Ngb-pt-0632-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སོ།། །། རྒྱ་གར་སྐད་དུ། བཛྲ་མ་སྨུརུ་རཀྟ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཉི་མཁྲག་འཐུང་གི་རྒྱུད། །བཅོམ་ལྡན་འདས་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཉི་མ་ཁྲག་འཐུང་གིས། །འོད་ཟེར་འཕྲོས་པས་དུག་ལྔ་སྒྲོལ། །རྡོ་རྗེ་ཉི་མ་དབང་དྲག་འབར། །རྡོ་རྗེ་ཉི་མ་སྐུ་ག་་ཚོགས། །དེ་ནི་སྐུ་ཡི་སྤྲུལ་པར་བཤད། །རུ་དྲའི་ཁྲག་ལས་གྲུབ་པ་ནི། །རྡོ་རྗེ་བསེ་ཡི་ལྟ་མོ་བཞི། །ཁྲོས་པས་སྲིད་གསུམ་སྒྲོལ་བར་མཛད། །འདི་ནི་གསུང་གི་སྤྲུལ་བར་བཤད། །ཕ་བདུད་མ་ཀླུ་གཉིས་ལས་བསྐྱེད། །གདུག་པ་བསེ་ཡི་ལྕམ་དྲལ་ཚོགས། །ཡས་ཕྱིན་བསེ་ཕྱིན་དེ་ཕྱིན་ཕག་ཕྱིན་མར་ཁུ་སྦྲང་རྩི། །ཁྲག་ཞག་འོ་མའི་མཚོ། །ཀུ་མ་ད་རི། ཀླུ་ལ་ད་རི། ཙ་མུན་ད་རི། ཀ༷་ཀ་ད་རི། ཆེན་མོ་བཞི། །བློན་མོ་འཁོར་དང་བཅས་པ་ཡིས། །བདུད་དང་གཟའ་དང་བཙན་དང་ཀླུ་དང་བཞི། །བསྒྲལ་ཏེ་ཡུལ་དང་མཚོ་དང་རྟ་ཕྲོགས་པས། །འདུལ་བའི་ལྷ་མོ་ཆེན་མོ་བཞི། །ཕུར་བུའི་བསྲུངས་མར་དམ་བཅས་ཤིང་། །གཤིན་རྗེའི་སྒོ་མར་ཁས་བླངས་ཤིང་། །རྣལ་འབྱོར་བསྲུངས་མར་ཞལ་འཆེས་པ། །རྡོ་རྗེ་བསེ་ཡི་ལྷ་མོ་བཞི། །འདི་སྒྲུབ་པ་ལ་དོན་གསུམ་སྟེ། །སྐུ་དང་གསུང་དང་ཐུགས་ཀྱི་གཏེར། །སྒྲུབ་པའི་སྙིང་པོ་བསྟན་པར་བྱ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དང་པོ་སྐུ་ཡི་སྒྲུབ་པ་བཤད། །གནས་དང་ས་གཞི་བཟུང་བ་དང་། །ཕྱི་མཚམས་སྲུང་ཞིང་ནང་མཚམས་གཅད། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །དབང་གི་ཟླ་གམ་གསུམ་གྱིས་བསྐོར། །ཕྱི་རིམ་ཟླ་གམ་དམར་ནག་བརྒྱད། །ཐོད་པའི་འཕྲེང་བས་རྣམ་པར་མཛེས། །མེ་དཔུང་སྒོ་བཞིར་བྲི་བར་བྱ། །ལྷ་དང་སྦྱར་ཏེ་ཕུར་པ་དགོད། །བསེ་ཕོར་དམར་པོ་སྲུབས་མེད་བཞིར། །བསེ་མོའི་དམ་རྫས་དགོད་པར་བྱ། །དཔལ་གྱི་གཏོར་མ་བརྒྱན་དང་ལྡན། །བྱང་ཤར་ལས་ཀྱི་འབྲུབ་ཁུང་དུ། །ཆེ་གེ་མོ་ཡི་ལིང་ག་བཅའ། །དེ་ནས་འབར་བའི་དཀྱིལ་ལ་འཁོར་བསྐྱེད། །འཛབ་རྫོགས་འཕྲིན་ལས་དྲག་ཏུ་བཅོལ། །དེ་ནི་སྐུ་ཡི་སྒྲུབ་པར་བཤད། །སྐུའི་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསུང་གི་སྒྲུབ་པ་ནི། །དཀྱིལ་འཁོར་གྲུ་གསུམ་རྒྱས་པ་ནི། །ཕྱོགས་བཞི་ཟླ་གམ་བཞི་པོ་ལ། །རྩ་བའི་སྙིང་པོར་བྲི་བར་བྱ། །དེ་ཡི་བར་ཁྱམས་ཟླ་གམ་ནག་པོ་ལ། །བརྣག་པའི་ཐུན་སྔགས་བྲི་བར་བྱ། །དེ་ཡི་ཕྱི་རིམ་ལྗང་ཁུ་ལ། །དགུག་པའི་དྲག་སྔགས་བྲི་བར་བྱ། །སྒོ་བཞིའི་རྩ་བའི་ཐུན་སྔགས་བྲི། །དེ་ནས་ཝ་ཐོད་དམར་པོ་བཞིར། །རྩ་བའི་སྔགས་དང་ཆེ་གེ་མོ། །སྤེལ་ཞིང་བྲིས་ལ་ཟླ་གམ་དབུས་སུ་གཞུག །བདག་ཉིད་རྩ་བའི་ཡི་དམ་ལྷར། །ཡུད་ཙམ་གསལ་བའི་ཐུགས་ཁ་ནས། །ཛ་ལས་ཁྲོས་བའི་ལྷ་མོ་བཞི། །དམར་མོ་སྦྲུལ་གྱི་རལ་པ་ཅན། །ཕུར་པ་གཡས་ལ་ལྕགས་ཀྱུ་གཡོན། །དེ་འདྲ་བཞི་རུ་གསལ་བ་དང་། །སྲོག་གི་སྙིང་པོ་འདི་དག་ལས། །ཨོ་སུ་ཏྲི་བ་ཡ། བ་ར་ཙིསྟ་ཡོ་ཏྲི་་།་རི། ཡ་མ་ཙིཀྟ་ཧཱུཾ༷་ཕཊ་གྲྭཧྭ། ཟླ་གམ་དམར་པོའི་སྔགས་སུ་ཤེས། །དེ་ནས་ཟླ་གམ་ནག་པོ་ཡི། །ཨོ་ཀྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀང་རྐ་ཀེ་ཀེང་ཀ༷་ཀ་ཡ། ཙིནྟྲ་མ་ལ་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ་ཡ། སྙིང་ཟ་བའི་ཙིསྟ་ལ་མར་ཤ་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ་ཡ། ཨ་ཏང་པར་ལ་ཏོ་ཤ་ལ་ཀྱི་ཀྱི་ཧི་ཧི་ཧཱུཾ༷་ཕཊ་རྦད། ཙ་ཙ་ར་ཛ་ཛ་རྦད། བསེ་མོའི་སྐུ་མདོག་ནག་མོར་སྒོམ། །ཕྱོགས་བཞིའི་སྔགས་རྣམས་མ་ནོར་བར། །དེ་ནས་ཟླ་གམ་ལྗང་ཁུ་ཡི། །ཨོ་ཙི་བི་རི་ཙཀྲ་པ་ན་ས་མ་ཡ། ཚལ་པ་ཨ་དྲི་ཏྲི་མྱ་ར་ཡ་ཨ༷་གུ་ཤ་ཛ་ཛ། ན་ག་མུ་ར་ཡ། ཚལ་པ་ཨ་དྲི་ཏྲི་བཱ་ར་ཡ་ཨ་གུ་ཤ་ཛ་ཛུ། ཤུ་ཤུ་རསྒ་ཡ་ཚལ་པ་ཨ་དྲི་ཏྲི་མྱ་ར་ཡ། ཨ༷་གུ་ཤ་ཛ་ཛུ། ཨ་བེ་ཤ་ཡ་ཚལ་བ། ཨ་དྲི་ཏྲི་མྱ་ར་ཡ། ཤ་ཨ༷་གུ་ཤ་ཛུ་ཛུ། བསེ་མོའི་སྐུ་མདོག་ལྗང་ཁུར་བསམ། །སྔགས་ནི་བརྒྱ་འམ་རྩ་བརྒྱད་བཟླས། །ཝ་ཐོད་དུག་རྫས་ཁྲག་གིས་བཀང་བ་བཞིར། །རྩ་བའི་ཐུན་སྔགས་འདི་ཡིས་འཕང་། །ཨོ་སུ་ཏྲི་མུ་ར་ཡ་ཐུན་ཡ༷། བ་ར་ཙིརྟི་ཏུན་ཡ༷། ཡོ་ཀི་ཤཱ་རི་ཐུན་ཡ། ཡ་མ་ཙིཏི་ཐུན་ཡ། བཛྲ་མ་ཧྭ་ཡསྒ་ཐུན་ཡ། སྒོ་ཐུན་བཞི་ནི། ཤར་དུ་མདའ་ལ་ལྷོ་རུ་རྡོ། །ནུབ་ཏུ་ཁྲག་ལ་བྱང་དུ་ཚ། དབུས་ཀྱི་ཕུར་བ་བཅུ་བདུན་དང་། །སོ་སོར་གདབ་པའི་ཕུར་པ་བཞི། །སྤྱི་རུ་དྲག་ཏུ་བཟླས་པ་ནི། །བཱ་ར་ཡ་ཐོད་པ། ཏ་ཀི་ནི་ལ་ཐོད་པ། སྙིང་ལ་ཡ་ཐོད་པ། རྣམ་ཤེས་མྱ་ར་ཡ་ཐོད་པ། གཟུགས་ཕུང་སྨྱུ་ར་ཡ་ཐོད་པ། །འཁོར་བཅས་བཱ་ར་ཡ་ཐོད་པ། དུན་ཏིང་བཱ་ར་ཡ་ཐོད་པ། འདི་ནི་ཐོད་པ་གཉིས་ལ་བསྔག །ཨོ་ར་ག་རཀྟ་ནཱ་ར་ཡ་ཐུན། ཙི་བི་རི་ཐུན། སྲ་མ་ཨ་དྲི་ཏྲི་ཐུན། ནཱ་ག་མ་ཐུན། ཀླུ་ཀྲི་ཀ་རི་ཐུན། འདི་དུག་རྫས་ཉིད་ལ་བསྔག །དེ་ནས་སྒྲུབ་པ་ཐོན་ཀའི་ལས་ཀྱི་རིམ་པ་ནི། དབུས་ཀྱི་ཕུར་པ་བཅུ་བདུན་ནི། །འབྲུབ་ཁུང་དུ་སུ་ཏྲིའི་སྔགས་ཀྱི་བཏབ་ལ། དེ་ནས་ཝ་ཐོད་སྤྱན་དྲངས་ཏེ། ཁྲར་གྱི་ཝ་ཐོད་སྤྱན་དྲངས་པ། །ཀུ་མ་ད་རི་ས་མ་ཡ་ཛ། དེ་ལས་སུ་ཏྲི་རྩ་བརྒྱད་ལས། །དེ་ནས་ནག་པོའི་སྟེང་དུ་གཞག །ཀྱི་ཁྲིད་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ལྗང་ཁུའི་སྟེང་དུ་གཞག །ཙི་བི་རི་ཙཀྲ་བཟླས་པ་བྱའོ། །དེ་ནས་སྒོ་ཐུན་དང་མཚམས་གཅད་པ་བསྲེས་ལ། ཐུན་སྔགས་བཟླས། དེ་ནས་འཕངས་ན་དགྲ་བོ་བརླག །དེ་ཡིས་ཕྱོགས་གཞན་འདྲེ་བར་བྱ། །དེ་ནས་སླར་ལ་སྒྲུབ་པ་བྱེད་འདོད་ན། །ཝ་ཐོད་ནང་དུ་མིང་རུས་གཞུག །ཚོན་སྐུད་སྔོ་དམར་ཉིད་ཀྱིས་བཅིང་། །བདག་ཉིད་དགོངས་པ་གསལ་བ་དང་། །སུ་ཀྲིའི་སྙིང་པོ་སྟོང་སྟོང་བཟླས། །ཡང་ན་འཕྲིན་ལས་རྣམ་པ་བཞི། ཁྲར་གྱི་ཐོད་པ་གཏའ་རུ་བཟུང་། །ལྷོ་ཡི་ཐོད་པར་སྤྱིན་སྲེག་བྱ། །ནུབ་ཀྱི་ཐོད་པ་ཀླུ་ལ་གཏད། །བྱང་གི་ཐོད་པ་སྲི་རུ་གནན། །ལྷ་ལ་བྱས་ཀྱང་གདོན་མི་ཟ། །འདི་ནི་གསུངས་གི་བསྒྲུབ་པའོ། །གསུང་གི་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཐུགས་ཀྱི་སྤྲུལ་པ་བཤད། །འདི་ནི་འཕྲིན་ལས་ཟབ་མོའི་ལུང་། །མན་ངག་ཐུགས་ཀྱི་སྒྲུབ་ཐབས་ཏེ། །དཀྱིལ་འཁོར་དབུས་མཐིང་ནག་གྲུ་གསུམ་ཧོམ་ཁུང་ཅན། །གྲུ་གསུམ་བར་ཁྱམས་བཞི་པར་བྱས་པ་ལ། །ཟླ་གམ་བཞི་སྐོར་སྒོ་བཞི་གཞུང་། །དབུས་སུ་ལྕགས་ཕུར་ཉིད་ལ་ནི། །ཡ་མུན་ཏ་ཀ་དགོད་པར་བྱ། །ཟླ་གམ་བཞི་ལ་སེང་ལྡེང་ཕུར་པ་བཞི། །རྩ་བའི་སྙིང་པོ་བྲིས་ལ་དགོད་པར་བྱ། །རྩ་རུ་གདབ་ཕུར་བཞི་ཡང་གཟུགས། །སྒོ་བཞིར་སེང་ལྡེང་ཕུར་པ་བཞི། །གཞན་ཡང་བསེ་ཕོར་དངུལ་ཕོར་མཛོ་རུ་བ་མེན་རྭར། །སོ་སོའི་དམ་རྫས་དགོད་པར་བྱ། །རུ་སྐྱོགས་ལ་ནི་སྤྱན་དྲངས་ལ། །མ་མོ་རྣམས་ལ་མཆོད་པ་བྱ། །བསེ་ཕོར་ཁ་སྦྱར་ནང་དུ་ནི། །མི་ཁྱི་ར་དང་ཕག་གི་ཁྲག །བླུག་ལ་ཧོམ་ཁུང་གྲུ་ལ་གཞག །སྨྱུག་མ་ཚིགས་ལྔ་རྟེན་དུ་བཅའ། །བྱང་ཤར་འབྲུབ་ཁུང་ནག་པོ་སྲ །ཙ་ར་རོག་པོ་ཏེ་དཀར་ལ། །རྣམ་ཤེས་བརྒྱད་ལ་མཚན་བྱང་བརྒྱད། །བརྣག་པའི་རྫས་སུ་གཞག་པར་བྱ། །དང་པོར་སྣང་ལ་རང་བཞིན་མེད་པར་སྒོམ། །གཉིས་ལ་ཁྱབ་པའི་ཏིང་ངེ་འཛིན། །གསུམ་པ་མཚོན་པའི་ཧཱུཾ༷་ལས་ཀྱང་། །དབང་ཆེན་རིམ་པ་ཆགས་པ་དང་། །བདག་ཉིད་ཡ་མྱན་ཏ་ཀ་དང་། །དབུ་གསུམ་སྔོ་སྐྱ་མཐིང་དང་ལྗང་བའི་ཞལ། །ཕྱག་དྲུག་བེ་ཅོན་དགྲ་སྟ་རལ་གྲི་བསྣམས། །སྡིགས་མཛུབ་རྔེའུ་ཆུང་དྲིལ་བུ་ཐོད་རློན་གཡོན། །ཞབས་དྲུག་བདུད་དང་མ་ཧེ་གདན་ལ་བརྐྱང་བསྐུམ་ཚུལ། །ཁྲོ་བོའི་རྒྱན་ཆ་བདུན་དང་ལྡན་པར་སྒོམ། །བདག་ཉིད་ཀྱི་ནི་ཐུགས་ཁ་ནས། །མ་དང་ཛ་ལས་སྤྲོས་པ་ནི། །སྦྱོར་སྒྲོལ་ཡུམ་གཉིས་སྐུ་ལ་འཁྲིལ་བར་བསམ། །ཡབ་ཡུམ་སྦྱར་བའི་བྱིན་རླབས་ལས། །བདག་ཉིད་ཐུགས་ཁར་ཡི་གེ་ཧཱུཾ༷། །དམར་ནག་རབ་ཏུ་འཚེར་བ་ལས། །བཛྲ་ཡསྒ་མ་རུ་རྩེ་དུན་དུན། ཅེས་བརྗོད་པས། །སྒྲོལ་གིང་གི་བདག་པོ་མ་རུ་ཙེ། །སྐུ་ཆེ་ལ་ཡན་ལག་རགས་པ་ནི། །དམར་ནག་མདོག་ལ་སྦྱན་གསུམ། །བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན། །རལ་པའི་ཐོར་ཚུགས་སྦྲུལ་གྱིས་བཅིངས། །བདུད་ཀྱི་གདན་ལ་བརྐྱང་བསྐུམ་ཚུལ། །སྒྲོལ་གིང་ཉིད་ཀྱི་ཐུགས་ཁ་ནས། །མ་ལས་ཁྲོས་པའི་ལྷ་མོ་ནི། །ཀུ་མ་ད་རི་ཧཱུཾ༷་སྨྱོ། ཤར་དུ་རྡོ་རྗེ་ཡན་བྱིན་བསྐྱེད། །ཀླུ་ལ་ད་རི་ཧཱུཾ༷་སྨྱོ། ལྷོ་རུ་རྡོ་རྗེ་བསེ་བྱིན་བསྐྱེད། །ཙ་མུན་ད་རི་ཧཱུཾ༷་སྨྱོ། ནུབ་ཏུ་རྡོ་རྗེ་དེ་བྱིན་བསྐྱེད། །ཀ༷་ཀ་ད་རི་ཧཱུཾ༷་སྨྱོ། བྱང་དུ་རྡོ་རྗེ་ཕག་ཕྱིན་བསྐྱེད། ཁུ།ན་གྱི་འཛབ་ཏུ་དྲངས་པ་ནི། །ཐུགས་ཀྱི་ཡང་སྙིང་ལ།ཨོ་ས་མ་ཡ། ཤི་མསྐྲུ་ཡ་བཱརྙ་ཀ །ཡ་མ་རྭ་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ །ཁ་མུན་ཏྲ། རུ་ལུ་རུ་ལུ་ཧཱུཾ༷་སྦྱོ། ནུབ་རེ་ལ་སྟོང་སྟོང་ཚང་བར་བཟླས་སོ། །ཨོ་ཤི་མསྐྲུ་ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ༷་ཡ༷་ཐུ༷་ཐུ༷ས་གཤིན་རྗེ་ནག་པོའི་སྙིང་ཁྲག་ལ་དུན་སྨྱོ། མ་རུ་རྩེ་རྩལ་ཧུར ལྕུགས་ལ་ཐུམ་སྲོག་ལ་ཡ༷་ཡ༷་ཛ་ཛ། སྟོང་དྲངས། མོན་མོ་རྩ་བའི་སྙིང་པོ་ལ། །ཨོ་སུ་ཏྲི་བ་ཡ། བ་ར་ཙིཏི་ཡོ་ཀྲི་ཤ་ར། ཡ་མ་ཙིཏི་ཧཱུཾ༷་ཕཊ། རྩ་བའི་སྙིང་པོ་སྟོང་སྟོང་ས་ཡ་དྲང་ངོ་། །བསམ་རྒྱུད་ནི་གཟན་པ་པོ་ལ་བཏང་། བརྣག་པའི་ཐུན་ནག་བལ་མོའི་ངན་སྔགས་ལ། ཨོ་ཁྱི་ཁྲིད་ར་ཁྲིད་མི་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ་ཡ། ཙིརྙ་མ་ལ་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀོ་ཀ༷་ཀ་ཡ། སྙིང་ལ་ཟ་བའི་ཙིསྟ་ལ་མྱ་ར་ཡ། རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ་ཡ། ཏང་བར་ལ་ཏོ། ཤ་ལ་ཀྱི་ཀྱི་ཏི་ཏི་ཧཱུཾ༷་ཕཊ་རྦད། རྩ་ཙ་རྭ་ཛ་རྦད། ཤ་རུས་ཟ་བའི་སྙིང་པོ་སྟེ། ཕྱག་རྒྱ་བཅས་ལ་ལིང་གའི་སྤྱི་བོར་ག་ས་ལ་བཟླས་རྒྱུན་དུ་ཡང་དྲང་ངོ་། །དེ་ནས་ལས་དྲག་པོའི་བྱ་ཐབས་ནི། རོ་ཙས་རས་ལ་ལིང་ག་བྲི། །དཔྲལ་བར་མིང་ལ་སྙིང་ཁར་རུས་དང་བྲི། །གཡས་སུ་མ་ར་ཡ་བྲི། །གཡོན་དུ་མ་ར་ནི་བྲི། །མངོམས་སུ་མ་ར་ད་བྲི། །མགོ་བོ་མ་ར་ཛ་ཡིས་བསྐོར། །དུར་ཁྲོད་ཐོད་པ་དག་དང་སྦྲེལ། །ཕྱི་རོལ་དག་ཏུ་སྦས་ནས་ཀྱང་། །ཐུགས་དམ་རྒྱུད་བསྐུལ་ཕོ་ཉ་གཏང། །འགུགས་པའི་སྙིང་པོ་འདི་དག་གྲངས། །དགྲ་བོ་ནི་དྲི་ཤ་ཁུ་རུ་ནི་ཛ་ཛུ། ཞེས་བཟླས་པ་ནི་དྲག་ཏུ་དགུག །དེའི་དུས་སུ་སྔགས་པ་ཆས་སུ་འཇུག་སྟེ། དར་ནག་ཐོད་བཅིང་མེ་ལོང་གདགས། །འཁོར་ཡང་ཆས་སུ་གསལ་ལ། །གྲ་བོ་དགུག་པའི་ལས་བྱ། །དེ་ནས་ཁུགས་པ་དང་། ལྷ་དང་དབྱེ་བའི་ལས་བྱས་ཏེ། གུ་གུལ་ལ་སོགས་པའི་དུད་པས་བདུག་ཅིང་། སྔགས་འདི་བཟླས་སོ། །ཨོ་ལང་ཀུ་ས་མ་ཡ་དུ། ཧུ་ལུ་ལིང་། མྱོས་ན་རྒྱལ་ཁ་གཟེར་ག་རྣ་ཡ། ཞེས་བཟླས་སོ། །དེ་ནས་བྱ་རོག་དང་རུ་གཡས་པ་དང་། འུག་པའི་དང་རུ་གཡོན་པས་དབྱེ། ཨ་ནིར། ཏྲག་རསྒ་མྱ་ར་ཡ་ཕྱེ། ཞེས་བཟླས་སོ། །དེ་ནས་སེང་ལྡེང་དཔྱུག་པས་བཏགས་པ་ནི། །ཨོ་ཙི་པ་སྲུཧྭ། ཀ་རུ་ཧཱུཾ༷་ཕཊ། ཅེས་བཏག །དེ་ནས་དྲག་པོའི་ངན་སྔགས་བརྡེག །ཉུངས་ཀར་ཉུངས་ནག་སྐེ་ཚེས་བརྡེག །ལུས་ནི་ལྷ་ཡི་དཀྱིལ་འཁོར་སྒོམ། །སྲིང་མོས་བཀུག་ཅིང་མིང་པོས་སྒྲོལ། །ཨོ་ཙི་པི་རི་ཙཀྲ །བ་ན་ས་མ་ཡ། ཚལ་བ་ཨ་ནི་ཏྲི་མྱ་ར་ཡ། ཨེ་གུ་ཤ་ཛ་ཛ། ནཱ་ག་མ་རྭ་ཛ། ཚལ་པ་ཨ་དྲི་ཏྲི་མྱ་ར་ཡ། ཨ༷་གུ་ཤ་ཛ་ཛ་ཛ། ཤུ་ཤུ་རསྒ་ཡ། ཚལ་པ་ཨ་དྲི་དྲི་མ་ར་ཡ། ཨ༷་གུ་ཤ་ཛ་ཛ་ཛ། ཨ་བེ་ཤ་ཡ། ཚལ་བ་ཨ་དྲི་ཏྲི་མྱ་ར་ཡ། ཨ༷་གུ་ཤ་ཛ་ཛ། ཞེས་བཟླས་སོ། །བསེའི་ལྷ་མོས་བཀུག་པར་བསམ་ལ མིང་པོའི་སྔགས་ཀྱིས་གདབ་སྟེ། ཡི་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡསྒ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ། དུ༷་དུ༷། ཤིག་ཤིག །དགྲ་བོ་མྱ་ར་ཡ། ཙ་ཙ་ར་ཛ་རྦད། མ་རུ་རྩེ་ཡིས་བསད་པར་བསམ། །དེ་ནས་ཉིན་མཚན་མེད་པ་སྲ །མ་རུ་རྩེ་དང་བསེ་མོའི་ངན་སྔགས་ཀྱི་ཏུན་དུ་གདབ་པོ། །དེ་ནས་ཕོ་ན་དགྱེ་ཞིང་ཕུར་པས་གདབ་པ་ནི། །སྙིང་ཁར་ཡ་མྱན་ཏ་ཀས་གདབ། །གཡས་སུ་ཨེ་ཀ་ཛ་ཏིས་གདབ། །གཡོན་དུ་པེ་ཏ་ལི་ཡིས་གདབ། །འདོམས་སུ་མ་རུ་རྩེ་ཡིས་གདབ། །དཔྲལ་བར་བསེ་ཡི་ལྷ་མོས་གདབ། །རྩ་བའི་སྙིང་པོས་བཟླས་ཤིང་གདབ། །དེ་ནས་གཟུགས་དང་མིང་རུས་ལ་རཀྟའི་ཐུན་གདབ།དེ་ནས་ཡང་བསེ་ཕོར་གྱི་ཁྲག་ལ། རྩ་བའི་སྔགས་དང་ཐུན་སྔགས་སྟོང་ཙམ་བཟླས་ལ་ཁྲག་ལ་བསྟིམ། དེ་ནས་ནུབ་ཐ་མ་བརྙ་ལྕང་ལོ་ཅན་དུ་བྱོ་ལ། ལས་ཀྱི་སྔགས་བཟླས་ལ། མ་ཉེས་པའི་དཔང་བཙུགས་ལ་འཕང་ངོ་། །མ་གྲུབ་ན་སྤོགས་པའི་ཆོ་ག་བྱ། །དེ་ནས་ར་བསྒྲལ་ལ་སྙིང་དུ་མིང་བྱང་བཅུག་ལ། དེ་ནས་མགོ་ཡི་ནང་དུ་གཞུག །པགས་པས་ག་ས་ལ་སྐུད་པས་བསྡམས། །བདག་ཉིད་ཡ་ནཱན་ཏ་ཀར་་ཚོའིངང་ང་རྩེསེངདེ་ཨོངངངཀྲི་་་བསྒམ། །རྒྱ་མ ་གཏང་ནས་བྱུང་བ་ཡ། །སྒྲལ་གང་བདག་པ་མ་རུ་ ། །དམར་ནག་བ ་ཡ་རལ་པ་ཅན། ། ་ལ་དགྲ་བ་གཏད་པར་བསམ། ། ་ཧྲ་ཏ་བྱ་ ་ཏ་མན་ཏུ་དགྲ་བ་བཱ་ར་ཡ་ནན། བྱས་ལ་གནད་པར་ང་ངངངངང་ངངལེསྟེང་་རྗེངངཅེ་་ངས་པའ་སར་སྦ། གཉར་གཏད་ལས་ཀྱ་རམ་པ་བྱ། །འཕྲན་ལས་རྣམ་བཞའ་བྲ་ཡང་བརྡུང་། །ཐུགས་ཀྱ་སྒྲུབ་པའ་ འུ་ ་བཞ་པའ།། །།རྡ་ ་ཉ་མ་ཁྲག་འཐུང་ག་རྒྱུད་ ས་བྱ་བ་རྫགས་ས།། །།