Ngb-pt-0638-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། མཧྭ་རྭཀྟ་ས་དོ་ར་ཏན་ཏྲ་ན་མ། བོད་སྐད་དུ། སྲིན་པོ་སྒོ་བརྡུངས་ཀྱི་རྒྱུད་ཆེན་པོ་ཞེས་བྱ་བ། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཉིས་མེད་ཀྱི་ངང་ལ་བཞུགས་པ་ལ། དེའི་དུས་སུ་ལྷ་བྱིན་བདུད་ཀྱི་བུ་ལ་སོགས་པའི་བདུད་དུ་མ་ལྷགས་ཏེ། བར་དུ་གཅོད་པའི་ཅ་ཅོ་སྣ་ཚོགས་དང་། མ་རུངས་པ་བྱས་སོ། །དུས་དེར་ཆོས་ཉིད་ཞི་བའི་ངང་ལས། ཡ་མུན་ཏ་ཀ་འཇིགས་པའི་སྐུར་བཞེངས་ཏེ། །འཁོར་ཆ་བྱད་ཅན་དུ་མའི་དབུས་ན་བཞུགས་སོ། །དེ་ཉིད་ཀྱིས་བྱིན་གྱིས་བརླབས་ལསབྱུངབའིགཤིནརྗེའིའཁོར་དང་། དེར་འདུས་པའི་དང་པོ་རྡོ་རྗེ་འཛིན་དང་། ལྷའི་ཚོགས་མི་མ་ཡིན་ལ་སོགས་དང་། བདུད་མ་རུངས་པ་རྣམས་དང་། གཞན་ཡང་འཇིག་རྟེན་པ་དང་ཐབས་གཅིག་ཏུ་འཁོད་དོ། །དེ་ནས་ཡང་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། མཐའ་དང་དབུས་མེད་པ་ཐམས་ཅད་དབུས་སུ་གྱུར་བ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་ཕོ་བྲང་ན། ལོངས་སྤྱོད་རྣམ་པ་སྣ་ཚོགས་དང་ལྡན་པའོ། །དེའི་ཚེ་རྡོ་རྗེ་འཛིན་བ་སྟན་ལས་ལངས་ཏེ། འཇིགས་བྱེད་མཧྭ་ལ་ཕྱག་བཙལ་ཏེ། བཀུར་སྟི་དང་རིམ་གྲོ་བྱས་ནས། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གོའུ་ཏ་མ། །རང་བཞིན་མེད་པའི་ཆོས་གསུངས་ཀྱང་། །འཁོར་བའི་རྩ་བ་དྲུངས་མི་ཕྱིན། །རྒྱལ་བའི་བསྟན་པ་ཐ་མ་ལ མཚམས་མེད་པ་ཡི་ལས་དག་བྱུང་། །སངས་རྒྱས་བསྟན་པ་མི་གནས་པར། །གནོད་སྦྱིན་གདོང་དམར་དབང་དུ་འགྱུར། །བདུད་ཀྱི་དམག་དཔུང་སྤྲིན་ལྟར་འཐིབས། །རྫུ་འཕྲུལ་སྣ་ཚོགས་སྟོན་པ་ལ། །རབ་འཇིགས་ཆེན་པོས་བསྟ་དུ་གསོལ། །ཞེས་གསོལ་པས། དེར་ཡ་མྱན་ཏ་ཀའི་ཐུགས་སུ་གསོལ་ཏེ། ཐུགས་ཀ་ནས་འཇིགས་པའི་སྤྲུལ་པ་སྣ་ཚོགས་པ་བྱུང་སྟེ། ཞལ་ནས་ཀྱང་འཇིགས་པའི་སྒྲ་ཕྱུང་ནས། སྤྱན་ཟུར་གསུམ་ལྷ་བྱིན་ལ་གཟིགས་ཤིང་། བྱོལ་སྔགས་དྲག་པོའི་ཤིང་ཟོར་འདི་བརྒྱབ་པས། བདུད་ལྷ་བྱིན་བརླག་ཅིང་བདུད་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེའི་དུས་དེར་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་ཀྱང་།མེར་མེར་ཤིག་ཤིག་རབ་ཏུ་བརྒྱལ་ཅིང་། སྐད་ངན་སྣ་ཚོགས་འདོན་ཅིང་སྐྱབས་འཚོལ་ལོ། །དེ་ནས་རྡོ་རྗེ་འཛིན་པས་ཞུས་པའི་དོན། །དཔའ་བོ་ཆེན་པོ་ཐབས་མཁས། །བྱོལ་སྔགས་ཐབས་དང་བཅས་པ་ཡིས། །ཉིད་ཀྱི་བསྟན་པ་བསྲུང་བ་དང་། །ཕས་ཀྱི་རྒོལ་བ་གཞོམ་པ་དང་། །ལས་རྣམས་ལ་ཡང་ཕན་དོན་དུ། །ཐུགས་ཀྱི་གསང་མཇོད་བཀའ་སྩལ་འཚལ། །ཞེས་ཞུས་ཏེ། གུས་པས་ཉན་ཏོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དད་ལྡན་བྱང་སེམས་རྣལ་འབྱོར་པས། །དུར་ཁྲོད་བསྒོམ་པ་ལ་སོགས་པར། །ཐུགས་འཐད་གཡོ་སྒྱུ་སྤང་བའི་འཁོར། །ཕུན་སུམ་ཚོགས་པ་དེའི་ཚེ། །སྔོན་དུ་འགྲོ་བའི་ལས་རྣམས་བྱ། །ཁོག་དོན་ཤོམ་ར་དོན་གྱིས་ཀྱང་། །སྟོང་ཉིད་སྙིང་རྗེའི་འབྲས་བུ་ཅན། །དངོས་པོར་ཞེན་པ་ཀུན་དང་བྲལ། །རྣམ་དག་འབྱུང་བ་རིམ་པ་ལ། །དུར་ཁྲོད་འཇིགས་པའི་ཀློང་དཀྱིལ་དུ། །བྱོལ་སོང་རྔམ་བརྗིད་ཆེན་པོའི་སྟེང་། །རབ་འཇིགས་ཆེན་པོ་བརྗིད་པའི་སྐུ། །འཇིགས་བྱེད་རྒྱན་ཆ་མཚོན་ཆ་སྟེ། །གཉིས་སུ་མེད་པའི་བྱིན་རླབས་ལས། །གཤིན་རྗེ་མ་མོ་གིང་བདུད་དང་། །རོ་ལངས་སྲིན་ཕོ་སྲིན་མོས་བསྐོར། །དེ་ཡང་བྱིན་བརླབས་བསྟན་པར་བྱ། །ཡེ་ཤེས་སྤྱན་དྲངས་གུས་པ་ཡི། །བཞུགས་གསོལ་དེ་ལ་མཆོད་བསྟོད་བྱ། །དཔའ་བོས་གཟི་བྱིན་བསྐྱེད་པའི་ཕྱིར། །སྐུ་གསུང་ཐུགས་ལ་གནས་པར་བྱ། །ཨོ་ཡ་སྨྱུན་ཏ་ཀ་ཀ་ལ་རུ་པ་ཧཱུཾ༷་ཕཊ། ཀྭ་ལ་རུ་པ་ཧཱུཾ༷་ཕཊ། ཨོ་ཧྲིསྐྱི༷༷ཝི་ཀྲི་ཏྭ་ན་ན་ཧཱུཾ༷་ཕཊ། ཨོ་ཨ་ཀྲོ་དྷི་ཀ་ཡ་མུན་ཏ། ཧ་ན་མ་ཐུ། མརྫི་ཧཱུཾ༷་ཕཊང༷ སྟན་པར་གྱུར་ནས་སྤྲོ་བསྡུ་བྱའོ། །དཔའ་བོ་གཤིན་རྗེ་བསྒྲུབས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། ཐུབ་པ་ཆེན་པོའི་དགོངས་པ་ཡིས། །བདུད་ཀྱི་དཔུང་ཆེན་གཤོམ་པ་དང་། །ལྷ་སྦྱིན་སྙིང་ལ་བརྡེག་པའི་སྔགས། །བྱོལ་ཟོར་དྲག་པོ་འདི་བཟླས་སོ། ཁྲ་རི་སྨྱོ། མ་རི་སྨྱོ།ཁྲག་མ་མ་སྨྱོ། ཙིར་སྙིང་སྨྱོ། སྙིང་ལ་སྨྱོ། མ་ཏྲི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ཡ་ཨ་དྲི་ཏྲི་ཆོད། ནཱ་ག་ཆོད། ཤ་ལོ་ཆོད། དམུ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་སྨྱོ་སྨྱོ། ས་མ་ཡུ། ཨ་ཏི་ཀྲ་མ་ན་ཡུ། ནི་བ་ར་ན་བཟློག །བཟློག །ཅེས་པས་ཕུར་ཀ་དྲག་པོ་དང་། ཟོར་ཀ་མང་པོ་དང་། མཚན་གྱི་བྱོལ་ཀ་དང་། བྱད་ཀ་བྱུང་བ་དང་། ནད་ཀ་བབས་པ་དང་། དལ་ཀ་གཡོས་པ་དང་། ཡམས་ཀ་ཉིལ་བ་དང་། མཛེ་འཕྲོ་གཅད་པ་དང་། སྲོག་སྲིད་བསྲུང་བ་དང་། །འཆི་བ་བསླུ་བ་དང་། ལྟས་ངན་བཟློག་པ་དང་། བསྟན་པ་འཇིག་པ་གསད་པའི་ཕྱིར། །བྱོལ་སྔགས་འདི་ལ་ཐ་མ་བསྒྱུར། །རྩ་བ་སྔགས་་སབ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔལ་གྱི་ཟོར་བསྒྲུབ་ཆེན་མོ་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །མ་ཏྲ༷་ཁོག་པར་གྲུ་གསུམ་ནི། །སུམ་བརྩེགས་ཟླ་གམ་བྲི་བར་བྱ། །ཙཀྲ་རྩིབས་བརྒྱད་ནག་པོ་༄༅ ལ བར་ཁྱམས་སྒོ་བཞི་རིགས་དང་བསྟུན། །ལྕགས་རི་ནག་པོ་མེ་རི་ཅན། །བསྒྲུབ་པའི་མཎྜལ་ཡིན་པར་བཤད། །དབུས་ཀྱི་ཨེ་དཀྱིལ་ཕོ་བྲང་དུ། །དྲག་པོའི་སྦྱོར་བ་རྫོགས་པར་བྱ། །ཟླ་གམ་གསུམ་ལ་གཏོར་མ་རེ། །དཔའ་བོ་འཁོར་བཅས་རྟེན་དུ་གཞག །ཙཀྲའོ། །རྩིབས་ལ་ཕུར་བ་རེ། །དབལ་ལ་དྲག་པོའི་བྱོལ་སྔགས་བྲི། །དམར་ནག་དར་གྱི་འཕུར་ལྕེ་གདགས། །མཚམས་ཀྱི་གྲུ་ཆད་བཞི་པོ་ལ། ཁམ་པའི་འོད་དེ་ནག་པོ་བཞི། །ལག་ཏུ་སྒོང་རེ་རེ་བསྐུར། །བར་ཁྱམས་སྣམ་བུ་བཞི་པོ་ལ། ཁྲར་དུ་གཏོར་མ་དཔལ་ཆེན་ལྔ། །ཚེ་དང་ཉུངས་མོས་བརྒྱན་ལ་གཞག །ལྷོ་རུ་ཨ་ཙ་ར་ནག་པོ་གར་བྱེད་ལྔ། །ནུབ་ཏུ་རྩངས་ཀུན་ཞོན་པའི་མ་མོ་ལྔ། །བྱང་དུ་ཤ་སྣ་ཁྲག་སྣ་ལྔ། །སྙིང་སྣ་དུག་སྣ་སོ་སོར་གཞག །བར་དུ་ཏིང་ལོ་རེ་རེ་གཅད། །ཕྱི་རིམ་ལྕགས་རི་ནག་པོ་ལ། །ཕྱོགས་བཞིར་སྒོ་ལ་ཁམ་པའི་བཙུན་མོ་བཞི། །གཡས་སུ་སྔགས་ཀྱི་བྱང་བུ་བསྐུར། །གཡོན་དུ་མར་མེ་བསྐུར་བར་བྱ། །ཕྱོགས་བཞིའི་བར་དག་ཐམས་ཅད་དུ། །ཟོར་ཀོང་རྒྱས་པ་བརྒྱ་དང་བརྒྱད། །འབྲིང་དུ་ཉི་ཤུ་རྩ་གཅིག་བྱ། །ཐ་མ་བདུན་ནམ་བཅུ་བཞིའོ། །ཟོར་ཀོང་དག་གི་རྫས་སུ་ནི། །ཉུངས་མོ་གང་བུ་བྲག་ནག་ཚེ། །ཙན་དྷ་ལི་དང་མེ་རག་ཤིན་ཏུ་ཤིས། །སྤོས་གདོང་འབང་མ་དུད་པར་བཅས། །ཤ་དང་ཁྲག་གིས་བྱུགས་ལ་གཞག །མར་མེ་རེང་བུ་རེ་རེའི་གཟུགས། །ནག་པོ་གདུགས་ཀྱིས་སྟེང་ནས་དགབ། །ཟུར་བཞིར་མི་ཁའི་སྦྱོར་བ་བཞི། །ལྟས་ངན་བྱ་བཞི་སོ་སོར་བྱ། །མདའ་བཞི་བཙུགས་ལ་བསྒྲུབ་པ་བྱ། །ཟོར་བསྒྲུབ་ཆེན་པོའི་མཎྜལ་བཅའ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་མཆོད་སྒྱིན་རྒྱས་པར་བྱ། །དེ་ནས་དཔའ་བོ་ངང་ཚུལ་གྱིས། །གཤིན་རྗེ་གཤེད་པོ་རབ་བསྒྲུབས་ཏེ། །རྒྱན་དང་ཆ་ལུགས་གཞུང་བཞིན་བསྐྱེད། །བྱིན་བརླབས་དབང་བསྐུར་ཚུལ་བཞིན་བྱ། །རང་གི་ལྷ་རྣམས་སྤྱན་དྲངས་ལ། །དེ་ལ་མཆོད་ཅིང་གཟི་བྱིན་བསྐྱེད། །ཟོར་གྱི་བདག་མོ་ཕྱོགས་ནས་བོད། ཁྲ་ཁྲག་ཀོང་བུས་མཆོད་བྱས་ལ། །ཐི་ཕུར་ཡ་མ་ཤསྙི་སྨྱོ། ཐི་ཕུར་ཡ་མ་ཙཀྲ་སྨྱོ། ཐི་ཕུར་ཡ་མ་རུ་དྲ་སྦྱོ། དེས་ནི་ཟོར་དཔུང་བསྐྱེད་པའོ། །དེ་ནས་ཟློག་པའི་ཆོ་ག་ཡང་། །སྔགས་བདག་འཇིགས་པའི་ཆ་བྱད་ཀྱིས། ཧཱུཾ༷། སྔོན་ཚེ་བཟློག་པ་གང་ནས་བྱུང་། །གདོང་ཟོར་ནག་པོ་གང་ནས་བྱུང་། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །ནག་པོ་བདུད་ཀྱི་དཔུང་ཆེན་དང་། །སླུ་བྲིད་བདུད་མོའི་རྫུ་འཕྲུལ་དང་། །ལྷ་བྱིན་བདུད་ཀྱི་ཆད་པ་བྱུང། །དཔའ་བོ་ཁྲོས་པའི་ཆ་བྱད་ཀྱིས། །ཁྲག་གི་ཀོང་ཟོར་བརྒྱབ་བའི་ཚེ། །བདུད་ཀྱི་དཔུང་ཆེན་བྱུང་བ་བཟློག །བདུད་མོ་རྫུ་འཕྲུལ་སྣ་ཚོགས་བཟློག །ལྷ་བྱིན་བདུད་ཀྱི་ཆད་པ་བཟློག །ཡང་དག་སངས་རྒྱས་གདུང་མ་ཆད། །སྔོན་ལྟའི་བཟློག་པ་དེ་ལྟར་བྱུང་། །དེ་ལྟ་བཟློག་ན་དེ་ལྷར་བཟློག །ཅེས་བྱ་དཀྱིལ་འཁོར་བསྐོར་བྱ་ཞིང་། །སྨྱོ་བདུན་བཞི་བཅུ་ཐམ་པ་ལ། །ས་མ་ཡ་ནི་མན་ཆད་གདགས། །བྱང་ཆུབ་སངས་རྒྱས་བསྒྲུབ་པ་ལ། །ལས་ངན་བདུད་ཀྱི་བར་ཆད་འབྱུང་། །ལྟས་ངན་རྫུ་འཕྲུལ་སྣ་ཚོགས་བྱུང་། །ལྷ་བྱིན་བདུད་ཀྱིས་གཏང་ངོ་ཟེར། །དེ་ཡང་སྟེང་ཕྲད་སྟེང་དུ་ཟློག །དེ་ཡང་འོག་ཕྲད་འོག་ཏུ་ཟློག །དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག །དེས་ན་མཚམས་ཕྲད་མཚམས་སུ་ཟློག །འཁོར་དུ་ཕྲད་ན་འཁོར་དུ་ཟློག །ལ་ཕྲད་ན་ལ་ཟློག །ལུང་ཕྲད་ལུང་དུ་ཟློག །ཅེས་ཡང་གོང་གི་བྱོལ་སྔགས་བཟླས། །དེ་ནས་ཕྱོགས་བཞི་དབུས་ལྔ་ནས། །ཟོར་གྱི་དབང་བྱེད་དྲག་པོའི་སྣ་འདྲེན་མ། །ལྔ་དྲག་ཏུ་རྦད་པ་ནི། ཤ་རི་སྨྱོ། མ་མ་ཏྲག་ཤ་ལ་ལ་མུ་ཏྲ་སྙིང་ཁ་རག་དུན་སྨྱོ། ཞེས་ཤར་གྱིའོ། །མ་རི་སྨྱོ། ཧེ་མ་མོ་སྨྱོ་བཟློག །ཅེས་ལྷོའོ། །ཁྲག་མ་མ་སྦྱོ། བཟློག་ཧ་དེ་མོ་ནི་སྨྱོ་བཟློག་བཟློག །ཅེས་ནུབ་ཀྱིའོ། །རྩི་རི་སྙིང་སྨྱོ། སྲོག་ལ་ཤག་ཏི་བཟློག་བཟློག །བྱང་གིའོ། །སྙིང་ལ་སྨྱོ། སྙིང་ས་ཀུ་རུ་ཐུན་སྦྱོ་བཟློག །བཟློག་ཅེས་ད་དབུས་ན་བཟློག་པའོ། །འབུམ་ཕྲག་བཞི་རུ་བཏགས་ལ་འཕང་། །སྨྱོ་བཟློག་ཆེན་པོའི་སྔགས་ཞེས་བྱའོ། །ཟོར་བཟློག་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྲིན་པོའི་བྱོལ་ཟོར་བཟློག་འདོད་ན། །ཟོར་བསྒྲུབ་དཀྱིལ་འཁོར་ཆེན་པོ་བཅའ། །དཀྱིལ་འཁོར་ཆེན་པོའི་དབུས་ཉིད་དུ། །འདོད་པའི་ས་ཕྱོགས་བསྐྱལ་བ་ལ། །མགྲིན་པར་སྔགས་ཀྱིས་བསྡམ་པར་བྱ། །སྙིང་ཀར་ལས་ཀྱི་སྦྱོར་བ་བཅའ། །ལྟེ་བར་མ་ཏྲང་ཆེན་པོའི་ན། །ནག་པོ་འཆར་ཀ་བདུད་ཀྱི་གཟུགས། །མཐིང་ནག་དར་གྱི་ཅོན་པན་ཅན། །ཤིན་ཏུ་ཆེ་ཞིང་མཚུངས་པ་མེད། །འབྲུ་སྣ་ཚང་བའི་རྒྱུ་ལ་བྱ། །གཡས་གཡོན་ཕྱག་དང་དབུ་ཡི་སྟེང་། །དཀར་དང་དམར་དང་ནག་པོའོ། །ལས་མཛད་མཆོད་རྟེན་སོ་སོར་བཅའ། །དེ་དག་རབ་གནས་བྱེད་པ་ལ། །གསང་སྔགས་སོ་སོ་བྲི་བ་གཅེས། །བྱ་ཤོན་མ་ལྔ་མཁའ་ལ་དགོད། །ཡེ་ཤེས་ཚོན་སྐུད་སྣ་ལྔ་ཡིས། །མཆོད་རྟེན་སྦྲེལ་ཞིང་བུང་བུ་གདགས། །བདུན་བདུན་གཡས་གཡོན་ཕོ་མོའི་གཤེད། །བླ་བྱང་ཆེན་པོ་རེ་རེའོ། །དབུས་སུ་ཕན་ཆེན་ཁྱད་པར་བྱ། །མ་དྲང་དག་གི་སྦྲེལ་ཐབས་ནི། །ལིང་ཀ་ཉིད་དང་ལྡན་པར་བྱ། །ནག་པོ་འཆར་ཀའི་རབ་གནས་ནི། །ཐུགས་ཀའི་ཙཀྲ་བཅའ་བ་གཅེས། །འཁོར་ལོ་རབ་གནས་བྱེད་པ་ལ། །ཡི་གེ་དགོད་པ་དེ་བས་གཅེས། །ཙཀྲ་དང་པོའི་ལྟེ་བ་ལ། །ཆོད་ཉིད་ཉོན་མོངས་རང་རྒྱུད་ཀྱི། །རྩ་གསུམ་གནས་པའི་བར་དག་ན། །འདོད་ཆགས་བྱ་དང་ཞེ་སྡང་སྦྲུལ། །གཏི་མུག་ཕག་གི་གཟུགས་སུ་གནས། །སྲིད་པའི་རྩ་གདོང་མུན་པས་བཀག་འདྲའོ། །དེ་ཡི་ཕྱིར་རིམ་ཁང་པ་ན། །མིང་ཡིག་སྦྱང་ཡིག་དགོད་བར་བྱ། །དེ་ལྟར་རིམ་པ་གསུམ་དུ་བསྐོར། །དེ་དག་གང་དམིགས་སྦྱོར་བ་དེས། །མཁས་པར་དེ་ལྟར་ཤེས་པར་བྱ། །ཞལ་དང་དཀར་དམར་ཕོ་མོ་ཤེས། །ནག་པོར་འདུག་པ་རང་གི་གཤེད། །སོ་སོའི་མཚན་མ་ཚུད་པ་གཅེས། །དེ་ལ་དར་ནག་མེ་ལོང་དང་། །སྣ་ཚོགས་པ་ཡི་རྒྱན་དང་བཅས། །གཡས་སུ་སྐྱེ་འགྲོ་ཕོ་ཡི་གཟུགས། །གཡོན་དུ་སྐྱེ་འགྲོ་མོ་ཡི་གཟུགས། །ཇི་འབྱོར་པ་ཡིས་ཤོམ་པར་བྱ། །དེ་ནས་གཞན་གྱི་སྦྱོར་བ་རྣམས། །དཀྱིལ་འཁོར་ཆེན་པོའི་ནང་་ནས་གསལ། །གལ་ཏེ་དཀྱིལ་འཁོར་བཞེངས་པ་ནས། །ཀོང་ཟོར་ཐོད་པས་མདའ་ཟོར་དང་། །ནག་པ་བྱའི་ཀོང་ཟོར་བྱ། །ལས་ཀྱི་རིམ་པ་ཐམས་ཅད་ཀུན། །ཟོར་བསྒྲུབ་བཞིན་དུ་ཤེས་པར་བྱ། །ལས་ཀྱི་སྟོང་གསུམ་ཐམས་ཅད་ལ། །དེ་ཡིས་དེ་ལ་ཤེས་པར་བྱ། །ནག་པོ་འཆར་ཀ་གཤེགས་པའི་ཚེ། །གཡས་ནས་པོ་བརྒྱ་ཆས་ལ་བརྡེག །གཡོན་ལ་མོ་བརྒྱ་ཆས་ལ་བརྡེག །སྣ་ལ་རོལ་མོ་སྣ་ཚོགས་བྱ། །གང་ལྟར་དམིགས་པའི་ཕྱོགས་སུ་བསྐྱལ། །རྣལ་འབྱོར་དབང་ཕྱུག་དགོས་པ་འགྲུབ། །སྲིད་པ་སྨྱོ་བཟློག་ཆེན་པོ་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཕོ་ཡི་དཔུང་ཆེན་གཞོམ་པའི་ཕྱིར། །དཀར་པོའི་ལྟོ་ཡི་སྦྱོར་བ་ནི། །སྐྱེ་བོ་ལུས་ཀྱི་ལྷོ་བའི་ནང་། །རྡེའུ་དཀར་པོ་ཉི་ཤུ་གཅིག །དཀར་པོའི་སྐད་ངན་འདོན་པའི་ཁྲག །སྟག་པའི་ཁྲམ་བྱང་བཅུ་གསུམ་ལ། །སྨྱོ་བདུན་བཞི་བཅུ་ཐམ་པ་དང་། །དྲུག་པའི་བར་དུ་བཞི་པ་བཅུ། །གོང་གི་གྲོད་པའི་ནང་དུ་གཞུག །ལྷ་ཆེན་ཙཀྲ་ལེགས་བྲིས་ལ། །དེ་ལ་གོང་མའི་ནང་དུ་གཞུག །ཁམ་པའི་འོ་འདེ་དཀར་པོ་ཡིས། །རྒྱབ་ཏུ་གྲོད་པ་བསྐུར་བར་བྱ། །ཀོང་ཟོར་དཀར་པོས་མཐའ་མ་བསྐོར། །མཎྜལ་གཙང་མའི་སྟེང་དུ་གཞག །མཆོད་སྤྱིན་གོང་དུ་སོང་བ་ཡིས། །སྦྱོར་བ་ཟབ་མོ་རབ་རྫོགས་ནས། །ཀར་མ་དབྱུག་པའི་དུས་དག་ཏུ། །གང་ལ་འདོད་པའི་ཕྱོགས་སུ་བསྐྱལ། །ལམ་དུ་བྱུར་ཅན་ཁྱེར་བར་བྱེད། །སྲིད་པ་ཕོ་ཡི་བྱོལ་བཟློག་བྱེད་པར་འགྱུར། །དམར་འབྱམ་ཆེན་པོའི་ལས་བྱེད་ན། །གཡང་གཞི་དམར་པོ་བཏིང་བ་ལ། །ཕྱོགས་བཅུ་དག་གི་ས་མཚོན་གྱིས། །ལས་ཀྱི་སྲིན་མོ་འཇིགས་པར་བྲི། །སྙིང་དང་གློ་བ་མཁལ་མ་དང་། །མཆེར་བ་བཆིན་པར་བཅས་པ་ལྔ། །ཟོར་ཀོང་ལྔ་ཡི་བར་དག་ཏུ། །སོ་སོར་བཅུག་ལ་སོ་སོར་གཞག །མིག་དང་རྣ་བ་སྣ་དང་ལྕེ། །ལྟེ་བ་ལྔ་ཡང་གོང་བཞིན་གཞག །དེ་ཡི་བར་བར་ཐམས་ཅད་དུ། ཁྲའམ་ཁྲག་ཐིགས་ཀུན་ཏུ་དགྲམ། །དེ་ཡི་མཐའ་མ་ཐམས་ཅད་དུ། །མི་མི་ནག་མོ་རལ་བ་ཅན། །གཡས་སུ་བྱོལ་སྔགས་ཐོད་པས་བསྐོར། །སྣ་རུ་གསུར་གྱི་དུད་པ་དང་། །མི་རྐང་གླིང་བུ་རྒྱུན་དུ་བུད། ཁྲ་ཁྲག་དམར་ལ་ལོངས་སྤྱོད་ཅིང་། །ཆོ་ག་ཤེས་པས་བྱོལ་བཟློག་བྱ། །དེ་རྫོགས་དྲང་སྲོང་ཁྲིད་ལ་བསྐྱལ། །ལམ་དུ་གང་ཕྲད་ཁྱུར་མིད་བྱེད། །ཀླུ་ཡི་དམིགས་པ་བྱུང་བ་ལ། །ཁམ་པའི་འོ་སྡེ་སྦྲུལ་མགོ་ཅན། །སྙིང་ཀར་ཀླུ་ཡི་བྱང་བུ་གཞུག །དར་སྣ་རྩི་སྨན་ནོར་བུ་རྣམས། །གའུར་བཅུག་ལ་སྦ་བར་བྱ། །ལྗང་ཁུ་དར་གྱི་དཀྲི་བར་འོས། །མདུན་དུ་ཀླུ་ཡི་གཏོར་མ་བྱ། །སྣོད་ཁ་ཕྱོགས་སུ་བསྟན་ལ་གཞག །ཐ་མ་རང་གི་གཟུགས་ཀྱིས་བསྐོར། །དེ་ཡི་དེད་དཔོན་འོ་དེ་ནི། །འཆར་ཀ་ནག་པོ་འཇིགས་པའི་གཟུགས་བརྙན་ལ། ཁེང་ཀ་ལྷ་མིན་ཙཀྲ་གཞུག །གཡས་སུ་ཟོར་གྱི་ཀོང་བུ་བསྐུར། །ལས་འདི་ཤེས་ན་ཕྱོགས་སུ་བསྐྱལ། །མི་ལ་གསངས་ན་བྱོལ་པོ་བཟློག །ཁྲ་བོ་ཀུན་ཏུ་བཟློག་པ་ནི། ཁྲར་དུ་ལུག་དང་ལྷོ་རུ་ཕག །ནུབ་ཏུ་ར་དང་བྱང་དུ་བྱ། །སོ་སོ་གསུས་པའི་ནང་དག་ཏུ། །དབང་བོ་རྣམས་དང་དོན་སྙིང་རྣམས། ཁྲ་སྣ་ཁྲག་སྣ་ཁྲེ་འུར་བཅས། །སྡེ་བརྒྱད་ལྷ་འདྲེའི་སྙིང་པོ་དང་། །འབྲུ་བཞི་སོ་སོར་གཞག་པར་བྱ། །འཐུན་བའི་རྫས་ཀྱིས་སོ་སོར་མཆོད། །དེ་ནས་བྱོ་སོང་འོ་མ་དག །དྲག་པོ་ཟོར་གྱིས་འཕྲལ་ལ་བཅུག །མདུན་དུ་སུ་ཕྲད་ཕུང་བར་འགྱུར། །དྲག་པོའི་ཕུང་གཞུག་བསྡུ་བ་ནི། །གྲུ་གསུམ་བཞི་སྦྲེལ་འབྲུབ་ཁུང་དུ། །དབུས་སུ་རབས་ཆད་ཕོ་མོའི་ཐོད་པ་དགོད། །ཟུར་གྱི་ར་ཁུང་གསུམ་པོ་ལ། །འདོད་ཆགས་བྱ་ཡི་མགོ་བོ་དང་། །གཏི་མུག་ཕག་གི་མགོ་བོ་དང་། །ཞེ་སྡང་སྦྲུལ་གྱི་མགོ་དེ་ལ། །གཞལ་ཡས་ཁང་དུ་བྱོལ་སྔགས་དང་། ་་ས་ཀར་ཉུངས་ནག་སྐེ་ཚེར་བཅས། །ཁ་ཡི་ནང་དུ་སྦྱོར་བས་གཞུག །ཚོན་སྐུད་ཀྱིས་ནི་བསྡམ་པར་བྱ། །ཐ་མ་ཐམས་ཅད་ཟོར་གྱིས་བསྐོར། །འབྲུ་སྣ་ཕོ་མོ་རྣམས་ཀྱི་གཟུགས། །སོ་སོའི་མིང་རུས་སྙིང་ཀར་གཞུག །དབུས་ཀྱི་གཞལ་ཡས་ཁང་དུ་གཞུག །མཚན་མ་ཅན་གྱིས་དཀྲི་བར་བྱ། །དེ་ནས་གཤིན་རྗེའི་ཏིང་འཛིན་གྱིས། །དགུག་གཞུག་སྦྱོར་པ་ལ་སོགས་བྱ། །ཟོར་སྒྲུབ་ཆེན་པོའི་སྦྱོར་བ་བྱ། །ལས་སྦྱོར་རྫོགས་ནས་ཕྱོགས་སུ་བསྐྱལ། །ཐོད་ཆེན་གཟུགས་བརྙན་བྱོལ་སོང་ཟས། །ཐོད་པ་གསུམ་པོ་སོ་སོར་མནན། །གསུས་པའི་སྦྱོར་བ་ཕྱོགས་སུ་གཏང་། །འབྱུང་པོ་དཀྲོད་ཅིང་དབྱུག་ཐོགས་ན། །གང་བསམ་འདི་ལ་ཐེ་ཚོམ་མེད། །དཀར་ནག་དམར་འབྱམ་ལྟོ་ཆོས་འདིས། །བསྲུང་ན་སོས་ལ་བསོས་ན་སོས། །བཟློག་ན་བཟློག་ལ་མནན་ན་ནོན། །གསད་ན་སོད་པར་ཐེ་ཚོམ་མེད། །དོན་འབྲིང་ཙམ་ལ་བྱར་མི་རུང་། །གསང་བའི་གསང་ཆེན་ཉིད་དུ་བྱ། །གསང་ཆེན་ལྟོའི་སྦྱོར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བྱོལ་ཟོར་བསད་པའི་དཀྱིལ་འཁོར་ནི། །དྲག་པོ་ཨི་ དབྱིབས་འཐུར་དུ་རྐོ། །རྩ་བ་མེད་པའི་ཐོད་པར་གཞུག །ཕྱི་མ་སྲིད་པའི་གྲོང་ཁྱེར་དགོད། །ནང་དུ་རཀྟའི་དབའ་རློང་གཞུག །བསད་པའི་ཙཀྲ་བཅུག་པ་སྟེ། །ཙིསྟེ་ནག་པོ་ཟུར་གསུམ་བཅའ་། །བར་དུ་སྲིད་པའི་གའུ་གཞུག །དུར་ཁྲོད་སྐུད་པས་རོ་ལང་བྱ། །དང་པོ་གདོང་ཟོར་ནག་པོ་དགོད། །ཀོང་ཟོར་ཁྲག་གི་རི་མོ་ཅན། །ཁྲམ་ཟོར་དམར་པོ་སོར་བཞི་ལ། །ལྟས་ངན་མདའ་ཡི་ཟོར་གྱིས་བསྐོར། །དཔལ་ཆེན་གཡང་གཞི་སྟེང་ནས་དགབ། །སྐམ་ཐུན་གཤེར་ཐུན་བརྒྱབ་ཅིང་བསད། ཁྲ་ཁྲག་གདམར་གྱི་ལོངས་སྤྱོད་བྱ། །གདུང་པའི་གླུ་བླངས་ར་དུང་འབུད། །བྱོལ་སྔགས་བཞི་བཅུ་ཐམ་པ་ལ། །ཨ་མུ་ཀམ་ཤ་ཧྲུ༷་མྱ་ར་ཡ་ཕཊ། དགུ་པ་གསོད་པར་བྱེད་པའི་མཆོག །དྲག་པོ་མདའ་ཟམ་རྒྱུན་མི་གཅད། །དྲག་སྔགས་ལས་སྦྱོར་ཤེས་ཚད་ཀུན། །འདི་ཡི་དུས་སུ་སྤྲུགས་ལ་བྱ། །ལས་ཐེམ་ཟེར་གྱི་ཁ་ལོ་བསྒྱུར། །ལྟོ་རྩེ་ནའི་གྲོང་དུ་བསྐྱལ། །ཡང་ན་དུར་ཁྲོད་གནས་སུ་མནན། །གང་ལ་བྱས་པ་གདོན་མི་ཟ། དགྲ་བོ་ཟོར་གྱིས་བསད་པ་སྟེ། གཉན་ནོ། །ལེའུ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་མཁན་ཆས་དང་ལྡན་པ་དེས། །གནས་སུ་མཎྜལ་ལེགས་པར་བྱ། །རས་དཀར་སྟེང་དུ་གང་བསྲུང་གཞག །ཐར་མར་མཚོན་ཆ་གཏོར་མས་བསྐོར། །ཆོས་སྤྱོད་མཆོད་བཞིན་ཀློག་འདོན་ཅི་ནུས་བྱ་། །དེས་ཀྱང་གྲོལ་བར་མ་གྱུར་ན། །ཁྲག་གི་ཀོང་བུས་མཐའ་བསྐོར་ཏེ། །བྱོལ་སྔགས་བསྲུང་བའི་ཤམ་བུ་ཅན། ་་ས་མོས་དེ་ལ་བྲབ་འགྱུར་ན། །གང་བརྩམས་འདི་ལ་ཐེ་ཚོམ་མེད། །ནད་པ་གསོ་བ་བསྲིའི་གསོ། །སེ་བའི་ཕུར་པ་བཅུ་བྱས་ལ། །དར་ནག་སྒྱེ་འུ་རེ་རེ་གདགས། །སྒྱེའུར་སྔགས་ཕུར་ཉུངས་འབྲུ་བླུག །ཕ་མའི་མལ་ལ་བསྐོར་ཏེ་གཟུགས། །ཀོང་ཟོར་རྒྱན་ཅན་རྣམས་ཀྱིས་བསྐོར། །ཞག་ལྔ་ཐེམ་ནས་བསྐོར་ཞིང་འཕང་། །དེ་ནས་མཛེ་འཕྲོ་གཅོད་པ་ནི། །པད་མའི་དཀྱིལ་འཁོར་ཐ་མ་ལ། ཁྲར་དུ་ཆུ་སྣའི་གཏོར་མ་དང་། །ཀོང་ཟོར་དཀར་པོ་ཡལ་ཏེ་གཞག །ལྷོ་རུ་དྲི་སྣའི་གཏོར་མ་དང་། །ཀོང་ཟོར་སེར་པོ་སྤེལ་བར་བྱ། །ནུབ་ཏུ་དམར་གྱི་གཏོར་མ་དང་། །ཀོང་ཟོར་དམར་བོ་སྤེལ་ལ་གཞག །བྱང་དུ་སྨན་གྱི་གཏོར་མ་དང་། །ཟོར་ཀོང་ནག་པོ་རེ་རེ་སྤེལ། །ཐ་མ་ཚོན་སྐུད་སྣ་ལྔས་བསྐོར། །ནམ་མཁའི་མཐོངས་དང་མཉམ་པར་བསྐང་། །སྔགས་དང་ཏིང་འཛིན་སྦྱོར་ལྡན་པས། །ལས་ཀྱི་སྦྱོར་བ་རེ་རེ་ལ། །གཏོར་མས་བསྐོར་ཞིང་ཕྱོགས་སུ་འཕང་། །ཀོང་ཟོར་བསྐོར་བྱས་ཁང་སྟེང་བསྐྱལ། །དེ་ལ་ཐེ་ཚོམ་མི་བྱའོ། །སེར་བ་བསྲུང་བའི་ལས་བྱེད་ན། །ཐལ་ཆེན་ཉུངས་ཀར་བསྲེས་པ་ལ། །ནག་པོ་འཆར་ཀའི་ཏིང་འཛིན་གྱིས། །དྲག་པོའི་རྩ་སྔགས་བཞི་བཅུ་ལ། །མཐའ་རྟེན་སྦྱོར་བ་ཤེས་པ་ཡིས། །མཐའ་ལ་གཏོར་ན་སེར་བ་ཐུབ། །དེ་ནས་རིམས་ནད་བསྲུང་འདོད་ན། །ཚོན་སྐུད་སྣ་ལྔའི་ཐི་གུ་ལ། །ཕོ་བརྒྱ་མོ་བརྒྱ་དམ་ཆེན་གསུམ། །སོ་སོའི་སྔགས་ལྡན་ཕུར་བུ་གདགས། །འགོ་བའི་ནད་རྣམས་ཐུབ་པར་འགྱུར། །བྱོལ་སོང་དུད་འགྲོའི་བུ་དང་ནི། །ཡེ་ཤེས་ལྔ་ལྡན་ཚོན་སྐུད་སྡེག །མདུད་པའི་ནང་དུ་སྔགས་ཉུངས་སྦ། །ཕུར་བུའི་དབར་ལ་ལ་བྱོལ་སྔགས་བྲི། །བྱིན་གྱིས་བརླབས་ལ་སོ་སོར་གདགས། །རྟ་ཕྱུགས་དེ་ཡིས་ཐུབ་པར་འགྱུར། །དྲག་པོའི་ཕུར་ཀ་ཟློག་པ་ནི། །ཡངནི་ཏིང་འཛིན་ལྡན་པ་ཡིན། །ཡར་ངོ་མར་ངོའི་ཚེས་གྲངས་ལ། ཁྲ་ཁྲག་དམར་གྱི་གཏོར་མ་གཏང་། །ཕྱོགས་སུ་ཁ་བལྟས་སྔགས་ཀྱིས་བཟློག །ཀོང་ཟོར་འཕྲལ་དུ་བཅས་ལ་བརྡེག །དེ་ཡིས་བཟློག་པར་ཐེ་ཚོམ་མེད། །ཕ་ཚན་བྱོལ་པོ་བྱུང་བ་ན། །ཀོང་ཟོར་བྱས་ལ་ཕྱོགས་སུ་བསྒྲིགས། །ཀོང་ཟོར་འོག་ཏུ་བྱོལ་པོ་གཞུག །སྔགས་ཀྱི་སྦྱོར་བ་ཤེས་པ་ཡིས། །སྦྱོ་ཟོར་རེ་རེ་ཕྱོགས་སུ་འཕང་། །དེ་ཡིས་བྱོལ་པོ་ཉམ་མི་ང་། །དུས་ཀྱིས་འཆི་བ་བྱུང་བ་ན། །དམར་གཏོར་བཅུ་གསུམ་བར་བར་དུ། །ཀོང་ཟོར་བཅུ་གསུམ་སྤེལ་ལ་བསྒྲིག །སྔགས་མཁན་བསྲུང་བཟློག་ཆོ་ག་བྱ། །དྲག་སྔགས་མཁས་པས་ཤམ་བུ་གདགས། །དེ་ལྟར་སྦྱོར་བ་འཁོར་རེ་ལ། །གཏོར་མ་རེ་རེ་བསྐོར་ཞིང་གཏང་། །ཀོང་ཟོར་རེ་རེ་བསྐོར་ཞིང་གཏང་། །ལས་ཀྱི་རྣམ་སྨིན་བཟློག་འགྱུར་ན། །འཕྲལ་གྱི་སྐྱེན་ལ་སྨོས་ཅི་དགོས་རྨི་ལམ་བདུད་ཀྱིས་བསླུས་པ་ལ། །ཏིང་འཛིན་སྦྱོར་བ་ལྡན་པ་ཡིས། །བྱོལ་སྔགས་ཤལ་བུར་བསྡེབས་ཤིང་ཤེས། །ཉལ་བ་སྔས་ཀྱི་བསྒྱུར་བཟློག་བྱ། །དེ་ནས་རྨི་ལམ་བཏབ་འགྱུར་ན། །ད་ལྟ་ཉིད་དུ་ངོ་མཚར་སྐྱེ། །དེ་ལ་ཏེ་ཚོམས་མི་བྱའོ། །སྲིན་པོ་གདོང་ཟོར་ནག་པོའི་རྒྱུད་ལས། ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དཔའ་བོ་ཆེན་པོ་ལ། །འདུས་པའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ། མཆོད་བ་ཁྱད་པར་ཅན་ཕུལ་བས། རབ་ཏུ་དགྱེས་ཤིང་། ཀྱེ་ཧོ་བཛྲ་དྷ་ཐིམ། ཞེས་བྱ་བའི་གསུང་ཕྱུང་སྟེ། ཐམས་ཅད་མཉམ་པའི་ངང་ལ་གཞག་གོ །སྲིན་པོ་གདོང་ཟོར་ནག་པོའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ།། །།རྒྱ་གར་སྐད་དུ། ཤི་ཡ་མུརྙ་ཀ་ཡ་མ་ར་ཛ་ཀྭ་ཡ་ཀྲོ་དྷ་ཏན་ཏྲ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་པོ་ཡ་མ་རྭ་ཛ་སྐུ་ཁྲོས་པའི་རྒྱུད། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ འདི་