Ngb-pt-0645-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨརུ་མན་འཛུ་ཤི་ཡ་མན་ཏ་ཀ་གུ་རྒྱ་མན་ཏྲ་ཏནྟྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་གཤེད་གསང་རྒྱུད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །སྐྱེ་བའི་ཚུལ་བསྟན་སྤྲུལ་པའི་སྐུ། །བཅོམ་ལྡན་ཆེ་བ་ལྷ་ཡི་དཔལ། །འཇིགས་བྱེད་ཆེན་པོ་བསམ་མི་ཁྱབ། །ཐམས་ཅད་སྐུར་སྣང་མ་ལུས་པ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །ལས་རྒྱུད་འཕྲིན་ལས་སྔགས་སུ་བསྟན། །ཆོ་འཕྲུལ་སྐུར་བསྟན་བསམ་ལས་འདས། །འདུལ་སྟངས་བསམ་ལས་འདས་པའི་ཕྱིར། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། །དབུ་ནི་ཉི་ཤུ་རྩ་གཅིག་དང་། །བརྒྱ་རྩ་གཅིག་དང་དབྱེ་བའི་བར། །དྲུགདངགཅིགཏུབསྟན་པ་ལ། །ཐ་དད་༄༅ ངེས་པ་མེད་པར་བསྟན། །ལྷ་སྲིན་བདེ་བརྒྱད་འདུལ་བའི་ཕྱིར། །བརྒྱད་དུ་བསྟན་པ་ངེས་པ་དང་། །འགྲོ་དྲུག་དོན་དུ་དྲུག་བསྟན་དང་། །སྐུ་གསུང་ཐུགས་དང་ལྡན་ཕྱིར་གསུམ། །ངེས་པ་དེ་བཞིན་བཞག་པའོ། །བགེགས་རིགས་མི་སྲུན་ཀུན་ལ་ལས་འཆོལ་བ། །གང་ཡང་འདྲ་ན་ཁྱད་པར་ཤིས་པ་ནི། །འཇམ་དཔལ་གཤིན་རྗེའི་བསམ་པས་བྱ། །ཀུན་བཟང་རྣམ་དག་མཁའ་ཀློང་ནས། །དུས་གསུམ་བདེ་གཤེགས་ཞི་ཁྲོ་སྤྲུལ། །ཀུན་གྱིས་དབང་བསྐུར་གཤིན་རྗེ་གཤེད། །དབུ་དང་ཕྱག་ཞབས་གར་འཐད་པར། །མོས་པ་བྱ་བ་ཤིན་ཏུ་གཅེས། །གཤིན་རྗེའི་རྣལ་འབྱོར་བརྩོན་པ་ཡིས། །གང་ཡང་ལས་ལ་ཐེ་ཚོམ་མེད། །དེ་ལ་འདི་རུ་སྨོས་པ་ལ། །ལ་ལ་གཞུང་དེ་ཡོད་པ་ཡང་། །གང་ཡང་འདྲ་བར་བྱ་བའོ། །འདིར་སྨོས་རྩ་བའི་སྔགས་རྫས་གཉིས། །དེ་ལ་ཐེ་ཚོམ་མི་བྱའོ། །དམ་པའི་ལེའུ་གཅིག་པའོ།། །།ཨོ་ཡ་མན་ཏ་ཀ་ཧཱུཾ༷།ཀྭ་ལ་རུ་པ་ཧཱུཾ༷། ཨོ་ཧྲིཁྱི་བི་ཞི་ཧཱུཾ༷། ཨོ་མན་འཛུ་བྲི་ཧཱུཾ༷། ཨོ་ཡ་མ་རྭ་ཛ་ཧཱུཾ༷། ཡི་གེ་དྲུག་ལྔ་སུམ་ཅུ་པ། །རྩ་བའི་རྩ་བ་བསྐྱེད་པའོ། །དེ་ལ་ཡང་དག་བསྐྱེད་པའོ། །དེ་ཡི་དོན་རྟོགས་ཤེས་པའོ། །ཨོ་ཨོ། ཨོ་ཧཱུཾ༷། ཨོ་སྭ། ཨོ་ཨོ་ཨོ་ཧ། བྷན་ཛུ་བྷ་ཧཱུཾ༷་ཕཊ། རུ་པ་ན་ཧཱུཾ༷་ཕཊ། ཏརྒྱ་ནརྒྱ་ནརྒྱ་ཧཱུཾ༷་ཕཊ། ཡ་མན་རྒྱ་ཧཱུཾ༷་ཕཊ། སུ་ཏོ་རྒྱ་ཧཱུཾ༷་ཕཊ། ལྔ་ལྔ་རྩ་ལྔར་བསྟན་པ་ཡང་། །ཡང་ན་བ་ཏེ་ཡན་ལག་གི །དང་པོ་དང་ནི་དེ་མཐའ་ལ། །ལས་སུ་བསྔགས་པ་དེ་ཁོ་ནའོ། །ཨོ་ཡ་མན་ཏ་ཀ་ཛུ་ཛུ། ཀྭ་ལ་རུ་པ་ཛུ་ཛུ། ཨོ་ཧྲིརྫི་བི་ཀྲི་ཛུ་ཛུ། ཨོ་མན་འཛུ་ཕྲི་ཛུ་ཛུ། ཨོ་ཡ་མ་རྭ་ཛུ་ཛུ། དེ་དག་རྩ་བ་བགྲང་བའི་ངེས་པའོ། །དེ་ལས་ལན་ཅིག་ཏེ་ཀ་ཧེ། །ངེ་པའི་རྩ་བ་བསྟན་པ་ལ། །དམིགས་པ་ཁོ་ན་དེ་ལན་ཅིག །སྒུ་ཡ་རྙོན་མུ༷་ཧཱུཾ༷། བི་དུ་ཡ་མ་ཛུ་ཡ་ནན། ཨོ་མ་ཁ་ལེ་ཁ་ཐུན་མུག་ནན། ཨོ་ཡ་མ་ཁ་ཐུན་རྭ་ཛ་ཧཱུཾ༷། ཨོ་ཐྲི་ཨ་ཀྲོ་བྱ་ཙི་ར་ཛ་ཧཱུཾ༷། ཧཱུཾ༷་ཧ་ཧ༷་ཧེ་རོ་ཏ་ཀ་ཡ་བ་ཀ་ཙིསྟ་ཛུ་ཧཱུཾ༷་བ༷་ཧོ། ཡན་ལག་ལྔ་ཡི་སྒོ་ནས་དེ་བཞིན་དུ། །དམིགས་པ་བཅས་ནས་བྱས་པ་དེ་ལྟའོ། །རྣམ་པ་ཀུན་ཏུ་དེ་བཞིན་བསམ་པ་ཁོ་ནའོ། །གནན་ནམ་གཟིར་བའི་མགོ་བསྟན་ཚོགས། །ལེའུ་གཉིས་པ་ཞེས་བྱའོ།། །།ཛ་ཧཱུཾ༷་བ༷་ཧོ། ཨོ་ཨ་ཀྲོ་ཏེ་ཡ་མན་ཏ་ཀ་ས་མ་ཡ་སྟོ༷། ཛུ་ཧཱུཾ༷་བ༷་ཧོ། ཨོ་ས་མ་ཡུ་མན་འཛུ་ཐྲི། མུ་དྲ་ཡ་མན་ཏ་ཀ་པན་ཙ་ཏེ་རོ་ནི་ཧཱུཾ༷་ཛུ། ཡ་མན་སྒ་ཡ་ཛ་ཛ། འལྷུ་ཡ་ཨུ་ཏྲ༷་ཛ་ཛ། ལས་དེ་གོང་འོག་ཐམས་ཅད་ཀྱང་། །རིག་པ་བདེ་བ་འབའ་ཞིག་གིས། །དེ་བཞིན་བཅོལ་བའི་རྣམ་པ་དེས། །བཀའ་ལས་དེ་ལྟར་སྣང་བར་ཁོས། །ཡ་མ་ར་ནི་ཛུ་ཛུ། ཞེས་པ་དེ་ཡིས་ཐམས་ཅད་དུ། །བརླག་མཛད་མ་ལུས་དེ་བཞིན་སྩོལ། །བདེ་བར་དེར་ནི་ངེས་པར་རིགས། །མུ་མ་རུ་ལུ་མ་ཧེ་མ་སྨྱོ་ཧཱུཾ༷་ཕཊ་གྲྭཧྭ། དེ་ནི་ངེས་པའི་མ་དེ་ཡང་། །འབྱུང་བ་ཇི་བཞིན་ལྟས་པ་དེས། ཁམས་གསུམ་པ་ཙམ་རླག་པར་བྱེད། །དེ་ཁོ་མ་ནོར་ངོ་ཤེས་པའོ། །ཨོ་ཨ་ཀྲོ་ཏེ་ཡ་མན་ཏ་ཀ་ཀྭ་ལ་རུ་པ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། བསྐྱེད་པ་དག་དང་ལས་སྔགས་སྦྱར། །དེ་ནི་མི་ནོར་དམ་པ་ཡིས། །སྔགས་སུ་ལྡན་པ་དེ་ཀ་ཡིན། །ཨོ་ཨུ་ཧཱུཾ༷་པེ་ཏ་ལི་རག་སྒ་ཡག་ཨུ་ཙུ་ས་མ་ཀྲོ་དྷ་ཀྲོ་དྷ་ཡ་པེ་ཏ་ལ་ཧཱུཾ༷་ཕཊ། འཇམ་དབྱངས་ཁྲོ་བོ་གསང་པ་ཡི། །སྙིང་པོ་དང་ནི་དབྱིངས་ཡུམ་གྱི། །མ་ནོར་བ་དེ་ཡིན་པར་སྔགས། །དེ་ཡང་སྐབས་ཀྱི་རིམ་པ་ཤེས་པའོ། །ཨོ་མན་འཛུ་ཐྲི་ཡ་མ་ར་ཛ་མ་མོ་ཨེ་ཀ་ཙ་ཏི་ཛུ་ཛུ་སྒག་རག་ཤ་སྙིང་ཁ་རག་མོ་སྨྱོ། རག་མོ་ཁ་ལི་བ༷་ཛུ་སྨྱོ། ཁ་འགྲམ་མ་ཡུ་ཟ་འགྲམ་མ་སྨྱོ། རུ་དྲ་རྦད། སྒག་རག་ཤ་རྦད། མ་མ་སྙིང་རྦད། ཁ་མུན་རྦད། ཙིཏི་རྦད། མ་ར་རྦད། བལ་ཕྱུར་བལ་ཕྱུར། མ་མ་ཐུ༷་མ་མ་ཐུ༷། རྦད་དུ་རྦད་དུ། དུ་ཡ༷་རྩི་ཡ༷་རུ་ཐུ༷་ས་མ་ཡ། རུ་ཐུམས་རུ་ཐུམས་ཡ་ན་རྦད། སྔགས་དང་སྙིང་པོ་གྲངས་མང་ཡང་། །གཟེར་སྔགས་བདག་འགའ་ཡིས་ཡིན། །དེ་ན་མན་ངག་ཟིན་པར་བྱས། །དེ་ནི་ཡང་དག་དམ་པ་ཁ། །ལེའུ་གསུམ་པ་ཞེས་བྱའོ།། །།དེ་སྤྱི་ཐུམས་ཏི་ཏ་ཧ་ཧ་དམ་དམ་ས་མ་ཡ་ཡ་གུ་གུ་ཐུམ་ཡ་མ་བ༷་རི་ལི་ལི་བོད་རྦད་སོད་སོད། ཨོ་མན་འཛུ་ཐྲི་ཡ་མན་ཏ་ཀ་ཨུ་ཙུས་མ་ཀྲོ་དྷ་པེ་ཏ་ལི་ན་མ་ཀྲོ་ཏི་ཤྭ་རི་རག་ཤ་ཡསྒ་ཛུ་ཛུ།སྙིང་ཁ་རག་མོ་སྨྱོ། རག་མོ་སྙིང་རྩ་མོ་སྨྱོ། ཁྲག་ལ་མུ་ཤ་མོ་སྨྱོ། ནག་མོ་ཏིང་ཏང་ཁ་ལ་རག་མོ་སྨྱོ། དུམ་བུ་མ་ར་ཡ་དུམ་བུ། ཙིསྟ་མ་ར་ཡ་དུམ་བུ། ཁྲག་དུ་ཁ་ཁ་ཐུམས་ཐུམས། །མ་དུ་མ་རྩི་རུ་རུ་ཡན་རྦད་རྦད། ཅེས་ཏེ་ཁྲག་ལ་བཟླས་པ་དེ་ཉིད་དོ། །ཟློས་པ་ཡེ་ཤེས་ཐུན་དུ་བྱས། །རྫས་དེ་བརྒྱུད་དེ་ཀུན་ནས་གསལ། །རྨོངས་པར་མི་བྱ་ཁོང་བརྣག་པའོ། །ཨོ་ས་མ་ཡ། ཨརུ་མན་འཛུ་ཕྲི་མུ་དྲ་ཡ་མན་ཏ་ཀ་བན་ཙ་ཏེ་རོ་ནི་ཧཱུཾ༷་ཛ། ཨོ་ས་མ་ཡ་མན་འཛུ་ཕྲི་ཡ་མན་ཏ་ཀ་ཡ་མར་ཛ། མ་མ་ཨེ་ཀ་ཛུ་ཏི་ཛུ་ཛུ། སྒག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་སྨྱོ་སྨྱོ། རག་མོ་ཏེ་ཀུ་མ་ཛུ་ཛུ། ཁ་ལ་མ་ཏི་སྦྱོ་སྨྱོ། ཡ་ཡ་ལོག་ཙིན་དན་མ་ལ་སྨྱོ་ཛུ། སྙིང་ཁ་རག་སྲོག་ལ་སྨྱོ་སྨྱོ།དེ་ལ་འདི་ཡི་གཞུང་དག་ཀྱང་། །ཀུན་ཀྱང་གཅེས་པ་ཡིན་མོད་ཀྱང་། ཁྱད་པར་ལྷག་པ་འགའ་ལས་མེད། །དེ་ཡང་དབྱེ་གསལ་བྱ་བ་དཀའ། །ལེའུ་བཞི་པ་ཞེས་བྱའོ།། །།ཨོ་ཡ་མ་ར་ཛ་ས་ཏོ་མེ་སྨྱོ་རུ་ལུ་རུ་ལུ་ཧཱུཾ༷་ཕཊ། བ༷་རི་ལི་ལི་རྦད་ནན། ཨོ་དུབ་ནུར་དུབ་ནུར་ཚལ་པ་ཚལ་པ་ནན། ཨོ་སྒག་ཤགས་སྙིང་གོ་ཤག་མེ་ཁ་ལ་མུ་ལ་ཙ་ཐུན་ནན། ཨོ་སྭ་ཏི་རུ་རུ་རྭ་ཙ་ཀྲོ་ཀྲ་ཙར་ཙར་ནན། མ་ར་ཡ་ནན། དེ་ཡང་དགོས་པ་ལྷག་པའི་སྔགས། །ལྔའམ་བཞི་རུ་བཟླས་པ་ནི། །མཐུན་པའི་གྲོགས་སུ་འགྲོ་བ་ཡིན། །དེ་ཡང་འདིར་ཏེ་དྲག་པོའི་སྔགས། །ཨོ་ཨུ་ཀྲོ་ཏེ་ཀ་མན་འཛུ་ཐྲི་ཀ་ལ་རུ་པསྒ་ཡ་ནན། བ༷་རྦད་རུ་ལུ་ཧཱུཾ༷་ཛུ། རུ་ལུ་ཚལ་བ་ཡ་ནི་ཏོ་ཤ་རུ་ནི་ནན། མ་ར་ཡ་ནན། ཨོ་ཡ་ནན་ཏ་ཀ་སྒ༷། ཨརུ་ཨ་ཙ་ལ་སྒ༷ །ཨོ་མ་དུག་རྩ་རྩ་ཚལ་པ་ཚལ་པ་རྦད་རྦད་མ་དུག་སྒ༷ །ཡ་མ་ཡ་མན་སྒ༷ །སྲོག་རྩ་ལ་མུག་ཏེ་རྦད་ཙ་རྩ་ར་ཛུ་རྦད། མ་ཨེ་ཁྲག་ལ་དུན་དུན་སིང་སྟུབ། སྲིན་པོའི་རུས་པ་ལ་ཆོ་ཆོ༷་ཚལ། །གཤིན་རྗེའི་ཁྲ༷་ལ་ལྷན་ལྷན་ཐོབ། ཁྲམ་ཁ་ཁྲ༷་རི་ལི་ལི་དྲ་ཛི་རྦད། ཨོ་ཁྲག་ཐུན་མུག །ཨོ་མུག་ཡ་མུག་ཏི་སུབས། ཆོ་ཆོ་ཡ༷། བལ་ཧུབས་བལ་ཧུབས། བལ་ཡུ་བལ་ཡུ་སྙིང་གོང་རྩ་ཐུན་ནན། བལ་ཐུན་ནན། ཁྲག་ཐུན་ཁོང་ཁྲག་ལ་ཡ་ཡ། ཁྲག་ཐིག་ལ་ཕོབ། སྙིང་ཐིག་ལ་ཕོབ། རྩ་ཐིག་ལ་ཕོབ། སྲོག་ཐིག་ལ་ཕོབ། ཨོ་རག་མོ་ཤན་པ་མ་ར་ཡ་ནི་ཛ། མགོ་འཕྱང་མ་ཛུ་ཛུ། དུན་རྨུགས། བླ་རྩ་ལ་ཛུ་ཛུ། རྩ་བོ་ཆེ་ལ་དུན་རྨུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བ༷། ཐུན་བ༷་ཐུམ་རི་ལི་ལི་རྦད་རྦད། མཐུན་པའི་རྫས་ནི་བསགས་པ་གཅེས། །མ་ནོར་སྔགས་བཟླས་ཤིན་ཏུ་གཅེས། །དགོས་པའི་མཐུན་སྤྲོད་འཚོགས་པ་ནི། །འབྲས་བུ་ཆུད་མ་གསན་པར་གྱིས། །ཨ་ལ་ཞེས་བརྗོད་ཡ་བྱར་གྱིས། །དམིགས་པའི་དགོངས་པ་སངས་པར་གྱིས། །ལེའུ་ལྔ་པ་ཞེས་བྱའོ།། །།ཐ་མའི་གསང་སྔགས་ཞེས་བྱ་བ། །ཡ་དང་མ་དང་ར་དང་ཛ། །ས་དང་དོ་དང་མེ་དང་ཡ། །ཡ་དང་མེ་དང་དོ་དང་སྲ །ན་དང་ཡོ་དང་ད་དང་ཡ། །ཡ་དང་ད་དང་ཡོ་དང་ནི། །ར་དང་ཡ་དང་སྒ་དང་ཡ། །ཡ་དང་སྒེ་དང་ཡ་དང་ཛ། །ནི་དང་ར་དང་མ་དང་ཡ། །རྩ་བའི་ཡི་གེ་འདི་རྣམས་ཀྱང་། །འཇམ་དབྱངས་དཔལ་གྱི་ཐུགས་ཡིན་ཟེར། །དེ་ལྟ་མ་ཡིན་ལསབྱེདཔའི། །གཤིནརྗེའིངོབོ་ཡོ་རྟོགས་ཡིན། །དེ་ཡི་རྩ་བར་བལྟ་བར་བྱ། །ཡང་ན་ལྷ་སྲིན་སྡེ་བརྒྱད་ཀྱི། །རྩ་བ་བསྡུས་པ་ཡིན་པར་གཞག །དེ་ཕྱིར་གསང་སྔགས་ངོ་ཤེས་བྱ། །དབུས་ན་ཡང་གནས་ཡི་དྭགས་ཆེན་པོ་ཡི། །ཕྱི་བ་བཅུ་དྲུག་གནས་པ་ནི། །ལྷ་སྲིན་སྡེ་བརྒྱད་ཡུམ་དང་བཅས། །དེ་ལ་བཅུ་དྲུག་དག་ཏུ་འདོད། །ཡང་ན་ལས་ཀྱི་གཤིན་རྗེ་བརྒྱད་དུ་འདོད། །དེ་ཡི་ཆུང་མ་བརྒྱད་དང་བཅུ་དྲུག་འདོད། །ཡང་ན་གིང་ཆེན་བརྒྱད་དང་ཆུང་མར་བཅས། །གང་ལྟར་བྱས་ཀྱང་དྲེགས་པ་བརྒྱད། །དེ་ཕྱིར་ལས་མཁན་ཞེས་སུ་གྲགས། །དེ་ལ་དབུས་ཀྱི་ཡི་དྭགས་ཆེན་པོ་ཡི། །ཕྱོགས་དང་མཚམས་སུ་ཕར་འཕྲོས་པས། །ཡ་ནས་ཡར་བསྐྱལ་ཡ་བརྒྱད་ལ། །འཇམ་དབྱངས་ཁྲོ་བོས་ཡ་བརྒྱད་མན་ན། །ཕར་ལ་བསྐུལ་ཞིང་ཚུར་ལ་བསྡུས། །ལྷ་དང་ཀླུ་དང་གནོད་སྤྱིན་མོ། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འབྱེའོ། །ཕྱི་ལྟར་བལྟས་ན་དེ་ལྟར་སྣང་བའོ། །སྲིན་པོ་མ་མོ་བདུད་དང་ནི། །གཤིན་རྗེ་རྒྱལ་འགོང་བཙན་དང་ནི། །ཀླུ་སྲིན་བགེགས་ཆེན་འབྱུང་པོ་བརྒྱད། །ནང་ལྟར་དེ་ཚུལ་གྲགས་པ་ཡིན། །ཆོས་ཀྱི་རྒྱལ་པོ་ཡ་བ་ཏི། །གླང་མགོ་རྟེལ་པ་ཕྱ་སངས་དང་། །རལ་པ་ཚར་དགུ་དམིགས་པ་དང་། །མྱོས་བྱེད་འབར་བ་བརྒྱད་དུ་བསྟན། །བཛྲ་ཞིང་དང་བཛྲ་ས། །བཛྲ་ལྷུན་པོ་བཛྲ་སྦྱིན་པ་དང་། །བཛྲ་ཏྲི་འཛིན་བཛྲ་ཀུན་བསྡུས་དང་། །བཛྲ་ཉེས་སེལ་བཛྲ་གནས་མེད་དེ། །གིང་དུ་གྲགས་པ་དེ་ཁོ་ན། །དེ་རྣམས་ལས་མཁནཡིནཔརགཅིག །ཕརལལསབྱེདགཤིནརྗེཕོམོཡིན། །བསྒོ་བའི་ལས་བྱེད་དུ་དཀྲུག་པའོ། །ཨུ་མུ་ཀ་སྦྲ་མ་ཡ་ཧཱུཾ༷། མར་གྲི་ཀྲམ་ན་ཤ་ཡ་ཧཱུཾ༷་ཕཊ། ཨ་མུ་ཀ༷་རཀྟ་ཙར་ཡ་ཧཱུཾ༷་མར་ཡ་བྲ་ཏྲི་ན་ཤ་ཡ་ཧཱུཾ་ཕཊ། ཨ་མུ་ཁ་མུར་རྩ་ཡ་ཧཱུཾ༷་མ་ར་ཤི་ཀྲ༷་ན་ཤ་ཡ་ཧཱུཾ༷་ཕཊ། ཨ་མུ་ཁ༷་མ་ར་ཡ་ཧཱུཾ༷།མར་བྲི་སྒམ། ན་ཤ་ཡ་ཧཱུཾ༷་ཕཊ། ལས་རྣམས་མ་ལུས་བྱེད་པ་ཡང་། །མགོ་འཁོར་བྱེད་དང་ཁྲག་སྐྱུགས་བྱེད། །ཡིད་མྱོས་བྱེད་དང་གསོད་པར་བྱེད། །མགོ་བོ་འཁོར་ཏེ་ལ་འུར་གསད། ཁྲག་ཏུ་སྒྱུགས་ཏེ་ལ་འུར་གསད། །ཡིད་མྱོས་བྱས་ཏེ་ལ་འུར་གསད། །གསད་པ་ཡིད་ཀྱིས་ལ་འུར་གསད། །ཉིན་བཞིས་གསད་པའི་ལས་དེ་བྱ། །ཡང་དེ་འདི་ལ་བཟླས་པར་བྱ། །ཨོ་སྒི་བི་ཀྲི་ཏ་ནན་ཙིསྟ་ལ་རཀྟ་ཀ་སྦྲ་མ་ཡ་ཧཱུཾ༷་ཕཊ། ཨོ་ཐྲི་པྲི་ཏི་མན་ཙི་ཏ་པ་ཙ་ཧ་ན་ཕ་རག་ཏ་ཙ་ར་ཡ་ཧཱུཾ༷་ཕཊ། ཨོ་ཨན་དྷ་ནེ་ཏ་ན་བླ་ཨ་མོ་ཀ་ཙི་ཏ་ཏི་ཏ་ཡ་མུར་རྩ་པ་ཧཱུཾ༷་ཕཊ། ཨོ་ཡ་མ་དྷི་དྷི་པ་ཏ་དུམ་ཙ་ཏ་མ་ར་ཕྲི་ཡ་མ་ར་ཡ་ཧཱུཾ༷་ཕཊ། དེ་ཡང་བཞིན་རུ་བཟླས་པས་ནུབ། །ཧཱུཾ༷་ཡ་མ་རུ་ཛ་མ་ར་ཡ་ཧཱུཾ༷་ཕཊ། ཧཱུཾ༷་ཡ་མ་བེ་ཤེ་མ་ར་ཡ་ཧཱུཾ༷་ཕཊ། ཧཱུཾ༷་ཡམ་སྙིང་ཏ་མ་ར་ཡ་ཕཊ། ཡ་ལྷ་ཛ་ཛུ་ཧཱུཾ༷་ཧཱུཾ༷། ལས་ཀྱིས་གཟེར་དུ་སྔགས་པ་ཡང་། །དེ་ལྟ་བུ་དག་བཟླས་པ་ཡང་། །དེ་ལྟར་འཁོར་ལོའི་སྔགས་ལ་གཞན་པ་མེད། །དེ་ལ་འདུས་པ་དེ་ལྟར་རྩ་བའི་འདུས་པ་ཡིན། །ཨོ་མན་འཛུ་ཕྲི་ཡ་མན་ཏ་ཀ་སྐྲུ་ཙུས་མ་ཀྲོ་ཏ་པེ་ཏ་ལི། ཨོ་བི་ཀྲི་ཐྲི་རག་ཤ་ཛུ་སྦྱོ་སྙིང་ཁ་རག་མོ་སྨྱོ། སྙིང་རྩ་རྩ་མ་སྨྱོ། ཁྲག་ལ་མུ་ཤ་མ་སྨྱོ། ནག་པོ་བཏིང་མ༷་མ་སྨྱོ། ནག་མོ་སྙིང་ཏ་ར་ལ་རག་མོ་སྨྱོ། དུམ་བུ་མར་དུམ་རྩི་ཏ་ར་དུམ་བུ་ཁྲག་ཏུ་སྒྱུགས་ཁ་ཁ་ཐུན། ས་ཐུམས་མ་རྩི་ནུ་རུ་ན་ཡ་རྦད་རྦད། དེ་ལྷར་པེ་ཏ་ནག་མོ་ལ། །སྔགས་ཏེ་བཟླས་པས་བརྡེག་པ་ཡང་། །སྐབས་དང་སྦྱར་ཏེ་བཟླས་པར་བྱའོ། །དེ་ལྷར་མན་ངག་གི་ཤེས་པར་བྱའོ། །ཨོ་ཕྲི་མན་འཛུ་བཛྲ་ཀྲོ་ཏ་ཏིབ་ཏ་ཙཀྲ། ཨོ་བཛྲ་སྭ་ཏ་ཧཱུཾ༷་ཧྲི་ཕུར་བུ་ཕུར་བུ་ཧཱུཾ༷་ཕཊ། །ཨོ་བཛྲ་ཀི་ལི་ཀ་ལི་ཡ། སརྦ་བ་དི་ནན་བ༷་ཧཱུཾ༷་ཧཱུཾ༷་ཐྲི་པ་ཙ་ཧཱུཾ༷་ཕཊ།འཇམ་དབྱངས་ནག་པོའི་བཅས་གཞི་སྟེ། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ལས་རྣམས་མི་འགྲུབ་གཅིག་ཀྱང་མེད། །འདི་ལ་མོས་པའི་རྣལ་འབྱོར་པས། །བྱང་ཆུབ་འདི་དོན་གཉིས་ཀ་འགྲུབ། །དེས་བསྟན་དྲུག་རིམ་གསལ་བར་སྣང་། །ནག་པོའི་སྔགས་རྣམས་ཤེས་པར་སྤྱོད། །ལེའུ་དྲུག་པ་ཞེས་བྱའོ།། །།ཡང་དེ་འཇམ་དབྱངས་ནག་པོ་ཡི། །སྔགས་རྣམས་བསྟན་པ་དེ་ལ་ནི། །འཁོར་རྣམས་མི་སྲུན་གང་ཡིན་པ། །ལས་རྣམས་ཇི་ལྟར་བྱ་བ་ནི། །གསལ་བ་དག་ཏུ་བསྟན་པ་ཡིན། །དེ་ལ་འདི་ཡི་གནས་སྐབས་སུ། །གནས་དང་དུས་དང་མཎྜལ་རྫས། །དགོངས་པ་བསྒྲུབ་དང་བརྡེག་པ་ཡང་། །མཚན་མ་གྲོལ་དུས་མནན་པའོ། །དོན་བཅུ་ཚང་བར་བྱེད་དགོས་ཏེ། །རྒྱུད་གཞན་ཀུན་ནས་ཞིབ་པར་བསྟན། །འདིར་ནི་སྔགས་རྣམས་རྒྱུན་དུ་གསུངས། །ལེའུ་བདུན་པ་ཞེས་བྱའོ།། །།ལྷོཕྱོགསགཤིནཡུལརྨེནག་ཏུ། །འཇམ་དཔལཁྲོསཔསགཤིནརྗེགཤེད། །འཆི་བདག་བཤན་པའི་ཚོགས་རྣམས་ལ། །ཞེ་སྡང་རང་འདུལ་དྲག་སྔགས་རྒྱུད། །རྩོད་དུས་བསྟན་པ་མར་འགྲིབ་ལ། །འབྱུང་བ་ཡིན་གྱིས་གཞན་དུ་མིན། །ཞལ་གསུམ་མཐིང་ནག་དྲག་པོའི་སྐུ། །རོ་ལངས་སྲས་མཆོག་ཡབ་ཡུམ་བཞི། །བསྒོམ་པ་ཡིན་གྱིས་གཞན་དུ་མིན། །རྩ་གསུམ་རྩ་བཞི་བཅུ་གཅིག་དང་། །བཅུ་གཉིས་དགུ་དང་བདུན་དུ་བསྟན། །རྒྱུན་དང་གཉིས་མེད་རེ་ཏི་སྟོང་། །འཇིག་རྟེན་ཕོ་མོའི་སྲོག་ཏུ་བསྟན། །བསྙེན་པ་དང་ནི་ཉེ་བའི་མཆོག །དམ་པ་ཡིན་ནམ་ཟེར་བའི་མཆོག ཁྲེས་པ་ཉམས་སུ་བླངས་པའི་མཆོག །དཔལ་གཤིན་རྗེ་གཤེད་པོས་གསུངས་པ། གདུག་པ་གཏན་རླག་པ་ལ་འཁོར་རྣམས་ཡི་རང་སྟེ་མངོན་པར་བསྟོད་དོ། །གསང་བ་སྔགས་ཀྱི་རྒྱུད་ལས། ཕྱི་མའི་ལེའུ་སྟེ་བརྒྱད་པའོ།། །།འཇམ་དཔལ་གསང་བའི་རྒྱུད་ཕྱི་མ་རྫོགས་སོ།། །།གནུབས་པདྨ་དབང་རྒྱལ་གྱི་ཐུགས་ཀྱི་བརྣག་པའོ། །ཡ་མ་ར་ཛ་ཁྲོས་པའི་རྒྱུད་དོ།། །།