Ngb-pt-0639-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཤི་ཡ་མུརྙ་ཀ་ཡ་མ་ར་ཛ་ཀྭ་ཡ་ཀྲོ་དྷ་ཏན་ཏྲ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་པོ་ཡ་མ་རྭ་ཛ་སྐུ་ཁྲོས་པའི་རྒྱུད། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྷོ་ཕྱོགས་གཤིན་རྗེའི་འཇིགས་རྟེན་གྱི། །གཤིན་རི་ཕྱིན་ཅི་ལོག་གི་རྩ། །གཤིན་གྱི་བླ་མཚོ་མེར་བ་ཡོད། །དུག་མཚོ་ཁོལ་མའི་ནང་གཤེད་ན། །དུག་གི་སྡིག་པ་ནག་པོ་གནས། །ཁ་རླངས་དུག་ཏུ་འཕྲོས་པ་ལས། །ནག་པོ་གེལ་བ་འཇིགས་པའི་གཟུགས། །ལྟོ་ཆེན་མགྲིན་པ་ཡངས་ལ་རྔམ། །ཐུགས་ནི་རྒྱ་མཚོའི་གཏིང་ན་གནས། །ཚེ་སྲོག་ཀུན་གྱི་མངའ་བདག་མཛད། །གསུང་གི་ང་རོས་འཇིགས་རྟེན་གཡོ། །སྲོག་དབུགས་ཀུན་གྱི་མངའ་བདག་མཛད། །སྐུ་ནི་རི་རབ་ངོས་ལ་བརྟེན། །འཆི་བདག་བདུད་ཀྱི་བདུད་ཆེན་པོ། །གཤིན་རྗེ་ནག་པོ་ཞེས་ཀྱང་གྲགས། །བདུད་མོ་ཁྲག་གི་རལ་པ་ཅན། །སྲིད་གསུམ་ཟས་སུ་ཟ་བྱེད་པ། །ལས་ཀྱིས་བཏུན་པའི་ཡུམ་དུ་གནས། །མགོ་འཁོར་ཁྲག་སྒྱུག་བརྒྱལ་བ་དང་། །གསོད་བརབྱེདཔའིགཤིནརྗེཡིས། །གནོད་ཅིང་འཁྲུག་ལ་བསྟེག་ཅིང་འཐོར། །ནག་པོ་བཀྲག་མེད་བདུད་ཀྱི་གཙོ། །སྲོག་གཅོད་ཤན་པ་གིང་གི་གཙོ། །ཁྲག་སྒྱུག་ཟོར་ཐོགས་མ་མོའི་གཙོ། །ཞེ་སྡང་གདུག་པ་གཏུམ་པོའི་ཚོགས། །ཕུང་པོ་ལྔ་ལ་དབང་སྒྱུར་བ། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་ཡིས། །གསོད་པར་བྱེད་པའི་གཤིན་རྗེ་བྱེད། །འབྱུང་བ་ལྔ་ལ་དབང་སྒྱུར་བ། །མ་གཤེད་སུམ་བརྒྱ་དྲུག་ཅུ་ཡིས། །བླ་སྲོག་འགུག་པའི་གཤིན་རྗེ་བྱེད། །ཡ་མ་བདུན་བརྒྱ་ཉི་ཤུ་ཡིས། །ཉིན་དང་མཚན་མོའི་འཁོར་ལོ་བསྐོར། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །འཁྲིག་དང་འགུགས་དང་གནས་དང་གསོད། །འཇིགས་བྱེད་གཤིན་རྗེའི་ལྟོ་ན་གནས། །ཞལ་ནས་གདུག་པའི་ང་རོ་ཡིས། །ཁམས་གསུམ་འཁྲུགས་པར་གྱུར་པ་ལས། །འཇམ་དཔལ་ཁྲོས་པས་གཤིན་རྗེ་གཤེད། །ཡ་མ་རྭ་ཛ་ཁྲོས་པ་དེས། །སྤྲུལ་པས་འཇིག་རྟེན་དབང་བསྡུའི་ཕྱིར། །གསང་བ་ཡུམ་དང་གཉིས་མེད་ལས། །སྤྲུལ་པ་ཡེ་ཤེས་ཁྲོ་བོའི་ཚོགས། །ནམ་མཁའ་ཁྱབ་པར་གར་བྱེད་ཅིང་། །ཁྲོ་བོ་གྱད་ཀྱི་དོར་སྟབས་ཀྱིས། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ནག་པོ་གྱེལ་བ་ག་་པོའི་ཚོགས། །རབ་ཏུ་གཟིར་ཏེ་འཕྲོག་པ་ཡིས། །ལས་ཀྱི་ཡ་མ་གཏུམ་པོ་དེས། །གུས་དང་ལུས་གཉིས་གདན་དུ་ཕུལ། །ཞལ་གྱིས་དམོད་པ་དྲག་པོའི་ཐུན། །སྲོག་གི་སྙིང་པོ་དྲིལ་ཏེ་ཕུལ། །དཀྱིལ་འཁོར་ཆེན་པོ་བསྲུང་བ་ཡི། །ལས་དང་བྱ་བ་ཁས་བླང་སྟེ། །སྙིགས་མ་ལྔ་ཡི་དུསཉིདདུ། །གཤིནརྗེམཐར་བྱེད་གང་སྒྲུབ་པའི། །རྣལ་འབྱོར་ཅན་གྱི་འཕྲིན་ལས་རྣམས། །མྱུར་དུ་སྒྲུབ་པར་ཁས་བླངས་ནས། །ལས་ཀྱི་བདག་པོར་དབང་བསྐུར་ཏེ། །དམོད་པ་ཁ་ཐུན་དྲག་པོ་དེ། །དུག་གི་མཚོན་ཆར་བྱིན་གྱིས་བརླབས། །སྒྲོལ་གིང་བདག་པོར་མཚན་གསོལ་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་ཡིས། །འཇིགས་བྱེད་སྐུ་ལ་འདི་སྐད་གསོལ། །འཇམ་དཔལ་ཁྲོ་བོ་རྔམ་པའི་སྐུ། །འབར་བྱེད་འཇིགས་པའི་ག་་བག་ཅན། །གདུག་པ་འདུལ་བ་དེ་ལྟ་ན། །གཤིན་རྗེ་དཔའ་བོ་སྒྲུབ་པ་དང་། །འཆི་བདག་ཤན་པ་བཀོལ་བ་དང་། །ལས་རིམ་རྫོགས་པ་ཇི་ལྟར་བགྱི། །དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །འཁོར་ལ་ངེས་པར་བཀའ་སྩལ་པ། །སྐྱེ་མེད་དབྱིངས་ལས་རོལ་པ་ཡིས། །བསྟན་པའི་སྙིང་པོ་གསང་དོན་འདི། །ལུས་དང་ཡན་ལག་སྤུ་གྲི་སོ། །ལས་ཀྱི་ཐུས་ཀ་གསང་བ་ཡི། །ཞལ་གྱི་དམོད་པ་དུག་གི་ངར། །རྣལ་འབྱོར་ཅན་ལ་གནས་བྱའི་ཕྱིར། །བསྙེན་བསྒྲུབ་རྫོགས་པའི་ལས་མཐའ་མྲ །རྣལ་དང་བཟློག་དང་ལྟོ་དཀྲུགས་ཀྱིས། །འཆི་བདག་བསྙེན་ཅིང་བོད་པ་དང་། །ལུས་སྲོག་དབྱེ་དང་མ་གྲུབ་སྤོགས། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ཡི། །ཡང་སྙིང་དྲིལ་བའི་དམོད་པ་ཡིས། །དྲག་པོ་སྤད་སྨད་ཨར་ལ་གཏད། །གནན་པ་ལས་ཀྱི་ཐུས་ཀ་སྲ །ཀླུ་བདུད་སྦྲུལ་ནག་ལྟོ་བསྡེབས་བྱ། །བསྐྱོད་པ་ཟོར་གྱི་མདེ་ཁ་སྲ །བདུད་ཀྱི་ལྕམ་མོ་ཁྲག་མིག་གདགས། །ཡ་མ་རྭ་ཛ་སྐུ་ཁྲོས་པས། །གསང་བའི་བཀའ་རྒྱུད་སྙིང་པོའི་བཅུད། །གསང་བ་དོན་གྱི་སྙིང་པོ་འདི། །བགྲོད་ཐོབ་ཚུལ་ཁྲིམས་ལྡན་པ་ཡིས། །སྟོབས་ལྡན་ཕྱག་རྒྱ་གསལ་བ་ཡིས། །དམོད་པའི་རྒྱལ་པོ་ལས་ཀྱི་མཆོག །ཐབས་ཀྱིས་གྲོལ་བའི་ལམ་ཅན་དེ། །ཉེ་བར་གྱུར་པའི་དོན་དུ་བཤད། །དཔལ་གཤིན་རྗེ་ཡ་མ་རྭ་ཛུའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །འཇིགས་བྱེད་སྐུ་ལ་འདི་སྐད་གསོལ། །འཇམ་དབྱངས་ཁྲོ་བོ་རྔམ་པའི་སྐུ། །བསྙེན་ཅིང་སྒྲུབ་པ་ཇི་ལྟ་བུ། །དེ་ནས་འཇམ་དབྱངས་ཁྲོ་བོ་ཡི། །ཡེ་ཤེས་ལྷ་དང་ལས་བྱེད་དང་། །བསྙེན་པའི་དོན་དུ་གསུངས་པ་ཉིད། །དུར་ཁྲོད་ཆེན་པོ་མ་ལ་ཡ། །ཤན་དམར་རི་དང་རི་ནག་སྦུངས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། །བྲག་དང་ས་ཕུག་དག་དང་ནི། །རི་མོ་སྤུངས་པའི་ས་ཕྱོགས་དང་། །ནགས་ཁྲོད་སྟག་དྲེད་འགྲིམ་པའི་གནས། །ཉམས་དགའ་ས་ཕྱོགས་དབེན་པ་མྲ །ལྟ་སྤྱོད་གདེང་ལྡན་རྣལ་འབྱོར་གྱིས། །དཔའ་བརྟུལ་དཔའ་བོའི་གྲོགས་ཁྲིད་ལ། །གྲུབ་པའི་ཉི་མ་བརྩིས་ལ་འཇུག །ས་ཕྱོགས་ཞི་བར་བྱས་ནས་ནི། །མི་རོ་སྐྲུངས་པའི་ས་བླངས་ལ། །སྟེགས་བུ་བརྩིགས་ལ་ཁྲག་གིས་བྱུག །མཆོད་པ་ལྔ་དང་སྟི་ལམ་གསུམ། །དགོས་རྫས་ཚོགས་པར་བྱས་ནས་ནི། །སྔོན་དུ་བསོད་ནམས་ཚོགས་ཁས་གས་ནས། །དེ་ཉིད་ཡེ་ཤེས་ཚོགས་ཆེན་རྫོགས། །དུར་ཁྲོད་རོ་ཡི་གོས་བླངས་ལ། །ཆར་སྤྲིན་ནག་པོ་འདྲ་བ་ཡི། །ཡབ་ཡུམ་སྲས་དང་བཅས་པ་བྲི། །ལྷོ་ཕྱོགས་དམིགས་པའི་རྟེན་དུ་དགྲམ། །རང་གི་རིམ་པ་བྱང་ཆུབ་སེམས། །སྐྱེ་མེད་སེམས་ཉིད་དོན་གྱི་ལྷ། །ངང་ལ་རྫོགས་པ་ཁྲོ་བོའི་སྐུ། །འཁོར་བ་མི་གནས་མྱ་ངན་འདས། །མ་བཅོས་རྣལ་འབྱོར་ངང་ལ་གནས། །གྲངས་དང་དུས་དང་མཚན་མ་ཡིས། །འཇིག་རྟེན་འཇིགས་རྟེན་འདས་པའི་རིགས། །དགོས་པའི་དོན་ནི་གང་ཡང་རུང་། །བསྙེན་ན་དངོས་གྲུབ་ཐོབ་པར་འགྱུར། །བཟླས་པའི་ཡེ་གེ་བཅུ་བདུན་པོ། །ཁྲོ་བོ་ཉིད་ཀྱིས་གསུངས་པ་དག །མི་སྨྲ་མི་ཡུར་མི་འ་ས་པར། །འབུམ་ཕྲག་ལྔ་གཉིས་ཆིག་རྫོགས་བྱ། །དེ་ཚེ་མཚན་མ་ཡུལ་ལ་འབར། །འོད་དང་སྒྲ་དང་ལུང་སྟོན་དང་། །རྨི་ལམ་རྟགས་ནི་དུ་མ་འབྱུང་། །གལ་ཏེ་གྲུབ་པར་མ་གྱུར་ན། །བསྒྲུབ་རྫས་གཏར་ལ་བསྙེན་པ་སྤོགས། །གཙོ་བོའི་བསྙེན་པ་གྲངས་ཐིམ་ནས། །ལྷ་ཡི་མཚན་མ་མ་མཐོང་ན། །བསྙེན་པའི་ཡི་གེ་ལྟོ་ནས་བཟློག །ལྷ་ཉིད་གནད་ལ་དབབ་པ་སྟེ། །དེ་རྟགས་སྔོན་དུ་གཏེར་བ་ཡིན། །ལྷ་རྟགས་མངོན་དུ་གྱུར་བའི་ཚེ། །དངོས་གྲུབ་བླང་བའི་ཆོ་ག་བྱ། །རྒྱ་ཆེ་ས་ཡི་མཎྜལ་ལ། །རཀྟ་ཆེན་པོས་བྱུག་པར་བྱ། །དཔལ་དང་མ་མོའི་གཏོར་མ་བཤམས། །གཤིན་རྗེ་ཕོ་མོའི་དམ་རྫས་དང་། །སྣང་སྲིད་མ་མོ་བསྡུ་བའི་ཕྱིར། །རཀྟ་དམར་གྱི་ཨརྒ་དགྲམ། །དངོས་གྲུབ་དམ་ཤིས་བླང་བའི་ཕྱིར། །བཀྲ་ཤིས་ཕུནསུམཚོགསཔདང། །ཚེ་དང་གལ་ཕྱི་ལ་སོགས་པ། །སྤྱད་པའི་ཡོ་བྱད་སྣ་ཚོགས་དགྲམ། །སྔགས་པས་ཆས་གོས་ལེགས་གྱོན་ལ། །ཀུ་ཤའི་སྟན་ལ་འདུག་ནས་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །རྣམ་པར་རྟོག་མེད་ཆོས་ཀྱི་དབྱིངས། །དེ་ཡི་ངང་ལས་སྙིང་རྗེའི་ཤུགས། །རྟོག་མེད་ཀུན་ཏུ་བརྡལ་ཁྱབ་འོད། །དེ་ལས་རྒྱུ་ཡིས་རྣམ་པར་ལྡན། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས། །འབྱུང་ལྔ་ཡེ་ནས་དག་པ་ཡི། །ལྷུན་གྲུབ་གཞལ་ཡས་ཕོ་བྲང་དུ། །དྲེགས་པའི་གདན་ལ་བརྗིད་པའི་སྐུ། །རྡོ་རྗེ་སྐུ་ལ་ཁྲོ་བོའི་གཟུགས། །རང་གི་ཚིག་གིས་བསྐུལ་བ་ཡིས། །ང་ཡི་གཟུགས་སུ་གྲུབ་པར་བྱོས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །མཐིང་ནག་འཇིགས་པ་ག་་བག་ཅན། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ལ། །ཁམ་ནག་སྐུ་ལ་སྦྱན་དགུ་བགྲད། །ཞལ་གདངས་མཆེ་གཙིགས་ལྗགས་སློབ་ཅིང་། །སྨིན་མཚམས་རློབ་ཅིང་འོད་དུ་འཕྲོ། །འབྲུག་གློག་ཚུབ་མ་འཐོར་ཞིང་འབྱིན། །ནི་དབྱུག་དགྲ་སྟ་རལ་གྲི་གཡས། །སྡིགས་མཛུབ་མདུང་དང་ཐོད་ཁྲག་ཐོགས། །རིགས་བཞིའི་རྒྱན་མཛེས་དཔལ་ཆས་བརྒྱད། །ཐོད་སྦྲུལ་ཉི་ཟླས་སྐུ་ལ་སྤྲོས། །མ་ཧེ་སྨུག་པོའི་ཁྲི་སྟེངས་ན། །གྱད་ཀྱི་འཇིགས་ཚུལ་བརྗིད་པར་གནས། །རྡོ་རྗེ་སྐུ་ཡི་བྱིན་རླབས་ལས། །སྐྱེ་མེད་ཆོས་དབྱིངས་སྦྱོར་བའི་ཡུམ། །གྱེན་དུ་སྐྲ་བརྗེས་གསུས་མོ་ཆེ། །ཏྲི་ཤུལ་བན་དམར་ཐོགས་ནས་ཀྱང་། །གཙོ་ལ་འདུད་པའི་ཚུལ་དུ་བཞུགས། །དུག་གསུམ་རྩད་གཅོད་ཁྲོས་བའི་ཡུམ། །མཐིང་ནག་མེ་དཔུང་ནང་ན་བཞུགས། །མི་སྙིང་སྤྱང་མོ་འཇིགས་བའི་གཟུགས། །རབ་ཏུ་ཁྲོས་པའི་ཚུལ་དུ་གནས། །འཇིགས་བྱེད་ཐུགས་ཀྱི་བྱིན་རླབས་ལས། །འཇིགས་བྱེད་ཡ་མ་རྭ་ཛ་དང་། །ནག་མོ་ཁྲག་མིག་ཁྲོ་གཉེར་ཅན། །བརྣག་པ་ལས་ཀྱི་ཕོ་ཉར་བསམ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །དཔག་ཏུ་མེད་པས་བསྐོར་བ་ཡིས། །བདག་ཉིད་རྣམ་པར་གསལ་བ་ནི། །ཡང་དང་ཡང་དུ་བསྒོམ་བར་བྱ། །འཇམ་དབྱངས་རྡོ་རྗེའི་ཧཱུཾ༷་སྒྲ་ཡིས། །སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་ལ། །བསྟོད་ཅིང་གསལ་གདབ་སྤྲུལ་པ་ཡིས། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །དྲག་པོ་སྔགས་ཀྱི་ཚམ་རྔམ་བརྗོད། ཁུ།་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །ཡ་ནཱརྙ་ཀ་སྤྱན་དྲངས་ནས། །མཆོད་ཅིང་བསྟོད་པ་དག་ཀྱང་བྱ། །རྟག་པ་ཆུ་བོའི་རྒྱུན་བཞིན་དུ། །སྔགས་ཀྱི་ཡི་གེ་རིམ་པར་བྱ། །དངོས་གྲུབ་ཆེན་པོ་བསྒྲུབས་བྱས་ལ། །ཇི་ལྟར་འདོད་པ་བཞིན་དུ་བླང་། །གསང་སྔགས་ཡི་གེའི་འཕྲེང་བ་ལ། །གསོད་པའི་སྐྲུ་གྲིའི་སྔགས་བཏགས་ལ། །ཉི་མ་བཞི་རུ་ལས་ལ་སྦྱར། །ཐུན་གྱི་ཁ་གསོ་རྒྱུན་དུ་བྱ། །ཞེས་གསུངས་སོ། །གཤིན་རྗེ་ཡ་མ་རྭ་ཛ་སྐུ་ཁྲོས་པའིརྒྱུདལས། གཤིནརྗེདཔའ་བོ་བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་དེ། །ཡིདབཞིནནོརབུལྟབུཡི། །སྔགས་ཀྱི་ངེས་པ་བཤད་པར་བྱ། །ཨོསམཡམསྣྲུཤིམུཏྲ་ཡ་མརྙཀ་པ་ཙ་ཏེ་རོ་ནི་ཧཱུཾ༷་ཛ། ཨོསམཡམརྫི་ཤིཡམརྙ་ཀ །ཡ་མ་རྭ་ཛུ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ་ག་རསྒ་མུ་ཏྲ་སྙིང་ཁ་རག་མ་སྨྱོ། རཀློ་ཏེ་ཀུ༷་ཛ་ཛ། ཁ་ལ་མ་ཧི་སྨྱོ་སྨྱོ། ཡ་ཡ་ལོན་ཙིན་དན་མ་ལ་སྨྱོ་ཛ། སྙིང་ཁ་རག་སྲོག་ལ་སྦྱོ་སྨྱོ། འཕགས་པའི་ནང་ནས་གཤིན་རྗེ་གཤེད། །རྡོ་རྗེ་ཁྲོས་པ་འཇིགས་པ་ཆེ། །འཆི་བདག་གཤིན་རྗེ་ཤན་པའི་ཚོགས། །འཁོར་ནི་ནག་པོ་འབུམ་དངབཅས། །བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ། །སྐྱེ་མེད་དབྱིངས་ལས་སྤྲུལ་པ་ཡི། ཁྲེས་སྐྱོབ་ལས་རྣམས་གྲུབ་པས་ན། །གསང་སྔགས་ཡི་གེའི་རིམ་པ་བྱ། །ཨོཉི་མཉུ་ཡ་མུརྙ་ཀ །ཡ་མ་རྭ་ཛུ་ས་ཏོ་མི་ཡ། ཡ་མེ་ཏོ་རུ་ན་ཏ་ཡ། ཡ་ཏ་ཡོ་ནི་ར་ཡསྟེ་ཡ། ཡསྟེ་ཡཏ་ཙ་ནི་ར་མ་ཡ་ཧཱུཾ༷་ཕཊ། ཡེ་ཤེས་ལྷ་ཡི་བསྙེན་པ་སྟེ། །འཇིག་རྟེན་དྲེགས་པ་ཀུན་གྱི་སྲོག །མ་ལུས་འདུས་པའི་སྟོབས་དཔག་མེད། །རང་བཞིན་སྟོང་བ་སྤྲོས་དང་བྲལ། །ཡེ་ཤེས་རིགས་པའི་ཀློང་དུ་བརྡལ། །སྨིན་ཅིང་གྲོལ་བའི་ཐབས་མཆོག་སྟེ། །སྤྲོས་བྲལ་རྣལ་མས་ཤེས་སྐྱོབ་ཉིད། །སྔགས་ནི་གང་ཡིན་མིང་ཡིན་ལ། །མཚན་དང་དཔེ་བྱད་ཡོངས་རྫོགས་པས། །ཕྱག་རྒྱ་ཆེན་པོ་ཤེས་སྐྱོབ་ཉིད། །འདི་དག་བདེ་བའི་ལམ་ཅན་ཡིན། །ནམ་མཁའ་རིན་ཆེན་རྒྱ་མཚོ་ས། །རྣམ་རྟོག་སེང་གེ་ཁྱུང་ཆེན་མེ། །ཀམ་པ་ཀྱོབ་སོ་ས་མ་རི ར༷་ཡ༷་བ༷་ལ༷་ཙ་མ་རི། །ནཱ་ག་དེ་བ་ར་ཀ་ཤ་དང་། །ཨ་དང་ཁྱབ་ཧོ་བུ་བུ་ཏ། །ཡ་མ་ཀ་ལི་བདེ་བའི་ཀློང་། །ཡིད་བཞིན་འཕྲེང་བ་ལྟ་བུར་བཤད། །ཡོན་ཏན་མཐའ་ཡས་ཤེས་སྐྱོབ་ཉིད། །དྲེགས་པའི་སྲོག་དང་འགྲོ་དྲུག་སེམས། །དུས་གསུམ་བདེ་གཤེགས་རྒྱལ་བའི་ཐུགས། །དངོས་གཞི་མ་བཅོས་རྣལ་མ་ཡིས། །རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །ཐུགས་ཀྱི་སྙིང་པོ་གསང་བ་སྟེ། །དུག་པའི་ཡི་གེ་མཚོན་སྟེ། །ཡིད་དང་དབང་པོ་རང་གྲོལ་གྱིས། །རི་མོ་ལ་ནི་སེམས་གཞག་སྟེ། །མྱུར་བུལ་ཡི་གེ་འདྲེས་སྤངས་ཏེ། །རྒྱུན་གྱི་སྦྱོད་ལམ་ཐམས་ཅད་ཀུན། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། །ཡན་ལག་མ་ཉམས་བདེ་བར་བཟླས། །ཕྱག་རྒྱ་བརྟན་དང་དམིགས་པ་ཐོབ བདེ་བའི་ཡེ་ཤེས་སྐྱེ་བ་སྟེ། །གྲོལ་བའི་ཕྱག་རྒྱ་ཡང་དག་ལམ། །འདི་དེ་བདེ་དང་སྨིན་པའི་མཆོག །བགྲོད་དང་ཕྱག་རྒྱ་སྟོབས་མེད་ཅིང་། །བླ་མའི་བཀའ་ལུང་མ་ཐོབ་ན། །ཇི་སྲིད་བཟླས་བརྗོད་བརྩོན་པ་དག །སུན་འབྱིན་གྲོལ་མེད་འཆི་བའི་གནས། །སྔོན་མེད་འགྲོ་བའི་ལམ་མཆོག་བྲལ། །བདེ་མེད་རང་འཆིང་མནར་མེད་སྤྱོད། །དེ་བཞིན་སྐྱོན་སྤངས་ཡོན་ཏན་ལྡན། །ཡིད་སྤྱིན་ནོར་བུ་ལྟ་བུ་སྟེ། །མ་ལུས་དགོས་པ་ཀུན་དོན་སྒྲུབ། །ཅེས་གསུངསསོ། །དཔལགཤིན རྗེགཤེད་པོ་སྐུ་ཁྲོས་པའི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །གསང་སྔགས་རིམ་པ་དེ་ལྟར་ན། །དྲག་པོའི་འཕྲིན་ལས་སྦྱོར་ཀ་ཡི། །བརྣག་པའི་ཁ་ཐུན་ཇི་ལྟར་བཅའ། །ལས་ཀྱི་འཁོར་ལོ་ཇི་ལྟར་བསྐོར། །འཇམ་དབྱངས་ཁྲོ་བོས་ངེས་གསུངས་པ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །སངས་རྒྱས་བསྟན་བ་འཇིག་པ་ཡི། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དུར་ཁྲོད་མ་ལིངས་གནས་མཆོག་ཏུ། །སྟོབས་ལྡན་མཆོག་ཏུ་གྱུར་བ་ཡིས། །བྱེད་པ་འཆིང་བ་གསུམ་སྤངས་ཤིང་། །དམན་པའི་སྙིགས་མ་གསུམ་དོར་ན། །བདེ་བའི་རིགས་པ་གསུམ་རྙེད་དེ། །དྲུག་དར་གསུམ་དང་ལྡན་པའོ། །རྣལ་འབྱོར་བདེ་བའི་ལམ་ཅན་དེས། །མི་འཇིགས་སེང་གེ་ལྟ་བུར་བྱའོ། །དུར་ཁྲོད་ཆེན་པོའི་ས་བདག་ལ། །རྟགས་ཀྱི་ཚད་མ་ཐོབ་པ་དེས། །མཎྜལ་མདའ་གང་གྲུ་བཞི་ལ། །སྨེ་ཁྲག་སྣ་ཚོགས་བྱུག་བར་བྱའོ། །དབུས་སུ་དྲག་པོའི་འབྲུབ་གནས་ལ། །དུག་དང་ཁྲག་གིས་བྱུག་པར་བྱ། །ཁ་ཁྱེར་གདུག་པའི་རྩང་གིས་བསྐོར། །ཡི་དགས་ཀྱི་ནི་གོས་དག་ལ། །ཉམས་པའི་གཟུགས་བརྙན་བྲི་བར་བྱ། །རྣམ་ཤེས་གནད་ཀྱིས་འགུགས་པ་ཡི། །ཛ་ཡི་བར་དུ་ཡི་གེ་དྲི། །བོད་ཅིང་འགྲོགས་པར་བྱེད་པ་དྲི། །མིང་དང་རུས་ཀྱང་བྲི་བར་བྱ། །གདུག་པའི་ཁྲམ་ལ་འདེབས་པའོ། །མཚོན་ཆའི་ཡི་གེས་བསྐོར་བར་བྲི། །སྔགས་དང་ཏིང་འཛིན་ཕོ་ཉ་ཡིས། །རྣམ་ཤེས་བཀུག་ལ་གཟུགས་ལ་བསྟིམ། །གུ་གུལ་སྦྱར་མའི་དུད་པ་ཡིས། །ལྷ་ལྔ་མྱོས་ཤིང་འཚུབས་པར་བྱེད། །ལྷ་ལྔ་བསྐྲད་ཅིང་ཞབས་མས་བསྡམ། །སྔོན་དམར་སྐུད་བས་སྐེ་ནས་གདགས། །དུར་ཁྲོད་གནས་ནས་འཁོར་ལེའི་རྒྱུད། །རབས་ཆད་མོན་དངམུ་སུ་མྲ །ནག་པོ་མི་ཤེས་མགོ་བླངས་ལ། །གུག་རྒྱལ་དྲི་དང་ཆུ་ཡི་བསད། །མ་ནོར་ཐོད་བ་གཞག་པར་བྱ། །སྟག་པའི་ཕྱོགས་ན་གནས་པ་ཡི། །སྲིད་པ་རང་གྲུབ་གཤིན་རྗེ་བཙལ། །ནག་པོ་གྱེལ་བའི་སེང་གེའི་ཚུལ། །ཞལ་བགྲད་མཆེ་བ་གཙིགས་པ་སྟེ། །སྲིད་གསུམ་ཟས་སུ་ཟ་བའི་ཚུལ། །བརྟག་པའི་འཆི་བདག་ཞལ་དབྱེའོ། །ནག་པོ་གྱེལ་པ་འཇིགས་པ་ཆེ། །དངོས་ནི་བྱེ་བ་གུང་རིངས་སོ། །དེ་ཡི་སྙིང་ཁར་ཡི་གེའི་ཡ། །རྡོ་སོལ་ནག་པོས་བྲི་བར་བྱ། །ཞལ་ནས་ཁ་ཐུན་ངན་སྔགས་ནི། །འཆི་བདག་མཐའ་མ་འཁོར་བར་བྲི། །ཁྲག་གི་གཟུགས་ཀྱི་ཁ་ནས་བྲི། །ཞལ་གྱི་དམོད་པ་དྲག་པོ་སྟེ། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལས། །ཐོད་པའི་ནང་དུ་རོ་ལངས་བྲི། །ལྟོ་འམ་ཡང་ན་འཁོར་ལོ་བྲི། །ཁམས་གསུམ་སྲིད་གསུམ་གྲོང་ཁྱེར་གསུམ། །ཡུམ་གྱི་ལྷོ་ན་ཡོད་པས་ན། ཁང་ཁྱུད་རིམ་པ་གསུམ་དུ་བསྐོར། །ཐོད་མཁའ་ལྔ་དང་བཙོན་ཁང་བཞི། །ལྕགས་ཁང་བཅུ་གཉིས་བཅུ་དྲུག་ཏུ། །མཁས་པས་གཤིན་རྗེའི་གྲོང་ཁྱེར་བྱ། །དབུས་སུ་འཕེལ་བྱེད་མུ་ལ་ཡ། ཁང་པའི་ཕྱོགས་བཞི་འབྱུང་བ་བཞི། །གཤེད་ཀྱི་ཡི་གེ་དགོད་པར་བྱ། །བཅུ་གཉིས་མེད་དབལ་ཡི་གེ་ལ། །བཅུ་དྲུག་ཁ་གནོན་གསང་སྔགས་བྲི། །མུན་དང་ནང་དུ་དགུག་པ་ཡི། །ཀླུ་ཡི་འཁོར་ལོ་བྲི་བར་བྱ། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །དམོད་པ་དུག་གི་སྤུ་གྲི་སྟེ། །འཆི་བདག་དམོད་མོ་ཞེས་སུ་གྲགས། །དེ་ནས་ཐོད་པ་ཁ་སྦྱར་ལ། །རྫ་རྔ་བརྡུང་ཞིང་གཤིན་རྗེ་བོད། །ཚིལ་ཆེན་མེ་དང་གསུར་དུད་གཏང་། །ཁུར་བ་བུས་ཏེ་སྒྱུགས་གླུ་བླང་། །རཀྟ་དམར་གྱི་ཨརྒ་དང་། །སྨུག་ཆེན་སྨུག་ཆུང་སྙིང་ལ་བོད། །འཆི་བདག་བསྐྱེད་དང་སྤྱན་དྲངས་བསྟིམ། །དབང་དུ་བསྡུས་ལ་འཕྲིན་ལས་བཅོལ། །མཆོད་བསྟབས་འཕྲིན་ལས་གཤེ༷ད་དམར་བསྐུལ། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །གཅོད་པ་ནམ་མཁའི་འཁོར་ལོ་བྲི། །རིམ་པ་གསུམ་ལྡན་མཚོན་ཆ་དག །ཐོད་དབྱུག་རལ་གྲི་བེ་ཅོན་དང་། །རྒྱ་གྲམ་ལ་སོགས་སྣ་ཆོགས་བྲི། །རྩང་བཞི་ཧོ་ཁུང་ཁ་ལ་དགྲམ། །རྣམ་ཤེས་གཅོད་ཅིང་འགུགས་་སྟེ། །མཚོན་ཆའི་འཁོར་ལོ་ཞེས་ཀྱང་དྲངས། །རབས་ཆད་དང་ནི་མོན་ཐོད་དུ། །སྨེ་ཁྲག་གསུམ་དང་དུག་སྦྱར་ལ། །དྲག་པོའི་སྔགས་ནི་བསྟིམ་ཤིང་བསག །གསང་བ་ཐུན་གྱི་འཁོར་ལོ་ཡིན། །དེ་ནས་འཁོར་ལོ་བསྐོར་བ་དག །ཕྱི་ནང་གསང་བའི་ལས་རིམ་གྱིས། །ཚོགས་བརྒྱད་འཇོམས་པའི་ཡ་ཚོགས་བརྒྱད། །དྲིལ་གཏོར་སྔགས་ཀྱི་མཚོན་ཆ་སྟེ། །ཕྱི་ཡི་འཁོར་ལོ་ཡིན་པར་འདོད། །གནད་དགུ་འཇོམས་པ་དྲག་པོའི་འབྲུ། །གཟེར་དགུ་འདེབས་པ་མཚོན་ཆའི་སོ། །གནན་བཟློག་གནད་ཀྱི་འཁོར་ལོ་ནང་། །བཅུ་བདུན་དྲག་པོ་རུས་སྦལ་འགྲོས། །གསད་པའི་སྔགས་སུ་དེ་ལྟར་བཤད། །ཡང་གསང་དྲག་པོ་གནད་ཀྱི་གཅོད། །རྣལ་མ་བཟློག་བ་ལྟོ་དཀྲུག་པ། །ཡང་གསང་ཐུགས་ཀྱི་མཚོན་ཆ་བཤད། །ངན་སྔགས་དུག་གི་མཚོན་ཆ་སྟེ། །རྩ་བ་སྐྲུ་གྲི་གཅོད་པའི་ངར། །མཚོན་ཆ་ལས་ཀྱི་ངེས་པར་བཤད། །ཡ་མ་ར་ཡ་ཛ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡསྟེ་ཡ། ཡསྟེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀ༷་པྲ་མ་ཡ་ཨོ་ཕཊ། རཀྟ་ཙ་ར་ཡ་ཧཱུཾ༷་ཕཊ། མུར་ཙ་ཡ་ཧཱུཾ༷་ཕཊ། མར་ཡ་ཧཱུཾ༷་ཕཊ།རྭ་ཛ་ས་ཏོ་རུ་ན་ཡོ་ཏ་ཡ། ར་ནི་ཙ་ཡ། ར་ནི་ཡོ་ཙ་ཡ། ཏོ་རུ་ན་ཡོ་ནི་ར་ཡ་སྟེ་ཡ། ཏོ་ས་ཙ་ར་ནི་ཙ་ཡ་སྟེ་ཡ། ཡོ་ནི་ར་ཡ་ཙ་ནི་ར་མ་ཡ། ཡོ་ན་རུ་ཏོ་ས་ཙ་ར་མ་ཡ། ས་ཙ་ནི་རྭ་ཛུ་ས་ཏྭ་མེ་ཡ། ཡ་ར་ནི་ཡོ་ན་རུ་ཏོ་མེ་ཡ།ཆེ་གེ་མོ་ཨ་མུ་ཀ༷། སྙིང་བ༷་རུལ་རྦད་ཡ། ཡ་ཏྲ་ས་ལ་མུ་ཏྲ་རྦད། རུ་ས་ཏ་ནན་ཁྲ༷་ཏི་རྦད་ཡ། མྱ་ར་ཡ་ཁྲ༷་དུ་རྦད་ཡ། ཡ་མ་མེ་ཏཁྲེ། རྭ་ཛ་ས་ཏྭ། རུ་ན་ཡོ་ནི། ར་ཡ་ཙ་ནི། ཀ་བ་བཞི་ཡི་འཁྲུལ་འཁོར་གྱིས། །ཉིན་དང་མཚན་མོར་ལས་བྱ་བ། །གསང་བའི་འཁོར་ལོ་བཤད་པ་ཡིན། །ཡང་གསང་སྙིང་པོའི་བ་་དང་འབྲུ། །ཡ་མ་མེ་ཏ་སྟེ། ནི་ར་ཙ་ས། ཏོ་རུ་ན་ཡོ། ནི་ར་ཛ། དྲག་པོ་དུག་གི་འབྲུ་ཐུས་ཏེ། །འཆི་བདག་ལས་ལ་བོད་པ་ཡིས། །རྣལ་བའི་ལས་སུ་བཤད་པ་ཡིན། །ཡ་མ་སྟེ་ཏ་མེ། ཛ་ར་ནི་ཛ། ཡ་ར་ནི་ཡོ། ན་རུ་ཏོ་ས། དྲག་པོ་གནད་གཅོད་དུག་གི་མཚོན། །གཏད་པའི་ལས་སྔགས་ཏེ། །དཀྲུགས་པའི་སྔགས་སུ་ཡང་དག་བཤད། །མྱ་རྭ་ཡ་ཡི་སོ་གདགས་སམ། །ཡང་ན་ཉིན་བཞིའི་གོ་རིམས་བཞིན། །དྲག་པོའི་འཁོར་ལོ་བསྐོར་བར་བྱ། །ཆེ་གེ་མོ་ཨ་མུ་ཀ༷། སྲོག་ལ་ཏྲིག་ཤག་རྦད། ཙིསྟ་བྲེང་ཤ་ཀ་ཛྲ། སྲོག་ལ་ཐུམས་མུགས་རྦད། ཙིསྟ་བྲེང་ཤག་ཛ། སྲོག་ལ་ཐུན་ཤག་རྦད། དྲི་ཙིཀྟ་བྲེང་ཧུར་ཐུམས་ཛ། སྲོག་ལ་གཟིར་ཤག་རྦད། ཙིསྟ་བྲེང་ཤག་ཛ། སྲོག་ལ་བྲེང་བྲེང་ཛ། དྲི་སྲོག་ལ་དུན་དུན་རྦད། ཁ༷་ཤག་ཙ་ལ་རྦད། སྲོག་ལ་མྱོས་རྦད། ཁྱེར་ཕུང་མུགས་ཏི་ལིང་ཤག་ལོ་ཛ། སྲོག་རྩ་ཁྲག་ཏི་སྙིང་ཕྱུང་ཐུམ་རིལ་ར༷་ཤག་རྦད། གསོད་པ་སྤུ་གྲིའི་མཚོན་ཆ་སྟེ། །ལུས་སྲོག་འབྱེད་པའི་སྔགས་སུ་བསྟན། །ཟླ་བ་ཐ་ཆུང་མར་ངོ་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །འཁོར་ལོའི་མཚོན་ཆ་མེ་དབལ་གྱིས། །རྩ་སྲོག་ཤེས་པ་འབྲེལ་བར་བྱེད། །སྔགས་ཀྱི་བསྟོད་ཚིགས་བར་བར་དུ། །སྤྱི་རྒྱུགས་སྔགས་ཀྱི་ཕུ་སྤྲུགས་བྱ། །དགོངས་ཀྱི་རོ་ལོངས་རུབ་དུས་སུ། །དྲག་པོ་ཁ་ཐུན་སྔགས་ཀྱིས་གདབ། །རྒྱུན་གྱི་འཛབ་ཀྱིས་ཁོག་ཕུབ་ལ། །གཤིན་རྗེ་ནག་པོར་ཁྲམ་ལ་གདབ། ་་ས་ཀར་སྔགས་ཀྱིས་བླ་དགུག་ཅིང་། །དུག་ཁྲག་ཐུན་གྱིས་བསྣུན་ཅིང་གསད། །འཁོར་ལོ་གཅོད་པའི་གྲོགས་སུ་འགྱུར། །ལས་ཀྱི་སྦྱོར་བ་རྫོགས་པ་དང་། །ཚེས་གཅིག་དག་ཏུ་བརྩིས་པ་ཡི། །ཉི་མ་ས་འོག་སོང་བ་ལ། །དུར་ཁྲོད་གནས་སམ་ཀླུ་ཡི་གྲོང་། །འབྱུང་བོའི་གནས་སུ་གནན་པ་བྱ། །གནན་པའི་ལས་རྣམས་རྫོགས་པ་དང་། །ཟོར་གྱི་ཁ་གསོ་རྒྱུན་མི་གཅད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་པོ་ཡ་མ་ར་ཛ་སྐུ་ཁྲོས་པའི་རྒྱུད་ལས། །ཁ་ཐུན་ནག་པོ་འཁོར་ལོ་གཅོད་བྱེད་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །ཁ་ཐུས་འཁོར་ལོ་ནག་པོ་ཡི། །ལས་ཀྱི་རིམ་པ་དེ་ལྟ་ན། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གཤེད་མ་སྲོག་ལ་རྦད་པ་དང་། །དྲག་པོ་ཐུན་གྱིས་གསད་པ་ཡི། །ཐུན་གྱི་ངན་སྔགས་ཇི་ལྟ་བུ། །འཇམ་དཔལ་ཁྲོས་པས་ངེས་གསུངས་པ། །གདུག་བྱེད་གཤིན་རྗེ་ཕོ་མོ་རྣམས། །འདི་ནས་བྱང་ཕྱོགས་རི་བོའི་རྨང་། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོའི་གླིང་གི་བར་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །ཀླུ་བདུད་ཡོངས་ཀྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་པ། །གསོན་ཕོ་བརྐོས་ལ་འདེབས་པར་བྱེད། ཁྲེ་བ་ཀུན་གྱི་གཤིན་བུ་རྗེ། །གཤིན་རྗེ་ནག་པོ་དགྲ་བོའི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་གུང་རིང་སུས་མི་ཟློག །མེ་ལྕེ་ཀློག་གི་འཕྲེང་བ་ཅན། །ལག་ན་བེ་ཆེན་འཁོར་ལོ་ཐོགས། །ཟས་སུ་དམ་ཉམས་སྲོག་དབུགས་ཟ། །མ་ཧེ་ནག་པོ་ཤོན་ནས་རྒྱུ། །ཐོག་དང་སེར་བ་ཞལ་ནས་འབེབས། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཁྲམ་ལ་ཐོབ་ལ་ལྟོང་ལྭ་རྒྱུས། །བེ་ཆེན་རྒྱོབ་ལ་འཁོར་ལོ་སྐོར། །བདུད་མོ་ཁྲག་གི་རལ་པ་ཅན། །སྲིད་གསུམ་ལྟོ་ན་འཆང་བ་མོ། ཁྲ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཤོན་ནས་ནི། །ལག་ན་ཐོད་པའི་ཁྲག་སྤྱོ་ཞིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །ཁྲམ་མདའ་བུ་ཡུག་ཆར་ལྟར་ཕོབ། །སྤྲུལ་པ་གཤིན་རྗེ་ནག་པོའི་ཚོགས། །ཕོ་བྲང་ལྕགས་མཁར་གློང་དགུ་ནས། །འཆི་བདག་གཤིན་རྗེ་ལས་ལ་རྒྱུ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི། །མཐིང་ནག་མ་ཧེ་སྔོ་ནག་ཆིབས། །ལག་ན་རལ་གྲི་ཞགས་པ་ཐོགས། །བཀའ་ཉན་གཤིན་རྗེ་ཕྱ་སངས་ནི། །དཀར་སྐྱ་ཟླ་བའི་འཁོར་ལོ་ཤོན། །ལག་ན་ཚེ་སྲོག་བུམ་པ་ཐོགས། །མགོ་འཁོར་བྱེད་པའི་གཤིན་རྗེ་དང་། །ཚེ་སྲོག་སྡུད་པའི་གཤིན་རྗེ་ཡིས། །ཚངས་པའི་རྩ་ཆེན་གཅད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་ག་ས་ལ་འཁོར་ལོས་སྐོར། །གཤིན་རྗེའི་རྒྱལ་པོ་ཡ་བ་ཏི། །སྔོ་ནག་ཆུ་གླང་སྔོན་པོ་ཞོན། །ལག་ན་རལ་གྲི་དགྲ་སྟ་ཐོགས། །བཀའ་ཉན་གཤིན་རྗེ་རྟེལ་པ་ནི། །ནག་པོ་རྔ་མོ་རླུང་ལ་ཞོན། །ལག་ན་གསོད་བྱེད་མདའ་གཞུ་བསྣམས། །ཁྲག་ཏུ་སྒྱུག་པའི་གཤིན་རྗེ་དང་། །སྲོག་དབུགས་ལེན་པའི་གཤིན་རྗེ་དང་། །མགྲིན་པའི་རྩ་ཆེན་གཅད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་ལྟོང་ལ་རྒྱུས། །མཚོན་ཆས་ཆོད་ལ་འཁོར་ལོསསྐོར། །གཤིནརྗེཨབགླང་མགོ་ནི། །དུད་ཁ་དྲེ་རྟ་རྐང་གསུམ་ཞོན། །ལག་ན་ལྕགས་ཀྱུ་ཞགས་པ་ཐོགས། །བཀའ་ཉན་གཤིན་རྗེ་སྨིགས་པ་ནི། །སྔོ་ནག་རླུང་ཤ་རྭ་བཅུ་ཞོན། ལག་ན་བེར་ཁ་ཞགས་པ་ཐོགས། །རྒྱལ་བར་བྱེད་པའི་གཤིན་རྗེ་དང་། །བླ་སྲོག་ལེན་པའི་གཤིན་རྗེ་ཡིས། །ལྟེ་བའི་རྩ་ཆེན་གཅད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་ལྟོང་ལ་རྒྱུས། །མཚོན་ཆས་ག་ས་ལ་འཁོར་ལོས་སྐོར། །གཤིན་རྗེ་རལ་བ་ཚར་དགུ་ནི། །ལྗང་ནག་གདུག་པ་སྦྲུལ་ལ་ཤོན། །ལག་ན་ཞགས་བ་དབྱུག་པ་ཐོགས། །བཀའ་ཉན་གཤིན་རྗེ་མིག་དམར་ནི། །དམར་པོ་ལྐུག་ལ་ཞོན། །ལག་ན་སྤུ་གྲི་ཞགས་པ་བསྣམས། །གསོད་བར་བྱེད་པའི་གཤིན་རྗེ་དང་། །སྲོག་རྩ་གཅོད་པའི་གཤིན་རྗེ་ཡིས། །སྙིང་གི་རྩ་ཆེན་གཅད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་ག་ས་ལ་འཁོར་ལོས་སྐོར། །གཤིན་རྗེའི་ཁྲ༷་ཁྲ༷་ཁྲ༷་ལ་ཐོབ། །གསོད་བྱེད་གཤིན་རྗེའི་ཆུང་མ་སྟེ། །ནག་མོ་རལ་བ་འབེབས་པ་མོ། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །མོན་མོ་གསེར་གྱི་རྣ་ཆ་ཅན། །ཉམས་པའི་དགྲ་བོ་བསྒྲལ་བའི་ཕྱིར། །ཁྲམ་ལ་ཐོབ་ལ་ལྟོང་ལ་རྒྱུས། །མྱོས་པ་ཁྲག་གི་ཐུན་ཕོབ་ཅིག །གསོད་པ་དུག་གི་ཐུན་ཕོབ་ལ། །གསོད་བྱེད་གཤིན་རྗེའི་གནས་སུ་ཁྲིད། །མཚོན་ཆའི་འཁོར་ལོའི་རྩིབསལསྐྱོན། །གཤིནརྗེའིཁྲ༷ ཁྲ༷་ཁྲ༷་ལ་ཐོབ། །གདུགབྱེདགཤིནརྗེཕོམོརྣམས། །གཤེད་དམར་སྲོག་ལ་བསྐུལ་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ངན་སྔགས་འདི་དག་གསུངས་སོ། །ཨོ་ཡ་མ་རྭ་ཛ་ས་ཏོ་མེ་སྨྱོ། རུ་ལུ་རུ་ལུ་ཧཱུཾ༷་ཕཊ། བ༷་རི་ལི་རི་ལི་རྦད་ནན། ཨོ་དུབ་ནུར་དུབ་ནུར། ཆེ་གེ་མོ་ཚལ་པ་ཚལ་པ་ནན། ཨོ་སྙིང་གཤོགས་སྙིང་མེ་ཁ་ལ་མུ་ལོ་སྨྱོ། རྩ་ཐུན་ནན། ཨོ་ས་སྟི་རུ་རུ་གོང་ཏྲ་ར་ཛ་ནན།ཆེ་གེ་མོ་བཱ་ར་ཡ་ནན། ཨོ་མུན་ཡ་མུགས་ཏི་སུབས། ཆེ་གེ་མོ་ལ་ཆོ་ཆོ། བལ་ཧུ་བལ་ཧུ། བལ་ཡུ་བལ་ཡུ། སྙིང་གོང་རྩ་ཐུན་ནན། རྩ་ཐུན་ནན། ཆེ་གེ་མོ་ནན། ཁྲག་ཐུན་ཁོང་ཁྲག་ཆེ་གེ་མོའི་ཁོང་ཁྲག་ལ་ཐུམ་རིལ་རིལ་སྨྱོ། མྱོས་པ་ཁྲག་ལ་གསོད་བ་དུག །གདུག་པའི་མདའ་ལ་དྲི་ལ་བརྡེག །ཞལ་གྱི་དམོད་པ་དུག་མདའ་སྟེ། །འཁོར་ལོའི་ཁ་ནི་ཐུན་གྱིས་གཅད། །དཔལ་གཤིན་རྗེ་གཤེད་ཡ མརྭ་ཛ་སྐུ་ཁྲོས་པའི་རྒྱུད་ལས།གཤེད་དམར་སྲོག་ལ་བསྐུར་ཞིང་ཐུན་གྱིས་གསད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །གདུག་བྱེད་འཆི་བདག་བསྐུར་བ་དང་། །ཐུན་གྱིས་གསད་པ་དེ་ལྟར་ན། །ལས་རྣམས་ཀུན་གྱིས་མ་གྲུབ་ན། །གསད་པ་ལས་ཀྱི་ཐུས་ཁ་སྲ །འཆི་བདག་གཤིན་རྗེ་སྤང་སྨད་ཀྱི། །དམོད་པའི་དྲག་སྔགས་ཇི་ལྟར་བསྒྲུབ། །འཇམ་དཔལ་ཁྲོ་བོས་ངེས་གསུངས་པ། །འཆི་བདག་གཤིན་རྗེ་ནག་པོ་ཡི། །གསད་པ་ལས་ཀྱི་ཐུས་ཁ་སྲ །དྲག་པོ་སྦད་སྨད་ཨར་ལ་གཏད། །ཞལ་དང་འཁོར་ལེའི་དམོད་པ་ཡིས། །མ་གྲུབ་སྤོགས་དང་ཤི་ས་བསྟན་པ་ཡིས། །གསང་བའི་དྲག་སྔགས་བསྟན་པ་ཡིན། །ཐོག་མར་བྱང་ཆུབ་སེམས་ལྡན་པས། །དུར་ཁྲོད་དགོན་པ་དེ་དག་ཏུ། །མི་བསད་གཡུལ་གྱི་ཕུང་ས་ལ། །མཎྜལ་མདའ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཆག་གང་རྩིག །བང་རིམ་གསུམ་ལྡན་ནག་པོ་བྱུག །གཏོར་མ་བདུད་རྩི་རཀྟ་དང་། །གཤིན་རྗེ་ཕོ་མོའི་དམ་རྫས་བསག །མོན་དང་སྣྲེལ་དྲིའི་ཐོད་པ་ལ། །མཁས་པས་གཤགས་ལ་འཆི་བདག་བྲི། །ཕོ་དང་མོ་ཡི་དྲག་སྔགས་ནི། །གཡས་དང་གཡོན་དུ་མ་ནོར་བྲི། །བེབ་ས་ཏི་སང་ཧའི་མགོ །བསྐྱེད་ལ་སྤྱན་དྲངས་དབང་བསྡུ་མཆོད། །ལྟོ་རུ་ཨ་མུ་རྣི་ཛ་གཞུག །ཚས་ལྡན་དར་ནག་རེ་བས་གཏུམ། །འབྲུབ་ཁུང་བཅུག་ལ་རོ་ལམ་བརྒྱད། །ཏིང་འཛིན་རྣམ་གསུམ་རིམ་པ་ལས། །གཤིན་རྗེ་གཤེད་པོ་གསལ་བར་བྱ། །ལས་ཀྱི་གཤིན་རྗེ་གསལ་བར་བྱ། །བསྐྱེད་དང་སྤྱན་དྲངས་མཆོད་པ་དབུལ། །གཤེད་དམར་སྲོག་ལ་རྦད་པར་བྱ། །དེ་ནས་ཉིན་མཚན་དམོད་པར་བྱེ། །དགོངས་ཀྱི་གྲོབ་སོ་བྱུང་བ་དང་། །རོ་ལངས་ལས་ལ་རུབ་དུས་སུ། །དམོད་པ་སྔགས་ཀྱི་ཕུ་སྤྲུག་བྱ། །ལས་རྫོགས་བྲག་དང་ཆུ་འཐབ་བམ། །འོན་ཏེ་འབྱུང་པོའི་སྲང་དུ་གནན། །ཐོད་སྦྲུལ་དྲག་པོའི་ལས་སུ་བཤད། །གཞན་ཡང་ཕོ་མོའི་ཐོད་པའམ། །དུར་ཁྲོད་རོ་རས་དེ་དག་ལ། །མཁས་པས་འཁོར་ལོ་བྲིས་བྱས་ལ། །ཕོ་མོ་གཞན་གྱི་དམོད་པ་དགོད། །ཉི་མ་བཞི་རུ་ལས་སྦྱར་ན། །ལས་རྣམས་གྲུབ་བར་དཔའ་བོས་བཤད། །ཉིན་མོ་གདུག་པ་ཕོ་ཡི་སྔགས། །མུ་ར་ཡ་ཡིས་དགྲ་བོ་སྒྲོལ། །མཚན་མོ་གདུག་པ་མོ་ཡི་སྔགས། །མུ་ར་དྲི་ཛའི་སྒྲ་ལས་དྲང་། །གསང་བ་སྔགས་ཀྱི་སྤུ་གྲི་ལས། །རྣོ་དབལ་སྔགས་ཀྱི་སོ་བརྡར་ལ། །དམོད་པ་ཉིན་མཚན་བསྣོལ་མར་དྲང་། །སྤྱི་རྒྱུགས་སྔགས་ཀྱི་ཆར་ཕབ་ལ བླ་དགུག་ཁྲམ་ལ་གདབ་པར་བྱ། །མྱོས་བའི་ཐུན་གྱིས་རབ་སྣུགས་ལ། །གདུག་པ་ཅན་ནམ་ཤི་སར་གཏད། །གཞན་ཡང་དམོད་པའི་ལས་བྱ་ན། །རབ་ཆད་ཐོད་པར་གྲུ་གསུམ་ཨེ། །དུག་ཁྲག་ལྡན་པས་བྲིས་བྱས་ལ། །དྲག་པོའི་དམོད་པ་དྲིལ་བའི་མཆོག །བཟླས་ཤིང་གཟུགས་ལ་ཏྲག་ཏུ་བྲབ། །ལས་རྫོགས་ལུང་དང་མཐུན་པར་གནན། །དྲག་པོ་སྔགས་ཀྱི་གྲངས་རྫོགས་ཀྱང་། །ལུས་སྲོག་མངོན་དུ་མ་ཕྱེ་ན། །སྔགས་ཀྱིས་ཡི་གེ་ལྟོ་ནས་ཟློག །དཀྲུགས་པའི་སྔགས་ཀྱིས་ཤི་ས་བསྟན། །དེ་ནས་བཅོམ་ལྡན་འདས་ཀྱི་འཆི་བདག་དམོད་པ་དུག་གི་སྐྲུ་གྲི་འདི་དག་གསུང་སོ། །ཡ་མ་རྭ་ཛ་གཤིན་རྗེ་ས་ཏོ་ཡམ། །ཡ་བཱ་རྭ་གཤིན་རྗེ་མུག་ཏོ་ཡ༷། ཡ་སྨྱུ་རྭ་ཛ་གཤིན་རྗེ་ཁ་ཏོ་ཡ༷། ཡ་མ་རྭ་ཛ་གཤིན་རྗེ་སྙིང་ཏོ་ཡ༷། ཡ་མ་རྭ་ཛ་གཤིན་རྗེ་ཁྲག་ཏི་ཡ༷། ཡ་མ་རྭ་ཛ་ཁ་ཐུན་དུས་བསྡུས། ཡ་མ་རྭ་ཛ་སུམ་སྨྱོ། གཤིན་རྗེ་ནག་པོ་དུན་སྨྱོ། ཀྲིང་ཀྲིང་མ་ར་ཙ་མ་ནི། སྙིང་ཤད་ཤདམྲི་ཛ། ཀླད་པ་གོ་རོ་ཙ་ན་གཤོགས། །སྙིང་ཁ་རག་སྙིང་ཁ་རག །རག་ཤ་དུག་ཐུན་དུ་རུ་ཤག །རག་ཤ་མ་ཏང་ནི་ཛ་སྤྱོ། རུ་ལུ་རུ་ལུ། སྡང་བའི་དགྲ་བོ་ལ། མ་མོ་ལས་ཀྱི་ཐུན་ཕོབ། ཁྲག་ནད་རིམ་ནད་ཕོབ། དམོད་པ་ཀ་ལ། ཀོ་ཏ་མྱ་ར་ཡ་ཙིསྟ་དུ་ཧ་མ་ཛ་ཛུ། འཆི་བདག་རྒྱུ་བའི་དུས་སུ་བརྡེག །རྫོགས་དང་གནན་གཏད་རིམ་པར་བྱ། །ཞེས་གསུངས་སོ། །ཡ་མ་རྭ་ཛ་སྐུ་ཁྲོས་པའི་རྒྱུད་ལས། དྲག་པོ་སྤད་སྨད་ཨར་ལ་གཏད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །གསང་བའི་མཐུས་ཀ་དེ་ལྟར་ན། །བསྐྱོད་པ་ཟོར་གྱི་ཐུས་ཀ་གང་། །འཇམ་པའི་དབྱངས་ཀྱིས་ངེས་གསུངས་པ། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །སྲིན་མོ་འཇིགས་བྱེད་རེ་མ་ཏི། །སྲོག་ཐིག་གསང་བའི་ཐུན་སྒྲུབ་བརྩམ། །རི་གསུམ་རྩེ་འམ་ཆུ་གླིང་དུ། །དུག་ལས་སྤྲུས་པའི་མཎྜལ་བྱ། །མཐིང་ནག་གྲུ་གསུམ་ཐོད་འཕྲེང་མཛེས། །རྒྱ་གྲམ་ཐོད་པ་གྲུ་ཆད་ལྡན། །སྒོ་བཞི་དུར་ཁྲོད་ལྡན་པར་བྱ། །དབུས་སུ་བསེ་མཁར་དར་འཕེན་ཅན། །བྱ་ན་བཞི་དང་ཙིཏི་བརྒྱན། །མ་མོ་དྲེ་ཤོན་མདུང་ཐུང་འཛིན། །དུར་ཁྲོད་རྒྱན་ལྡན་རལ་པ་ཅན། །སྤྱི་གཙུག་རྒྱ་གྲམ་ཉི་མ་ཅན། །ཐོད་འཕྲེང་ཞིང་ཆེན་གཡང་གཞི་དང་། །རེ་ལྡེ་སྦྲུལ་ནག་ཁྲོ་ཆུང་འབར། །ཕྱོགས་བཞིར་གསོད་བྱེད་སྲིན་མོ་བཞི། །སེང་གེ་སྟག་ཆེན་གླང་དང་འབྲུག །ཀུན་ཀྱང་སྙིང་འབྱིན་ཐོད་ཁྲག་འཛིན། །དཀྱིལ་འཁོར་ལྷོ་ནུབ་འབྲུབ་གནས་སུ། །མཚན་ངན་བན་དྷར་དུག་ཁྲག་བསྲེས། །ཉུངས་ཀར་ཉུངས་ནག་སྐེ་ཚེ་བསྟིམ། །ཐོད་ངན་ལིང་ཁ་བཅས་ལ་བྲབ། །སྔགས པ གཤིན རྗེ གཤེད་བསྒོམས་ལ། །ཐུགས་ཁའི་སྙིང་པོ་སྔགས་བཅས་པས། །གཙོ་བོའི་ཐུགས་ཁར་བཟླས་པ་འམ། །བཟླས་པའི་སྔགས་ཀྱིས་སྲོག་ཕྲོགས་ལ། །འཕྲིན་ལས་བདག་མོར་དེ་མངག་གོ །གཏོར་མ་རཀྟ་བདུད་རྩིས་མཆོད། །སྲོག་སྙིང་བཟླས་ཤིང་དམ་རྫས་བཏབ། །དཀྱིལ་འཁོར་དབུས་སུ་ནག་མོའི་སྐུ། །ཁྲོ་གཉེར་འཇིགས་པར་བཤད་པ་དང་། །མེ་ཡི་ཕུང་པོ་འཐོར་བ་དང་། །ཁྲག་གི་རྒྱ་མཆོ་འཁྱིལ་དང་རློམ། །ལྕི་འཐོབ་འོད་སྒྲ་སྒྲུབ་ཁང་འཚེག །འདོད་པ་མཐོང་ནས་གསད་པ་བརྩམ། །ཞག་གསུམ་བདུན་ནམ་བཅུ་བཞི་ཡིས། །གསད་པ་དྲག་པོའི་ལས་རྣམས་བརྩམ། །ཕུར་གདབ་ཟོར་འཕང་མཚོན་གྱིས་ག་། །ལིང་ག་དུར་ཁྲོད་མུན་གླིང་གནན། །དཀྱིལ་འཁོར་འཐུན་རྫས་དགྲམ་པ་ཡང་། །གསང་བ་ཐུས་ཀའི་ལས་སུ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་ཐུན་གྱིས་སྔགས་འདི་གསུངས་སོ། །ཨོསམཡམསྣྲུཤི་ཡམྱནཏ་ཀ་ཡ་ནཱ་རྭ་ཛ་མ་མ་ཨ་ཀ་ཛ་ཏི་ཛ་ཛ། རཀ་མོ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ཧི་སྨྱོ་སྨྱོ། སྙིང་ཁ་རཀ་སྲོག་ལ་སྨྱོ་སྨྱོ། ཨོ་ཏབྱ་ཐུ། རཀློ་་ག་རསྒ། མ་ཧི་སྲོག་ལ་ཛ་ཛ མ་མོ་རཀློ་ཀི་ལི་སྲོག་ལ་དུན་དུན་ཛ། །སྒག་རསྒ་མ་ཧི་སྲོག་ལ་བྲེང་བྲེང་། ཐུམ་རི་ལི་ལི་སྨྱོ། ་ག་ཤ་མ་ཧི་དུན་སྨྱོ། རེ་མ་ཏི་དགྲ་བོའི་སྲོག་ལ་ཧུར་ཐུམས་ཐུམས་བཱ་ར་ཡ་རྦད་རྦད། སྤྱི་དང་ཁྱད་པར་བསྙེན་པ་སྟེ། །དྲག་པོ་གསད་པའི་ལས་རྫོགས་པ། །སྲོག་ཏིག་ཡང་ཏིགས་གསད་པ་ཡིན། །མགོ་འཕྱངས་མ་ཛ་ཛ། དུན་མུགས་བླ་རྩ་ལ་ཛ་ཛ། རྩ་བོ་ཆེ་ལ་དུན་མུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བོ། །ཐུན་བ༷་ཐུན་རི་རི་ལི་ལི་རྦད། བླ་སྲོག་འགུགས་ཤིང་གསོད་པ་སྟེ། །འབར་མ་ཉུངས་ཐུན་སྔགས་སུ་འདོད། །ཁྲམ་སྔགས་ནག་མོ༷་འདིས་ཀྱང་གདབ། །ཨོ་ཡ་བཱརྙ་ཀ་ཀྟ༷། ཨུརུ་ཨ་རྩ་ལ་ཁྲམ་མ་དུག་ཙ་ཙ་ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀྟ༷། ཆེ་གེ་མོ་སྲོག་རྩ་ལ་མུགས་ཏི་རྦད། ཙ་ཙ་ར་ཙ་རྦད། མ་མོ་ཁྲག་ལ་དུན་ཏི་རྡུབས། །སྲིན་པོ་རུས་ལ་ཆོ་ཆོ་ཚོལ། གཤིན་རྗེའི་ཁྲམ་ལ་ལྷན་ལྷན་ཐོབ། དགྲ་བོ་ཁྲ༷་ཁ་རི་ལི་ལི་དྲི་ཛ་རྦད། ཕུར་པ་ཡ་ནཱརྙ་ཀའི་སྐུ། །ཁྲག་མིག་མ་དང་བཅས་པ་བསམ། །ཉིན་མཚན་དུས་དྲུག་དག་ཏུ་འམ། །དུས་ནི་འབྲུག་སྒྲས་ཚུབ་མས་གདབ། །རྩ་དང་ལུས་སྲོག་འབྲེལ་བར་བཤད། །དཔལ་གཤིན་རྗེ་ནག་པོ་ཡ་མ་རྭ་ཛ་སྐུ་ཁྲོས་བའི་རྒྱུད་ལས། བདུད་ཀྱི་ལྕམ་མོ་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །བསྐྱོད་པའི་ཟོར་ཁ་དེ་ལྟར་ན། །གནན་པ་ལས་ཀྱི་ཐུས་ཀ་སྲ །ཀླུ་བདུད་ནག་པོ་ཇི་ལྟར་སྒྲུབ། །འཇམ་དཔལ་ཁྲོ་བོས་ངེས་གསུངས་པ། །གནན་པའི་ལས་ཀྱི་ཐུས་ཁ་ནི། །འཆི་བདག་ཀླུ་བདུད་ནག་པོ་ཡིས། །ཉིན་བཞིའི་འཁོར་ལོ་རྫོགས་བྱས་ནས། །གཉིས་ར་གདུག་པའི་ས་ཕྱོགས་གནན། །ཀླུ་གནས་གྲོང་ངམ་དུར་ཁྲོད་དུ། །སྔགས་ཀྱི་ཚད་མ་ཐོད་པ་ཡི། །རྣལ་འབྱོར་ཏིང་འཛིན་ལྡན་པ་དེས། །དུར་ཁྲོད་རས་ལ་སྨེ་ཁྲག་བྱུག །ཚ་བ་གསུམ་ལྡན་དུག་ཆུས་བྱུགས། །པདྨ་རཀྟས་འཁོར་ལོ་བྲི། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །བཅུ་གཉིས་བཅུ་དྲུག་མུ་ཁྱུད་གསུམ། །དབུས་སུ་སྦྲུལ་གྱི་ར་བར་ལྡན། །གཤེད་བཞིའི་གནས་སུ་ཐོད་པ་སྤྲུལ། །བཙོན་ཁང་རུས་སྦལ་ལྷོ་རུ་མིང་། །བཅུ་གཉིས་རྒྱ་གྲམ་སྦྲུལ་དང་མེ། །བཅུ་དྲུག་མཚོན་ཆ་རྒྱ་གྲམ་སྦྲུལ། །ན་ག་ཀླུ་ཡི་སྔགས་ཀྱིས་བསྐོར། །གཤེད་བཞིའི་གསང་སྔགས་ཚན་བཞི་ལ། །སྤུ་གྲི་གོསད་གནན་ཉིན་མཚན་བསྣོལ། །སྐབས་སུ་ཐུན་སྔགས་སྤྱི་རྒྱུགས་བཟླས། །རྫོགས་དང་མཛེ་ཅན་ཐོད་པ་འམ། །ཀླུ་མཁར་སྦྲུལ་ནག་ལྟོ་བ་སྲ །དམིགས་པ་འཁོར་ལོ་དྲིལ་ཏེ་གཞུག །དར་ནག་གཏུམས་ལ་རྒྱ་ཡིས་གདབ། །གཉན་ར་གདུག་པའི་ས་ཕྱོགས་ནི། །བྱང་ཕྱོགས་གདོལ་བའི་གནས་སུ་གནན། །ཀླུ་སྦྲུལ་ནག་པོའི་ཏིང་འཛིན་གྱིས། །ལྟོ་ཡིས་གཟིར་ལ་རྒྱ་ཡིས་གཅག །ཀླུ་བདུད་ཡ་མའི་ཕོ་བྲང་གདབ། །སྟེང་དུ་རི་རབ་འཁོར་ལོ་བསྐྱེད། །རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་གནན། །མཆོག་ཕུར་བདུན་གྱིས་་ས་ལ་གདབ། །ལམ་དུ་ཞུགས་ནས་རྒྱ་གྲམ་བཅག །ཞག་བདུན་བར་དུ་སླར་མི་འགྲོ། །སྐུ་ལ་ཕྱག་རྒྱས་བསྡིགས་དང་རྦད། །ལས་རྣམས་མ་ལུས་འགྲུབ་པར་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་སྦྲུལ་ནག་པོའི་ངན་སྔགས། །གསང་བའི་དུག་མདའ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཡ་མ་མེ་ཏ་སྟེ། དགྲ་བོ་བཱ་ར་ཡ་རྦད། ཡ་མ་མེ་ཏ་ཁྲེ་མ། དགྲ་བོ་མུར་ཙ་ཡ་རྦད། ཡ་ཏ་མེ་མ་སྟེ། དགྲ་བོ་རཀྟ་ཙ་ར་རྦད། ཡ་ཁྲེ་མ་ཡེ་ཏ། དགྲ་བོ་བཱ་ར་ཡ་རྦད། ཡ་མ་མེ་ཏ་སྟེ། ནཱ་ག་ཁམས་ཐུམས་མྱགས། དགྲ་བོ་དྲི་སྦུར་རྦད། ཡ་མེ་ཏ་སྟེ་མ། ནཱ་ག་ཁམས་ཐུམས་མྱགས།དགྲ་བོའི་སྲོག་ལ་དྲི་སྦུར་རྦད། ཡ་ཏ་སྟེ་ནས་མེ། མུ་ག་ཁམས་ཐུམས་མྱགས་དགྲ་བོའི་སྲོག་དྲི་སྦུར་རྦད། ཡ་ཁྲེ་མ་མེ་ཏེ། ནཱ་ཁམས་ཐུམས་མྱགས། དགྲ་བོའི་སྲོག་ལ་དྲི་སྦུར་རྦད། ཉིན་མཚན་སྔགས་ནི་མ་ནོར་བཟླས། །ཐུན་སྔགས་དྲག་པོས་སྐབས་སུ་བྲབ། །ནག་པོ་བ༷་ཙི་ཙི་རྒྱས། ཏྲག་ཐུར་སྙིང་འགུལ་མྱགས་མྱགས། རྩ་བཞི་བསྐུམ། ཤན་ཤན་སྲོག་ལ་ཤན་སྦུར་སོད་གྲྭཧྭ། དྲག་སྔགས་སྦྱོར་བ་རྫོགས་པ་དང་། །ཀླུ་ལ་ངེས་པར་གཏད་པ་ན། །ཀླུ་སྦྲུལ་ནག་པོས་ངེས་པར་འཛིན། །དཔལ་གཤིན་རྗེ་ནག་པོ་ཡ་མ་རྭ་ཛ་སྐུ་ཁྲོས་པའི་རྒྱུད་ལས། ཀླུ་བདུད་སྦྲུལ་ནག་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇམ་པའི་དབྱངས་ཀྱིས་ནི། །རྡོ་རྗེ་ཅན་ལ་ངེས་གསུངས་པ། །ཉོན་ཅིག་རྡོ་རྗེ་སྙིང་པོ་ཆེ། །རང་བཞིན་རྣམ་དག་སྤྲོས་མེད་ལས། །བསྟན་པའི་སྙིང་པོ་ངེས་པའི་དོན། །གསང་བའི་བཀའ་རྒྱུད་རོལ་པར་བཤད། །མ་ནོར་ལས་ཀྱི་ཐུས་ཁ་མྲ །ཐོད་པ་ནག་པོ་འཆི་བདག་གིས། །རངརྒྱུདགཤིནརྗེབསྒྲུབ་པའི་ལུང་། །འཁོར་ལོ་གསུམ་དང་ཕྱི་ནང་གསུམ། །གསང་བའིཡངཏིགབརྣགཔའིསོ། །ལས་རྣམས་ཀུན་ལ་ངེས་པར་འཕགས། །གསད་པའི་ཟོར་དང་གནན་པ་ཡི། །ལས་ཀྱི་ཐུས་ཀ་གསང་བ་འདི། །རྡོ་རྗེ་ཅན་གྱིས་ངེས་པར་ལོང་། །རྩ་བ་ཡན་ལག་གཉིས་ཡིན་ཏེ། །སྒྲུབ་དང་སྤོགས་པའི་རིམ་པར་འདོད། །དོན་དམ་སྐྱེ་མེད་སྤྲོས་ལས་འདས། །ངང་ལ་རྫོགས་པ་ཁྲོ་བོའི་སྐུ། །འབར་བྱེད་ཁྲོ་བོ་གཏུམ་བག་ཅན། །རང་རྒྱུད་གཤིན་རྗེ་སྒྲུབ་པའི་ལུགས། །འཁོར་ལོ་ཏུན་བསྡེབས་བསྒྲལ་བའི་ལས། །གསང་བ་དོན་གྱི་སྙིང་པོ་འདི། །བགྲོད་ཐོབ་ཕྱག་རྒྱ་རྟོགས་ལྡན་ནམ། །དངོས་གྲུབ་ཐོབ་དང་བསྙེན་པ་རྫོགས། །དོན་དང་ལྡན་པས་འཁོར་ལོ་བསྐོར། །དེ་མ་ཡིན་པར་རང་ལ་སྡོག །དུས་ཀྱི་ཟླ་བ་ཐ་ཆུང་བཞིའི། །མར་ངོ་དག་ལ་བྱ་བ་ཡིན། །ཡི་གེ་འབྲུ་ཤག་གྲོང་ཁྱེར་ཉིད། །སྲིད་པ་གསུམ་གྱི་ལྟོ་ན་གནས། །དེ་ཕྱིར་འཆི་བདག་རང་རྒྱུད་ཀྱིས། །འཁོར་ལོ་རྣམ་པ་གསུམ་དུ་བཤད། །ཐོད་པ་ཞལ་གྱི་འཁོར་ལོ་དང་། །གཅོད་པ་ནམ་མཁའི་འཁོར་ལོ་དང་། །དྲག་པོ་ཐུན་གྱི་འཁོར་ལོའོ། །ཐེབས་ལྡོག་ངེས་པའི་ཚད་མ་དག །ངེས་པར་བཤད་པ་འདི་ལྟ་སྟེ། །ཐབས་ལྡོག་འབྱམས་དང་འགོར་བའོ། །དེ་ལས་འཁོར་ལོ་ཐེབས་པའི་རྒྱུ། །བགྲོད་ཐོབ་ལྷ་གསལ་བསྙེན་པ་རྫོགས། །ཀ་བཞི་ཚུགས་དང་གདུང་བཞི་བྲིས། །གཅུད་ཕུར་བཞི་ལྡན་གཟེར་བཞི་ཐེབས། །རྣལ་འབྱོར་དཀྲུག་པའི་ལས་རྣམས་རྫོགས། །དེ་ཡིས་ངེས་པར་གཅོད་ཅིང་ཐེབས། །དེ་བཞིན་ལྡོག་པའི་རྒྱུ་བཞི་ནི། །ཡི་གེ་ལྷག་ཆད་ནོར་བ་དང་། ཁྲད་འདྲེས་སྣ་དབྱར་ཐིག་མཚམས་འབྱར། །རེ་ག་ལ་རྟེན་དྲི་མས་གྲོས། །དྲག་པོའི་འཁོར་ལོ་ལྡོག་བའི་རྒྱུ། །དེ་བཞིན་འབྱམས་པའི་རྒྱུ་བསྟན་པ། །སྔགས་ལ་ནན་ཆུང་འཛབ་མ་རྫོགས། །ལས་མཆོག་ཉམས་དང་གཏདཡར་ཆུངས། །གཉེན་པོ་མ་བསྐོར་རི་རབ་ཀྱི། །བསྒོམ་ཐབས་མ་བྱས་འཁོར་ལོ་འ་ས། །དེ་བཞིན་འཁོར་ལོ་འགོར་བ་དག །ཡི་གེ་སོ་སོར་མི་མཉམ་དང་། །མགོ་ལོག་ཡི་གེ་ནོར་བ་དག །བསྒྲུབས་ཀྱང་མི་འགྲུབ་ལས་རྣམས་འགོར། །དེ་ཕྱིར་ཚད་མས་གཏན་ལ་དབབ། །དྲག་ཆེན་འཁོར་ལོ་བསྐོར་བྱ་ཞིང་། །ཐུན་གྱི་ཁ་གསོ་རྒྱུན་དུ་བྱ། །ཡན་ལག་སྤོགས་པ་ཆེན་པོ་སྟེ། །ཞལ་དང་དམོག་པའི་འཁོར་ལོ་ཡིས། །དྲག་པོ་སྤད་ཀྱི་མཐའ་སྡུད་བྱ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །དེ་ནས་ཡང་ནི་བཤད་བྱ་བ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །ལུས་དང་ཡན་ལག་སྤུ་གྲིའི་རྒྱུད། །གསང་སྔགས་ངེས་པའི་རྣོ་དབལ་འདི། །ཐུགས་ལས་གསང་བའི་ལམ་དུ་ཕྱུང་། །འདི་ལས་འཇིགས་རྟེན་དངོས་གྲུབ་མཆོག །གསང་བའི་ངེས་དོན་འདི་ཡིན་པས། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ནི་དེ་ལ་ཐུགས་བརྩེའོ། །ཞེས་གསུངས་པས། འཁོར་རྣམས་དགའ་མགུ་ཡི་རངས་ཏེ་མངོན་པར་བསྟོདདོ། །དཔལགཤིནརྗེནགཔོ་སྐུ་ཁྲོས་པའི་རྒྱུད་ལས། །གཏད་ཅིང་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།དེནསགཤིནརྗེཟླགསང་ནག་པོ་ལས་ཀྱིཐུས་ཀའི་རྒྱུད་ལ། ཡ་མ་རྭ་ཛ་སྐུ་ཁྲོས་པ་རྫོགས་སོ།། །།བལ་ཡུལ་རྒྱལ་པོ་བྷ་སུ་དྷ་ར་དང་། བོད་ཀྱི་བན་ཆུང་སངས་རྒྱས་བདག་འདྲ་ཡིས། །བལ་ཡུལ་བྷ་ར་ས་རུ་བསྒྱུར་བའོ། །བོད་འབངས་ཡོངས་ལ་མི་བརྡལ་བར། །རྩིས་བྱུགས་ཆུ་བྲག་གཉིས་ལ་གཞག །ཅེས་གསུངས་སོ། །སྔགས་དང་། མཚོན་ཆ་དང་། བཀའི་བདག་པོ་གསུམ་གྱིས་རྒྱས་བཏབ་བོ།། །། རྒྱ་གར་སྐད་དུ། ཤི་ཡ་མ་བི་དྭ་ར་ཛ་ལ་ཏན་ཏྲ་ན་མ༷༷། བོད་སྐད་དུ། དཔལ་གཤིན་རྗེ་འཇོམས་བྱེད་འབར་བའི་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇོམས་བྱེད་འབར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་