྲ་ལ་སྤོ་བ་ལ་སྔགས་ཀྱི་དུག་མདའ་ཁོང་དུ་སྡེབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་མགོན་པོ་དེས། ཐ་མ་རང་སྲོག་རང་གིས་གཅོད་པ། གཤེད་མའི་ཡི་གེ་རྒྱུད་ལ་བླང་ཞིང་ལྷ་བཞི་དུད་དུ་དབབ་སྟེ་སྔགས་ཀྱི་དུག་མདའ་འཁོང་དུ་འཕང་བ་འདི་གསུངས་སོ། །ལྷ་བཞི་བདུད་དུ་དབབ་པ་སྟེ། །ཀླད་པ་དུང་ཁང་གཞལ་ཡས་ནས། །གཏི་མུག་རྒྱལ་པོའི་གཤེད་དབབ་སྟེ། །རང་གི་རྒྱུད་ལས་གཤེད་མ་བསྐུལ། །མགྲིན་པ་ང་རྒྱལ་གནས་དག་ཏུ། །དྲེགས་པ་ཅན་གྱིས་རྒྱུད་བསྐུལ་གསད། །སྙིང་ཁ་ཞེ་སྡང་ཧཱུཾ༷་གནས་སུ། །སྲོག་བདག་ཤན་པའི་བདུད་བསྐུལ་གསད། །ལྟེ་བ་སྲིད་པའི་འདོད་ཆགས་གནས། །མ་མོ་བདུད་བསྐུལ་གསད་པར་བྱ། །འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས། །ཡི་གེ་དྲི་ཡི་མཐའ་མ་བསྐོར། །ཡང་སྙིང་གསང་བ་འབྲུ་དགུ་ཡིས། །མགོ་དང་ཡན་ལག་བཞི་ལ་བྲི། །མུ་ར་ཡ་ཞེས་དྲི་ལ་དགོད། །གཤེད་མའི་ཡི་གེ་བཏུས་ལ་བཟླས། །མཚོན་ཆ་སྔགས་ཀྱི་ཐུན་དུ་དབབ། །དེ་ཡི་མན་ངག་བསྟན་པ་ཡང་། །ཕག་པ་ནག་པོའི་ཐོད་པའི་ནང་། །དུག་དང་རྨེ་ཁྲག་དག་གིས་བྱུག །རོ་རས་དང་ནི་མི་ལྤགས་ལ། །འཁོར་ལོ་ལྷོ་སྦྱར་ལེགས་བྲིས་ལ། །རྩིབས་བརྒྱད་པ་ལ་མུ་ཁྱུད་གཉིས། །ཕོ་མོ་སྔགས་ནི་སོ་སོར་ཟི། །དེ་ཡི་གསང་སྔགས་བསྟན་པ་ཡང་། །ཡ་མ་མེ་ཏ་སྟེ་ཀླད་ཁྲག་མྱོགས་མུ་ར་ཡ་ཛ་ཛ། ར་ཙ་ས་ཧོ་མེ། ཀྲི་ན་མྱགས་ཀ་པ་ཡེ་རྦད། རུ་ན་ཡོ་ནི། རྦད་ཤག་སྲོགཁྱེར་སྨྱོ། ཤག་རྦད། ཡ་ཙ་ནི། ནཱ་ར་ཡ་ཐུམས་རིལ་རྦད། ས་ཏོ་རུ་ན་ཡོ་ཏེ། མྱགས་ཐུམས་རིལ་མུ་ར་ཡ་རྦད། རུ་ཏོ་ས་ན་ཡ། ཨུ་ནེ་ཨུ་ནེ་མྱ་ར་ཡ། ཡ་ར་ཙ་ན་ཡ། ཤག་རྦད་མུར་ཏི་རྦད། ཡ་མེ་ཏོ་ས་ཙ། ཁ༷་མྱགས་ཨ་མུ་ཁུ་མུ་ར་ཡ་རྦད། ཕོའི་འཁོར་ལོའི་སྔགས་རྣམས་སོ། ཁྲག་ཏི་ཨོ་ཏེ། བ༷་ཧྲི་དེ་དུན་ཁྲག །མགྲིན་ཁྲག་མྱོག་མུ་ར་ཡ་རྦད། མོ་ཡི་འཁོར་ལོ་གཅོད་པའི་སྔགས། ཧས་ཐིབས་ཧུབ་ལིང་དུན་ཏི་ཏ་ཁྲག་རྦད། ཀླད་ཁྲག་མྱོགས་མྱ་ར་ཡ་རྦད། ཙན་དྷ་རུ་ཁྲག་ཧ་ཧ་ཡ་དུ་ཧུ་སྟི། སྙིང་ཁྲག་མྱོགས་མུ་ར་ཡ་མྱོགས་རྦད། མ་ར་ཧུ་ཏི་ཏན་ཧབ་ཁྲག །ལྟེ་ཁྲག་མྱོགས་མུ་ར་ཡ་རྦད། ཨེ་ཨུ་ཀཁོ་ཡ་ཛ་ཡ་ཛ། ཨེ་ཙ་ཙ་ཤཱ་ར་ཡ་བཱ་ར་ཡ་རྦད། སྟསྦྱ་ཡ་ནན། ཨུ་ནན་ཨུ་ནན་ཏང་། ཨ་མར་ཡ་ནན། བི་ཏ་ཡ་ཧ་ཧ་པྲ་མ་ཀ་ར་ས་ད་ཨ། པ་ར་ཡ་ཐུམས་ཛ།ཨི་ཛ་ལ་ཕྱ་ཤག ཁྲག་ཁ༷་ཤག་བི་ཤ་ཕྱེ། པྲ་ཙ་ལི་ཕཊ་ཕཊ་མ་ར་ཡ། འཁོར་ལོ་སྐྲུ་གྲི་གཟས་པ་བསྒྲལ་ཅེས་གསུངས་སོ། །ཕྱིར་བཟློག་ནག་པོ་སྔགས་ཀྱི་རྒྱུད་ལས། འཁོར་ལོ་ལ་གཤེད་མའི་སྔགས་བྲི་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཤེད་མའི་ཡི་གེ་རྒྱུད་ལ་བླང་ཞིང་། རང་བདུད་རང་ལ་དབབ་པ་འདི་གསུངས་སོ། །གསང་སྔགས་དྲག་པོའི་ཡི་གེ་སྡེབས། །ཕྲ་མེན་དང་ནི་དམག་དཔོན་དང་། །དམག་མི་དང་རྣི་སྐྱེསབུདང་། །དེ་བཞིན་སྔགས་རྣམས་བསྡུས་ལ་བཟླས། །གཤེད་མའི་ཡི་གེ་འདི་ལྟ་སྟེ། །ཆེ་གེ་མོ་ཨུ་ཨུ་ཨུ་ནེ་ཨུ་ནེ་ཆེ་གེ་མོ་ཙིལྟི་སྦུར་ནན། ཏྲི་སྨྱུ་ར་ཡ་སྟསྟ་ཡ་ནན། ཏྲི་སྨྱུ་ར་ཡ་སྟསྟ་ཡ་མྱོགས་ཐིབས་རོ་མྱགས་མྱ་རཡ་རྦདནན། བྷ་ཏི་དུ་ན་ཏི་མྱ་ར་ཡ་ཧུར་ཐུམས་ཛ། །ཨུ་ནན་ཨེ་ནན་རི་རི་ཏིང་ཏིང་། མི་ལ་ནི་ཛོ་ནི་ཏྲག་ནན་བིག་ནན། རག་ཤེ་ཡག་མོ་ཤུ་ལ་ཡ༷་ཏྲི་དུན་དུན་ཙིསྟ་དུན། སྙིང་ཁྲག་རྦད། རྩ་རི་ཏྲི་ཤམ། དེ་བ་སུམ། ཡག་ཤ་ཁྱེ།རག་ཏི་ཁ༷། སྙིང་ལ་ཐིབས། ཆེ་གེ་མོ་སྙིང་མུ་ར་ཡ་ཧྲིལ་རྦད། ཏྲིད་ཨུ་ནེ་ཨུ་ནེ། རི་རི་ཧ་ཧ་ར་ཡི། ཧུར་ཐུམས་ཛ། སྨྱུ་ར་ཡ། ཧྲི་སྟི་གརྦ། ཁུག་དྲོངས། བཛྲ་སྭ་དུ་གིང་ཀ་ར། ཧུར་ཐུམས་རིལ་སྙིང་ལ་རྦད། སྙིང་ལ་ནཱ་ར་ཡ་འདུས། ཏྲི་ཕྲིལ་ཤག་རྦད་ཨེ། གཤེད་མའི་ཡི་གེ་བཏུ་སྟེ། དོན་མེད་བཟླས་ན་རང་ལ་གཅོད། །དབྱེ་དང་དྲིལ་དང་མན་ངག་གཅོད། །དེ་བཞིན་མཁས་པར་ཤེས་པར་བྱ། །གཤེད་མས་གསད་པའི་ཕག་རྒོད་སྟེ། །གསང་ཐུན་བརྡེག་ཅིང་གསད་པའི་ལས། །རང་གི་སྲུང་མ་བདུད་དུ་འབེབས། །ཞེས་གསུངས་སོ། །ཕྱིར་བཟློག་ནག་པོའི་ངན་སྔགས་ཀྱི་སྡེབས་ཀྱི་རྒྱུད་ལས། གཤེད་མའི་ཡི་གེ་རྒྱུད་ལ་བསླང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མགོན་པོ་ཆེན་པོ་དེས། སྐྲུ་གྲི་ནག་པོའི་སྔགས་ཀྱི་ནང་འགྲས་ཀྱི་སྟོབས་གཞོམ་པ་འདི་གསུངས་སོ། །ཨོ་ཤི་མཉུ་བ་ར་ཀྲོདྷ། ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧྲིལྟི་ཀྭ་ལ་རྭ་པ་ཛ། སྙིང་ཁ་རག་ཧྲི་ཏི་དེ་མ།་ག་རག་ཤ་རུ་ལུ་སྨྱོ། ཐུམ་རི་ལི་ལི་སྨྱོ། ཧྲི་ཧྲི་ཁ་ལ་སྨྱོ། ཀ་ལ་ཀྲིན་མྱགས་སྨྱོ། ཧྲི་ཏི་ཨ་པ་ཡེ་རྦད། ཀ་ལ་ཡེ་རྦད། དུ་ཁ་དུ་ས་རྣིར་ཤ་ཀུ་མྱ་ར་ཡ་རྦད་ཨེ། ཆེ་གེ་མོ་ནི་ཤ་ཀུ་རུ་ཐུམ་རི་ལི་ལི་ཁྱེར་སྨྱོ། ཧྲི་ཧྲི་ཁ་ལོང་སྨྱོ།ཙིསྟ་ཧབ་ཤབ་ཏྲི་ཤག་སྨྱོ། པྲ་མ་ཡ་རྦད། མུར་རྩ་ཡ་རྦད་རཀྟ་ཙ་ར་ཡ་རྦད། ཆེ་གེ་མོ་མྱ་ར་ཡ་རྦད། སྲོག་ཁྱེར་མྱ་ར་ཡ་རྦད། སིང་ང་ཡེ་མྱ་ར་ཡ་རྦད། དུ་རུ་ཨེ་མྱ་ར་ཡ་རྦད། བྱ་ཙ་ཡེ་ནཱ་ར་ཡ་རྦད། ཐུམ་ས་རྦད། ཨེ་བན་ཏྲ་སྔགས་པ་ཙི་ཏི་མ་རི་སྨྱོ། སྲོག་ཁྱེར་བཟློག་ཐུམ་རིལ་མུ་ར་ཡ་བཟློག་སྨྱོ། །སྐྲུ་གྲི་ནག་པོ་སྔགས་རྒོད་ཀྱིས། །ནང་འགྲས་པ་དག་འཇོམས་པར་འགྱུར། །གང་ལ་བརྒྱབ་ཀྱང་ཐོགས་པ་མེད། །མི་ཁྲག་སྐམ་དང་ཉུངས་ནག་དང་། །བོང་ང་དང་ནི་ཟི་རའི་ཐུན། བརྒྱབ་ན་ཀུན་ཀྱང་བརླག་པར་འགྱུར། །ཅེས་གསུངས་སོ། །ཕྱིར་བཟློག་ནག་པོ་སྔགས་སྡེབས་ཀྱི་རྒྱུད་ལས། དྲག་སྔགས་སྐྲུ་གྲི་ནག་པོའི་སྡེབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་མགོན་པོ་ཆེན་པོས། ཕས་ཀྱི་ནུས་པ་གཞོམ་པ་འདི་གསུངས་སོ། །དག་དག་གི་ལྤུགས་པའི་སྙིང་ཤུན་ནམ། །ཡང་ན་པགས་པའི་རོ་རས་ལ། །ལིང་ག་ཁྱིད་གང་བྱས་པ་ལ། །ཕྱི་བའི་ཁྲག་གིས་མིང་རུས་བྲི། །ལྟོ་ཆེ་མགོ་བོ་ཆེ་ལ་ཡན་ལག་ཕྲ། །མགོ་དང་ཁ་ལ་སྔགས་འདི་བྲི། །ཙི་ར་ན། ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་ཨུ་ཨུ། སྟལྷ་ཡ། ལྕེ་པ་སྟི་འུབ་རི་ལི་ལི་རྦད། སྟལྷ་ཡ་ནན། ཨ་སིབ་ཡེ། བྱ་ཙ་ཡེ། དུ་རུ་ཡེ། སརྦ་ཁ་ཐམ་ནཱ་ཤ་ཡ་ཐུམ་ཛ། ཏྲིག་ནན། ཧུར་ཐུམས་ཆེ་གེ་མོའི་ངག་ལིང་སྟསྟ་ཡ་རྦད། ཅེས་བྲིའོ། །བྱ་རྒོད་ཕུར་པས་མགོ་ལ་གདབ། །ཕྱི་ཐོད་བཅུག་ལ་བྲག་གཉན་སྦ། །དེ་ཡིས་ཁོའི་ངག་གི་ནུས་པ་ཉམས།ཞེས་གསུངས་སོ། །ཕྱིར་བཟློག་པའི་རྒྱུད་ལས་ངག་གནན་པའི་ལེའུ་སྟེ་བདུན་པའོ།། །།དྲག་པོ་སྔགས་སྡེབས་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་སྔགས་ཀྱི་རྒྱུད་ཐོད་པ་ནག་པོ་ཞེས་བྱ་བ་སྐྲུ་གྲི་གཅོད་པའི་རྒྱུད་རྫོགས་སོ2 སྔ་་ཨུར་རྒྱུད་འབུམ་རིན་པོ་ཆེ་ཁྱེ་གས་བསྒྲིགས་ལས་མིའི་མ་གི་སྦྲ།།་།་་ ༠།་།༠་ ་་ སྤྱིཁྱབ་བསྡུ་སྒྲིག་འགན་ཁུར་པ་གཙོ་བོ་གཟན་དཀར་ཐུབ་བསྟན་ཉི་མ་དང་། མཁན་པོ་འགྲོ་འདུལ་རྡོ་རྗེ། བསྡུ་སྒྲིག་འགན་ཁུར་བ་གཤོན་པ་དང་། གཙོ་སྒྲིག་པ། ཀརྨ་བདེ་ལེགས།1 1 ། གཙོསྒྲིག་གཞོན་པ། ཐུབ་བསྟན་ཉི་མ། བསྟན་འཛིན་བློ་གྲོས། ཟླ་བ་བསྟན་འཛིན། ཐུབ་བསྟན་འོད་ཟེར། དཔྱིད་་དཔལ་བཟང་། བློ་བཟང་ཆོས་འཕེལ། དཀོན་མཆོག་བསམ་གཏན། ཕུར་པ་ཕྲིན་ལས། ཞུ་དག་པ། པདྨ་རྡོ་རྗེ། འཇམ་དབྱངས། ཚེ་རྡོར། རིག་འཛིན་མགོན་པོ། འངམ་དབྱང་ཕྱག་རྡོར་སོགས་བླ་རུང་ནང་བསྟན་གློབ་གླིང་གི་མཁན་པོ་དང་གྲྭ་བཙུན་རྣམ་དང་།བསྟན་འཛིན་རབ་རྒྱས། གྲགས་པ་མཐར་ཕྱིན། རྡོ་རྗེ་ཚེ་དབང་། འངམ་དབྱངས་ཚེ་འཕེལ་སོགས་དཔལ་ཁྲུལ་བཤད་གྲྭའི་གློབ་དཔོན་དང་སྐྱོར་དཔོནགྲྭ་བཡོ་རྣམས།༠་ 0་ ་་ ་ གློག་ཀླད་ལག་རྩལ་པ། སྐལ་བཟང་ལྷ་མོ། ཞེ་སྐྱིད། བྱམས་པ་ཆོས་སྒྲོན། པད་དབྱངས། ཡེ་ཤེས། ཆོ་འཛོམ། བསྟན་འཛིན། བསོད་ནམས་ཚེ་སྒྲོན་སོགས།