Ngb-pt-0629-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཤི་ཡ་མཧྭ་རྭ་ག་ཀྲིཥ་མ་ར་དྷ་ར་ཏན་ཏྲ། བོད་སྐད་དུ། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད། འཇམ་དཔལ་གསིན་རྗེ་གཤེད་ལ་ཕྱག་འཚལ་་ངང་ངངངངང་ངངང་ཆེ་ངངལ། །འད་སྐད་བདག་གས་ཐས་པའ་དུས་གཅག་ན། །རང་བཞན་ལྷུན་གྱས་གྲུབ་པའ་གནས། ཆས་ཀྱ་དབྱངས་ཀྱ་ཕ་བྲང་བརྡལ་ཁྱབ་ ན་པ་ན། གྲུ་གསུམ་མཐང་ནག་འབར་བའ་གཞལ་ཡས་ནི། རྒྱ་ཡོངས་སུ་མ་ཆད་པ། རྩ་བ་ནས་ར་ག་རཀྟ་ཆགས་པའི་རྦ་གློང་འཁྲུག་ཅིང་འཁྱིལ་བ། རཀྟ་འཁྲུག་པ་སྦབས་བྲེར་ལ། རཀྟ་བྲག་གི་མི་རེང་བསམ་གྱིས་མི་ཁྱབ་པ་ངང་ཚོའིངསེངསྡི་ངསེང་་སེངཚོང་འའཇགས་པའ་གར་བྱད་པ། རྒྱ་མ ་གཏང་ནས་བ འ་ ག་པ་དམར་པ་ཁ་དགུ་མག་དགུ་པས་ མས་ཅན་གྱ་སྲག་ཀླམ་པ། ག ར་གྱ་རུས་སྦལ་ལ་མ ན་ཆའ་སྤུ་ཡད་པ། ཉ་ཟླ་༄༅ འབར་བའི་མིག་ཡོད་པ། ལྟོ་བ་ནས་སྲིད་པ་གསུམ་གྱི་བླ་ཚེ་འཁྱམས་པ། རཀྟ་ཆགས་པའི་རླབས་ནི་འཁྲུག་ཅིང་འཁྱིལ་བའི་དབུས་ན། ཐོད་པ་བརྩེགས་པ་ལས་གྲུབ་པའི་མཁར། བསེའི་མདུང་འཁྲོལ་བ། མི་རོ་མང་པའི་རྒྱ་མཚན་འཕྱར་རྐེད་པ་ནས་རླུང་ནག་གི་འཁོར་ལོ་ནི། རྡོ་རྗེ་རྒྱ་གྲམ་ལྗང་ནག་གི་ཕྱོགས་བཅུར་འཐོར་བ། སྲིད་པའི་རླུང་ནག་ལས་གྲུབ་པའི་སྤྲུལ་པ། རླུད་ནག་རོལ་བའི་བུ་གནོད་སྤྱིན་འབུམ་དར་ནག་གི་གཡབ་འདོར་བ། སྟེང་ན་གནམ་ལྕགས་འཕར་བའི་ཐོག་གི་ཚ་ཚར་འཕྲོ་བ། གནམ་ལྕགས་ཐོགས་གི་འོད་ཟེར་ལས། གནམ་ལྕགས་ཀྱི་མདའི་འཕེན་བ་དང་། འཁོར་ལོ་བསྒྲེག་ལྡན་གྱི་མདའ་འཕེན་པ་དང་། མཚོན་ཆ་འཁྲུག་པའི་ཆར་པ་རྒྱུན་དུ་འབབ་པ། ཕྱོགས་མཚམས་ཐམས་ཅད་ནས་རོ་ཉིད་ཀྱི་གཡོན་འཁོད་པ། ལས་བྱེད་འབུམ་གྱི་གཙོ་མོ་ཡང་། ལྷ་མཆོག་ཉིད་ཀྱི་གཡས་ན་རབ་ཏུ་ཁྲོས་པར་བཞུགས་སོ། །དེའི་ཚེ་དེའི་དུས་ན་འཁོར་ཡང་ཡེ་ཤེས་ལས་གྲུབ་པའི་འཁོར་དང་། གདུག་བྱེདཡེ་ཤེསཀྱི་སྤྲུལ་བ་དང་། འཇིགས་རྟེན་རླག་པར་མཛད་པའི་གཤིན་རྗེནི། ཕྱི་འབྱུང་བ་ལ་དབང་བྱེད་པའི་གཤིན་རྗེ་དང་། ནང་ཕུང་པོ་ལ་དབང་བྱེད་པའི་གཤིནརྗེ་དང་། གསང་བ་རིགཔ་ཁྲིད་པའི་གསིན་རྗེ་དང་། བསེའི་གྱད་གཏུམ་པོ་དང་། བསེའི་སྐྱེས་བུ་དྲག་པོདང་། བསེའི་རོལ་པ་དང་། བསེའི་ཁྱེའུ་ཆུང་དང་། བསེའི་ལྷ་མོ་དང་། བསེའི་སྐྱེས་པ་དང་། རྗེའུ་དང་། བློན་པོ་དང་། སྤྲུལ་པ་དང་། བསམ་ལས་འདས་པ་སྟེ། དུར་ཁྱི་ནགཔོ་དང་། ལྕེ་སྤྱང་ནག་མོ་རོ་ལ་རྔམ་པ་དང། མྱོས་བྱེད་དང་། ལྐུགས་བྱེད་དང་། འཛིན་གིང་དང་། སྤྲུལ་པ་ཡང་སྤྲུལ་དང་། རྗེ་མོ་དང་། ཡང་རྗེ་མོ་དང་། བློན་མོ་ཡང་གཡོག་མོར་བཅས་ཏེ། ལ་ལ་ནི་ཤ་ལ་ཟ། ལ་ལནི་ཁྲག་ལ་འཐུང་། ལ་ལ་ནི་རུས་པ་འཆའ། ལ་ལ་ནི་བཱ ལ་ལ་ནི་དགོད། ལ་ལ་ནི་མི་སྡུགཔའི་གར་བྱེད། ལ་ལ་ནི་གླུ་ལེན། ལ་ལ་ནི་གོམ་པའི་སྟབས་རྡེག །ལ་ལ་ནི་གནམ་ལྕགས་འཕེན། ལ་ལ་ནི་འཁོརལོ་འཕེན་ལ་ལ་ནི་མདའ་འཕེན། ལ་ལ་ནིསྲོག་ལ་ཞལ་གྱིས་རྔུབ་སྟེ། ཁ་ནས་ཁ་རླངས་དུག་གི་ཆུ་འབབ། མིག་ནས་ཁྲག་འཛག །དབུགས་ཞེ་སྡང་གི་མེ་འབར་སྣ་ནས་ནད་ཀྱི་ན་བུན་འཐུལ། འཇིག་རྟེན་ཁམས་ལ་དབང་བྱེད་པའོ། །དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ། ལས་ཀྱི་གནོད་སྤྱིན་མི་འགྲུངས་པ་འདུལ་བའི་ཕྱིར། ཀརྨ་ཁྲག་འཐུང་ཁྲོས་པའི་སྐུར་གྱུར་ཏེ། སྐུ་མདོག་སྨུག་ནག་ར་ག་རཀྟའི་མདོག །དཔལ་འབར་ཆེན་མོའི་མདུན་ན་གནས། །འཇིག་རྟེན་དྲེགས་པ་ཅན་གྱི་འཁོར། །གདུག་པས་སྐྱོང་ཞིང་གཙོ་བོ་མཛད། །ཉིད་ལས་མི་གཞན་སྤྲུལ་བས་གདུག་པ་འདུལ། །ལྷ་ཀླུ་ལས་སོགས་འཇིག་རྟེན་དྲེག་པ་ཅན། །དུར་ཁྲོད་མཆོག་གི་གནས་ནས་ཐབས་ཅིག་གོ །དེ་ནས་ཡང་དེའི་ཆོ་དེའི་དུས་ན། དཔལ་འབར་ཆེན་པོ་ཡ་མུན་ཏ་ཀ་དེ། གདུག་པ་ཅན་དང་འདུལ་བའི་ཏིང་ངེ་འཛིན་ལ་མི་གཡོ་མི་འཁྲུག་པར་བཞུགས་ཏེ། ཨོ་ས་མ་ཡཨུརུམཉུཤིམུ་ཏྲཡམུན་ཏ་ཀ །ཧ་ལ་ཙཀྲུ །པརྩི་དུ་པ་ནི། ཀུན་ལན་རྩ་ས་མ་ཡ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ་ཧཱུཾ༷། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཨེ་ཨ་ར་ལི་རུ་ལུ་རུ་ལུ་རུ་ལུ། ཧྲིང་ཧྲིང་ཧྲིང་། ཞེས་གསུངས་པས་གདུག་བྱེད་དྲེགས་པའི་འཁོར་དེ་དག་བྲེད། རབ་ཏུ་དངངས་ཤིང་བྲེད། ལུས་འདར། ཡིད་དངངས་ནས། རབ་ཏུ་དངངས་ཤིང་ཡིད་འཁྲུག་དྲན་པའི་སེམས་སྟོང་སྟེ།རང་རང་གི་སྲོག་ནི་གདུངས་པའི་ཤུགས་ཀྱིས་བརྗོད་དོ། །སྲོག་གི་སྙིང་པོ་ཕྱུང་ནས་ཕུལ་ལོ། །ཡ་མ་ཏ་དུ་ཨ་ར་ར་ཤ་ཤཧ། ཙ་ཛ་རྩི་ཏྲི། ཏན་ག་ཕུ། བསྟན་པ་དམ་པ་བསྲུང་བར་དམ་བཅསསོ། །དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། དྲག་པོའི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇིག་རྟེན་སྐྱོང་བའི་གཙོ་བོ་དེས་སྟན་ལས་ལངས་ཏེ། དཔལ་འབར་ཆེན་པོ་ཁྲོ་བདག་རྗེ་ལ། །བསྐོར་བ་ལན་དུ་མས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔལ་འབར་ཁྲོ་བདག་རྗེ། །སྲིད་གསུམ་གདུག་བ་ཚར་གཅད་ནས། །འཇམ་པའི་དཔའ་བོས་བཞུགས་པ་དེ། །དེ་ཉིདབསྒྲུབ་བར་བྱ་བ་ཡི། །ལས་དང་བྱ་བ་བཀའ་སྩོལ་མཛོད། །ཅེས་ཞུས་པས། དཔལ་འབར་ཆེན་པོས་བཀའ་སྩལ་པ། །ཉིན་ཅིག་འཇིག་རྟེན་མགོན་པོ་ཁྱོད། །ལྔ་བརྒྱ་དུས་ཀྱི་ཉེ་དུས་སུ། །དམ་སྲི་དག་གི་བསྟན་པ་འབྱུང་། །རང་གིས་རང་གི་བསྟན་པ་འཇིག །རྡོ་རྗེ་ནང་དམེ་བྱུང་བ་ཡིས། །སྔགས་ཀྱི་བྱིན་རླབས་ཉམས་པར་གྱུར། །ནད་དང་གདོན་དུ་འཁྲུག་པ་ཡིས། །དུས་མེད་ཆོ་འཕྲུལ་སྣ་ཚོགས་འབྱུང་། །དེཚེ་ང་ཡི་དུས་ཡིན་པས། །བསྟན་པ་ང་ཡིས་གནས་པར་བྱེད། །དུས་གསུམ་འབྱུང་བར་མ་ངེས་ཏེ། །ང་ལ་སུ་ཞིག་ཐུགས་གཏོད་ན། །ལྷ་མཆོག་ཉིད་དུ་མངོན་དུ་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་ནི་བཤད་བྱ་བ། །ང་ལ་ཉན་བར་བརྩོན་པ་ལེགས། །འཇིག་རྟེན་གཙོ་བོ་ལེགས་པར་ཉོན། །དད་པ་དང་ནི་དམ་ཚིག་གིས། །མཉམ་པར་རྫོགས་ལ་ཡིད་བསམ་སྟེ། །ཡུལ་ལ་རྟེན་པས་རྟོགས་པ་སྐྱེ། །སྣང་བ་སྟོང་པ་དབྱེར་མི་ཕྱེད། །རང་བཞིན་རྫོགས་ལ་དངོས་གྲུབ་མྱུར། །སྣང་ལ་བཅས་ནས། །སྦྱོར་སྒྲོལ་མཆོད་པས་མཉེས་བྱས་ལ། །ལས་ཀྱི་རིམ་བ་རྫོགས་པར་བྱ། །ཁྲུས་དང་སྐྱབས་འགྲོ་སེམས་བསྐྱེད་ལ། ཁྲག་གདབ་འབེན་བཅའ་གོ་ཆ་བསྟར། །ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་པས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །ཀུ་ཤའི་སྟན་ལ་སེམས་པར་འདུག །རིས་སུ་བྲིས་སམ་འབུར་དུ་གཏོད། །མིག་གི་རྟེན་ལ་ཡིད་བསམ་ལྷ། །སྒོ་ལྔ་རང་སོ་ཡུལ་མེད་གཞག །བེ་ཤིང་འཁར་བ་ཐོགས་ནས་ནི། །བྱིང་ནས་རྨུགས་བར་གྱུར་པ་ན། །འཇམ་དབྱངས་ཁྲོ་བོའི་འཛབ་ཀྱིས་བསྐུལ། །གཡེལ་ཞིང་དགོད་པར་གྱུར་བ་ན། །མཚན་མ་ལྷ་ཡི་སྐུ་ལ་བརྟག །ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱན་་ཏ་ཀ་ཧཱུཾ༷་ཕཊ། ཁྲོ་རྒྱལ་རྔམ་པའི་རྒྱལ་པོ་ཉིད། །བདག་དང་དབྱེར་མེད་རྫོགས་པའི་སྐུ། །ཐུགས་ཀའི་ཧཱུཾ༷་ལས་ཡི་གེ་ནི། །འཁོར་ལོའི་ཚུལ་དེ་རང་རྒྱུད་སྦྱངས། །ཀླད་པ་སྐུ་དང་མགྲིན་དབུགས་གསུངས། །འཁོར་ལོ་རྫོགས་པས་འཕྲོ་འདུའི་གནས། །མཚོན་པའི་སྤྲིན་ཚོགས་རྒྱས་འགྱུར་བ། །མཐོ་གང་ལས་ནི་སྟོང་གསུམ་གང་། །འདོད་ཡོན་ཕུལ་ཏེ་བྱིན་བརླབས་བསྡུ། །སྔགས་ཉིད་ལྷ་ཡི་སྐུར་གྱུར་པས། །སྣང་བའི་དུས་ན་སྐུར་གསལ་བས། །སྟོང་བའི་དུས་ན་རྫོགས་པ་ཉིད། །རྒྱུ་ལུས་ལྷ་ཡི་སྐུ་རུ་འཕོ། །ངག་གིས་གྲག་སྟོང་སྔགས་སུ་འཕོ། །སེམས་ཉིད་གསལ་སྟོང་ཆེན་པོར་འཕོ། །སྒྲིབ་པ་གསུམ་ལས་རིམ་པར་གྲོལ། །ནམ་མཁའ་བཞིན་ཏེ་མཉམ་རྫོགས་ཆེ། །འཁོར་ལོ་ཐམས་ཅད་ཏུ་མཛེས། །དུར་ཁྲོད་རྒྱན་དང་རྫོགས་སྤྲས་ལ། །རབ་ཏུ་འཇིགས་པར་དཔའ་བོས་བྲི། །ཞེས་གསུངས་སོ། །དེ་ནས་ཡང་དག་ངེས་གསུངས་པའི། །རྡོ་རྗེ་དཔའ་བོའི་ཚམ་རྔམ་གྱིས། །བགེགས་བསྐྲད་རྡོ་རྗེའི་གུར་ཆེན་དབུབ། །སྒྲ་རྣམས་བརྡུང་ཞིང་ང་རོ་ཡིས། །དམ་ཅན་མཁའ་འགྲོས་སྤྲིན་ལྟར་གཏིབས། །ཚོགས་ཕུད་དེ་དག་མཉེས་བྱས་ལ། །རིས་སུ་བྲིས་སམ་བླུགས་སུ་བླུགས། །ཙ་ཀ་ལི་ལ་སོགས་པས་དགྲམ། །ཡིག་འབྲུ་སྲོག་དང་འདྲ་བས་དགོད། །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །རྫས་ཕུར་བྱིན་བརླབས་དབང་བསྐུར་བ། །བསྐྱེད་པའི་སྔགས་བྲི་དར་ལྕེའུ་གདགས། །དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ། །སོ་སོའི་རྩ་བའི་དྲག་སྔགས་ལས། །དགྱེས་ཤིང་བརྟན་པར་བྱ་བ་ནི། །གཤེད་ཕུར་ཉིད་ལ་ལྕགས་ཕུར་ཏེ། །དེ་འདྲ་སོར་ཚད་བཅུ་གཉིས་པ། །མ་མོ་གཉིས་དང་སྒྲོལ་གིང་ལའོ། །ཐར་བྱེད་བརྒྱད་དང་དྲག་ཕུར་རེ། །ཡང་སྔོན་རེ་དང་བྲག་ལ་བྱ། །བསེ་ཏི་དུན་ཏི་བ་ཏི་དང་། །གོ་ཏི་ལ་སོགས་ཕུར་རྫས་སོ། །གློན་མ་ལ་སོགས་བླ་རྐུན་མ། །དགྲོལ་བདག་ལ་སོགས་དགོད་དང་བསམ། །ཡ་བཱན་ཏ་ཀ་ལ་སོགས་པའི། །ཡབ་ཡུམ་སྲས་དང་བཅས་པ་ཡིས། །རུ་ཏྲ་སྒྲོལ་ཞིང་འགུགས་པར་བྱེད། །སྐུ་སྟོད་ཁྲོ་རྒྱལ་འཇིགས་པ་ལས། །སྨད་ནི་ལྕགས་ཕུར་དཔལ་དང་ལྡན། །ཞལ་ནས་ཕུར་བུའི་འཛབ་ཟློས་པས། །ཉི་ཤུ་བཞི་དང་རྩ་བ་བཞིས་མཛེས། །རྟེན་བཅའ་འབེན་བཅའ་ཐུན་ཡང་བཅའ། །འབྲུབ་ཁང་ཆས་གཞུག་སྤུང་ཕུར་བཅའ། །བསྒྲུབ་དང་དྲག་པོའི་གཏོར་མ་བཅའ། །དངོས་གྲུབ་ལ་སོགས་ཚེ་རྟེན་བཅའ། །ལས་ཀྱི་སྦྱོར་བ་སྦྱར་སྐབས་ལ། །ཞི་དང་རྒྱས་པ་དག་དང་སྦྱར། །མངོན་སྤྱོད་དག་དང་འགུག་པ་དང་། །དབྱེ་བསྐྲད་མནན་དང་སྨྱོ་འཕྲོས་དང་། །ལས་ནི་གསང་བའི་སྔགས་དང་སྦྱར། །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །ཆོས་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །སྤྲོས་བའི་མཚོན་ཆ་མི་མངའ་བའི། །རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ནི། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རང་བཞིན་སྤྲོས་དང་བྲལ་བ་ལ། །རིག་པ་སྤྲོས་བྲལ་མི་རྟོག་པས། །ཆོས་སྐུ་བདེ་བ་ཆེན་པོའི་ཀློང་། །ཆོས་ཉིད་ཀུན་ཁྱབ་ཡེ་ནས་དོན། །མ་རྟོག་སེམས་ཅན་འཁོར་བ་ལ། །སྙིང་རྗེ་ནམ་མཁའ་ལྟ་བུའི་འོད། །སྐྱེ་བ་མེད་ལས་སེམས་ཉིད་ཨ། །ཨ་ཡི་ཆོ་འཕྲུལ་བྱིན་རླབས་ལས། །འབྱུང་བ་དབང་ཆེན་ས་བོན་སྤྲོས། །ཡུམ་ཆེན་ལྔ་ཡི་མཁའ་ཀློང་ནས། །ཐུགས་རྗེ་འབྱུང་བའི་ཡིག་འབྲུ་ལས། །གྲུ་གསུམ་མཐིང་ནག་གཞལ་ཡས་ཤར། །དྲེགས་པ་ཁྱོ་ཤུག་ཉི་ཟླ་མཛེས། །ཨ་ལས་སྤྲུལ་པའི་ཧཱུཾ༷་ནག་ནི། །སྟག་གཟིག་དུག་གི་འཕྲོ་དང་འདྲ། །སྤྲོས་འདུལ་ཐུགས་མཚན་ཉིད་ལས་ནི། །དཔལ་འབརཁྲོས པས གཤིན རྗེ གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གྱད་ཀྱི་དོར་སྟབས་ཡི་དགས་གནོན། །གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། །བེ་ཅོན་དགྲ་སྟ་སྟིར་དབྱུག་གཡས། །སྡིགས་མཛུབ་མཐེའུ་ཆུང་ཐོད་རློན་གཡོན། །ཀོ་རློན་གཡང་གཞི་ཤམ་ཐབས་དང་། །ཐོད་འཕྲེལ་སྤྲུལ་དང་མེ་རིས་བརྒྱན། །རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང་། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །དབང་བསྐུར་བྱིན་གྱིས་རློབ་དང་སྒོམ། །དེ་དོན་ཡང་དག་ངེས་བཤད་པ། །སྐྱེ་མེད་སེམས་ཉིད་དོན་དམ་ལྷ། །དེ་ཡི་ངང་ལས་སྐུ་གསལ་བ། །མཚན་མའི་ལྷ་ཞེས་བྱ་བ་སྟེ། །དེ་ལས་སྤྲུལ་པ་ལས་ཀྱི་ལྷ། །དེ་ལྟར་གསལ་བའི་སེམས་ཉིད་དེ། །སྙིང་པོ་བྱང་ཆུབ་སེམས་ཞེས་བྱ། །སེམས་ལ་འགྱུར་མེད་རྟག་ཆེན་སྡུ། །དེ་ཉིད་ངང་གི་སྟོང་པ་ཉིད། །རོ་ལངས་ཁྲོ་མོ་དཔལ་འབར་མ། །ཐིག་ལེ་གསང་སྔགས་ས་བོན་རྒྱུ། །དེ་ཉིད་དོན་དམ་སྟོང་པ་ཉིད། །གདུག་པ་འདུལ་ཕྱིར་ཞེ་སྡང་ཁྲོས། །རྩ་བའི་ས་བོན་རྒྱུ་དང་བྲལ། །འཇམ་དཔལ་ཁྲོས་པས་གཤིན་རྗེ་གཤེད། །ཐུགས་སྤྲུལ་གཤིན་རྗེ་མ་རུ་རྩེས། །བདུད་ནི་སྲིན་མོ་མ་རུ་རྩེ། །དུར་ཁྲོད་ཁྲག་ལ་རོལ་པའི་ཕྱིར། །སྣང་སྲིད་རཀྟའི་གཞལ་ཡས་སུ། །སྐུ་མདོག་དམར་ནག་ཁྲག་རུལ་མདོག །དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། །བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །བསེ་མོ་སྙིང་ཟན་མ་རུ་རྩེ། །བློན་མོ་ཡང་བློན་ལ་སོགས་པ། །དཔག་ཏུམེད་པས་བསྐོར་བར་བསམ། །ཏིང་འཛིན་དཀྱིལ་འཁོར་རིམ་བསྐྱེད་དེ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་མཆོད། །དུས་བཞི་མ་ཡེངས་བརྩོན་འགྲུས་ཀྱིས། །ཡང་དང་ཡང་དུ་བྱ་བ་མིན། །ཡ་བཱན་ཏ་ཀ་ལ་སོགས་པའི། །ཐུགས་ཁ་ལ་སོགས་གནས་དག་ཏུ། །འཁོར་ལོ་རྫོགས་པའི་ཐིག་ལེ་ཀློང་། །བཅུད་ཀྱི་དམ་པ་འདི་ཉིད་ལ། །དཀྱིལ་འཁོར་ཐམས་ཅད་རྫོགས་པར་འདོད། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། དངོས་གྲུབ་ཆེན་པོ་རྫོགས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་འབར་ཆེན་པོ་ལ། །འཇིག་རྟེན་ཇོ་བོས་ཡང་དག་བཤད། །ཀྱེ་མའོ་འཇིགས་བྱེད་ཆེན་པོ་ལགས། །དངོས་གྲུབ་ཆེན་པོ་རྫོགས་མཛད་པས། །རྫོགས་དང་འཕོ་བ་བྱང་སེམས་གང་། །དེ་ལ་ཡང་དག་བཤད་བྱ་བ། །སྟོང་བ་ཉིད་ལས་སྐུ་རུ་གསལ། །འགྲོ་དོན་ཐུགས་རྗེ་རྫོགས་པ་ལ། །དཀྱིལ་འཁོར་རྫོགས་པའི་བདག་ཉིད་ཅན། །ཀླད་པ་སྐུ་ཡི་འཁོར་ལོ་ལ། །མགྲིན་པ་གསུང་ལ་སྙིང་ཁ་ཐུགས། །ལྟེ་བ་ཡོན་ཏན་འཁོར་ལོ་ལ། །གསང་བའི་འཕྲིན་ལས་འཁོར་ལོ་ལ། །སྟོང་པ་ཉིད་ལས་སྐུར་གསལ་བ། །ཙིཉི་གསང་བའི་གའུ་སྲ །ཡེ་ཤེས་འཇམ་དཔལ་རྡོ་རྗེ་ཉིད། །འཁོར་ལོ་རྫོགས་དང་ཡིག་འབྲུས་བརྒྱན། །ཆོས་ཉིད་འཁོར་ལོ་རྫོགས་རྩར་འདོད། །བདེ་ཆེན་འཁོར་ལོ་རྫོགས་རྩར་འདོད། །བདེ་ཆེན་འཁོར་ལོ་རྫོགས་ཚུལ་གྱིས། །གསང་བ་ཡ་མ་ར་ཙའི་སྐུ། །གཟུགས་སྣང་འོངས་སྤྱོད་རྫོགས་པར་མཛད། །ལོགས་སྤྱོད་ཆེན་པོས་སི་ར་གཉིས། །ཐུགས་རྗེ་ཆགས་ཚུལ་མ་རུ་རྩེས། །སྒྲ་སྣང་སྤྲུལ་བའི་སྐུར་རྫོགས་མཛད། །གཞི་སྟེངས་ཡོན་ཏན་རྫོགས་པ་ཡི། །སྤྲུལ་བ་ཉིད་ལ་འཁོར་ལ་རྫོགས། །ཡེ་ཤེས་མྱོས་བྱེད་འབར་བས་ནི། །ཡོན་ཏན་ཡེ་ཤེས་ཀློང་དུ་རྫོགས། །གསང་བ་རྫོགས་པའི་མེ་རླུད་ཉིད། །ཐོགས་མེད་རལ་པ་ཚར་དགུ་ཡིས། །ཀུན་ནས་རྫོགས་པ་དོན་འགྲུབ་སྟེ། །དཀྱིལ་འཁོར་ཐམས་ཅད་རྫོགས་པའོ། །ཡེ་ཤེས་སེམས་རྫོགས་གཟུགས་དཀྱིལ་དུ། །ཁ་དོག་ལྔ་ལྡན་ཡིག་འབྲུ་ལྔ་། །ས་པ་ཏ་ཙ་རུ་ལ། །ཨ་ལི་དྲུག་པས་བརྒྱན་པ་སྟེ། །ཨུ་ལི་བན་ཙས་སྤྲོས་པ་ཉིད། །གཅིག་ལ་ལྔ་རྫོགས་ཡེ་ཤེས་རྟགས། །འཇིགས་པའི་བདུད་འཇོམས་འགྲོ་དྲུག་བཅོད། །ཉོན་མོངས་ལྔ་ཉིད་རང་སར་གྲོལ། །ཐོགས་མེད་ངོས་གཟུང་མེད་པ་དང་། །འགྱུར་མེད་འགག་མེད་གསལ་སྟོང་འོད། །མ་བྲིས་དཀྱིལ་འཁོར་རྫོགས་ཆེའོ། །རང་འོད་རང་སྣང་ཡིག་འབྲུ་ལ། །འཁོར་ལོ་རྫོགས་པའི་ཡིག་འབྲུ་ལ། །མ་རྟོགས་སེམས་ཅན་རང་རྒྱུད་སྦྱང་། །རྟོགས་པའི་རྣལ་འབྱོར་གདེང་ལྡན་ཉིད། །འཁོར་ལོ་ཡེ་ནས་རྫོགས་པའི་དོན། །དུག་ལྔ་ཡེ་ཤེས་རྫོགས་པ་ཆེའོ། །འབྱུང་བ་ལྔ་འདུས་ཕུང་པ་ཉིད། །ལོངས་སྤྱོད་རྫོགས་པ་ལྷ་ཡི་སྐུ། །ངང་དང་ཡིད་ཀྱངདེབཞིནནོ། །ཨེམངོ་མཚར་ཡང་ཆེན་པོ། །སྐུ་ལ་བགྲེས་རྒུད་མི་མངའ་གཤོན། །གསུང་ལ་འགག་པ་མེད་པས་བདེ། །ཐུགས་ལ་སྐྱེ་འགག་མེད་བས་གསལ། །འཕེལ་འགྲིབ་མེད་དེ་སྲོག །ཅེས་གསུངས་སོ། །དེ་ནས་ཡང་དག་ངེས་གསུངས་པ། །དོན་དམ་སྲོག་གི་སྤྲོས་བྲལ་ཏེ། །རྣལ་འབྱོར་ཉམས་ལ་འབྱོར་པས་ཐོབ། །ཀུན་རྫོབ་སྐུ་གསུང་ཐུགས་གསལ་ཏེ། །ཏིང་འཛིན་ཡེ་ཤེས་རྫོགས་པ་ཧོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། འཁོར་ལོ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔལ་འབར་ཆེན་པོ་ལ། །འཇིག་རྟེན་མགོན་པོས་འདི་སྐད་ཞུས། །ཀྱེ་ཧོ་དཔལ་འབར་ཁྲོ་བོའི་བདག །བསམ་པ་མྱ་ངན་འདས་གྱུར་ཀྱང་། །དོན་དང་ལྡན་པའི་རྣལ་འབྱོར་པས། །དོན་དེ་དཀྲུག་པའི་དགྲ་བྱུང་ན། །དེ་ལ་ཇི་ལྟར་གསལ་བ་ལས། །དེ་ནས་ཡང་དག་བཤད་བྱ་བ། །ཏིང་འཛིན་གསང་སྔགས་དྲག་པོའི་རྫས། །འབྱོར་པ་རྣམ་པ་གསུམ་དུ་སྡེབ། །སྐད་ཅིག་བདག་གམ་རིམ་པ་ཡིས། །འཇིགས་སྐུ་མཐིང་ནག་མེ་དཔུང་འབར། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །མཐིང་ནག་གྱད་ཀྱི་འཇིགས་ཚུལ་ཅན། །རིགས་ལྔའི་ཁྲོ་བོ་དབུ་ལ་བརྒྱན། །ཐུགས་ཁར་ཡེ་ཤེས་སེམས་དཔའ་མཐིང་། །མགུར་ནས་ཞབས་ཀྱི་ལོང་བུ་སྲ ཁེས་རྒྱུད་ཁྲོ་ཐུང་མཚོན་གང་བ། །མེ་རླུད་ལས་ཀྱི་འཁོར་ལོ་བསྣམས། །དེ་ལས་སྤྲུལ་བའི་འདོ་ཟེར་གྱིས། །མཚོན་ཆ་འཁོར་ལོའི་མེ་དབལ་སྔགས། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྲིད་པ་གསུམ་ཡང་འགུག་པར་ནུས། །ར་ལས་རཀྟ་མཧྭ་ལས། །སྣང་སྲིད་ཁྲག་མཚོ་ཁོལ་མར་བསམ། །བཛྲ་ཀྲོ་དྷ་ཡསྒ་མ་རུ་རྩེ། །འཇིགས་པའི་སྐུ་མདོག་དམར་ལ་གཏུམ། །བེ་ཅོན་འཁོར་ལོ་ཕྱག་ན་བསྣམས། །དེ་ནས་སྤྲུལ་བའི་བསེ་མོ་དང་། །གྱད་ཀྱི་དམག་དཔོན་ལ་སོགས་བསམ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པས། །ཉི་ཟླ་འཁོར་ལོ་ལྟར་བཞོན་ནས། །མཚོན་ཆའི་འཁོར་ལོ་རབ་ཏུ་བསྐོར། །སྣང་བ་འདི་དག་རབ་ཏུ་བསྐོར། །ལྕགས་ཀྱུ་ཁེངས་པར་རབ་བསྒོམ་སྟེ། །ཛ་ཡི་སྦྱོར་བས་འགུག་བར་འགྱུར། །ཁ་ཁ་རུ་ལུ་ལ་སོགས་པས། །འཇིག་རྟེན་རྨེ་དུད་ཐོག་པ་ཡིས། །འཇིགས་རྟེན་ཁམས་རྣམས་ཁེངས་བསམ་ནས། །ཕཊ་ཀྱི་སྦྱོར་བས་བྱེད་པར་འགྱུར། །གང་དག་ལྷ་ཀླུ་མི་ལ་སོགས། །གཟིར་ཅིང་མནན་པར་འདོད་ན་ཡང་། །རི་རྒྱལ་རྦབ་དང་ལྕགས་ཐོག་འདྲས། །མགོ་འགས་ལུས་ལ་ཤེར་བཏབ་བསྒོམ། །ཏྲིག་ནན་སྦྱོར་བས་གཟིར་བར་འགྱུར། །རི་རབ་རྒྱ་གྲམ་དག་དང་ནི། །གླིང་བཞི་གླིང་ཕྲན་ལྷ་ཡི་དཔལ། །སྟོང་གསུམ་གླིང་བཞི་རི་རབ་དང་། །འཕྲོ་འདུ་ལྷ་ཡི་གཞལ་ཡས་སུ། །ལྷ་ཚོགས་ཕོ་བྲང་གཏམས་པ་དང་། །དོན་ཡོད་གྲུབ་པའི་ཕོ་བྲང་དང་། །ལམ་དང་ནན་གྱི་སྦྱོར་བ་ཡིས། །སྲིད་པ་གསུམ་ཡང་ནོན་པར་འགྱུར། །རྡོ་རྗེ་ཁྲོ་བོ་གསལ་བ་དང་། །མཚོན་ཆ་འཁྲིག་པའི་ག་པུ་དང་། །རྡོ་རྗེ་ལྕགས་ཀྱུ་ལྡན་པ་ཡིས། ་་་ཐུམས་ཛ་ཡི་སྦྱོར་བ་ཡིས། །དྲེགས་པའི་སྲོག་སྙིང་འཕྲོག་བར་འགྱུར། །ཨེ་ནི་འབར་བའི་སྤར་ལུག་དང་། །གདུབ་རྩུབ་འཁྲིག་ཤིང་ཧོམ་ཁུང་དུ། །ཛ་ལ་རམ་གྱིས་སྦྱོར་བ་ཡིས། །མངོན་སྣང་དངོས་མེད་སྲེག་པར་འགྱུར། །རལ་གྲི་སྤུ་གྲི་འཁོར་ལོ་དང་། །མར་ཡའི་སྦྱོར་པ་ཐམས་ཅད་སྒྲོལ་བར་ནུས་པ་ཡིན། ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །བདག་ཉིད་ལྷ་རུ་གསལ་བ་ཡི། །ཐུགས་ཁ་ལ་སོགས་གནས་གསུམ་དུ། །སྐུ་གསུམ་ཡིག་འབྲུ་དེ་ཉིད་སྔགས། །རབ་ཏུ་མགལ་མེ་འཁོར་ལེའི་ཚུལ། །དྲིལ་བུའི་སྒྲ་ལྟར་རྒྱུན་མི་འཆད། །འོད་ཟེར་ཉི་མ་ལྟ་བུ་སྟེ། །འདོད་པའི་ཡོན་ཏན་མ་སྤྲུལ་ཏེ། །བདེ་གཤེགས་མཆོད་ལ་བྱིན་བརླབས་ལུས། །བདག་དང་སེམས་ཅན་རྟོག་སྒྲིབ་སྦྱང་། །དེ་ཉིད་དྲག་བོའི་ལས་ཀྱི་དུས། །མཚོན་ཆའི་འཁོར་ལོ་ཉིད་དུ་བསམ། །དི་ཉིད་མ་རུ་རྩེ་སོགས་ལ། །ཁྲོས་པས་རང་རང་འཁོར་ལོ་བསྐོར། །ཆོས་ཀྱི་རྒྱལ་པོ་ལ་སོགས་ལ། །རང་རང་ཡིག་འབྲུ་བཞི་བཞི་ནི། །ཡ་ནི་སྔོ་ནག་དག་ལ་འཁོར། །དེ་ཡིས་འཁོར་ལོ་བསྒྱུར་པ་ཡིན། ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །བསྟན་པ་འཇིག་པའི་རུ་དྲ་དེ། །ལུས་ནི་འབྱུང་བ་ལས་གྲུབ་པས། །ཅི་འདྲ་ཅི་གསལ་བསྒོམས་པ་ཡིས། །སྙིང་ཁར་ཡི་གེ་ནི་དམར་བསམ། །དེ་ལ་མཚོན་ཆའི་ཡི་གེ་ནི། །མ་ར་ཡ་ཡིས་བསྐོར་བར་བསམ། །རང་གཤེད་ཡིན་པས་རལ་གྲི་བསམ། །དྲག་སྔགས་འཁོར་ལོ་འཕྲོས་པ་ཡིས། །རང་སྲོག་དེ་ཉིད་གཅོད་པར་བསམ། །འཇིགས་བྱེདལསཀྱིགཤིནརྗེདང། །དམར་ནག་མ་མོ་མང་པོ་ཡིས། ཁྲ་རིད་དག་ལ་སྦྲང་འདུས་འཚལ། །ཧབ་ཧབ་ཐུན་ཐུན་འདུས་པར་བསམ། ཁ་རླངས་ནད་ཀྱི་རང་བཞིན་གྱིས། །རྩ་རྣམས་ཁེངས་ཏེ་མྱོས་བར་བསམ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། །མཚན་མ་བརྗོད་པ་རྫས་ཀྱི་ལས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འབར་བ་ཆེན་པོ་དེས། །དྲག་པོའི་སྔགས་ཀྱིས་ངེས་པར་བཤད། །འཕགས་པའི་ནང་ནས་འཇམ་དཔལ་ཉིད། །ལྷ་མོའི་ནང་ནས་འོད་ཟེར་ཅན། །ལས་བྱེད་ནང་ནས་ཛ་ཏི་མ། །འཁོར་ནི་ནག་མོ་འབུམ་གྱིས་བསྐོར། །བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ། །དེ་བསྒོམ་དེ་ཉིད་བོད་རྦད་སྔགས། །ཨོ་ས་མ་ཡུ་ཨུརུ་མཉུ་ཤི་མུ་ཏྲ་ཡ་མན་ཏ་ཀ །བན་ཙ་ཏེ་རོ་ནི་ཧཱུཾ༷་ཛ། ཨོ་ཨ་ཀྲོ་དྷི་ཀ་ཡ་མན་ཏ་ཀ་ཀ་མ་རྭ་པ་ཧཱུཾ༷་ཕཊ། ཏ་ཨ། དྲི་ཡ་མན་ཏ་ཀ་ཀ་ལ་དུ་པ་དྲི་དྲོངས་ཤིག ཁྲེ་ཏེ་ཀྲོ་ཧ་ཧ། ཤི་ནི་ཛ་ཡ་ཁ༷་ཐུམས། ཁྲེ་ཛུ་འགལ་བྱེད་སོད། ཀླག་བྱེད་གཙོ་ཁང་ཁང་ཐུམས། །ཨོ་ས་མ་ཡ་མ་འཛུ་གུག་ཏ་ཧཱུཾ༷། ཨ་ནུ་རྭ་ག་ཡ་མུ་ན་ཏ་ཀ་ཧཱུཾ༷། དེ་ཕྱི་ཐུམས་ཐུམས། །ཧེ་སྲ་ཧ་དམ་དམ། ས་མ་ཡ་གུ་གུ་དུལ། ཡ་མྱན་བམ་རིམ་རྦད་རྦད། སོད་ཆོད་སོད་ཆོད། ག་་མོ་རོ་ལངས་འཇིགས་པའི་གཟུགས། །དེ་ཉིད་དེ་བསྒོམ་བོད་རྦད་གསང་། །ཨོ་མསྐྲུ་གྲི༷༷ཡ་མན་ཏ་ཀ་ཨུ་ཙུ་མི་ཀྲ་ཏྲ་སྤེ་ཏ་ལི། མུ༷་ཀྲོ་དྷི་ཤྭ་རི། རག་ཤ་ཡག་ཤ་ཛུ་ཛ། སྙིང་ཁ་རག་སྨྱོ། ནག་མོ་སྙིང་རྩ་མ་སྨྱོ། ཁྲག་ལ་མུ་ཤ་མ་སྨྱོ། །ནག་མོ་ཏིང་ལམ་སྨྱོ། ནག་མོ་ཏིང་ཏིང་ཀྭ་ལ་རག་མོ་སྨྱོ། དུམ་རུ་མ་ལ་དུམ་བུ། ཙ་རུ་ར་དུམ་བུ། ཁྲ་སུ་ཁ་ཁ་ཐུམས། །དམ་ཙི་སྲ་ །དུས་ཡ་ན་རྦད། སྒེག་མ་ཁྲོ་མ་རལ་གཅིག་མ། །དེ་ཉིད་སྙིང་པོ་འདི་དག་གོ །ཨོ་མསྣྲུ་གྲི་ཡ་ནཱ་ན་ཏ་ཀ །མ་མ་ཨེ་ཀ་ཛ་ཏི་ཛ་ཛུ། ཏྲག་རག་ཤ་མུ། སྙིང་ཁ་རག་མ་སྦྱོ། ནག་མོ་ཁ་ལི་བ༷་ཛ་སྨྱོ། ཁ་འགྲམ་མུ་འགྲུམ་སྦྱོ། སྨྱོ་སྨྱོ་སྨྱོ་རུ་་་རྦད། རག་ཤ་རྦད། སྙིང་རྩ་རྦད། ཁ་ཐུན་རྦད། ཙི་ཏ་རྦད། མ་ར་ཡ་རྦད། ཐལ་ཕྱུང་ཐལ་ཕྱུང་། །མ་ཐུན་མ་མ་ཐུན། །རྦད་དུ་རྦད་དུ། དུ་ཡ༷། ཙི་ཏ་ཡང་། རུ་ཐུམས་ས་མ་ཡ་ར༷་ཐུ། ཐུ༷་པུ་སྲ ན་ཐུ་ཡ་ན་རྦད། ཧཱུཾ༷་དུ་ཧཱུཾ༷་ཕཊ་རྦད། རྩ་བའི་སྔགས་དང་ལས་སྔགས་དང་། །དམོད་པའི་སྔགས་དང་གསང་སྔགས་དང་། །མ་ལུས་དེ་ཉིད་ཡིན་པ་མྲ །དམ་ཚིག་བདག་པོས་རབ་ཏུ་གསུངས། །ཨོ་ཨ་ཀྲོ་དྷི་ཀ་ཡ་མུནཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། བྱེ་བ་སྔོན་དུ་འགྲོ་བར་རིགས། །རི་རབ་རྡུལ་དུ་རླག་པ་དང་། །རྒྱ་མཚོ་དག་ཀྱང་སྐམ་པར་ནུས། །གནམ་ལྕགས་སེར་བ་དབབ་པ་དང་། །བཟློག་པ་དག་ཀྱང་ཐོག་པ་མེད། །ཁྲོས་ན་བདུད་ཀྱང་བརླག་བྱེད་ལ། །ལྟས་པ་ཙམ་གྱིས་དགྲ་ཡང་རུང་། །དགའ་ན་སེམས་ཅན་གསོ་བ་དང་། །འཁོར་བ་དོང་ཡང་སྤྲུག་བར་ནུས། །སྔགས་ཀྱི་དོན་ཉིད་ལྷ་ཡིན་ཏེ། །ལྷ་ཡིཡངབཞིནསྔགསཉིདདོ། །དེས་ན་བསྐྱེད་པ་མེད་ཡང་ནི། །ལུང་ལས་ཆུ་བུར་རྡོལ་བ་བཞིན། །སྙིང་པོས་ཡན་ལག་རྫོགས་པར་གསལ། །དེ་ཉིད་བསྙེན་དང་སྐྱེད་པ་ནི། །རིག་པ་ཅན་གྱིས་དེ་ཤེས་བྱ། །སྒྲུབ་པའི་དུས་སུ་སིལ་བུ་འམ། །ཡང་ན་དྲིལ་ལ་བཟླས་པར་བྱ། །ཡི་གེ་རྫོགས་པའི་འཁོར་ལོ་ནི། །གཤེད་པོ་ལ་སོགས་ཐུགས་ལ་གནས། །གྲངས་དང་མཚན་མ་དུས་ལས་ནི། །མཚན་མ་མཐོང་ན་དེ་ཉིད་ཡིན། །ཡབ་ཡུམ་སྔགས་ཀྱི་གྲངས་ཐིམ་ཡང་། །ལྷ་ཡི་མཚན་མ་མ་མཐོང་ན། །སྔགས་ཀྱི་དམ་ཚིག་ཉམས་སྲིད་པས། །ལྷུ་ལྷུམས་བསིལ་ལ་བརྒྱ་གཤགས་བྱ། །དེ་ཚེ་མཚན་རྟགས་མངོན་དུ་སྟེར། །དེས་ཀྱང་རྟགས་རྣམས་མ་བྱུང་ན། །གསང་སྔགས་སི་པ་བུར་ལྟོ་ནས་བཟློག །རུ་ཁུག་རུ་ཉལ་རུ་ཉལ་དང་། །རུ་བཟློག་དྲག་པོས་གནད་ལ་དབབ། །གཞུག་ལ་དམ་ཚིག་བརྡར་ལ་གཞག །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལས་རྣམས་རྡུགས་་ས་བྱ་བ་ཡིན། །མི་འགྲོ་འགྲོ་བར་བྱ་བ་ཡིན། །མི་འགྲུབ་འགྲུབ་བར་བྱ་བར་བ་སྲ །དམ་ཚིག་བདག་པོས་རབ་ཏུ་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །ག་་ཁྲོས་འཇིགས་པ་ཡ་མ་ར། །དྲག་པོའི་གསང་སྔགས་འདི་དག་གོ །ཨོ་ཤི་མཉུ་ཡ་མ་རྭ་ཙ་ས་དོ་མེ་ཡ། ཡ༷་ཡ༷་ཐུམས།གཤིནརྗེནགཔོ་སྙིང་པོ་སྙིང་ཁྲག་ལ་དུན་སྨྱོ། མ་རུ་རྩ་རྩ་ལ་ཧུར་བུག་ལ་ཐུམས་སྲོག་ལ་མ་ར་ཡ། ཏྲི་ལིང་ཤང་ཀ་དུ། ཏྲི་ཛ་ཡག་ཤ །རྦད་ཕུ། ཕྱེ་མ་ཁ་བདར་རུ་རུ་པྲ་སྦྲ་དུམ་དུམ་ཤིག །དགྲ་བོ་ནི་མ་ར་ཡ་ཙ་ཙ་ར་རྦད། དྲག་སྔགས་གསང་བའི་ལས་དག་ཡིན། །ཡག་ཤ་མེ་དབལ་སྲོག་བདག་ཆེ། །སྔགས་བདག་འཁོར་ལོས་ཐུགས་ལ་གནས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། །གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔལ་འབར་ཆེན་པོ་ལ། །འཇིག་རྟེན་མགོན་པོས་འདི་སྐད་ཞུས། །ཧེ་ཧེ་དཔལ་ཆེན་འབར་བདག་ཁྲོ། །ལས་ཀྱི་གཤིན་རྗེའི་སྲོག་སྔགས་གང་། །དེ་ལ་ཡང་དག་བཤད་བྱ་བ། །གཏུམ་ཁྲོ་མི་བཟད་འཇིགས་པའི་གཟུགས། །ཡི་དགས་ཤ་ཟའི་དེད་དཔོན་པོ། །གདོན་གྱི་ཡང་བདུད་མ་གདོན་འཁོལ། །ཤ་ཁྲག་སྲོག་དབུགས་མངའ་བདག་པོ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །མུན་ནག་འཁྱིལ་བའི་ནང་ཤེད་ན། །འོད་ཕུང་ནག་པོ་འཕྲོས་བརྗིད་པ། །ཉི་ཟླ་འཁོར་ལོ་ཟེར་ཤོན་ནས། །སྲིད་གསུམ་ཉུལ་ཞིང་བླ་རྩེ་འཕྲོག །སྤྲུལ་པ་བདུན་བརྒྱ་ཉི་ཤུ་གཅིག །དུག་མཚོ་མེར་བའི་ནང་ན་གནས། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་གཅིག །ཉི་མའི་རྟ་ལ་རབ་ཤོན་ནས། །ཉིན་དུས་རྒྱུ་ཞིང་ཕུང་པོ་འཇོམས། །མི་གཤེད་སུམ་བརྒྱ་དྲུག་ཅུ་ནི། །མུན་པའི་གློག་དམར་ཞོན་ནས་སུ། །མཚན་མོ་རྒྱུ་ཞིང་འབྱུང་བ་འཇོམས། །ཡང་སྤྲུལ་བྱེ་བ་དགུ་ཁྲི་གཅིག །དུག་མཚོ་མེར་བའི་བར་ན་གནས། །ཆིབས་སུ་ཀླུ་གླང་ནག་པོ་ཤོན། །སྐུ་ལ་ལྕགས་ཀྱི་ཤུན་ཁྲབ་གསོལ། །ཐོད་པ་ཞིང་ཆུང་སྦྲུལ་གྱིས་བརྒྱན། །མཚོན་ཆའི་འཁོར་ལོ་ཕྱག་ན་བསྣམས། །དེ་དག་སྲོག་སྙིང་དམ་པ་ནི། །འཕྲུལ་ཡིག་སུམ་ཅུ་རྩ་གཅིག་ལ། །བཀོད་པའི་ཡིག་འབྲུ་བཅུ་བདུན་ཡིན། །བོད་པའི་གཟུང་ཡིག་འབྲུ་གཅིག་སྟེ། །རྣམ་ཤེས་ཡ་ནི་སྔོ་ནག་གོ །ཡེ་ཤེས་ལྷ་དང་འཇིག་རྟེན་པ། །དེ་དག་ཀུན་སྲོག་དམ་པ་དེ། །ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡསྟེ་ཡ། ཡསྒེ་ཡ་སྣྲོ་ནི་རྭ་མ་ཡ། ཨོ་ཧྲིརྗི༷༷་ཝི་ཀྲི་ཏ་ན་ན་ཧཱུཾ༷་ས་མ་ཡ། ཨོ་ཤི་མཉུ་ཡ་མ་ར་ཙ་མ་མ་ཨེ་ཀ་ཛ་ཏི་ཛ་ཛུ། ཏྲི་ལིང་ཤང་ཀ་དུ་ཙ་ཙ་ར་ཙ་རྦད། ཏྲི་ས་དུ་ཙ་ཙ་རྭ་ཙ་བོད། འབུར་ཁྲི་གཤིན་ནི་ཙ་ཙ་རྭ་ཙ་རྦད། བ་ཏྲི་ཁ་ཡང་ཞུག་ཙ་ཙ་རྭ་ཙ་རྦད། འདུས་ཏྲི་ཙ་ཙ་རྭ་ཙ་རྦད། ར་ཁྲི་ཆུམ་ཙ་ཙ་རྭ་ཙ་རྦད། བླ་ཁྲི་ཤིག་ཙ་ཙ་ར་ཙ་རྦདསྙིང་ལ་ཡ་ཙ་ཙ་ར་ཙ་དུ་རྦད། ཨོ་མསྣྲུཤིཨ་ཀྲོ་དྷི་ཀ་ཀྭ་ལ་རྭ་པ། ཡ་མ་རྭ་ཛ་ས་དོ་མེ་ཡ། དྷི་སྟི་ཡེ་ཀྲིན་ཨ་ནེ་ཨ་ནེ་ཨ་ནེ། ཡ་མ་མེ་དྷ་ཁྲེ། ར་ཛ་ས་དོ་རུ་ཎ་ཡོ་ནི། ར་ཡ་ཙ་ནི། དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་ཡ།དྲག་སྔགས་འཁོར་ལོ་ཡ་མའི་སྲོག །སྲིད་གསུམ་བླ་ཚེ་འཇོམས་པ་སྲ །དམ་ཚིག་བདག་པོས་རབ་ཏུ་བཤད། །དེ་ནས་ཡང་དག་བཤད་བྱ་བ། །གདུག་པ་མ་ལུས་འདུལ་བའི་ཕྱིར། །ཡ་མྱན་ཏ་ཀ་ཡབ་ཡུམ་ལསསྤྲུལ་པའི་སྲས་ནི་ལྕམ་དྲལ་ལྔས། །གདུག་པ་སྒྲོལ་ཞིང་སྐུ་ལ་འཁོར། །ཀུན་གྱིས་ལས་མཛད་སྒྲོལ་བའི་གིང་། །དེ་དག་དྲག་སྔགས་བཤད་བྱ་བ། །རྣལ་མ་རྣམས་ཏེ་སྲོག་ལ་རྔམ། སྲོག་ལ་མེར་མེར། དཔྲིས་ལ་ཆུམས། ཐུ་བིས་ཐུ་དགྲ་བོ་དྲི་མ་ར་ཡ་ཙ་ཙ་རྭ་ཙ་རྦད། བཛྲ་ཀུན་དྷ་རི་ཛ་ཛུ་ཧཱུཾ༷། བཛྲ་ཤུ་ལན་ཧེ་རི་ཛ་ཛ་ཧཱུཾ༷། བཛྲ་ཀང་ཀ་དྷ་ར་ཛ་ཛུ་ཧཱུཾ༷། བཛྲ་ཙ་མུན་ཏ་རི་ཛ་ཛ་ཧཱུཾ༷། སུ་ཏྲི་པ་ཡ་བཛྲ་ཙིསྟ། ཡོ་གི་ཤྭ་ར། ཡ་མ་ཙི་ཏ་ཧཱུཾ༷། ཡ་མ་ཙི་ཏ་ཧཱུཾ༷། ཀྱི་ཁྲིད་ར་ཁྲིད་ཀུ་རུ་མ་ཤྭ་རོ་ལ་ཁྲག་འཐུང་རུ་ལུ་རུ་ལུ་སྨྱོ། ཀྲང་ཧེ་ཀྲང་ཧེ། རུ་རུ་རོ་རུ་ཙ་པ་ལ་ནག་མོ་རེ་མ་ཏི་སྨྱོ། བཛྲ་ཡི་ཤ་མ་རུ་རྩེ་དུན་དུན། བཛྲ་མཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། འཁོར་ལོ་རྫོགས་པའི་ཐུགས་ཁ་མྲ །ས་བོན་རྒྱུ་དང་ཡིག་འབྲུས་སྤྲས། །སྲིད་གསུམ་གང་བའི་སྤྲུལ་པ་སྤྲོས། །རཀྟ་ཁྲག་གི་ཀློང་དཀྱིལ་ནས། །འཇིགས་བྱེད་མེ་དཔུང་འབར་འདྲའི་སྐུ། །ར་ག་རཀྟ་དམར་ནག་འཇིགས། །སྣང་སྲིད་དབང་གི་སྤྲུལ་པ་འགྱེད། །རྡོ་རྗེ་བེ་ཅོན་རབ་ཏུ་བརྡེག །གཡོན་པ་མཚོན་ཆའི་འཁོར་ལོ་འཕེན། །རྡོ་རྗེ་བསེ་མོ་སྙིང་ཟན་མ། །རྦལ་མོ་གདུག་པ་ཆེན་མོ་ཡང་། །སྐུ་མདོག་གསལ་བས་སྤྲོ་འདུ་བྱའོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ལས་ཀྱི་གཤིན་རྗེ་བསེ་གཏོར་དང་བཅས་པའི་དྲག་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇིག་རྟེན་གཙོ་བོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་མ་རབ་ཏུ་འཇིགས་བྱེད་ཆེ། །གསང་སྔགས་འདི་ཉིད་བཤད་འགྱུར་ན། །ལས་དང་བྱ་བ་བཀའ་སྩོལ་མཛོད། །ཅེས་ཞུས་པས། ཉོན་ཅིག་འཇིག་རྟེན་སྐྱོང་བའི་གཙོ། །བསྟན་པ་དག་ལ་དགྲ་དར་བ། །བསྙེན་བསྒྲུབ་ལས་ཀྱི་མཐར་བྱ་བ། །དམ་སྲི་གདུག་པ་བསྒྲལ་བ་ཡི། །སྨེ་ཕུར་བཅས་ཤིང་གདབ་བ་དང་། །འཁོར་ལོ་དྲག་པོས་བསྒྲལ་བ་དང་། །ཟོར་ཐུན་དྲག་པོས་བསྒྲལ་བའི་ཕྱིར། །མནན་བསྲེགས་འཕང་བའི་ལས་མཐའ་བརྟུལ། །དེ་ལ་སྨེ་ཕུར་ལས་བྱ་བ། །མཎྜལ་བཅས་རྫོགས་གོང་བཞིན་ཏེ། །ཕུར་པ་བརྒྱད་དང་བཅུ་བདུན་ནམ། །ཡང་ན་བརྒྱ་དང་རྩ་གཅིག་ཡིན། །དེ་དག་མེད་ན་རྒྱུད་བཅུའོ། །མགོན་པོ་གཤིན་རྗེའི་ལྷ་རུ་བསམ། །སྟོད་ནི་ཁྲོ་ཞལ་འཇིགས་པའི་སྐུ། །སྨད་ནི་དྲག་པོར་འགྱུར་བའི་དབལ། །དེ་ལྟར་བསམ་ལ་གནས་སུ་དགོད། །བྱིན་བརླབས་དབང་བསྐུར་སྐུར་གསལ་ཏེ། །མི་བཟད་ཕུར་པ་ནག་པོ་དྲུག །བྱིན་གྱིས་བརླབས་ལ་བན་དྷར་སྐྲུང་། །སྨེ་ཕུར་བྱ་བ་སོར་བཅུ་གཉིས། །རི་རབ་ལྟར་བརྗིད་ཟུར་བརྒྱད་པའོ། །བདག་ཉིད་ཡ་མན་ཏ་ཀར་བསྒོམས། །ཕུར་པ་སྒྲོལ་གིང་བདག་པོར་བསླབ། །ཟུར་བརྒྱད་ལས་ཀྱི་གཤིན་རྗེ་བརྒྱད། །བརྒྱད་བདུན་དག་ལ་བསེ་མོའི་ཚོགས། །དབལ་ལ་ཕུང་བྱེད་མ་མོ་གསུམ། །དེ་ལྟར་གསལ་བར་གྱུར་པ་དང་། །འབྲུབ་ཁུང་ལས་ཀྱི་མཎྜལ་དུ། །ལིང་ག་དངོས་སུ་གསལ་བ་དང་། །སྙིང་ཁ་དག་སྲོག་གི་གཞི། །ཁྲག་གི་དངས་མའི་ནང་ཤེད་ན། །སྲོག་གི་དངས་མ་ཡི་གེ་དྲི། །འོད་ཀྱི་དངས་མ་ཡིག་འབྲུ་གསུམ། །དེ་ལ་དྲི་ཉིད་ཛ་ཡི་བར། །དབུག་ཉིད་བར་བར་ཁྱིབས་ཁྱིབས་གནས། །དེ་ལ་དགོངས་པས་ཕུར་བ་དྲིལ། །དེ་ཡང་ཏིང་འཛིན་འདི་ལྟ་སྟེ། །དམ་ཚིག་ཉམས་པའི་སྔགས་པ་དེའི། །སྙིང་ཀར་བླ་མས་བསྟིམ་པ་ཡི། །ཡེ་ཤེས་སེམས་དཔར་ཞུགས་པ་ཉིད། །དམ་ཚིག་སྲོག་གི་ལྷ་ཡིན་པས། །དམ་ཚིག་བསྲུངས་ན་དངོས་གྲུབ་རྟེན། །ཉམས་ན་སྙིང་ཁྲག་འཇིབ་པའི་འདྲེ། །དེ་ལ་དམ་བདར་མཆོད་བཤགས་ལ། །དམ་ཚིག་ཉམས་པའི་གཤེད་དུ་གཏང་། །ལྕགས་ཀྱི་སྡིག་པ་མགོ་དགུ་པས། །སྙིང་རྩ་བརྒྱད་ནས་ཟ་བར་བསམ། །དེ་ལ་ཕུར་པ་གདབ་པར་བྱའོ། །ཡང་ནི་འོད་དང་འོད་ཟེར་ལས། །འགོ་བའི་ལྷ་དང་དབྱེ་བར་བསམ། །ཐ་མ་ལུས་སེམས་རབ་ཕུལ་ལ། །བཀྲག་དང་གཟི་མདངས་སྤུག་ཆུ་ཚུལ། །ཁོང་སེང་བྱང་ཆུབ་སེམས་པའི་ལམ་དོན། །ཡ་མ་རྭ་ཇོའི་སྤྱི་བོར་ཕྱུང་། །བྱང་སེམས་འདྲ་བ་བདག་ལ་བསྟིམ། །དེ་ཡང་དང་པོ་བྱིན་བརླབས་སེམས་དཔའ་གཤེགས། །གཉིས་པས་འགོ་བའི་ལྷ་ལྔ་དབྲལ། །གསུམ་པས་བྱང་ཆུབ་སེམས་སྤྱན་འདྲེན། །འབྱུང་བ་འདུས་པའི་ཕུང་པོ་དེ། །དེ་ནས་ཕུར་བས་དུས་གསུམ་གདབ། །བདག་དག་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཡབ་ཀྱི་སྔགས་ཀྱིས་སྙིང་ལ་གདབ། །ཨོ་ཙིན་དྷ་ཙིན་དྷ། ཧ་ན་ཧ་ན། ཏིབ་ཏ་ཙཀྲུ་ཧཱུཾ༷་ཕཊ། ཨོ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ༷་ཕཊ། ཆེ་གེ་མོ་ཤིག་ཨ་བེ་ཡ་ཤ་ཨོ་ཨོ། དགྲ་བོ་ཕྲོ་མ་ར་ལྭ། མ་ར་དུ་ཡུ་མ་སྙིང་། ཡ་མ་ཁྲག །ཚལ་པ་་བ༷་རིལ། དམ་པ་དུམ་བུ་དུམ་བུ་ཧཱུཾ༷་ཕཊ། དགྲ་བོ་ཆེ་གེ་མོ་མུ་ར་ཡ་རྦད། མཁལ་རྩ་གཡོན་ལ་རོ་ལངས་གདབ། །ཧ་ས་དྲི་ཤ་རཀྟ་ར་སེ་ཏ་ལི་ཧཱུཾ༷་ཨོ་ཨོ། ཕཊ་ཀ་མ་ར་ཡ་ཕཊ། ནག་མོ་རཀྟ་སྙིང་རྩ་ལ་ཡ། དགྲ་བོ་ཆེ་གེ་མོརྣ་མ་ར་ཡ་རྦད། མཁལ་རྩ་གཡས་ལ་ཛ་ཏི་མས། །ཨོ་བཛྲ་ཀི་ལི་ཀི་ལི་ཡ། མ་མ་ཨེ་ཀ་ཙ་ཏི། སྙིང་ཁ་རག་ཐུམ་རིལ་རྦད། ཤི་མཉུ་ཡ་མ་ར་ཛ་མ་མ་ཨེ་ཀ་ཏི་ཧྲི་དྷ་ཡ་ན། ཀྲོ་ཏི་ཤཱ་རི་སྙིང་ཁ་རཀ་ཙ་ལ་རྦད། དགྲ་བོ་ཆེ་གེ་མོ་མྱ་ར་ཡ་རྦད། སྒྲོལ་གིང་བདག་པོས་ཀླད་པ་ལའོ། །ཨོ་རྣལ་མ་རྣལ་ཏེ་སྲོག་ལ་རྔམ་གཤོལ་ལ། མེར་མེར་དཔྲིས་ལ་ཐུམས་ཐུམས་པྲིས་ཐུམས་ལྕགས་ཀྱི་སྐྲ། ཏྲི་ལིང་ཤང་ཀ་དུ། ཟི་ཟ་ཡག་ཤ་རྦད། ཕུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག་ཆེ་གེ་མོ་ནི་མྱ་ར་ཡ་རྦད། ཨོ་ཏ་ན་བཱ་ན།རྦད་ན་རྦད་ན། རྦད་ན་རྦུད་རྦད་ན་རྦུད། སྙོང་་།ས་ཤ་ཡ། བྲི་ལི་པྲི་ལི་ལི། ཡ་མ་སྙིང་ལ་ཡ། མགོ་ལ་ཡ། རྩ་ལ་ཡ། དབུགས་ལ་ཡ། དེ་ནས་བསེ་མོས་གནས་སུ་གདབ། །པུ་ཏྲི་ས་ཡ། དགྲ་བོ་ཆེ་གེ་མོ་ནི་ཤག་རྦད།བ་ར་ཙི་ཏ་ཆེ་གེ་ནི་ཤག་རྦད། བ་ར་ཙི་ཏ་ཆེ་གེ་ནི་ཤག་རྦད། ཡ་མ་ཙི་ཏ་ཆེ་གེ་དྲ་ཤག་རྦད། རུ་རུ་པེ་ཀ་ཏང་ཀ་ཏེ་སྨྱོ། ནི་ཤག་རྦད། རུ་རུ་པེ་ཛ་ཡེ་བི་ཛ་ཡ་སྨྱོ། ནི་ཤག་རྦད། རུ་རུ་བེ་ཨ། ཙི་ཏ་སྨྱོ། ནི་ཤག་རྦད། རུ་རུ་བེ་ཨ་པ་ར་ཙི་ཏ་སྨྱོ་ནི་ཤག །དེ་ནས་བློན་མོ་རྣམས་ཀྱིས་གདབ། །ཨོ་བཛྲ་།ད་ཀ་ར་མུ་ཏི་གྲི་རྣ། མུ་སྲི་གྲི་རྣ། ཀ་པི་ར་ཛ་ཡ་ཧཱུཾ༷་ཕཊ། ནི་ཤག་རྦད། ཨུ་བེ་ཤ་ཡ་ཕཊ། ནི་ཤག་རྦད། ཨ་ཕཊ་མེ་རི་ཀུན་དྷ་ལི་བ༷་ཐུམ།ནི་ཤག་རྦད། ཁྲག་ཏི་མ་རྭ་ཡ་ཕཊ་ནི་ཤག་རྦད། ལྕེ་སྤྱང་ནག་མོ་དག་དང་ནི། །བསེ་ཡི་སྤྱང་མོས་གནས་སུ་གདབ། བཛྲ་ཀ་ལི་མ་མ་སྨྱོ། ནི་ཤག་རྦད། བཛྲ་ཙན་དྷ་ཧ་ལ་ཧ་ལ་ཧཱུཾ༷། ནི་ཤག་རྦད། བཛྲ་ཙན་དྷ་ཙན་དྷ་ཧཱུཾ༷་དྲི་ཤག་རྦད། ཀྲོ་མ་ཙ་ལ། ཀྲོ་མ་ཛ་ལ་ཧཱུཾ༷་དྲི་ཤག་རྦད། མ་ར་ཛ་ཏྲ་མ་ར་ཡ་ཛ་ཏྲ་ཧཱུཾ༷་དྲི་ཤག་རྦད། དེ་ནས་སྲིན་མོ་བཞི་ཡིས་གདབ། །མུན་འོ།་དན་ཏི་སྨྱོ། ནི་ཤག་རྦད། ཕྲལ་ན་ཕྲལ་ན། ཧཱུཾ༷་ནི་ཤག་རྦད།ཕྲག་ནི་ཕྲག་ནི་ཧཱུཾ༷་ནི་ཤག་རྦད། ཕྲ་མོ་ཁ་ཕྲ་མོ་ཀ་ནི་ཤག་རྦད། སྲོག་གི་ཤན་པ་བརྒྱད་ཀྱིས་གདབ། །ཏྲག་རག་ཤ་ནི་ཤག་རྦད། མ་རག་ཤ་ནི་ཤག་རྦད། བ་རག་ཤ་ནི་ཤག་རྦད། མོ་རག་ཤ་ནི་ཤག་རྦད། བྱ་རག་ཤ་ནི་ཤག་རྦད། སུག་རག་ཤ་ནི་ཤག་རྦད། ཧེ་རག་ཤ་ནི་ཤག་རྦད། མགྲིན་རག་ཤ་ནི་ཤག་རྦད། སྙིང་རག་ཤ་ནི་ཤག་རྦད། དེའི་རྟིང་ཤུགས་སྒྲོལ་དྲག་སྔགས་གདབ། །བཛྲ་དྷ་ར་ཡི་བ་ཤག་རྦད། རྦད་ན་རྦད་མུ་ཁམས་མུག །ནི་ཤག་རྦད། དྷ་ར་ཡ་ནི་ཤག་རྦད། ཁ༷་རིལ་རྦད་ན་ནི་ཤག་རྦད། ཁུག་རྔམ་ནི་ཤག་རྦད། ཁྲོ་བོ་ཡང་སྙིང་དྲག་པོས་གདབ། །ཧ་ན་ཧ་ན་བཛྲ་ནི་ཤག་རྦད། ད་ཧ་ད་ཧ་བཛྲ་ནི་ཤག་རྦད། པ་ཛ་པ་ཛ་བཛྲ་ནི་ཤག་རྦད། མ་ཐ་མ་བཛྲ་ནི་ཤག་རྦད། ཛ་ལ་ཛ་ལ་བཛྲ་ནི་ཤག་རྦད། སུ་རུ་སུ་རུ་བཛྲ་ནི་ཤག་རྦད། མུ་རུ་མུ་རུ་བཛྲ་ནི་ཤག་རྦད། ཀ་ཏ་ཀ་ཡ་བཛྲ་ནི་ཤག་རྦད། ཛ་ཡེ་བི་ཛ་ཡེ་ནི་ཤག་རྦད། མ་ར་ས་ན་པྲ་མར་ཏ་ན་ཡེ་ཕཊ་འབྲུབ་པ་སྲ །དམ་ཚིག་བདག་པོས་ཡང་དག་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བསེའི་དམེ་ཕུར་ཆེན་པོའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དཔལ་འབར་ཆེན་པོ་དེས། །འཇིག་རྟེན་མགོན་ལ་འདི་སྐད་གསུངས། །རྡོ་རྗེ་ནང་སྨེ་བྱུང་བའི་ཚེ། །སྨེ་ཕུང་སྲོག་གི་སྤུ་གྲི་བཤད། །དང་པོར་བསྙེན་པ་རྫོགས་པ་དེས། །བན་དྷ་ནག་པོ་བསྒྲལ་བའི་ཕྱིར། །འབྲུབ་ཁུང་ནག་པོ་ཁྲུ་གང་བར། །གཟས་པ་པོའི་ལིང་ག་ལེགས་བཅས་ལ། །ཕུར་པ་ནག་པོ་ཆས་སུ་གཞུག །ག་འཁོར་ལོ་ཡུམ་གྱི་ལྟོ་བར་བཅས། །བདག་ཉིད་ཡ་མན་ཏ་ཀ་ཡི། །ཐུགས་ཀར་རོ་སྡུད་ནག་པོར་བསམ། །ཕུར་པའི་འཁོར་ལོ་རབ་སྣགས་ལ། །རོ་ལངས་དྲག་པོའི་འཁོར་ལོ་བསྐོར། །དམིགས་པ་དེ་ཉིད་རླག་པར་འཀྱུར། །དེ་ནས་ཡང་དག་བཤད་བྱ་བ། །བདག་ཉིད་ལྷ་རུ་གསལ་བྱས་ལ། །སྨེ་ཕུར་ནག་པོས་ལིང་ག་གསད། ་་ས་ཀར་ཉུངས་ནག་སྐེ་ཚེས་བྲབ། །དེ་ལ་ཡང་དག་ངེས་པའི་དོན། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཡ་མན་ཏ་ཀ་ཧ་ལ་ལྟ། །སྲིད་གསུམ་ཞབས་འོག་འདུས་པར་བསྒོམས། །ཞིང་གི་གཡང་གཞིའི་སྤྱི་ཙར་སྒོན། །སྦྲུལ་ཆུན་ཐུར་ལ་འཕྱང་བར་བྱ། །གཞིས་སྟེ་ཆས་རྣམས་མགོ་གཞུག་བཟློག །རུས་སྦལ་སྟངས་སུ་ཞིང་ལ་འདུག །སེང་ལྡེང་ལུབར་བ་ཧོང་ཚུགས་བྱ། །རྔམ་པའི་ང་རོས་མི་སྙན་འབྱུང་། །གདུག་པའི་སྔགས་བཟླས་སྒྱུགས་གླུ་བླངས། །མཚོན་ཆ་རྩེ་ནས་འཛིན་ལ་སོགས། །བཟློག་པའི་དམ་པར་ཡང་དག་གསུངས། །དེ་ནས་ཡང་དག་ངེས་གསུངས་པ། །ཨོ་ས་མཡུ། ཨུབྱམསྣྲུཤིཡམནཏཀ །ཡ་མ་རྭ་ཛ། མ་མ་ཨེ་ཀ་ཏི་ཛ་ཛ་མ་མ་སྲོག་ལ་བ༷་རིལ་རིལ ཡ་མ་བ༷་ཡ་མ་ཆུམ་ཐུམས་ཡ། ཡ་མ་སྲོག་ཐུན་སྙིང་རྦ་རིལ་སྨྱོ། ཡ་མ་ཀུག་ཐུན་མ་ར་ཡ་ཐུན་ཐུན། དགྲ་བོའི་ཙིརྟི་བྲེང་ཤག་ཛ། སྲོག་ལ་བྲེང་ཤག་མ་ར་ཡ་རྦད། ཅེས་ནི་སྟོང་ནི་ཕྲག་བརྒྱ་བཟླས། །དེ་ལ་མཚོན་རྟགས་སྟེར་བར་ངེས། །ལིང་ཀ་ཐོད་པར་འབྲུབ། །མཆོད་རྟེན་ནག་པོས་གཏད་བྱ་ན། །སྔགས་པ་ནག་པོ་རླག་པར་འགྱུར། །དཔལ་གཤིན་རྗེ་མར་ནག་འབར་བའི་རྨེ་རྒྱུད་ལས། སྨེ་ཕུར་སྲོག་གི་སྤུ་གྲིའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཔལ་འབར་ཆེན་པོ་ཡིས། །འཁོར་ལོ་བསྐོར་བའི་ལས་བཤད་པ། །གཞུང་དང་མཐུན་པར་ཡིད་འཐད་གཟུང་། །དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་འཁོར་ལོ་བརྒྱད། །ཕྱི་པ་ཟླ་གམ་ཐོད་འཕྲེང་ཅན། །རབ་ཏུ་མཁས་པས་བྲི་བར་བྱ། །དེ་སྟེང་དུར་ཁྲོད་རོ་རས་ལ། །བག་ཆུས་དཀར་རབ་སྦྱངས་ལ། །གོང་དང་འདྲ་བར་འཁོར་ལོ་བྲི། །ཡ་མ་བརྒྱད་ཀྱི་གསང་སྔགས་བྲི། །ཕྱོགས་བཞིར་བསེ་མོའི་སྲོག་སྙིང་བྲི། །མཚམས་སུ་དགུག་པའི་འཁོར་ལོ་བྲི། །རབས་ཆད་མོན་གྱི་ཐོད་པ་མྲ །དབུས་སུ་ཡབ་ལ་གཡས་གཡོན་ཡུམ། །དཔྲལ་བར་ཡ་མ་ར་ཙའི་སྔགས། །མཐའ་མ་བསེ་མོ་རྗེ་བློན་དང་། །ཡང་སྙིང་རྒྱལ་པོ་ཐམས་ཅད་བྲི། །རས་ཀྱི་དཀྱིལ་འཁོར་སྟེང་དུ་གཞག །དཀྱིལ་འཁོར་སྟེང་དུ་འཁོར་ལོ་ནི། །བེ་ཅོན་རལ་གྲི་རྒྱ་གྲམ་ཅན། །གསང་སྔགས་སྦྲེལ་བ་ཐྲི་དང་བསམ། །བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམས། །སྒྲོལ་གིང་བདག་པོ་མ་རུ་རྩེ། །བེ་ཅོན་འཁོར་ལོ་རབ་ཏུ་འཕེན། །མངག་པའི་ལས་བྱེད་གཞན་མ་བརྒྱད། །དམག་སྣ་འདྲེན་པའི་གྱད་ཆེན་བཞི། །དགུག་བྱེད་དམ་ཅན་ཕོ་ཉ་སྟོང་། །དེ་ལྟར་གསལ་བ་ཤིན་ཏུ་གཅེས། །ཆོས་ཀྱི་རྒྱལ་པོ་ལ་སོགས་བརྒྱད། །འཁོར་ལོ་འབྲུ་བཞི་ཐུགས་ལ་གནས། །སྔོ་ནག་ཡ་མ་འཁོར་བའི་ཚུལ། །ཉམས་པའི་ལུས་ལ་འཁོར་ལོ་འཕེན། །བསྟན་པ་འཇིག་པའི་དམ་སྲི་ལ། །རང་རྒྱུད་ལས་ཀྱི་གཤིན་རྗེ་བཞི། །སྤྱི་བོ་མགྲིན་པ་ལྟེ་བ་སྙིང་། །མིག་པོ་ཆེ་ལ་ཁ་ཡང་གདངས། །མཆུ་དང་སོ་སེན་རབ་ཏུ་རྣོ། །ཕྱི་ནས་དམིགས་ཀྱིས་བསྐུལ་བ་ཡིས། །ནང་ནས་རང་སྲོག་རང་གིས་གཅོད། །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །བདག་ཉིད་ལྷ་རུ་གསལ་བ་དེས། །མ་རུ་རྩེ་དང་ཤན་པ་བརྒྱད། །སྔགས་དང་ཏིང་འཛིན་འོད་ཀྱི་བཅུན། །དམིགས་པ་ཉིད་ལ་འཁོར་ལོ་འཕང་། །བདུད་སྔགས་རྩ་བཅད་འཕྲིན་ལས་བྱས། །ཉི་མ་བཞི་རུ་ཤེས་པར་བྱ། །ཡ་མ་རྭ་ཙ་ས་ཏྭ་མེ་ཡ། ཆེ་གེ་མོ་ཨ་མོ་ཁ༷་པྲ་མྱ་ར་ཡ། ཡ་མ་རྭ་ཛ་ཛ་ལ་ཆུམ། ཛ་རྩ་ར་ཛ་རྦད། ར་ཏྲིང་ཆུམ་རྩ་རྩ་ར་ཙ་རྦད། ཡ་མེ་དོ་བདག་པོས་ཡང་དག་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། །དྲག་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། ཁྲལ་བསྒྲུབ་དྲག་པོ་ཐུན་གྱི་ལས། །མཐིང་ནག་ཁྲོ་ཞལ་ལྔ་པ་ཡི། །ཞལ་ནི་གྲུ་གསུམ་གཏིང་དུ་བྲུ། །མདའ་གཞུ་གསུམ་བཅས་གཙང་མར་གཟུགས། །རབས་ཆད་མོན་ཐོད་མུ་སྟུ་ར་རྭ། །དྲག་པོ་ཐུན་གྱི་རྫས་བསགས་པ། །ར་ཁྲག་མི་ཁྲག་ཁྲི་ཁྲག་དང་། །ཕག་གི་ཁྲག་དང་མཆིན་པ་སྦྱར། །ར་དུག་བཙན་དུག་སྦྱང་དུག་དང་། །ས་དུག་ཤིང་དུག་སྣ་དགུ་བསག །འབྲས་དང་གྲོ་དང་ཏིལ་དང་ཁྲེ་ཡི་ཆང་། །དེ་དག་སྦྱར་ལ་དབུས་སུ་གཞུག །ས་ལུ་ས་ལུ། དུག་འདུ་ཁྲག་འདུ། བལ་ཕྱུར་བལ་ཕྱུར། ཆིལ་ཆིལ། རུག་རུག །སབ་སབ། ཐོད་པར་བྲུབས་ལ་དབང་ཡང་བསྐུར། །ཐོད་པར་ལྷ་ཚོགས་སྙིང་པོ་དགོད། །དེ་ལ་བཟླས་པའི་སྔགས་བསྟན་པ། །ཨོམཉུ་ཤི་ཡ་མུན་ཏ་ཀ་ཧཱུཾ༷། ས་མ་ཡུ། མཉུ་ཀུག་ཧཱུཾ༷། ཧ་ཧ་དམ་དམ། ས་མ་ཡུ་གུ་གུ་ཐུལ། ཡ་མན་བམ་རིལ་དེ་ཕྱི་ཐུམས་ཐུམས། །རྦད་རྦད་སོད་ཆོད་ཨོ་ཁ་བོ་ཤ །ཀ་ཏྲ་པེ་ཤ་བེ་ཤ་རུ་པེ་ཤ་ཀ་ཐུན། ར་ག་རག་ཏ།མ་ར་ཡ་ཐུན། ཙི་པི་རི་ཐུན། བྲ་ཨ་ནི་ཏྲི་ཐུན། ན་ག་མ་ཐུན། ཤུ་གྲ་རི་ཐུན། ཅེས་ནུབ་རེ་ལ་སྟོང་སྟོང་ཁྲི་ཁྲི་རབ་ཏུ་བགྲང་། །བུད་མེད་མང་པོ་བྱུང་བ་དང་། །མོན་དང་ཞུབ་ཅན་མང་པོ་འབྱུང་། །ཁང་བ་འཚེག་དང་འོད་དང་སྒྲ། །ཐུན་ནི་ཁོལ་དང་རླངས་པ་དང་ ། །གནག་དང་ལྦུ་བ་བྱུང་འཕར་བ་དང་ ། །སླ་དང་ཉུང་བར་གྱུར་པ་ན། །བཤགས་པ་བྱ་ཞིང་མ་ཉེས་བགྲང་། །དེ་ནས་འཕང་བའི་ལས་བྱ་སྟེ། །ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ། །དྲག་སྔགས་དེ་དག་བཟླས་པར་བྱ། །ཨོ༷་སུ་ཏྲི་ས་བཱ་ཡ་ཐུན། བ་ར་ཙི་ཏ་མ་ར་ཡ་ཐུན་ཡ། ཡོ་གི་ཤྭ་ར་མུ་ར་ཡ་ཐུན་ཡ། ཡ་མ་ཙི་ཏ་བཱ་ར་ཡ་ཐུན་ཡ། བཛྲ་མཧྭ་ཡག་ཤ་མྱ་ར་ཡ་ཐུན་ཡ་མུ་ར་ཡ་ཐོད་པ།སྙིང་ལ་ཡ་ཐོད་པ། རྣམ་ཤེས་མ་ར་ཡ་ཐོདཔ། གཟུགས་ཕུང་མྱ་ར་ཡ་ཐོད་པ། འཁོར་བཅས་མ་ར་ཡ་ཐོད་པ། དུན་ཏིང་མ་ར་ཡ་ཐོད་པ་། ཞེས་ནི་གནས་ལ་འཕང་བར་བྱའོ། །རྩ་རྒྱུད་རླག་པར་དཔའ་བོས་བཤད། །དཔལ་གཤིན་རྗེ་མར་ནག་འབར་བའི་རྨེ་རྒྱུད་ལས། དྲག་པོ་ཐུན་འབེབས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཇིག་རྟེན་མགོན་པོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྲོག་བདག་འབར་བ་ཆེ། །འཁོར་ལོའི་སྲོག་གི་ངོ་བོ་གང་། །དེ་ལ་བསྐོར་ལུགས་དུ་ཞིག་ཡོད། །ལས་ནི་གང་བྱེད་དཔེ་ནི་གང་། །ཞེས་ཞུས་པས། །དེ་ལ་ཡང་དག་བཤད་བྱ་བ། །འཁོར་ལོའི་སྲོག་གི་ངོ་བོ་དེ། །དོན་དམ་བརྗོད་ལས་འདས་པ་དེ། །ཀུན་རྫོབ་མིང་དངཡིགེལས། གཤིནརྗེའིསྲོག་གི་ངོ་བོ་ཡང་། །རྒྱུན་མི་འཆད་པར་འཁོར་ལོས་བྱ། །གནམ་ས་སྲིད་བའི་ལྷ་སྲིན་ཀུན། །མ་ལུས་འཁོར་བས་འཁོར་ལོ་ཡིན། །སྲིད་གསུམ་ལྟོ་བའི་གྲོང་ཁྱེར་ཡིན། །ཞེས་གསུངས་སོ། །བསྐོར་ལུགས་བསམ་ལས་འདས་གྱུར་ཀྱང་། །བསྒྲུབ་བྱ་བྱིན་བརླབས་འཁོར་ལོ་དང་།།དྲག་པོ་རང་གཤེད་འཁོར་ལོ་བསྐོར། །བསྒྲུབ་བྱ་དག་ལ་ཕྱི་ནང་གསུམ། །བསྐོར་ལུགས་བསམ་ལས་འདས་པ་ཡིན། །དེ་ཡང་འཆི་བདག་ཐོད་པའི་བསྒྲུབ་པ་དང་། །མ་དང་གཤིན་རྗེ་བསྒྲུབ་པ་དང་། །རོ་རས་ཡི་དགས་བསྒྲུབ་པ་དང་། །སྲོག་བདག་གཡང་གཞིའི་བསྒྲུབ་པར་གསུངས། །ཐོད་པ་ནག་པོ་མ་ར་ཡ། །ཐོད་པ་ནག་པོ་གནས་པའི་གྲོང་། །འཆི་བདག་ནག་པོ་གནས་པའི་གྲོང་། །དྲག་སྔགས་མཚོན་ཆ་གདུག་པའི་དཔལ། །དམ་ཉམས་རུ་ཏྲ་དམིགས་པའི་འབེན། །རབས་ཆད་ཐོད་པ་གཉིས་རྩལ་ལ། །འཆི་བདག་ཕོ་མོ་གཉིས་བྱས་ཏེ། །མེ་རླུང་འཁོར་ལོའི་ཚུལ་དུ་བྱ། །འཁོར་ལོ་རྩིབས་བདུན་ནང་དུ་བསྟན། །རལ་གྲི་དགྲ་ཡི་འབྲུ་བདུན་དགོད། །བསྒྲུབ་སྔགས་འདི་དག་རྒྱུན་དུ་བཟླས། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུན་ཏ་ཀ །ཡ་མ་མེ་དྷ་སྟེ། ར་ཛ་ས་ཏྭ། རུ་ན་ཎ་ཡོ་ནི་ར་ཡ་ཙ་ནི། དེ་ནས་དགྲ་བོའི་འཁོར་ལོ་བསྐོར། །དྲག་སྔགས་བདུན་པ་འདི་བཟླས་སོ། །ཡ་མ་མེ་དྷ་སྟེ་ནི་ཛ། དེ་ཡི་མཚན་མོ་མོས་སྔགས་དྲངས། །ཨོ་སམཡམཉུཤིཡམྱནཏཀ་ཡ་མ་ར་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ །མུ་ཏྲ་སྙིང་ཁ་རག་མ་མ་སྨྱོ་སྨྱོ། །ཉིན་མཚན་དག་ལ་ཁྲི་ཁྲི་དང་། །སྒྲ་དང་འོད་དང་འཅོ་མ་དང་། །མེ་དང་ཆུ་དང་རི་ཉལ་དང་། །ཁྱི་འགྱེད་པ་དང་རི་དགས་གཤོར། །འདེད་དང་འཛིན་དང་འཆིང་བ་དང་། །གསོད་དང་བརྡེག་དང་བཤད་བྱེད་དང་། །ཁྲ་དང་སྤྱང་ཁུ་གདུང་བ་དང་། །མོན་དང་ཞིབ་ཅན་བྱུང་བ་ན། །དེ་ཚེ་ལས་རྣམས་གྲུབ་པ་ཡིན། །འཁོར་ལོ་ལྔ་ལ་ཐུན་ལ་གཉིས། །ཉི་མ་བདུན་དུ་ལས་བྱས་ན། །ཟླ་བ་བདུན་ན་རླག་པར་འགྱུར། །དེ་ལ་མངོན་དུ་མ་གྱུར་ན། །སྔགས་པས་དམ་ཚིག་ཉམས་པ་ཡིན། །ཕྱིས་ནི་བསྒྲུབས་ཀྱང་རང་ལ་ལྡོག ཤེ་ས་འཁོར་ལོ་ལན་བདུན་བསྐོར། །ཧཱུཾ༷་ཡ་མ་སྟེ་དྷ་མེ་ཕཊ། སྲིད་པས་འདུས་པས་སེམས་ཅན་ལ། །ལུས་ལ་འཁོར་ལོ་གནས་པ་ན། །འཁོར་ལོ་ཞེས་ནི་དེ་ལ་བྱ། །འབྱུང་བས་བསྡུས་པས་སྨོས་ཅི་དགོས། །དཔལ་འབར་ཆེན་པོས་ཡང་དག་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །གཏད་པས་གཤིན་རྗེ་ཉིད་ལ་སྟེ། །དངོས་ནི་བྱེ་བ་གུང་རིངས་སོ། །ལྷ་ཁང་རོ་ཁུང་ནག་པོ་ཡིས། །སྦྲུལ་ལྕེ་བསྣོལ་ལམ་སྟག་གི་ཁ། །དེ་རུ་གཏད་མནན་ཐེབས་པར་བྱ། །དོན་ཡོད་གྲུབ་པའི་ཕོ་བྲང་གཏད། །དེ་ལྟར་བྱས་ན་སྨོས་ཅི་དགོས། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ཐོད་པ་ནག་པོ་འཆི་བདག་གི་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་དཔལ་འབར་ཆེན་པོ་དེས། །མ་གཏང་ཞིང་ལྤགས་བསྒྲུབ་པ་སྟོན། །མ་གཏང་ནག་པོ་སྔགས་པའི་གཤེད། །ལས་རྣམས་གྲུབ་པས་བྱ་བ་ལས། །ལས་འདི་སྔས་ན་རང་ལ་གནོད། །ཕྱིན་ཅི་ལོག་གི་ཙཀྲ་སྟེ། །ཞིང་ལྤགས་མི་ནི་རབས་ཆད་དམ། །མོན་པ་ནག་པོའི་པགས་པ་ལ། །དུག་ཁྲག་དག་གིས་འཁོར་ལོ་བྲི། །བདག་ཉིད་རོ་ལངས་ནག་པོར་བསྒོམ། །ལིང་ག་ཁྲག་དང་དུག་ཆུར་བྱུག །བསྙེན་པ་རྫོགས་པའི་རྣལ་འབྱོར་དེས། །གཟིར་བྱེད་དྲག་སྔགས་མགོ་ལ་དྲངས། །ཉིན་བཞི་ལས་ཀྱི་འཁོར་ལོ་བསྐོར། །དེ་མ་གྲུབ་པ་གཡས་ཀྱི་སྤོག །ལྷ་སྲིན་བཀུག་ལ་གནས་སུ་གཏད། །དེ་ལྟར་བཡས་ན་རླག་པར་འགྱུར། །དེ་ནས་ཡང་དག་ངེས་བཤད་པ། །ཨོ་ཨུ་ཀྲོ་ཏེ་ཀ་ཡ་མུན་ཏ་ཀ་ཀྭ་ལ་རུ་པ་ཛ། ཡ་ཨ་ཧྲི། ཡ་མ་ར་ནི་ཛ་ཡསྟེ་ཡ། ཡསྟེ་ར་ཡ་ར་ནི་ཡོ་ད་ཡ། ཡ་ད་ཡོན་རུ་དོ་མེ་ཡ། ཡ་མེ་དོ་ས་ཛ་ར་མ་ཡ། དྷི་ཏེ་ཨེ་ཀྲིན། ཨ་ནེ་ཨ་ནེ། ཆེ་གེ་མོ་སྙིང་ཁྲག་རྩ་ལ་ཡ་མུ་ར་ཡ་ཕཊ། དྲག་པོ་ངན་སྔགས་ཀླད་དུ་གྲང་། །ཡ་མ་དྷ་སྟེ། མ་མེ་དྷ་སྟེ་ཡ། དྷ་ཁྲེ་ཡ་མེ་མ། སྟེ་ཡ་མ་མེ་དྷ་ཡ་མ་དུ་རུ་ར། ཙ་ཤ་ན་ཡ། མུ་ཀ་ཡེ། ཨ་པ་ཡེ་ཡ་ཀ་པ་ཡེ། དྷི་དྷ་ཡེ། ཧ་ལ་ཡེ། ཆེ་གེ་མོ་མྱག་བ༷་རིལ། པྲ་མ་ཡ་རྦད། ཉི་མ་དང་པོའི་སྔགས་སུ་ཤེས། །ར་ཛ་ཏོ། ཛ་ས་རྙོ་ར། རྙོ་ར་ཛ་དྷ་ཡ། ཡ་མ་དུ་ཤ་ཛ་ན་མ། མུ་ཀ་ཡེ། ཨ་པ་ཡེ། ཀ་པ་ཡེ། པྲི་དྷ་ཡེ་ཧ་ལ་ཡེ། ཆེ་གེ་མོ་མྱོགས་བམ་རིལ། མུར་ཛ་ཡ། རྦད་ཡ། ཉི་མ་གཉིས་པའི་ལས་ཡིན་ནོ། །རུ་ན་ཡོ་ནི། ན་ཡོ་ནི་མྲ ཡོ་ནི་རུ་ན། ནི་ཏུ་ན་ཡོ། ཡ་མ་དུ་རུ་ར་ཛ་ཤ་ན་ལ། མུ་ཀ་ཡེ། ཨ་ས་ཡེ། ཀ་ས་ཡེ། བྲི་དྷ་ཡེ།འཁོར་ལོ་བཅས་པ་དེ། །མཆོད་རྟེན་ཁྲུ་གང་འོག་ཏུ་གཏད། །ཀླུ་ཡི་ས་འམ་དུར་ཁྲོད་གནས། །རྩ་རྒྱུད་རླག་པར་དཔའ་བོས་བཤད། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། མ་ཏང་སྨེ་ནག་ལས་ཀྱི་འཁོར་ལོ་རོ་ལངས་ནག་པོའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་འབར་ཁྲོ་བདག་རྗེ། །དུར་ཁྲོད་རས་ལ་བསྒྲུབ་པ་བསྟན། །དུད་ཁྲོད་རས་ལ་འཆི་བདག་གཟུགས། །ཁ་བགྲད་མིག་བཟློག་མཆེ་བ་གཙིགས། །ལག་ན་དབྱུག་པ་ནག་པོ་ཐོགས། །དེ་འདྲ་ལྟོ་རུ་འཁོར་ལོ་བྲི། །རབ་ཏུ་གནས་པའི་ཆོ་ག་བྱ། །འཁོར་ལོ་རྩང་མར་ཁ་ལ་འགྲམ། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །ཡ་མ་གནས་པའི་མཎྜལ་བྲི། །ཆག་ཆག་ཐིག་དང་ཚོན་བཀྱེ་ལ། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །འཁོར་ལོ་ནག་པོ་དཔལ་ཁ་དམར། །བར་ཁྱམས་གནམ་ལ་ཟླ་གམ་དམར། །སྒོ་རིགས་ཏེ་ག་རུས་པས་བྱ། །རིག་པ་ཅན་གྱི་ལྷ་བཀོད་དེ། །དམར་ནག་འཆོལ་བའི་ལས་མཆོག་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །འཁོར་ལོ་དམིགས་པས་བསྐོར་བའི་ཚེ། །ཡིག་འབྲུ་སུམ་ཅུ་རྩ་དྲུག་ལ། །ཉིན་པར་འགུག་དང་རྩ་རྣམ་ཁྲོ། །མཚན་མོ་གསོད་དག་ཤ་ཁྲག་ཟ། །དྲག་པོ་འཁོར་ལོའི་དྲག་སྔགས་སོ། །ར་ཛ་ས་དོ་རུ་ན་ཡོ་ད་ཡ། ཆེ་གེ་མོ་ཨ་མུ་ཁ༷། པྲ་མ་ཡ་ཧཱུཾ༷་ཕཊ། དོ་རུ་ཎ་ཡོ་ནི་ར་ཡསྟེ་ཡ། ཆེ་གེ་མོ་ཨ་མུ་ཁ༷་མུར་ཛ་ཡ་ཧཱུཾ༷་ཕཊ། ཡོ་ནི་ར་ཡ་ཛ་ནི་ར་མ་ཡུ། ཆེ་གེ་མོ་ཨ་མུ་ཁ༷་རག་ཏ་ཛ་ར་ཡ་ཧཱུཾ༷་ཕཊ། ཡ་ཛ་ནི་རྭ་ཛ་ར་དོ་མེ་ཡ། ཨོ་ཆེ་གེ་མོ་ཨ་མུ་ཁ༷་མ་ར་ཡ་ཧཱུཾ༷་ཕཊ། མཚན་ནི་བསེ་མོའི་དྲག་སྔགས་དང་། །ས་མ་ཡ་དང་ཁྲག་སྒྱུག་བཟླས། །ཡང་སྙིང་ཐུགས་ཀྱི་རྒྱལ་པོ་བརྡེག །ཡང་དག་དཔའ་བོས་བླ་མེད་གསུངས། །དེ་ནས་ཡང་དག་བཤད་བྱ་པས། །ཉིན་བཞི་དྲག་སྔགས་འདི་བཞིན་བཟླས། །འཇིག་རྟེན་དབང་ཆེན་གཤིན་རྗེ་དང་། །གདུག་བྱེད་ཤན་པ་མང་པོའི་ཚོགས། །བཙན་གྱི་ཇག་པ་འཆས་པ་ལྟར། །འཇིག་རྟེན་ཁམས་ཀུན་ཁེངས་པར་བསམ། །མོ་འཁོར་གཡོན་ནས་འཁོར་ནས་ནི། །འགུག་བྱེད་རླུང་ནག་འཁོར་ལོ་ཡིན། །ར་ཛ་ས་དོ་རུ་ཎ་ཡོད་ཡ། དྷི་རུ་ན་ཡ་ནི་ར་ཡསྟེ་ཡ། ཡོ་ནི་ར་ཡ་ཛ་ནི་ར་ཛ་ས་དོ་མེ་ཡ། མཚན་བཞི་དྲག་སྔགས་འདི་ལྟར་བསྐོར། །གདུག་བྱེད་གཤིན་རྗེ་ནག་པོ་དང་། །སྒྲོལ་གིང་སྲོག་བདག་དམར་པོ་དང་། །དབང་ཆེན་སྲིད་གསུམ་མ་མོ་དང་། །ཁྲམ་ཐོགས་གྲི་ཐོགས་བདུད་དང་གིང་། །བདུད་ཀྱི་ཤན་པ་སྲོག་གཅོད་ལྷར། །ཁྲག་དང་ཤ་ལ་རོལ་པར་བསྒོམ། །སྔགས་ཀྱང་དྲག་ལ་འདྲིལ་བ་དང་། །རི་རྒྱལ་རྦབ་དང་གནམ་ལྕགས་ཐོགས། །སྤུ་གྲི་སོ་དང་འདྲ་བར་བསམ། །ར་ནི་ཛ་ཡ་ར་ནི་ཡོ་ད་ཡ། ཏོ་ས་ཛ་ར་ན་ཛ་ཡསྟེ་ཡ། ཡོ་ན་རུ་ཏོ་ས་ཛ་ར ཡ་མ་ཡ་ར་ནི་ཡོ་ནི། རུ་ཏོ་མེ་ཡ། མིང་དང་སྤུ་གྲི་གདགས་ཡིག་ནི། །འདི་ལྟར་བཟླས་པ་དཔའ་བོས་བཤད། །ཆེ་གེ་ཨ་མུ་ཁ༷། སྙིང་བ༷་རིལ་རྦད་ཡ། ཆེ་གེ་མོ་དྲི།ཨ་མུ་ཁ༷་རུ་ཏ་ནན་ཁ༷་ཏི་རྦད་ཡ། ཆེ་གེ་མོ་དྲི་ཨ་མུ་ཁ༷། ར་མ་ར་ཡ་ཁ༷་དུ་རྦད་ཡ། ལས་རྣམས་རྫོགས་པར་འགྱུར་བ་དང་། །ལིང་ག་འཁོར་ལོ་ཐོད་པར་བྲུབ། །ཡི་ཧྲི་རྨྱི༷བི་ཀྲི་ཏྭ་མོན་དང་དགྲ་བོ་མ་ར་ཡ་དུ་ཛ། ཨོ་ཧྲིསྐྱི༷༷ཝི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་ཡ་ནན། གཏད་ཁྲམ་ལས་ནི་འཐེབས་པར་བྱ། །སྒྲོལ་གིང་གཤིན་རྗེ་དམར་པོ་དང་། །བསེ་མོ་ཚོགས་ཀྱིས་ཐུན་ཡང་བྲབ། །དྲང་སྲོང་དམོད་པ་རྫོགས་པ་དང་། འཕྲིན་ལས་བྲོ་གཟིར་ཕོ་བྲང་དང་། །དམ་ཚིག་བདག་པོས་རབ་ཏུ་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ཡི་དགས་གཤིན་རྗེ་རོ་རས་ནག་པོའི་ལེའུ་སྟེ་བཙྭ་ལྔ་པའོ།། །།དེ་ནས་དཔལ་འབར་ཁྲོ་བོ་ཡི། །གཡང་གཞི་ནག་པོའི་ལས་འདི་བཤད། །སྔགས་པ་ནང་འབྲས་འབྱུང་བ་འམ། །ལས་རྣམས་བརྐུག་པས་བྱ་བ་ཡིན། །ཐོག་མར་བསྙེན་པ་རྫོགས་པ་དེས། །དྲག་པོའི་ལས་འདི་མཐར་བྱ་བ། །དྲག་པོས་འཁོར་ལོ་མ་བྲིས་ཀྱང་། །གཤིན་རྗེ་ཉིད་ཀྱི་ཐུགས་ལ་གནས། །མི་འཇིགས་དཔའ་བོ་བརྟུལ་ཞུགས་ཀྱིས། །དུར་ཁྲོད་ས་ལ་མཎྜལ་བྱ། །ཐིག་བཞི་བཏབ་པས་ལེ་ཙེ་དགུ། །ཕྱི་རིམ་ལ་ཙེ་བཅུ་གཉིས་ལ། །ཡེ་གེ་མཁས་པས་དགོད་པར་བྱ། །ལྕགས་སམ་ཤིང་ནག་ཕུར་པ་དགོད། །དཔལ་ཆེན་གཏོར་མ་དགོད་ཅིང་བརླབ། །ཡ་མྱན་ཏ་ཀ་ལ་སོགས་པ། །དྲག་པོའི་གཏོར་མ་རྒྱུན་དུ་དབུལ། །ཐུན་གྱི་འཁོར་ལོ་འབྲུབ་ཁུང་དུ། །ར་གྲི་ཐོགས་དམར་པོས་ཁྲིད། །རྒྱ་མཚོའི་རླུ་་གི་བར་དག་ཏུ། །ལྕགས་ཀྱི་ཁང་རོམ་འབར་བ་སྲ །སྒྲོལ་བདག་བདུད་ལ་གཏད་པར་བསམ། །རི་རབ་ཆེན་པོ་ཉིད་ཀྱིས་མནན། །ཡེ་ཤེས་ལྷ་ཚོགས་བྲོ་ཡིས་གཟིར། །ཅེས་དམ་ཚིག་བདག་པོས་རབ་ཏུ་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གཤིན་རྗེ་སྲོག་བདག་གཡང་གཞིའི་འཁོར་ལོ་ནག་པོའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འཇིགས་བྱེད་འཁོར་གྱི་གཙོ་བོ་དེས། དཔལ་འབར་ཆེན་པོ་རྔམ་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་དང་ལ་འབར་ཆེན་པོ་ལགས། །ཕྱི་རབས་བསྟན་པ་བསྲུང་བའི་ཕྱིར། །དམོད་པ་དྲག་པོའི་གསང་སྔགས་གང་། །ཞེས་ཞུས་པས། ལེགས་སོ་འཇིག་རྟེན་མགོན་པོ་ཉོན། །སྲོག་བསྒྲུབ་གསང་བ་ཐུགས་ཀྱི་བཅུད། །སྲོག་རྟེན་བཅའ་ཞིང་གནོད་སྦྱན་སྟེན། །བླ་འགུག་འགོ་བའི་ལྷ་དང་དབྱེ། །པེ་ཅོན་རྩང་ཕུར་ཐུན་གྱིས་གསད། །སྲོག་གཤེད་ཤན་པ་གྲི་ཐོགས་རྦད། །སྒྲོལ་གིང་བསེ་ཡི་གྱད་ཆེན་རྦད། །བན་རྙེ་བོན་པོ་མུ་སྟེགས་དང་། །བུད་མེད་སྡིག་རྟག་འཁོར་བ་ན། །གསད་པའི་ལས་དྲུག་ལས་ལ་སྤྱར། །སྒྲོལ་གིང་དམར་པོ་མཆེད་བཞི་ལ། །གནོད་སྦྱིན་ཕོ་མོ་ཐམས་ཅད་བསྐུལ། །དེས་ཀྱང་མི་འདུལ་གང་ཡང་མེད། །དེ་ནས་ཡང་དག་བཤད་བྱ་བ། །དུད་ཁྲོད་འཇིགས་པའི་གནས་དག་ཏུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་དང་འཁོར་ལོ་བཞི། །ཟླ་གམ་དམར་ནག་བརྒྱད་ཀྱིས་མཛེས། །འཁོར་ལོ་ཟླ་གམ་ཡིག་མཚོན་ཏེ། །རིག་པ་ཅན་གྱི་ལྷ་གྲངས་དགྲམ། །ཕུར་བ་ལ་སོགས་ལྷ་རྫས་དགྲམ། །བསེ་འཁོར་བཅས་ལ་མངའ་ཡང་གསོལ། །གཏོར་མ་གསུམ་དང་མཚོ་བཞི་བཅའ། །ཁྲག་འཐུང་གཏོར་མའི་གཟེར་ཡང་བཅའ། །སྲིང་མོ་གསུམ་གྱི་རྫས་ཀྱང་བཞག །རོལ་པོ་ལྟེ་ཀར་དགྲ་ཡི་གཏེར། །སོ་སོའི་སྲོག་གི་རྐང་རྫས་བྱ་། །ནག་པོ་སྤྱི་དཀར་གཤིན་རྗེ་ལ། །བྱ་མོ་རྔུལ་ཐིག་རོ་ལངས་མ། །རྒྱ་མཚོ་གསེར་ཟམ་ཏི་ལ། །གིང་ལ་མི་ཡི་ཙིསྟས་བསྐང་། །སྨུག་མོ་མོན་མགོ་སྤྱང་མུན་ལ། །དམར་མོ་སྦྲུལ་མགོ་ཤུ་ལན་གྱི། །སེར་མོ་འུག་མགོ་ཙ་མུན་གྱི། །དཀར་མོ་ཟངས་མགོ་ཀེག་མུན་གྱི། །དེ་དག་སྲོག་གམ་མདངས་ཀྱིས་བཀང་། །ཡང་ན་སླུག་པོ་བ་ལག་གོ །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །ཏིང་འཛིན་རིམ་དང་ཆུ་བུར་ཚུལ། །དབང་ཆེན་གཞལ་ཡས་གདན་སྟེང་དུ། །བདག་ཉིད་ཡ་བཱན་ཏ་ཀ་ནི། །དབུ་གསུམ་ཕྱག་དྲུག་ཞབས་དྲུག་བགྲེད། །སྔོ་དང་མཐིང་དང་ལྗང་ནག་ཞལ། །བེ་ཅོན་དགྲ་སྟ་རལ་གྲི་དང་། །སྡིགས་མཛུབ་ཁ་དང་བན་དྷ་དམར། །བདུད་དང་མ་ཧེའི་གདན་ལ་བཞུགས། །ཁྲེ་དང་སྭ་དང་ཡ་ལས་ནི། །ཡུམ་སྲས་བ༷་ཆེན་གདན་ལ་བཞུགས། །ཁང་ལས་མཚོ་བཞི་ཡིས། །སྐུ་གསུང་ཐུགས་དང་འཕྲིན་ལས་དང་། །དེ་ཡི་ཕྱི་རིམ་སྨྱོ་ཛི་ལས། །ཀློན་མོ་དབང་ཕྱུག་སྒྲོལ་གིང་ཚིགས། །དཔག་ཏུ་མེད་པས་བསྐོར་བར་བསམས། །ཆོས་ཉིད་ངང་ལས་སྐུ་བཞེངས་ལ། །སོ་སོ་ཕོ་བྲང་དམ་པ་ནས། །སྤྱན་དྲངས་ཕྱག་བཙལ་བཞུགས་པ་དང་། །མཆོད་བསྟོད་བཤགས་པ་ལ་སོགས་བྱ། །དེ་ནས་བཟླས་པ་བརྩམ་པར་བྱ། །གཤེད་པོ་ལ་སོགས་ཐུགས་ཀ་སྲ ཁུ་ལས་རང་སྔགས་འཁོར་ལོ་ཚུལ། །ཨོ་ཟ་མ་ཡ་ཤི་མཉུ་ཡ་མན་ཏ། ཡ་མ་ར་ཙ། མ་མ་ཨེ་ཀ་ཛ་ཏི་ཛ་ཛུ། ་ག་རག་ཤ་མུ་ཏྲ་ཁ་མུན་རུ་ལུ་རུ་ལུ་སྦྱོ། ཨོ་ཤི་མསྣྲུ་ཡ་མ་ར་ར་ས་དོ་མེ་ཡ། ཡམ་ཡ༷་ཐུམས་ཐུམས། །གཤིན་རྗེ་ནག་པོ་སྙིང་ཁྲག་ལ་བདུན་སྨྱོ། མ་རུ་རྩ་ཛ་ལ་ཧུར། དབུགས་ལ་ཐུམས། སྲོག་ཡམ་ཡམ་ཛ་ཛུ། ཨོ་སུ་ཏྲི་བ་ཡ། བ་ར་ཙི་ཏ་ཡོ་གི་ཤ་ར། ཡ་མ་ཙིསྟ་ཧཱུཾ༷་ཕཊ་སྲུཧྭ། རྟག་པའི་རྣལ་འབྱོར་བླ་མེད་བརྩོན། །ཀྲི་ལིང་ཤང་ཀ་དུ། དྲི་ཟ་ཡག་ཤ་རྦད་སུ། པྱེ་མ་ཁ་འདར། རུ་རུ་པྲ་པྲ་དུ༷་དུ༷་ཤིག་ཤིག་དགྲ་བོ་མ་ར་ཡ། རྩ་རྩ་རྭ་ཛ་བོད། ཀྱི་ཀྲིད་སྟ་ཁྲིད་རོ་ལ་ཁྲག་འཐུང་། །ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཙིན་དྷ་མ་རོ་ལ་ཁྲག་འཐུང་། །ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཤ་ཟ་བའི། སྙིང་འབྱིན་པའི། ཁྲག་འཐུང་བའི། དབུགས་འཕྲོག་པའི།སྲོག་གཅོད་པའི། སྙིང་ཟའི་ཙ་ཏ་ཡ། མ་རག་ཤ་ཨ་ཏང་པར་ལ་ཏོ། ཁྲ་ལ་ཀྱི་སྤྱང་ཀྲ་ཧེ་ཀྲ་ཧེ་ཧཱུཾ༷་ཕཊ། ཉིན་མཚན་མ་ནོར་དྲག་པོའི་མདའ། །སྲོག་ནི་ཏིང་འཛིན་བསྟན་པ་སྲ །དམ་ཚིག་བདག་པོས་རབ་ཏུ་བཤད། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྲོག་ལ་ཤན་པ་དགྱེ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་དཔལ་འབར་དེས། །འཇིག་རྟེན་གྲགས་པ་དབང་བསྡུས་ལ། །དགྲ་བོ་ཁྲམ་ལ་གདབ་པའོ། །དྲག་པོ་ལས་ཀྱི་གཟེར་ཀ་གཟུང་། །ལྷ་སྲིན་ཕོ་ཉ་འཐབ་བཞིན་དུ། །བྱ་རོག་འུག་པའི་ལས་བྱ་ཞིང་། །ལྷ་སྲིན་དབང་དུ་སྡུད་པའི་ཕྱིར། །བདག་ཉིད་སྒྲོལ་གིང་བདག་པོ་བསྒོམ། །ཕོ་ཉ་བཀུག་ལ་ཙི་བི་རི། །ལྷ་སྲིན་དབང་དུ་བསྡུ་བའི་ཕྱིར། །ཨོ་ཡ་མུན་ཏ་ཀ་ཡ་མ་རྭ་ཙ་བཛྲ་དུན་སྤྱོ། ཨུརུ་བྲི་སྲིག་སྦ་ཛ་ཛ་ས་་མ་ཡ་སྟོམ། དེ་ནས་གུ་གུལ་ལ་སོགས་པས། །འགོ་བའི་ལྷ་རྣམས་རིམ་པར་དབྱེ། །དབྱེ་བའི་སྔགས་རྣམས་བཟླས་པའི་ཚེ། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཡིས། །སྣང་སྲིད་བཀང་ནས་ལྷ་སྲིན་དཀྲུགས། །འགོ་བའི་ལྷ་རྣམས་བཀྲག་པར་བསམ། །གུ་གུལ་དུད་པ་དྲག་པོ་དེས། །འགོ་བའི་ལྷ་ལ་ཕོག་པར་བསམ། །ཨོ་ལ་དུ་ས་མ་དུ། ཧུ་ལུ་ལི། མྱོས་ན་དག་ལ། གཟེར་ན་ཡ། ཨ་ནི་་ག་རག་ཤ་མ་ར་ཡེ་ཕྱེ། །དེ་ནས་ཕོ་ལྷ་ལ་སོགས་པ། །རྫས་དང་སྔགས་ཀྱི་རིམ་པ་དབྱེ། །སྤྱི་རུ་དབྱེ་ན་འདི་ལྟར་རོ། །བྱ་རོག་འུག་པའི་གོང་རུ་ལ། །ལྷ་དང་དགྲ་ཡི་མིང་བྲིས་གདགས། །ལིང་ཀའི་མདུན་རྒྱབ་དག་ཏུ་ཡང་། །བྱ་རོག་འུག་པའི་མཚོན་གྱིས་བཀྱིག །གུ་གུལ་དུད་པ་རྒྱུན་དུ་གཏང་། །དེ་རྗེས་ཕོ་ཉས་དྲག་ཏུ་དགུག །བསྟིམ་དང་གདུང་པའི་ལས་དག་བྱ། །དེ་ནས་ར་སྒྲལ་ལིང་ག་སྙིང་། །ར་ཡི་རྫས་རྣམས་ཆས་དགོས་ལ། །ཐུན་དང་སྲེག་དང་མནན་པ་བྱ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། དྲག་པོ་ཤུགས་སྒྲོལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་བེ་ཅོན་དྲག་པོ་ཆེ། །འདི་ཡི་བེ་ཤིང་འཁར་བ་ལ། །ཡི་དམ་ལྷ་ཚོགས་སྔགས་བྲིས་ལ། །རྟག་ཏུ་ལག་ཏུ་མི་འབྲལ་བར། །མི་རྒོད་བྱ་ཞིང་བགྲོད་དཀར་འགྲོ། །དགྲ་འམ་བགེགས་ཀྱི་བར་ཆད་སེལ། །སྙིང་པོ་འདི་དག་དྲག་ཏུ་བཟླས། །ཨོ༷་ཐྲི༷༷མསྒྲུ་ཡ་མ་རྭ་ཛ། ཨུ་ཤཱ་ནན། བྷན་དྷ་ནན། གུ་ཏྲང་གུ་ཏྲང་། བ་ཤན་མུ་ཏི་མ་ར་ཡ་རྦད། ཁྲོས་ན་ལྷ་ཡང་རླག་པར་བྱེད། །འཇིག་རྟེན་མགོན་པོས་ཡང་དག་གསུངས། །དེ་ནས་ཡང་དག་ངེས་བཤད་པ། །ཤི་ཤིང་ནག་པོའི་ཕུར་པ་ལ། །རྨེ་བདུད་སྣ་ཚོགས་བདུད་བྱས་ལ། །དྲག་སྔགས་བཟླས་ཤིང་གདབ་ལས་བྱ། །གནན་པའི་ཡང་སྙིང་ལས་ལ་འཇུག །སྒྲོལ་གིང་བདག་པོའི་སྲོག་སྔགས་ཡིན། །སྔགས་པ་ནང་འགྲས་བྱུང་བའི་ཚེ། །གྲོ་ག་ཤོག་ཤོག་རས་དག་ལ། །དགྲ་བོ་དེ་ཡི་ལིང་ག་བྲི། །གྲུ་གསུམ་གཏིང་དུ་ཁ་སྤུབ་ལ། །དྲག་སྔགས་འདི་དག་ཁྲི་ཕྲག་གསུམ། །རྫོགས་སོགས་ཁྲི་ཕྲག་བཏབ་ལ་གཞག །འཇམ་དཔལ་དམར་པོས་མནན་པར་བསམ། །དེ་ཡི་སྟེང་མཆོད་རྟེན་ནག་པོ་མནན། །ཨོ་བཛྲ་ཀི་ལི་ཀི་ལི་ཡ་ཧ། སྙིང་ལ་ཐོ་རམ། རག་ཤ་སྙིང་ལ་རྦད། ཙ་པ་ལ་ནན། ཁྲག་ཐུམ་རལ་རྦད། རོལ་རྦད། ཁྲེ་ལ་མ༷་ཁུག་ཐུ༷་རིལ་རྦད། རོལ་རྨུགས་ཐུ༷་རིལ་རྦད། ནི་མ་ར་ཡ། མ་ར་དུ། སྙིང་ཚལ་པ་ཤག་ཤ་ནན། ཧ་ར་ཧ་ར། ཀྟ༷་ཀྟ༷་དགྲ་བོའི་སྲོག་དབུགས་སྙིང་ལ་ཡ། ནང་ཁྲོལ་སྨད་ལྔ་ལ་ཡ། ཕུང་པོ་རྣམ་ཤེས་ལྔ་ལ་ཡ། གང་ལ་དམིགས་པ་རྩ་རྒྱུད་རྩག །དེ་ནས་ཡང་དག་བཤད་བྱ་བ། །རྩང་དམར་ཉི་ཤུ་རྩ་གཅིག་ལ། །དྲག་པོའི་རྩང་དམར་བདུན་འགྲབས་ལ། །དབང་ཕྱུག་ལ་སོགས་སྲིང་མོ་ཡིས། །འབྱུང་བ་ཤིགས་ཤིང་ཕུང་པོ་འཇོམས། །དགྲ་བོའི་ལིང་ག་བྲི་ཞིང་བསམས། །ཁྲག་རྟེན་མཆིན་པ་དྲོད་རྟེན་མཆེར། །དབུགས་རྟེན་གློ་བ་ས་རྟེན་མཁལ། །དེ་རྣམས་སྙིང་ལས་གྱེས་པ་ཡིན། །ལན་བདུན་གདབ་ཅིང་རྒྱུན་དུ་བཟླས། ལིང་ག་དོང་གི་ནང་དུ་གཞུག །ཧེ་ཐུམས་ཧེ་ཐུམས་ལིང་ལིང་སོད་སོད། བྱིན་ཚིག་ལིང་སྲོད་སོད་སོད། ཀུ་བྱིང་ལིང་ག་ལིང་སོད་སོད། ས་འཁོར་ས་འཁོར་ལིང་སོད་སོད། ཐུན་ཕོབ་སོད་སོད། སོད་སོད། ཤིག་ཤིག །རྩང་གིས་གཙང་ལ་ཐོད་ངན་བླུགས། །དྲག་སྔགས་ཁྲི་ཕྲག་དྲུག་བཟླས་བྲབ། །སྲི་མོ་ཁྲོས་འདྲར་གཏད་པ་ན། །རྩ་རྒྱུད་རླག་པར་དཔའ་བོས་བཤད། །དེ་ནས་ཡང་དག་བཤད་བྱ་བ། །ར་རོག་བསྒྲལ་བའི་སྙིང་ཁྲག་དེ། །ར་སྙིང་ནང་ངམ་ར་ཐོད་བླུག །ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ། །སྔགས་འདི་བཟླས་ཏེ་ཡུལ་མཁར་འཕང་། །ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡག་ཤ་རྦད་སུ།ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག །དགྲ་བོ་མ་རྭ་ཡ། ཏིང་ས་ཐུན། །ཏིང་ལིང་ཤང་ཀ་ཐུན། འབུམ་ཁྲི་སྟེ་ནི་བ༷་འདུ་ས་ཏྲི། ར་ཏྲི་ཆུམ། བླ་ཏྲི་ཤིག །སྙིང་ཁྲག་རྦད། ལས་ཀྱི་ཁྲག་ཐུན་གསང་བའི་གཏེར། །ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ཡོ་མ་ཐུན་གྱི་ལས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་འབར་བ་དེས་སྲོག་གཤེད་དྲག་པོའི་ལས་འདི་གསུངས་སོ། །བྲག་དམར་སྟག་གཟིག་འདྲ་བའི་གནས། །ནགས་ཚལ་ཐུག་པའི་གནས་ཕྱིན་ལ། །སྲོག་ལ་ཆན་པ་གདབ་པའི་ལས། །རབས་ཆད་ཐོད་པ་ནག་པོ་ལ། །རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་ལ། །ཧྲི་སྟི་བཞི་ཡི་སྔགས་ཀྱིས་བསྐོར། །ནང་དུ་འཁོར་ལོ་རྩིབས་བཞི་ལ། །དྲག་སྔགས་བཞི་པས་མཚན་པར་བྲི། །དབུས་སུ་གྲུ་གསུམ་ལིང་ག་གཞག །འབྲུབ་ཁུང་གྲུ་གསུམ་སྲིང་སྲིངས་ལ། །སྐར་ཁུང་བཏོད་ལ་རྩང་གིས་བསྐོར། །བདག་ཉིད་ཡ་མུན་ཏ་ཀར་བསྒོམས། །ཁྲག་དང་དུག་དང་ལྕགས་ཕྱེ་དང་། ་་ས་ཀར་ཉུངས་ནག་སྐེ་ཚེས་བྲབ། །ཨོ་ཤི་མཉུ་ཡ་མ་རྭ་ཚ་མ་མ་ཨེ་ཀ་ཛ་ཏི་ཛ། དེ་ལ་རྒྱན་གྱི་ལས་རྣམས་བྱ། །དེ་ནས་དྲག་ཏུ་ལས་བྱེད་དུས། །དྲག་སྔགས་འདི་དག་བཟླས་ཤིང་བྲབ། །ན་མོ་རད་ན་ཏྲ་ཡུ་ཡ། ན་མོ་བེ་ཤ་མ་ར་སེ། ན་ཏྲ་གུས་ར་སེ། གུ་ཧ་ཀ་ཏེ་ས་ཏེ། ཏ་པ་ན་ཀུ་པ་ར་མ་ཏ་ཤ་མི། ཨ་ནུ་རུ་པ། སུ་རུ་པ། ན་ཏ་ཀུ་པ་ར་ཙ་ཏྲ་ཁ་ན་ཛ་ཁི་ཧེ་མོ་ཧ་ས། ཀུ་པ་ར་ན། ཧེ་མ་ཧ་ནན། གུ་ཧ་ཀ །ཙ་ལ་ཙ་ལ པ་ཙ་པ་ཙ་སུ་ལུ་སུ་ལུ་ས་ཧ། ཀྲི་ལི་ཤ་ག་དུ་ཏྲི་ཟ་ཡག་ཤ་རྦད། སུ་ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུ༷་དུ༷་ཤིག་ཤིག །དགྲ་བོ་ནི་མ་ར་ཡ། རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོག་ལ་མེར། སྲིས་ལ་ཆུམས། ཐུ་བི་ཐུ་ལྕགས་ཀྱི་པྲ། དགྲ་བོ་མ་ར་ཡ། བདུད་པྲ་མ་ཡ། དུ་རུ་དུ་མྲ ཧར་ཏི་ཧར་ཏི། ནག་པོ་ཛ་པི་ཛ་ཡ། དགྲ་བོ་སྲོག་མ་ར་ཡ་རྦད། ཅེས་པའི་དྲག་སྔགས་ཁྲི་ཕྲག་བཞི། །རྫོགས་དང་མཆོད་རྟེན་རྨང་དུ་གནན། །སྲོག་རྩ་ཐོད་བསྒྲུབ་མནན་པའི་ལས། །དྲག་སྔགས་འབྲུལ་ཐབས་མ་ཤེས་ན། །སྔགས་པའི་སྲོག་ལ་བར་ཆད་འབྱུང་། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ཤན་པ་སྒྲོལ་བྱེད་ཀྱི་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་དཔལ་འབར་ཆེན་པོ་དེས། སྒྲོལ་གིང་བསེའི་གྱད་ཆེན་པོའི་དྲག་སྔགས་འདི་གསུངས་སོ། །རྫ་ཀླུད་དམར་ནག་འཇིགས་པ་མྲ །གཙོ་བོའི་བསྙེན་པ་རྫོགས་པ་དེས། །འབྲུབ་ཁུང་ནག་པོ་ཁྲུ་གང་བ། །དུག་ཁྲག་དག་གིས་ཞལ་ཞལ་བྱས། །ར་སྤྱང་ཐོད་པ་རྣག་པའི་རྫས། །འཁོར་ལོ་བྲི་བར་ཤེས་པར་བྱ། །དཔའ་བོ་ཆེན་པོས་འཇིག་རྟེན་འདོད། །ཉི་ཤུ་གཅིག་གིས་སོད་པར་འགྱུར། །ཉི་ཟེར་ཟླ་ཟེར་སྐར་ཟེར་ལ། །རྦད་ཅིང་བླ་ནི་དགུག་པར་བྱ། །གྲིབ་སོ་བྱུང་དང་ཉི་མ་ནུབ། །ནམ་གྱི་གུང་ལ་གསད་པར་བྱ། །ལས་རྣམས་རྫོགས་པར་གྱུར་པ་དང་། །སྐྱ་རེངས་དང་བོ་ཤར་བ་དང་། །དགྲ་བོ་མཆོད་རྟེན་རྨང་དུ་མནན། །ལས་སྔགས་དག་ནི་གཏད་སྔགས་བཟླས། །དུག་དང་ཁྲག་སྐམ་ཉུངས་ཀར་གྱིས། །དུས་གསུམ་དག་ཏུ་བྲབ་པར་བྱ། །ར་དམར་སྙིང་དང་ཤ་ཁྲག་ལ། །གཏོར་མ་བྱས་ཏེ་དབུལ་བར་བྱ། །འོད་དང་སྒྲ་དང་རྟ་པ་དང་། །ཞིབ་ཆེན་མོན་པ་མང་པོ་འབྱུང་། །སེམས་ཅན་གསོད་དང་རྟ་རྒྱུག་དང་། །འཁྲུག་པའི་རུས་སྐོས་བྱེད་པ་ནི། །གཤིན་རྗེ་བསྒྲུབ་པའི་རྟགས་ཡིན་ནོ། །མཚོན་ཐོགས་པ་དང་ར་ཁྲིད་དང་། །ར་དང་རི་དགས་གཤོར་བ་དང་། །དངོས་གྲུབ་བྱུང་ན་བླ་ཁུག་པས། །དེའི་ཚེ་གསང་སྔགས་གདགས་པར་བྱ། །ཤ་ཁུར་སྙིང་ཁྱེར་བྱུང་བ་ན། །ལས་རྣམས་འགྲུབ་པས་གཏང་རག་གཏང་། །ཨོ་ཡ་ཧེ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། ཉི་ཕཊ། ཧཱུཾ༷་ཧཱུཾ༷་ཕཊ། རྔ༷་རྔ༷་ཕཊ། རྔ༷་རྔ༷་དགྲ་བོའི་སྲོག་ལ་རྔ༷། ཉི་ཕཊ། ཧཱུཾ༷་ཧཱུཾ༷་ཕཊ། ས་མུ་ཡེ་ཕཊ། ཨོ་ས་མ་ཡ།ཕུག་ཕུག། རྟོག་རྟོག །ཙིཏི་ཕྱུང་། སྙིང་ལ་ཚལ་པ་ཁ་ར༷་ཚལ་པ་སྨྱོ། ཁ༷་ཁ༷་སྙིང་ལ་ཁ༷། ཕྱུང་ཕྱུང་ཙིསྟ་ཕྱུང་། ཙག་ཤུ་བ༷་རིལ། ཐུམ་ཐུམ་རིལ་སྙིང་ལ་ཡ། སྙིང་ཁྲག་ཁོང་ནས་ཕྱུང་ལ་ཤོག །ཆེ་གེ་མོ་མྱ་ར་ཡ། བླ་རྟགས་བྱུང་ནས་ཞག་གསུམ་དུ། །ལིང་ཀ་དག་ལ་བྲབ་པར་བྱ། །སྐབས་སུ་ཐུན་གྱིས་བྲབ་པའི་ལས། །ཨོ་ཡ་མ་ཤུ་ཏྲི་ཡ་དུན། མ་རུ་རམ་པ་ས་ལ་ཡ། མུག་ནི་མུག་རྦད། རྦད་དུ་རྦད་ས་ཡ་སྣི། ཆེ་གེ་མོ་རྦད་རྦད། ཤ་ལ་རྦད་རྦད། རུས་ལ་རྦད་རྦད། སོག་ལ་རྦད་རྦད། དབུགས་ལ་རྦད་རྦད། ཉུངས་ཀར་དུག་དང་ཁྲག་གིས་བྲབ། །མྱུར་དུ་རླག་པར་གདོན་མི་ཟ། །བསྙེན་དང་བསྒྲུབ་པས་ལས་སྦྱར་ལ། །གདུག་པའི་གནས་སུ་གཏད་ཁྲམ་བྱ། །འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྒྲོལ་གིང་དམར་པོ་ཤན་པ་གསོད་བྱེད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། གཤིན་རྗེ་དམར་པོ་སྙིང་འབྱིན་གྱི་ལས། སྐྲུ་གྲི་ངར་མོ་འདི་གསུངས་སོ། །དུར་ཁྲོད་འཇིགས་པའི་ཤན་མ་རིར། །སྔགས་པ་དམ་ཚིག་ལྡན་པ་དེས། །འབྲུབ་ཁུང་ནག་པོ་ཁྲུ་གང་དུ། །དཔངས་སུ་སུམ་བརྩེགས་དག་ཏུ་བྱ། །རྩང་དམར་བདུན་གྱིས་ཁ་ཡང་བསྐོར། །དུར་ཁྲོད་མོན་ཐོད་ནག་པོ་ལ། །ཁྲག་དང་དུག་གི་ལྡེ་ཁུས་བྱུག །ནང་དུ་དགྲ་བོའི་མིང་བཅུག་ལ། །བདག་ཉིད་ལྷ་རུ་གསལ་བ་དེས། །ལག་ཕུར་སོར་བརྒྱད་པ་ལ་ནི། །འཇམ་དཔལ་དམར་པོ་གསལ་བསྒོམ་གདབ། ་་ས་ཀར་ཁྲོ་ཆུང་བསམས་ལ་བྲབ། །སྔགས་པ་མི་ངས་མི་ཚིག་སྤངས། །ཡ་མ་ར་ཛ་ས་ཏོ་མེ་ཡ། གཤིན་རྗེ་དམར་པོ་དགྲ་བོའི་སྙིང་པོ་ལ། །ཐུ༷་ཐུ༷། མེ་རུ་ཀ །སྲོག་ལ་ཧུར་ཐུམས། ཀྲི་ལིང་ཤང་ཀ་དུ་རྦད། མ་ར་ཡ་སྙིང་འཁྲིལ། སྲོག་ལ་ཡ་ཧུར་ཐུམས་རྦད་ཐུམས་རྦད་ཐུམས། རྩེ་རང་རུ་རྩ་རྩ་ར་ཛ་རྦད། དྲག་སྔགས་དྲག་ལ་འགྲིལ་བར་བླངས། །ཉི་ཤུ་གཅིག་ལ་རླག་པར་འགྱུར། །དཀར་ནག་རྫས་དང་ཡུངས་ཀར་བྲབ། །ཕུང་པ་ལིང་ཀའི་སྙིང་ལ་གདབ། །ཕུད་དང་གཏོར་མ་རྒྱུན་དུ་གཏང་། །ཟླ་བ་བདུན་ལ་རླག་པར་འགྱུར། །དཔལ་གཤིན་རྗེ་དམར་ནག་འབའ་བའི་རྨེ་རྒྱུད་ལས། གཤིན་རྗེ་དམར་པོ་ཤན་པ་སྒྲོལ་བྱེད་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོས། བསད་པ་སྲོག་གི་ལས་སྲིན་པོ་དམར་ནག་སྲོག་རྩ་ནག་པོ་ཞེས་བྱ་བའི་དྲག་སྔགས་འདི་གསུངས་སོ། །དམ་ཚིག་ལྡན་པས་དམ་ཅན་བོད། །ལུང་པ་ནག་པོ་ནགས་ཚལ་ཅན། ཁྲན་པ་ཁྱི་ཁྲིད་རྒྱུ་བའི་ས། །འབྲུབ་ཁུང་ནག་པོ་ཁྲུ་གང་འབྲུ། །ཐོད་པ་ནག་པོར་ལིང་ག་བཅའ། །དམ་རྫས་ཚོགས་ཀྱིས་མཉེས་པར་བྱ། ་་ས་ཀར་ལ་སོགས་རྫས་ཀྱིས་བྲབ། །བདག་ཉིད་ལྷ་རུ་གསལ་བ་དེས། །དྲག་སྔགས་སྐྲུ་གྲི་འདྲ་བ་ཡིས། །དམིགས་པ་མྱལ་དམྱལ་གསོད་པར་བསམ། །བེ་ཅོན་རྡེག་ཅིང་སྡིགས་མཛུབ་སྒྲེང་། །སོ་བསྒོ་བདམ་ཤིང་ཉུངས་བརྡེག །མི་ཁྱིའི་སྒྲ་ཡང་སྤང་བར་བྱ། །རྣལ་མ་རྣལ་ཏེ་སྲོག་ལ་རྔམ། ཧབ་ལེ་ཧོབ་ལེ་ནན། །དུ་རུ་དུ་མྲ ཏུ་ཏྲ་རུ་ཏྲ་ཛ། སྒྱི་ཤ་རྙ་ར། ཆེ་གེ་མོའི་སྙིང་ལ་ཁྲིལ་ཕྲིལ། མྱ་ར་ཡ་ཕཊ་རྦད། ཉི་ཤུ་གཅིག་ན་མ་ར་ན། དེ་དུས་གཏང་རག་གཏང་བ་གཅེས། །ཐོད་པ་དུར་ལུང་ནག་པོར་གཏད། །མཆོད་རྟེན་ནག་པོ་ཁྲུ་གང་བས། །ཐོད་པའི་སྟེང་ནས་མནན་པ་བྱ། །དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། སྲིན་པོ་དམར་ནག་ཤན་པ་རྔམ་བྱེད་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསད་པ་སྲོག་གི་ལས། གནོད་སྤྱིན་དམར་པོ་མི་ཀུན་གྱི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་ལ་སོགས་གནས་དག་ཏུ་རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །ཡ་མྱན་ཏ་ཀ་གསལ་བསྒོམས་ལ། །རབས་ཆད་ཐོད་པ་ཁ་ཡེལ་དུ། །དུག་དང་ཁྲག་གིས་གྲུ་གསུམ་བྲི། །དབུས་སུ་ལིང་ག་གན་རྐྱལ་གཞག །སྡིགས་མཛུབ་གཏད་ཅིང་ཉུངས་ཀར་བརྡེག །ཕུད་དང་གཏོར་མས་མཉེས་པར་བྱ། །བདུན་གསུམ་ལོན་ནས་དུར་ཁྲོད་དུ། །དུར་གཡམ་དག་ལ་རྒྱ་གྲམ་བྲི། །དེ་ནས་དྲག་སྔགས་འཁོར་ལོ་བསྐོར། །ཡ་མ་ར་ཛེ་ཧཱུཾ༷་ཕཊ། མུ་མུ་མུ་ཧཱུཾ༷་ཕཊ། ཁུ་ཁུ་ཧཱུཾ༷་ཕཊ། ཆ་ཆ་ཧཱུཾ༷་ཕཊ། རྗེ་ཏ་ཡ་རྗེ་ཏ་ཡ་ཧཱུཾ༷་ཕཊ། དུར་དུར་དུར་ཧཱུཾ༷་ཕཊ། མི་ཁྱི་སྒྲ་ཡང་གཡེང་མི་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། །གནོད་སྤྱིན་དམར་པོ་སྲོག་ཟན་གྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། བདུད་སྒྲོལ་གིང་དམར་པོའི་དྲག་སྔགས་འདི་གསུངས་སོ། །འཆི་བདག་བདུད་ཀྱི་སྡེ་དཔོན་ནི། །ཁྲམ་བདག་འབྲུའི་སྙིང་སྟིག་ལས། །འབྲུབ་ཁུང་ནག་པོ་ཁྲུ་གང་དུ། །འབྲུབ་ཁུང་ཁ་ལ་རྩང་དམར་བསྐོར། །ནང་དུ་མིང་དང་རུས་བཅུག་ལ། །དྲག་སྔགས་འདི་ཉིད་བཟླས་༄༅། ཁྲེང་བྲབ། །བདུད་པྲ་མ་ཡ། རག་ཤ་པ་ཛ་རྦད། མུ་ར་ཡ་ཤེ་ཛ་རྐུག་པ་ཁའི། །མུར་ཏ་ཡ། རུ་པ་ཛ་ཁ་ཐུམས། སྣི་ལིང་ཤ་ལ་ཤ་ཛ། ཏི་ལ་ནག་ཉུངས་ནག་ཁྲག་གིས་བྲབ། །ཉི་ཤུ་གཅིག་ལ་མ་ར་ཡ། །ལིང་ག་ཧོ་ལ་སྲེག་ལ་གཏང་། །དགྲ་བོ་མ་ར་ཡ་ནི་ཨག་ནི་ཛ་ལ་ར༷། མ་ར་ཡ་ན་ཤ་ཤ་ཕཊ་རྦད། ཅེས་བཏགས་ལ་བསྲེག་པར་བྱ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བདུད་མ་རུ་རྩེ་ལས་ཀྱི་ཤན་པའི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྲོག་བདག་མ་རུ་རྩེ་ལས་ཀྱི་ཤན་པ་སྲོག་ལན་གྱི་དྲག་སྔགས་འདི་གསུངས་སོ། །སྲོག་གཤེད་དམར་པོ་བསེ་ཡི་གྱད། ཤུགས་སྒྲོལ་དྲག་པོ་ཉེ་བའི་ཐུགས། །ལས་ཀྱི་གིང་ཆེན་གསང་བའི་བདུད། །སྲོག་རྩ་སྒྲིལ་མའི་བར་ན་གནས། །དེ་ཡི་དྲག་སྔགས་བཤད་བྱ་བ། །ཨོ་ཏྲི་ལིང་ཤང་ཀ་ཐུན། །ཏྲི་པ་ཛ་ལ་ཏྲི་ཛ་པ་ལ། སད་དུ་ཡ་ནེ།ཤུ་མེ་ཏྲི་ཀར་ཏྲི་ཀར། །ཧུ་ཧ་ར་ཧུ་ཧ་ར། དམའ་ར་ཙེ་སྲོག་ལ་ཆོད་ཆོད། ཆེ་གེ་མོ་སྲོག་ལ་འདྲིག་ཤོ་འགྲིག་ཤོ །རྩ་རུ་ཐུམ་ལིང་། གུག་ཐུམ་ལིང་། །མུག་དམའ་ར་རྩེ་རྦད། ལྷ་བསྙེན་གོང་དུ་སོང་བ་དེས། །ར་ཙ་དཀར་པོ་གཉའ་ནག་ལ། །དམིགས་པའི་ལིང་ག་བཅུ་གསུམ་གདགས། །འབྲུབ་ཁུང་ནང་དུ་ར་བཏགས་ལ། །དྲག་སྔགས་བཟླས་ཤིང་ཡུངས་ཀར་བྲབ། །རྩ་ར་སོད་དང་དགྲ་རྟགས་འབྱུང་། །ར་བཤས་གཏང་རག་གཏང་བར་བྱ། །ཡང་ན་ར་དཀར་སྙིང་ནག་དུ། །དགྲ་བོའི་ལིང་ག་བཅུག་པ་ཡང་། །འབྲུབ་ཁུང་བཅུག་ལ་སྔགས་རྣམས་བྲབ། །འདོ་དང་སྒྲ་དང་ཁང་པ་འཚེག །སྲོག་གཅོད་པ་དང་ར་གསད་ན། །དགྲ་ལ་རྟགས་ནི་འབྱུང་བར་འགྱུར། །ཡང་ན་སྙིང་ཀར་སྙིང་ཀས་བཏུམ། །འབྱུང་བས་དུས་ལ་སྨོས་ཅི་དགོས། །དཔལ་གཤིན་རྗེ་དམར་ནག་གི་རྨེ་རྒྱུད་ལས། མ་རུ་རྩེ་ཤུགས་སྒྲོལ་གྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ས་བདག་ཆེན་མོ་ལས་ཀྱི་འཁོར་ལོའི་དྲག་སྔགས་འདི་གསུངས་སོ། །དེ་ཡང་དུར་ཁྲོད་འཇིགས་པ་མྲ །མཎྜལ་འབྲུབ་ཁུང་ཁྲག་གིས་བྱུག །དུར་ཁྲོད་རས་ལ་བཅུ་དྲུག་རྩིབས། །དུར་ཁྲོད་དབུས་སུ་མིང་བྲིས་ཐ་མ་མྲ །ཐོད་འཕྲེང་མེ་རི་ལ་སོགས་བྲི། །མོན་ནག་ཐོད་པའི་ཐུན་ཡང་བཅའ། །བསྐྱེད་པའི་རིམ་པ་འདི་ལྟ་སྟེ། །ཡ་མྱན་ཏ་ཀ་གསལ་བ་དག །སྲོག་གི་སྙིང་པོ་ཉིད་ཀྱིས་སུ། །བསྐྱེད་དང་སྤྱན་དྲངས་མཆོད་པ་ཕུལ། །བསྙེན་འདི་ལྟར་དབུལ་བར་བྱ། །ཨོ་སུ་ཏྲི་པ་ཡ། བ་ར་ཙི་ཏ། ཡ་གི་ཤོ་ར། ཡ་མ་ཙི་ཏ་ཧཱུཾ༷་ཕཊ། གྲྭཧྭ། བསྙེན་པ་རྫོགས་པས་འཁོར་ལོ་ནི། །ཉིན་མཚན་བརྒྱད་དུ་བསྐོར་བྱས་ལ། །ཐུན་ལས་ཉིན་གཅིག་གནན་ལས་གཅིག །ཉི་མ་བདུན་གྱིས་རྫོགས་པར་བྱ། །ཨོ་སུ་ཏྲི་པ་ཡ་ཆེ་གེ་མོ་དྲི་མ་ར་ཡ་རྦད། རྩ་རྩ་རྭ་ཛ་རྦད། ཡ་བ་ཀྲི་སུ་ཆེ་གེ་མོ་མུ་ར་ཡ་རྩ་རྩ་ར་ཛ་རྦད། བ་ར་ཙིསྟ་ཆེ་གེ་མོ་ནི་མ་ར་ཡ་རྦད་རྩ་རྩ་ར་ཛ་རྦད། །ཏ་ཙི་ར་པ་ཆེ་གེ་མོ་དྲི་མ་ར་ཡ་རྩ་རྩ་ར་རྩ་རྦད། ཡོ་གི་ཤ་ར་ཆེ་གེ་མོ་ནི། ར་མ་ཡ་རྦད་རྩ་ཛ་ར་ཛ་རྦད། ར་ཤ་ཀི་ཡོ་ཆེ་གེ་མོ་ནི་མ་ར་ཡ་རྦད།རྩ་རྩ་རྭ་ཛ་རྦད། ཡ་མ་ཙི་ཏ་ཆེ་གེ་མོ་ནི་མ་ར་ཡ་རྦད། རྩ་རྩ་རྭ་ཛ་རྦད། ཡ་མ་ཙི་ཏ་ཆེ་གེ་མོ་ནི་མ་ར་ཡ་རྦད། རྩ་རྩ་རྭ་ཛ་ཡ་རྦད། ཏ་ཙི་ཡོ་མ་ཆེ་གེ་མོ་ནི་མར་ཡ་རྦད། ཅེས་ཉི་མ་བཞི་རུ་བྱ། །མོན་མོ་མང་པོ་ཆོ་ངེས་འདེབས། །མེ་འབར་འོད་དང་རླུད་ནག་དང་། ཁུ་དང་སེར་བ་དྲག་པོ་འབྱུང་། །ཨོ་སུ་ཏྲི་ཨ་ཐོད་དམར་ཡ། ཆེ་གེ་མོའི་སྲོག་ལ་ཐུན། བར་ར་ཙིརྟི་ཐོད་དམར་ཡ་ཆེ་གེ་མོའི་སྲོག་ལ་ཐུན། ཡོ་གི་ཤྭ་ར་ཐོད་དམར་ཡ།དགྲ་བོའི་སྲོག་ལ་ཐུན། ཡ་མ་ཙིསྟ་ཐོད་དམར་ཡ་ཆེ་གེ་མོའི་སྲོག་ལ་ཐུན། ཐུན་ནི་ལིང་ག་དག་ལ་བསྟིམ། །ཕུད་དང་གཏོར་མས་མཉེས་པར་བྱ། །སོ་སོའི་དམ་རྫས་དག་གིས་བསྐང་། །ལས་རྣམས་བསྡུག་ན་བྱ་བ་ལས། །ཀུན་གྱིས་བྱས་ན་རླག་པར་འགྱུར། །དམ་ཅན་གནད་ལ་དབབ་པ་ལས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བསེ་མོ་ལས་ཀྱི་འཁོར་ལོའི་དྲག་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་འཇིགས་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །རྡོ་རྗེ་ནང་དམེ་དྲག་པོ་འམ། །ལས་རྟགས་བསྒྲུབ་རྟགས་མེད་ཅིང་། །ལས་རྣམས་འགོར་ན་ཇི་ལྟར་བྱ། །དུར་ཁང་ཐུམས། ས་མ་ཡ་མན་དུ་ཀུག་ཏ་ཧཱུཾ༷། དེ་ཕྱི་ཐུམས་ཐུམས། ཧེ་ཏ་ཧ་ད༷་ད༷། ས་མ་ཡ་གུ་གུ་ཐུལ། ཡ་མན་བ༷་རིམ་རམ། རྦད་རྦད་སོད་སོད་ཆོད་ཆོད། དེ་དག་སྔགས་ཀྱི་འཁོར་ལོ་སྟེ། །བསྐལ་པའི་མཚོན་ཆ་འཁྲིག་ལ། །འགལ་བྱེད་ཉལ་ཉལ་གཅོད་པར་བསམ ཡུམ་སྲས་ལ་ཡང་དེ་ཤེས་བྱ། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དེས་ཀྱང་སྒྲོལ་བར་མ་གྱུར་ན། །སྔགས་ཀྱི་འཁོར་ལོ་ལྟོ་ནས་བཟློག །ཁྲམ་པར་མིང་དང་རྣམ་ཤེས་སྤེལ། །རྩ་རྩ་ར་ཛ་རྦད་ཅེས་གདགས། །དེ་ཡིས་ཁམས་གསུམ་སྒྲོལ་བར་ནུས། །ཡི་གེ་གནད་ཡིག་བཟློག་པ་ཡིས། །ལྷ་ཉིད་གནད་ལ་ཕབ་པ་ཡིན། །དེ་བཞིན་ཀུན་ལ་ཤེས་པར་སྦྱར། །ལས་ཉིད་རང་སྲོག་འཆད་ཅེས་གསུངས་སོ། །དེ་ནས་ཡང་ནི་བཤད་བྱ་བ། །བསེ་མོའི་སྲོག་སྙིང་བཟློག་ཞབས་ལ། །དགུག་པའི་ཡང་སྙིང་བཟླས་བརྟག་སྟེ། །ཉིན་གྱི་ལས་སུ་ཤེས་པར་བྱ། །སྒྲོལ་གིང་སྲོག་སྔགས་གཏོ་བཟློག་ལ། །མཚོན་ཆ་ནག་པོ་གདགས་པར་བྱ། །དེ་ལྟའི་ལས་འདི་འབྱུང་འགྱུར་ན། །འཇིག་རྟེན་རླག་པར་དཔའ་བོས་བཤད། །ཅེས་གསུངས་སོ། །དེ་ནས་ཡང་དཔལ་འཇིགས་བྱེད་ཆེན་པོ་དེས། །གསང་བ་ཐུགས་ཀྱི་བསྒྲུབ་པ་འདི་གསུངས་སོ། །དུར་ཁྲོད་རབ་ཏུ་འཇིགས་པ་སྲ །ས་ཆོག་གཏོར་མ་གཏང་ནས་ཀྱང་། །དུར་ཁྲོད་ས་ལ་མཎྜལ་ནི། །གྲུ་གསུམ་མཐིང་ནག་ཟླ་གམ་ཅན། །ཐོད་པའི་འཕྲེང་བས་རྫས་ཚོགས་ནི་འཚོགས་བྱས་ལ། །སྔགས་པ་གདེང་ལྡན་དཔའ་བོ་དེས། །རྣམ་པར་མི་རྟོག་ཏིང་འཛིན་འཇུག །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དང་པོ་སེམས་ཉིད་རྣམས་དག་སྟོང་། །ནམ་མཁའ་འདྲ་སྟེ་འདི་ཞེས་བསྟན་དུ་མེད། །དེ་ལྟར་མ་རྟོགས་སེམས་ཅན་འཁོར་བ་ལ། །སྙིང་རྗེ་ཉི་ཟླ་འོད་ལྟར་སྙོམས་པར་བྱ། །རང་སེམས་སྐྱེ་མེད་ཡི་གེ་ཨ་རུ་བསམ། །སྐྱེ་མེད་ཉིད་ལས་མ་འགགས་དབང་ཆེན་ཤར། །དུར་ཁྲོད་ཁྱོད་ཤུག་ཨ་ཉིད་གདན་སྟེང་འགྲོ། །ཧཱུཾ༷། བསྐལ་བའི་མེ་དཔུང་འབར་བས་བརྗིད། །ཁམས་གསུམ་གདུག་པ་དབང་སྡུད་བྲན་དུ་འཁོལ། །སྤྲོས་འདུས་མཐིང་ནག་རྡོ་རྗེ་དག་ཏུ་འགྱུར། །གསར་རྙིང་ས་བོན་རྒྱུ་དང་འབྲས་བུ་ཅིག་གོ །ཨོ་ཨ་ཀྲོ་དྷི་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། ག་་ཆེན་རབ་འབར་ཧ་ལའི་གད་རྒྱངས་སྒྲོགས། །མཐིང་ནག་རལ་པ་ཁམ་ནག་གྱེན་དུ་བརྫེས། །སྤྱན་དགུ་སྟང་ཐབས་གྲུ་གསུམ་མཐིང་ནག་འབར། །རྡོ་རྗེ་བེ་ཅོན་ཁ་ཊ༷་རྔེའུ་དང་། །སྡིགས་མཛུབ་དགྲ་སྟ་དབྱུག་ཏོ་བྷན་དྷ་དམར། །རིགས་ལྔས་དབུ་བརྒྱན་ཁྲོ་བོའི་ཆས་ཀྱིས་བརྒྱན། །སྤྱན་ནས་མེ་འབར་སྨིན་མཚམས་གློག་སྟོང་འགྱུར། །སྤྱན་ནས་འབྲུག་སྒྲོགས་ཤངས་ནས་རླུད་ནག་འཚུབ། །ཞབས་གཉིས་གྱད་ཀྱིས་བགྲད་པས་གདུག་པ་འདུལ། །དེ་འདྲའི་སྐུ་ནི་བདག་ཉིད་རྣམ་པར་བསམ། །མུ༷་ཏོ་ཏི་ཤོ་རི་ནག་མོ་རོག་ཤ་ཛ་ཛ། ལྷ་མོའི་ནང་ནས་རོ་ལངས་མེ་འབར་མ། །སྤྱན་གསུམ་ཁྲོ་གཉེར་འཇིགས་པའི་ཁ་ཡང་གདངས། །ཐོད་སྦྲུལ་ལུས་བརྒྱན་སྐྲ་མརྫེས་གསུས་པོ་ཆེ། །ཏྲི་ཤུལ་ཐོད་རློན་ཁྲག་གིས་རབ་ཏུ་བཀང་། །རླུང་ནག་བཅིབས་པའི་བན་ཆེན་གདན་ལ་བཞུགས། །མ་མ་ཏྲག་ཤ་ནག་མོ་ཁ་ལི་བ༷་ཛ་སྨྱོ། སྒྲོལ་བདག་ནག་མོ་མཆེ་གཙིགས་རྔམ་པའི་སྐུ། །སྒེག་མོ་རལ་གཅིག་གཡུ་ཡི་རལ་གཅིག་མ། །གསེར་གཡུ་མུ་ཏིག་རིན་ཆེན་བི་ཌརུ། །པུ་ཤ་རག་འོད་ཟེར་ཕྱོགས་བཅུར་འཕྲོས། །ཁྲག་མཚོ་མཐའ་ནས་སྐེམས་ཤིང་ལྕགས་ཕུར་འདྲིལ། །སྤུ་གྲི་ཙིསྟ་འབར་བ་ཕྱག་ན་བསྣམས། །ར་རག་ཏ་མ་འདའ་ལ་ཧཱུཾ༷། སྟོང་གསུམ་བདལ་བའི་ཁྲག་གི་རྒྱ་མཚོ་འཁྲུག །ཁྲག་མཚོ་མཐའ་མེད་འཁྱིལ་བའི་ཀློང་ཡངས་སུ། །ཡི་དྭགས་དྲེགས་པའི་གདན་ལ་དམར་ནག་བཞུགས། །ཧཱུཾ༷་བཛྲ་ཀྲོ་དྷི་ཡག་ཤམ་ར་རྩེ་ཧཱུཾ༷། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་མ་རུ་རྩེ། །དམར་ནག་གཏུམ་ཁྲོ་འཇིགས་པའི་མེ། །གཏུམ་པོའི་ཚོགས་ཀྱིས་ཁམས་གསུམ་ཁྱབ་པར་སྤྲོས། །མ་ཧེ་སྨུག་ནག་བཅིབས་ཤིང་སྟོང་ཁམས་རྒྱུ། །ཕྱག་གཡས་རྡོ་རྗེ་བེ་ཅོན་དྲེགས་པ་འདུལ། །གཡས་པ་མཚོན་ཆའི་འཁོར་ལོས་སྲིད་གསུམ་སྒྲོལ། །ཐུགས་ལས་འགུག་བྱེད་ཛ་འཕྲོས་པས། །ཛ་ལས་སྤྲལ་པའི་ཕོ་ཉ་མ། །ལྕེ་སྤྱང་ནག་མོ་ཁྲག་གི་རལ་པ་ཅན། །འཇིགས་བྱེད་ཁ་གདངས་མཆེ་བ་ཟང་ཡག་གཙིགས། །གདུག་པའི་ལྕེ་ཡིས་སྟོང་ཁམས་བརྙབ་ཅིང་ལེན། །སྤྱང་མོ་འཇིགས་བྱེད་བཞི་ཡིས་རབ་བསྐོར་ཏེ། །གདུག་པའི་ང་རོས་སྤྱང་ངུས་དི་རི་རི། །རུ་རུ་རོ་རུ་ཙ་པ་ལ་ནག་མོ་དུན་སྨྱོ། ཛ་ལས་སྤྲུལ་བའི་ས་བདག་བསེ་མོ་བཞི། །སྐུ་མདོག་ཕྱག་མཚན་མ་ངེས་སྤྲུལ་པ་མོ། །དབང་གི་ཅོད་པན་དར་ནག་ཅོད་པན་ཅན། །པ་ཏྲི་པ་ཡ། བ་ར་ཙི་ཏ། ཡོ་གི་ཤྭ་ར་ཡ་མ་ཙི་ཏ། ཛ་ལས་སྲིད་གསུམ་ཕོ་ཉའི་ཚོགས། །ཀང་ཀ་མཆུ་རིངས་ཚོགས་དང་ནི། །ལི་འདུའི་ཚོགས་དང་བཅས་པ་རྣམས། །དཔག་ཏུ་མེད་པས་རབ་བསྐོར་ཏེ། །དགྲ་རྣམས་ཤ་ལ་རོལ་བར་བསམ། །ཡེ་ཤེས་ཕོ་བྲང་དམ་པ་དང་། །རང་གནས་འཇིག་རྟེན་གྲོང་ཁྱེར་གནས། །གདུག་པ་འདུལ་ཕྱིར་སྤྱན་དྲངས་མཆོད། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གསུངས་སོ། །ཨོ་ས་མཡ། ཨུབྱམསྣྲུཤིམུཏྲ། ཡམན་ཏ་ཀ །པན་ཛ་རེ་རོ་ནི་ཧཱུཾ༷་ཛ། ཧེ་ལ་ཛ་ཏྲ་པན་ཛ་རུ་པ་ནི། ཀུ་ལན་ཛ་ས་མ་ཡ། ནཱ་ར་ཡ། མུ་ར་ཡ། གུ་གུལ་ཐུལ། མྱ་ར་ཡ། ཡ་མན། བ༷་རིལ་རྦད་རྦད། སོད་ཆོད་སོད་ཆོད། ཨོ༷་མཉུ་ཡ་མུ་ན་ཏ་ཀ་ཨུ་སྣྲོ་མ་མ་ཀྲོ་དྷ་པེ་ཏ་ལི། མུ༷་ཀྲོ་དྷི་ཤྭ་རི་ཛ་ཛུ། རག་ཤ་ཡག་ཤ་སྙིང་ལ་ཡ་ཤེས། དུན་ཏིང་དུན་ཏིང་མུག །མ་ར་ཡ། སོད་ཆོད་སོདཆོད། ཨོ༷ མསྣྲུཤིཡམརཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མོ་སྨྱོ། ནག་མོ་ཁ་ལི་བ༷་ཛ་སྨྱོ། ཁ་འགྲམ་མུ་འགྲམ་ཟ་འགྲ༷་སྨྱོ། སྨྱོ་སྨྱོ་མྱ་ར་ཡ། སྙིང་ལ་རིལ་རིལ་དུ་པ་ཡ་ན་རྦད་རྦད། ཨོ་ཐྲི་མཉུ་ཡ་མ་ར་ཛ་ས་དོ་མེ་ཡ། ཡ༷་ཐ་ཡ༷་ཐུམས་ཐུམས། གཤིན་རྗེ་དམར་པོ་དགྲ་བོའི་སྙིང་ཁྲག་ལ་དུག་སྨྱོ། མ་རུ་རྩེ་ཛ་ལ་ཧུར། དབུགས་ཐུམས་སྲོག་ལ་ཡ༷་ཡ༷་ཛ་ཛ། ཀུ་ལན་དྷ་རི་ཛ་ཛ་ཧཱུཾ༷། ཙ་མུན་ད་རི་ཛ་ཛ་ཧཱུཾ༷། ཀང་ཀང་ད་རི་ཛ་ཛ་ཧཱུཾ༷། ཁྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཙན་དྷ་མ་རིལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཤ་ཟ་བའི།སྙིང་འབྱིན་པའི། ཁྲག་འཐུང་བའི། །དབུགས་འཕྲོག་པའི། །སྲོག་གཅོད་བའི། རོ་ཟ་བའི། །ཙི་ཏ་མ་ར་ཡ་ཤ་ཟ། ཨ་ཏང་པར་ལ། ཤ་ལ་ཀྱི་སྤྱང་། ཀྲ་ཧེ་ཀྲ་ཧེ་ཧཱུཾ༷་ཕཊ། གཤིན་རྗེ་དམར་ནག་འབུམ་ཁྲི་དང་། །སྤྲུལ་པ་བསམ་འདས་མ་ཚོགས་དང་། །དྲེགས་པ་ལྷ་སྲིན་ཐམས་ཅད་ཀུན། །སྤྲིན་ཕུང་བཞིན་དུ་འདུ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དྲག་པོ་ལས་ཀྱིང་ཤན་པ་དགོད། །གསད་པའི་དྲག་སྔགས་དྲག་པོའི་ལས། དེ་ནས་སློབ་དཔོན་ཁྱེད་རེངས་གདོན། །གཡོན་ལ་ཁྲག་བྱུགས་དབུས་ནི་ནག་པོ་བྱ། །ལག་པ་ཁྲག་བྱུགས་སྐྲ་ཡང་བརྫེས། །དར་ནག་ཐོད་བཅིངས་མི་སྤགས་གོན། །རཀྟ་སེ་རལ་མེ་ལོང་དཔྲལ། །སེང་ལྡེང་ཐོགས་ལ་གཤེད་པོ་བསྒོམ། །བུད་མེད་གདོང་པ་ནག་པོར་བྱུག །གཡས་པ་སླེ་ནག་མིང་ནས་འབོད། །གཡོན་པ་ལྕགས་ཀྱུ་འདྲེན་ཚུལ་བྱ། །ཁྱོ་ག་གདོང་པ་རཀྟས་བྱུག །སྐྲ་ཡི་ཞགས་པས་ལིང་ག་འཐེན། །ཀུན་ཀྱང་ཞབས་མ་ནང་རྗེས་ལ། །གཤེད་པོ་རལ་གཅིག་སྒྲོལ་གིང་བསྒོམ། །ཡང་སྙིང་ཐུགས་ཀྱི་རྒྱལ་པོ་ཟློ། །ཅེས་གསུངས་སོ། །དེ་ནས་ཡང་དག་ངེས་གསུངས་སོ། །དགུག་པའི་སྔགས་རྣམས་བཟླས་པའི་ཚེ། །བདག་གི་སྤུ་ཡི་བུ་ག་ནས། །ལྕགས་ཀྱུ་ཞགས་པ་ཐོགས་པ་ཡི། །ཁྲོ་བོ་འཇིགས་པ་འཁོར་བཅས་ཀྱིས། །དགྲ་བོ་དགུག་ཅིང་བསྟིམ་པ་ཡང་། །ལིང་ག་དག་ལ་གནས་པར་བསྒོམ། །དེ་བཞིན་དཀྱིལ་འཁོར་ལྷ་རྣམས་ལ། །རང་རང་ལྟ་བའི་སྤྲུལ་པ་ཡིས། །འཇིག་རྟེན་གང་ཞིང་དགྲ་བོ་དགུག །ལིང་ག་དག་ལ་བསྟིམ་བཞིན་བཟླས། །ཡེ་ཤེས་ལྷ་རྣམས་ཐུགས་དམ་བསྐུལ། །སྒྲོལ་གིང་བསེ་ཡི་ལྷ་མོ་དང་། །ཕོ་ཉ་མང་པོ་དྲན་མེད་གང་། །རིག་པ་ལྷ་ཡི་རྫུ་འཕྲུལ་ཅན། །སྲིད་པ་གསུམ་གྱི་བྱ་ར་མ། །སྐུ་ལ་ཡེ་ཤེས་འོད་འབར་མ། །སྲིད་གསུམ་གསལ་བྱེད་ཕོ་ཉ་མངག །སྣང་སྲིད་དབང་དུ་འདུལ་བྱ་ཞིང་། །དགུག་དང་དབྱེ་བ་བསྣོལ་མར་རྒྱུད། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྨེ་ཕུར་གྱི་ཡང་སྙིང་འདི་གསུངས་སོ། །ཆེ་གེ་མོ་དྲི་ར་ཛ། འགལ་བྱེད་བྲོད། རླག་བྱེད་གཙོ་བོས་ཁང་ཁང་ཐུམས། །ས་མ་ཡ་མཉུ་ཀུག་ཏ་ཧཱུཾ༷།ཨ་ནུ་ར་ག་ཡ་མུན་ཏ་ཧཱུཾ༷། དེ་ཕྱི་ཐུམས་ཐུམས། ཧེ་སྟ་ཧ་མ་ས་མ་ཡ་གུ་གུ་ཐུལ། ཡ་མན་བ༷་རིམ། རྦད་རྦད་སོད་ཆོད་སོད། ཙེས་བཟླས་པ་བྱའོ། །ཆེ་གེ་མོ་ནི་ཡ་མན་ཏ་ག་ལ་རུ་པ་གྲོངས་ཤིག །ཕྲི༷༷ཏེ་ཀྲོ་ཧ་ཧ། གྲི༷༷པི་ཛ་ཡ་ཁམ་ཐུམས། ཞེས་པས་དྲག་ཏུ་བསྐུལ་བར་བྱའོ། །ཆེ་གེ་མོ་ནི་དུམ་རུ་མ་བུ་ཙི་ཏུ་ར་དུམ་གཅིག །ཁྲག་དུག་ཁ་ཁ་ཐུམས་ཐུམས། མ་དུ་མ་ཙི། རུ་རུ་ས་ཡ་ན། མུ་ར་ཡ་རྦད། དེས་ཀྱང་རབ་ཏུ་གསད་པར་བྱའོ། །སྨྱོ་སྨྱོ་སྨྱོ། རུ་ཏྲ་རྦད། རཀ་ཤ་རྦད། མ་མ་སྙིང་རྩ་རྦད། ཁ་ཐུན་རྦད། རྭ་ར་ཡ་རྦད། ཐལ་ཕྱུང་ཐལ་ཕྱུང་། མ་མ་ཐུན་མ་མ་ཐུན། རྦད་དུ་རྦད་དུ། ས་དུ་ཡ༷། ཙིསྟ་ཡ༷། རུ་ཐུ༷་ས་མ་ཡ། མ་ར་དུ་ཐུམས་ས་རུ་རུ་ཐུམས་ཡ་ན་རྦད། ཅེས་ནི་ཏུན་དང་ཕུར་བུས་བྲབ། ཏྲི་ལིང་ཤིང་ཀ་དུ་རི་ཟ་ཡག་ཤ་རྦད། ཕུ་ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག །དགྲ་བོ་མ་ར་རྩ་རྩ་ར་ཛ་རྦད། གསད་ཅིང་རླག་པར་བྱེད་པའི་སྔགས། །ཨོ་ག་ག་ཏ་ཡ་ག་ཏ་ཡ། སརྦ་དུསཊན། ཕཊ་ཕཊ། ཀི་ལ་ཡ་ཀི་ལ་ཡ། སརྦ་ས་ས༷། ཕཊ་ཕཊ། ཧཱུཾ༷་ཧཱུཾ༷་བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི་སརྦ་བིག་ནམ། ཀྭ་ཡ་ཝཀ་ཙིསྟ་ཀི་ལ་ཡ་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། དྲག་ཏུ་བཟླས་ཤིང་གནད་དུ་གདབ། །གནན་པ་དང་བསྲེག་པའི་ལས་ཀྱང་བྱ། །དཔལ་གཤིན་རྗེ་དམར་ནག་༷འབར་བའི་རྨེ་རྒྱུད་ལས། སྨེ་ཕུར་ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་སྨེ་ཕུར་གྱི་ཡང་སྙིང་འདི་དག་གསུངས་སོ། །ཨོ་་ཨ་ཀྲོ་དྷི་ཀ་ཡ་མན་ཏ་ཀ །ཨ་མུ་ཁ༷་ཡ་མ་རྭ་ཛ། ཨ་མུ་ཁམས་ས་དོ་མེ་ཡ། ཨ་མུ་ཁ༷། ཡ་མེ་དོ་རུ། ཨ་མུ་ཁ༷། ཎ་ཡོ་ཏ་ཡ་ཨ་མུ་ཁ༷་། ཡ་ད་ཡོ་ནི་ཨ་མུ་ཁ༷། ར་ཡསྟེ་ཡ་ཨ་མུ་ཁ༷། ཡསྟེ་ཡསྣྲོ་ཨ་མུ་ཁ༷། ནི་ར་མ་ཡ་ཨ་མུ་ཁ༷། ཨོ་ཧྲིསྐྱི༷༷ཝ་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ས་མ་ཡ། ཆེ་གེ་མོ་ནི་ཀི་ལ་ཀི་ལ་ཡ་མ་ར་ཡ་རྦད་རྦད། ཕྱེ་རག་ཤ་རག་ཤ་ཧཱུཾ། སྤོ་མུ་ར་ཡ། སྟེ་པ་ཡ་ནན། མགལ་མེ་འཁོར་ལོ་བསྐོར་བ་འདྲ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་ར་ཡ་འཁོར་ལོ་ནག་པོས་རུ་ཏྲ་བསྒྲལ་བའི་སྨེ་ཕུར་ཡང་སྙིང་འདི་གསུངས་སོ། །ཡ་མ་ར་ནི་ཛ་ཡསྟེ་ཡ། ཡ་ཁྱེ་ཡ་ར་ནི། ཡོ་ད་ཡ། ན་ཡོ་ཏ་ཡ་རུ་དོ་མེ་ཡ། ཡ་མེ་དོ་ས་ཛ་ར་མ་ཡ། མིང་ཏྲིག་ནན་ཨ་གུ་ཤ་ཛ་ཛ། མ་ར་ཡ་ཧཱུཾ༷་ཛ། སྟམ་པ་ཡ་ནན། མ་ར་ཡ་རྦད། བན་དྷི་ནང་འགྲས་རླག་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་ར་ཡ་འཁོར་ལོ་ནག་པོས་རུ་ཏྲ་བསྒྲལ་བའི་ལས་འདི་གསུངས་སོ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །དུར་ཁྲོད་ས་ལ་མཎྜལ་བྱ། །དབུས་ནི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་གྱིས་སྟོན། །འཁོར་ལོ་བརྒྱད་ནི་ནག་པོར་བྱ། །རབས་ཆད་ཐོད་པ་ཁ་སྦྱར་ལ། །ཕོ་ཐོད་མཚོན་ཆ་འཁོར་ལོར་བསམ། །མོ་ཐོད་ལྕགས་ཀྱི་འཁོར་ལོར་བསམ། །འཁོར་ལོ་ཕོ་བསྐོར་མོ་བསྐོར་་བྲི། །ཕོ་ཐོད་སྤྱི་བོར་བུག་པ་དབུག །ཐོད་པ་གྲི་བོའི་ཁྲག་གིས་བྱུག །སྟེང་གི་འཁོར་ལོའི་ཕྱི་རོལ་དུ། རི་རབ་འཁོར་ལོ་བྲི་བར་བྱ། །དེ་ལྟར་བྱས་པའི་འཁོར་ལོ་དེ། །དབུས་ཀྱི་མཐིང་ནག་ཨེ་ལ་གཞག །དེ་ཡི་ནང་དུ་ལིང་ག་གཞག །རོ་རས་ཤིང་ལོ་རྒྱ་ཤོག་ལ། །ར་ཁྲག་ཁོ་བོ་ཡག་སྟག་གིས། །ལེགས་པར་བྲིས་ལ་གནན་ཡིག་དགོད། །ཉི་མ་བཞི་རུ་འཁོར་ལོ་བསྐོར། །ཁྲག་དང་སྡུག་རྣམས་རབ་ཏུ་བསྡུག །དེ་ནས་ཐོད་པའི་འཁོར་ལོ་དེ། །རོ་རས་གཏུམས་ལ་འབྲུབ་ཁུང་གཞུག །མཆོད་རྟེན་ནག་པོ་ཁྲུ་གང་ལ། །བ༷་རིམ་ལྔ་རུ་ཡོད་པ་ཡིས། །ཁོང་སེང་ཅན་གྱི་ཐོད་པ་མནན། །བུམ་པའི་འོག་ཏུ་སྐར་ཁུང་གདོད། །བུམ་པ་ཡ་མན་ཏ་ཀའི་སྔགས། །ལྷ་ཚོགས་དུ་མའི་སྔགས་བྲིས་གཞུག །རབ་ཏུ་གནས་པ་དག་ཀྱང་བྱ། །རྟག་ཏུ་དེ་ལ་བསྐོར་བྱ་ཞིང་། །མཆོད་པ་དག་ཀྱང་རྒྱུན་དུ་དབུལ། །ཕོ་ཉ་མང་པོས་གཟིར་གནོན་བྱ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་གསུངས་སོ། །ཨོ་ས་མ་ཡ། ཨུརུམསྣྲུཤིཡམནཏ་ཡ་མ་ར་ཛ་ཨེ་ཀ་ཛ་ཏི་ཛ། མ་ར་ཛ་ས་དོ་མེ་ཡ། ཡ་མེ་དུ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡསྟེ་ཡ། ཡཁྲེ་ཡ་ཛ་ནི་ར་མ་ཡ། དགྲ་བོ་ཙིསྟ་ལ་མ་ར་ཡ་ཧཱུཾ༷་ཕཊ་ཛ། ཤི་མུན་ཛུ་ཡ་མ་ར་ཙ་ཛ་ཛ། ཡ་མན་ཏ་ཀ་ཨ་ཀ་ཙི་ཏ་ཛི། ཆེ་གེ་མོ་ཙི་ཏ་ཁར་རྦད་རྦད། ཆེ་གེ་མོ་ཙི་ཏ་ཁར་རྦད་རྦད། གཤ༷་དུ་རྩི་གྲུག་ལིང་རྦད། དགྲ་བོ་ནི་ཧུར་ཐུམས་ཛ། ཨོ་ཕྲི་མཉུ་ཡ་མ་རྭ་ཙ་བེ་ཏ་ལེ་སྙིང་ཁ་རག་ས་མ་ཡ་ཐུམ་རིལ་རྦད། ཡ་མ་ར་ཛ་ས་ས་དོ་མེ་ཡ། ཁྲག་ལ་དོ་རུ་མེ་ཡ་དགྲ་བོའི་གླད་པ་ལ་ཧ། ཧི་ཧོ་རེ་བ༷་རིལ་རྦད། ཡ་མ་རྭ་ཛ་ས་དོ་༄༅། མེ་ཡ། ཡ་མེ་དོ་རུ་ཀྟ་ཡེ། མགོ་ཆོད་ཆེ་གེ་མོ་གློ་སྙིང་སྙིང་བསྣྲིད་མ་ར་ཡ། དོ་རུ་མེ་ཡ་བྱི་ཙ་ཡེ་སིང་ག་ཡེ། བྲི་ཏ་ཡོ། ཙ་ཏ་ཡེ། བྱི་ཙ་སེ། ཧ་ལ་སེ། ཆེ་གེ་མོ་ཏྲིག་ནན། དྲི་མ་ར་ཡ་ཧུར་ཐུམས་ཛ་། དྲི་མ་ར་ཙི་ཏ། མྱག་ཐུམ་རིལ་རྦད། ཆེ་གེ་མོ་ཐྲོ་མ་ར་ཡ་རྦད། གསང་སྔགས་གའུ་ནག་པོ་གསང་བའི་འཁོར་ལོ་རྡོ་རྗེ་དམེ་འཐབ་ལྕགས་ཀྱི་ཁང་བུ་དྲག་སྔགས་སྙིང་པོ་གསང་བའི་རྒྱུད་ཅེས་གསུངས་སོ། །དེ་ལ་ཡང་ནི་བཤད་བྱ་བ། །ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་། །བསྣོལ་ཁྲག་སྨེ་ཁྲ་དུག་རྫས་དང་། །ལྕགས་ཕྱེ་དག་ལ་སོགས་ལ་བཟླས། །དུས་གསུམ་བྲབ་ཤིང་གཟིར་བ་ན། །རྩ་རྒྱུད་རླག་པར་ཡང་དག་བ་ཤད། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྨེ་ཕུར་གྱི་ལས་གཞུག་གི་ཆིངས་འདི་གསུངས་སོ། །མཛོ་རྟོལ་དེའུའི་ཐོད་པ་འམ། །ཁམས་གཤེད་བརྩིས་པའི་ཐོད་པ་ལ། །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་གླིང་བཞིས་ལམ་དར་བཅས། །ཐོད་པ་ལྕགས་ཀྱི་མུན་ཁང་ལ། །འཆི་བདག་རལ་བ་ཙར་དགུ་བཞུགས། །སྦྲུལ་ནག་སྟོང་གི་གདན་སྟེངས་ན། །གཤིན་རྗེ་དབྱུག་པ་ནག་པོ་བསྣམས། །དེ་ལ་གཟས་པ་གཏད་བྱ་བ། །རལ་གྲི་འབར་བས་ས་དྲལ་ནན། །རལ་པ་ཚར་དགུ་གསལ་པ་དང་། །ཀྱེ་མ་འདི་ནས་ཏོད་པ་གཤེད་ཀྱི་མུན་ཁང་ན། །བ༷་རི་གཏམས་པའི་དུར་ཁྲོད་ན། །ཁྲག་འཚོ་འཁྱིལ་བའི་གླིང་དཀྱིལ་ན། །གནོད་སྤྱིན་ཀུན་གྱི་ཚོགས་ཆེན་རྗེ། །ཀླུ་སྲིན་ཀུན་གྱི་དམག་དཔོན་ཏེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །དཀོན་མཆོག་སྤྱི་དགྲར་གྱུར་པ་ནི། །ཁྱོད་ལ་གཏད་ཀྱི་་།་ར་རེ། །དེ་སྐད་བདག་ཀྱང་རབ་ཏུ་བརྗོད། །བསྒོམ་ཞིང་ཕྱག་རྒྱ་རབ་ཏུ་གསལ། །ཡ་རྟག་དམ་རྫས་གཏད་ཅིང་དྲ་བ། །སྔགས་བྲབ་དྲང་སྲོང་དམོད་པས་གདབ། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མནན་སྔགས་དང་ཁྲམ་ལ་གདབ་པའི་སྔགས་འདི་གསུངས་སོ། །ཨོ་དུ་ས་ཏྲི་སྟེ་ཡ་ཧཱུཾ༷། ཨོ་ཧྲིསྐྱི༷༷ཝི་ཀྲི་ཏྭ་མོན་ཏ་དགྲ་བོ་མ་ར་ཡ་རྦད། སྟ༷་བྷ་ཡ་ཧཱུཾ༷་ནན། འབྲི་ནན་རྩ་རྩི་ནན། ཧ་སུ་སད་སྨྱོ། ཐུ༷་བྱིང་ཐུ༷་བྱིང་། སྨྱོ་ཐུམ་སྦྱོ་ཐུམ། བྲུམ་པ་ར་ལི་ནན། སེང་སྐྲུ་སེངསྤུ་སེད། ཀྟ་དྲད་ཀྟ་དྲད། ནི་ཁད་ཁ་ས་མེ་ས་ཧེ། ཨེ་རི་ལེ་ལི་བ་ཤན་ཤིག་ཤིག །ཨེ་ཧྲི་ཏྲན་ནན། ཏྲི་པ་ལི་ལེ། ཁྲན་བྲ་བ་མི། །ཨེ་རེ་ལི་ལེ། གཤན། ཧེ་ཧ་པ་ཤི་ཤ་ར། ཚ་ཚ་ལི་ལི་ཧི་ནན། ཤ་ཤི་སྨྱོ་ཐུམས་ཧུ་རུ་ཧུ་སྲ ཧཱུཾ༷་ཏ་ར་ཏ་ར།ཚལ་ཚལ། མུག་མུག་མུག །མྱོས་མྱོས་མྱོས། རག་ཤ་ཙི་ཏ་ཛ་ལ་ཧཱུཾ༷། ཀརྨ་ཙ་ཏི་ཛ་ལ་ཧཱུཾ༷། ག་རུ་ག་སྲ ར་ཏི་ར་ཏི། གུར་ཏི་གུར་ཏི། འམ་དུ་འམ་དུ། ཙན་ཏྲི་ཧྲི་ཀ་སོ་པ་ཏི་ཁ་གྲི་སོག་མ་ར་རྦད། སྟམ་པ་ཡ་སྲོག་སྟམ་པ་ཡ་སྲོག་སྟམ་པ་འདིར་རྦད་རྦད། ཐོད་པའི་དབང་པོ་དག་ལ་གདབ། །རལ་པ་ཚར་དགུའི་ལག་ཏུ་གཏཏ། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །ཅེས་གསུངས་སོ། །དེ་ནས་ཡང་དག་ངེས་བཤད་པ། ཁྲར་ལྷོ་འབྲུབ་ཁུང་དག་ཏུ་ཡང་། །གདུག་པ་ཅན་གྱི་ཤིང་བུ་ལ། །དྲུག་བརྩེགས་དག་ག༷་བ༷་པོ་བསྒྲེང་། །ཁྲག་དང་དུག་ཆུས་བསྐུ་བར་བྱ། །དེ་ནས་རྣལ་འབྱོར་ལྷོར་ལྟར་འདུག །གཏོར་མ་མར་དང་གུང་ཤིང་དང་། །ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་། །ལིང་ག་ལ་སོགས་བསག་པར་བྱ། །གཞན་ཡང་ཟངས་ཕྱེ་ལྕགས་ཕྱེ་དང་། །རུས་བྱེ་རྡོ་རྗེ་གཏོར་མ་དང་། །སྙིང་དང་གློ་བ་མིང་བྱང་དང་། །མཆིན་པ་མཁལ་མ་རྒྱུ་པ་དང་། །ཁྲག་དང་རུས་པ་ལ་སོགས་དང་། །སྙིང་དང་མཁྲིས་པ་རྗེ་དར་དང་། །མར་ཁུ་སྦྲང་དང་འོ་མ་ཁྲག །བདག་ཉིད་ཁྲོས་པའི་གདུག་སེམས་ཀྱིས། །རག་ཤ་འཕྲེང་བ་སེ་རལ་པ། །ལག་ཏུ་ལྕགས་ཀྱི་གཟར་པུ་ཡིས། །མེ་ལྷའི་ཚོགས་དང་ལྷ་ཚོགས་ལ། བསྐྱེད་དང་སྤྱན་དྲངས་བསྟིམ་བྱས་ནས། །སོ་སོ་རྩ་སྔགས་ཁ་ར༷་ཁས། །དྲག་ཏུ་དམ་རྫས་དབུལ་བར་བྱ། །ཐུགས་ཀྱི་སྙིང་པོའི་ཞབས་དག་ལ། །ལྷ་ཚོགས་སོ་སོའི་རྩ་སྔགས་དང་། །སྲེག་སྔགས་བསྡེབས་ལ་འབུལ་བྱ་ཞིང་། །རེ་རེ་ཉིད་ལ་རྩ་བརྒྱད་སྔགས། །ཡང་ན་ཉི་ཤུ་རྩ་གཅིག་ཡིན། །རྫོགས་དང་ཐལ་བ་ཀླུ་ལ་གཏད། །ཡང་ན་རླུད་ལྷའི་ཚོགས་ལ་དབུལ། །དེ་ལྟར་རྫོགས་རྗེ་བསྡུ་དང་གཤེགས། །རྣལ་འབྱོར་སྒྲིབ་སྦྱང་བར་ཆད་སེལ། །དམིགས་པ་མྱུར་ཏུ་རླག་པར་འགྱུར། དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། རྡོ་རྗེ་དམེ་ཕུར་དང་། ལྕགས་སྤུར་པུ་དང་། གནན་ཅིང་སྲོག་གཅད་ལས་ཀྱི་གཞུག་སྡུད་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་འཇིག་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཧེ་ཧེ་དཔལ་འབར་ཁྲོ་རྒྱལ་གདོང་། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བསྟན་པ་གནས་པར་མི་འགྱུར་ཏེ།།ལས་ཀྱི་བདུད་ཆེན་ཁོང་ནས་འཁྲུག །དམ་སྲི་རང་གི་རྒྱུད་ལས་ལྡང་། །རང་གིས་རང་གི་བསྟན་པ་འཇིག །རང་ཤ་རང་གིས་ཟ་བའི་དུས། །དེ་ལྟ་བུ་ཡི་དུས་བྱུང་བས། །སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་ཞབྲུག །ནད་དང་མཚོན་ནི་སྐར་ལྟར་འཁྲུག །བསྒྲུབ་པའི་ལོང་མེད་ཅིང་། །བསྟན་པ་རང་གིས་འཇིག་པས་ན། །དེ་དུས་བསྟན་པ་གང་གིས་བསྲུང་། །ཞེས་ཞུས་པས། ཉོན་ཅིག་འཇིག་རྟེན་མགོན་པོ་ཁྱོད། །ཁྱོད་ཀྱིས་དུས་གསུམ་མཁྱེན་གསལ་བ། །ང་ལ་ཞུས་པ་ལེགས་སོ་ཉོན། །བསྐལ་བ་སྙིགས་མ་བྱུང་བའི་ཚ། བསྟན་པ་རང་གིས་འཇིག་པས་ན། །སྲིད་པ་ལྟོ་ནས་བཟློག་ཀྱང་འཚལ། །མཚོན་ཆ་རྩེ་ནས་གཟུང་ཡང་འཚལ། །ལྷ་འདྲེའི་སྲོག་ནས་གཟུང་ཡང་འཚལ། །འདུས་བྱས་མི་རྟག་བཤད་ཀྱང་འཚལ། །རང་གཤེད་རང་ལ་བསླབ་པ་དང་། །མཚོན་ཁ་ནང་དུ་བསྟན་པ་དང་། །རང་སྲོག་རང་གིས་གཅད་ཀྱང་འཚལ། །བསྙེན་པའི་ལྷ་ནི་བདུད་དུ་དབབ། །ཅེས་གསུངས་སོ། །སྐྱེ་མེད་རྣམ་དག་ལྷུན་གྱིས་གྲུབ། །ཡེ་ཤེས་དཀྱིལ་འཁོར་ཆུ་ཟླའི་ཚུལ། །མི་རྟོག་དབྱིངས་ལས་ཐུགས་རྗེ་སྒྲོལ། །ཕྱོགས་དུས་ལྷ་ཡི་དཀྱིལ་འཁོར་ཆེ། །མཆོད་པ་བླ་མེད་རྒྱ་ཆེས་མཆོད། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །སྣང་སྲིད་ཡེ་སངས་རྒྱས་པ་ལ། །ཚོགས་བསགས་དགེ་རྩའི་བྱ་ས་མེད། །དོན་དམ་སྐྱེ་མེད་ཡེ་ཤེས་ལྷ། །ཀུན་རྫོབ་འགག་མེད་གདུག་པ་འདུལ། །གཟུགས་སྣང་ཐམས་ཅད་ཁྲོ་བོའི་སྐུ། །བཟའ་བཏུང་ཤ་ཁྲག་རི་བོ་མཚོ། །སྐྱེ་འགྲོ་མ་ལུས་སྒྲོལ་བའི་ཞིང་། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །སྲོག་དང་སྲོག་གི་གནད་ནས་དེད། །དོན་དམ་ཞེས་པའི་མིང་དང་བྲལ། །བརྗོད་མེད་ནམ་མཁའ་དང་འདྲ། །ཀུན་རྫོབ་གཟུགས་ལ་གཅེས་པ། །ལྷ་ཡི་ཏིང་འཛིན་གསལ་བས་ལྟ། །རྗེས་མི་དང་ཡི་གེ་ལས། །གསལ་བའི་སྲོག་དང་ཡིག་འབྲུ་སླང་། །ཞེས་གསུངས་སོ། །དེ་ནས་ཡང་འཇིག་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོ་4། །ལྔ་བརྒྱ་སྙིགས་མའི་དུས་དེ་སྲ །སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་འཁྲུག །སྔགས་པ་ནང་འགྲས་བྱུང་བ་ཡིས། །དམ་སྲི་འཇིག་རྟེན་ལྷ་འདྲེས་བྱེད། །དེ་ལ་བགེགས་རིགས་དུ་མ་ལ། །དེད་དཔོན་རིས་སུ་རྟོག་པ་གང་། །སྔགས་པ་ནང་འགྲས་བྱུང་བའི་ཚེ། །རང་གཤེད་རང་ལ་སློང་བ་གང་། །བཟློག་དང་བསྲུང་དང་བསད་པ་དང་། །བསྲེག་དང་མནན་པ་ཇི་ལྷར་ལགས། །སྲོག་གི་ཡི་གེ་ཇི་ལྟ་བུ། །གཅོད་ཅིང་གཟིར་དང་རྣམ་ཤེས་སྲོག །ཡང་དག་དཔའ་བོས་བཀའ་སྩོལ་ཅིག །ཅེས་གསོལ་པས། །དེ་ནས་བཅོམ་ལྡན་འདས་ཉིད་ཨ་གུ་ཤ་ཛ། ཏྲིག་ནན། ཛ་ལ་རིམ་རམ། མ་ར་ཡ་རྦད། སྟམ་པ་ཡ་ནན། ས་མ་ཡ་དམ་དམ། དེ་དག་སྤྱིའི་གཟིར་བྱེད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་འདྲེའི་སྲོག་གཅད་པ་འདི་གསུངས་སོ། །ཨོ་ཡ་མ་ཏ་ད། དྷ་ཨ་ཏྲ་ན་རྭ་རསྟེ་ཤ་ཛ་ཙ་ས་ག་ནི་ཏྲ་ཏྲི་མེ་སྲི་ས་མ་ཡུ་མ་རུ་ལུ། དུན་ཏིང་ཀི་ལ་ཡ། ཏིར་ཏ་ཀ །རུ་་་དེ་བ། རག་ཤ་ཡག་ཤ །ཡག་མོ། མུན་མུན། ཤུ་ལ། ར་ཙ། དུན་ཏིང་། བཛྲ་ས་དུཧ༷་ཤ༷། ས་ན་ག །རུ་གྲི། སརྦ་ཤད་དྲུ༷། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། རྡོ་རྗེ་ནང་འགྲས་ཀྱི་འཇིག་རྟེན་དྲེགས་པའི་སྲོག་སྙིང་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་འགྲས་ཀྱི་ལས་གནམ་ལྕགས་འཁོར་ལོ་ནག་པོ་ཞེས་བྱ་བ་འདི་གསུངས་སོ། །ཡིད་འཐད་དུར་ཁྲོད་མ་ར་ཡར། །བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས། །མཎྜལ་ཟླ་གམ་གྲུ་བཞིའི་བར། །གྲུ་གསུམ་ནག་པོ་དཔངས་སུ་བརྩིགས། །དུར་ཁྲོད་རས་ལ་དུག་ཁྲག་གིས། །འཁོར་ལོ་རིམ་པས་བསྐོར་བྱས་ལ། །དང་པོར་ཡབ་ཀྱི་གསང་སྔགས་བྲི། །ནང་དུ་རྩེ་བསྟན་མཚོན་ཆ་བྲི། །དབུས་སུ་གཤིན་རྗེ་ནག་པོ་ཡི། །ལྟོ་བར་རང་གཤེད་འཁོར་ལོ་བྲི། །བདག་ཉིད་སྲོག་ལ་ཡ་མན་ཏ་ཀར་བསྒོམ། །འབྲུབ་ཁུང་ཁ་ལ་འཁོར་ལོ་དགྲམ། །དང་པོ་བོད་པ་ནི། མི་འོང་འོང་བརབྱབ ཡིན། །གཤིན རྗེགཤེད་པོས་དབང་དུ་བསྡུ། །གཉིས་པ་རི་རྒྱལ་རྦབ་ལྟ་བུས། །རང་དབང་མེད་པས་གཟིར་མྱོས་བྱ། །གསུམ་པ་སྲོག་སྙིང་ཐོབ་པར་བྱ། །བཞི་པས་མ་ར་ཏྲི་དང་བཅས། །ལྔ་བས་མནན་ཅིང་བསྲེག་པར་བྱ། །དེ་ནས་ཕྱིས་ནི་ལོག་གནོན་དུ། །དམ་ཚིག་་མར་བས་བཞག་པ་ཡིན། །ཞེས་གསུངས་སོ། །དེ་ནས་དཔལ་འབར་ཉིད་ཀྱིས་རྡོ་རྗེ་རང་གཤེད་ཀྱི་དྲག་སྔགས་འདི་གསུངས་སོ། །ཨོ་ས་མུཡ་ཨུརུམཉུཤིམུཏྲ། ཡབཱན་ཏ་ཀ་བན་ཙ་ཏེ་རོ་ནི་ཧཱུཾ༷་ཛ། ཧེ་ལ་ཙཀྲ་པ་ན། ཙ་རུ་པ་ནི། ཀུ་ལན་ཙ་ས་མ་ཡ མ་ར་ཡ་གུ་གུལ་ཐུལ། མུ་ར་ཡ། ཨེ་ར་ག་རེ་བ་ཤ་མོ་ཧ། ན་མ་ཨི་རི་ཤ་སྦྱོ། བཛྲ་སརྦ་དུ་སྟན། ཡ་མ་ཏྲིག་ན། སྲོག་ནི་ཧུར་ཏུམས་ཛ། ས་མ་ཡ་ཨ་གུ་ཤ་ཛ་ཛ། མིང་ཏྲེག་ནན། སྲོག་ཧུར་ཐུམས་ཛ། ཡ་མ་ཡ་མ་རྭ་ཙ། མིང་ཏིག་ནན་སྲོག་ཧུར་ཐུམས་ཛ། མིང་སྲོག་སྟ༷་པ་ཡན། ས་མ་ཡ་དམ་དམ། གཤིན་རྗེ་འཁོར་ལོ་ལ་སོགས་པ། །བསྐོར་ནས་རང་ཉིད་རླག་པར་འགྱུར། །བདག་ཉིད་གསལ་བའི་གོ་ཆ་སྟེ། །དྲག་སྔགས་མཚོན་ཆ་འཁོར་ལོ་ཡིས། །དམིགས་པ་སྔགས་ཀྱི་གནས་ཡིན་ཏེ། །རང་གཤེད་ཡིན་པས་ཡང་དག་གསུངས། །དེ་ལ་ཡང་དག་བཤད་བྱ་ན། །ཡ་མ་ཏྲིག་ནན། ཡ་ཆེ་གེ་མོ་ཙིསྟ་བཱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མ་ར་ཡ་སོད། ཙིསྟ་གནད་ལ་བོར་བའོ། །ཡ་མ་ཧུར་ཐུམས་རྦད་རིལ་ར༷་ནི་ཙི་ཏ་མ་ར་ཡ་རྦད། ཧཱུཾ༷་བཛྲ་མ་རུ་ནི་ཛ་ཛ། ཧཱུཾ༷་ནི་ཧུར་ཐུམས་རིལ་ཙིརྟི་མུ་ར་ཡ་རྦད། ཡ་མ་སྙིང་ཙིསྟ་མ་ར་ཡ་རྦད། སྲོག་ལོང་རྦོད། གཤིན་རྗེ་འཁོར་ལོ་མ་ར་ཡ། །དམ་ཚིག་ཉམས་པའི་སྔགས་པ་ཡི། །སྲོག་ལ་འཁོར་ལོ་བསྐོར་བར་འགྱུར། །གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། འཁོར་ལོ་ནག་པོ་སྙིང་ལ་བསྐོར་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས། མཚོན་འཁྲུགས་ནག་མོ་ཞས་བྱ་བ་འདི་གསུངས་སོ། །དུར་ཁྲོད་ཡིད་དང་འཐད་པར་འགྲོ། །ས་མ་ཡ་དང་ལྡན་བྱས་ལ། །མཎྜལ་བྲུབ་ཁུང་ཁྲུ་གང་སར། །ཁྲག་དང་དུག་གིས་ཞལ་ཞལ་བྱ། །དུར་ཁྲོད་རས་སམ་ཤོག་ཤོག་ལ། །འཁོར་ལོ་རིམ་པ་ལྡན་པ་ལ། །ཐ་མ་གཤིན་རྗེའི་སྔགས་ཀྱིས་བསྐོར། །དུག་དང་ཁྲག་ཏུ་བསྲེས་པ་ཡིས། །མ་མོའི་གཟུགས་ནི་དབུས་སུ་བྲི། །ལྟོ་བར་གནད་ཀྱི་འཁོར་ལོ་བྲི། །དབུས་སུ་སྲོག་གི་ཡི་གེ་བྲི། །ལིང་ག་བྲི་བ་ཟག་པ་ཟད། །བདུད་བཅས་ཁྲོ་བོའི་རྒྱུ་ལ་བྲི། །ཡི་གེའི་གནས་སུ་དགོད་པར་བྱ། །བདག་ཉིད་ཡ་བཱན་ཏ་ཀར་བསྒོམ། །འཁོར་ལོ་མ་མོ་ཆེན་མོར་བསྒོམ། །ལིང་ཀ་གཟས་པར་གསལ་བར་བྱ། །གསད་པའི་གཟོར་ཀྱང་གོང་ལྟར་བསྒྲུབ། །འཁོར་ལོ་ནོན་ཁར་ཐུན་གྱིས་བྲབ། །དམ་ཅན་འབོད་ཅིང་གཏོར་མ་གཏང་། །བྲང་བརྡུང་མ་ཉེས་དཔང་ཡང་གཟུགས། །དེ་ནས་འཁོར་ལོ་དྲག་ཏུ་བསྐོར། །བདུན་ནམ་གསུམ་མམ་བཅུ་གཉིས་འགྲུབ། །སྲིད་པ་མ་མོ་ཐམས་ཅད་ཀུན། །ཁྲ་སྤྱང་གཟན་ལ་འདུ་བ་དུད་པས་བདུགས། །རྒྱ་མདུད་ནག་པོར་ཧཱུཾ༷་ནག་གཅིག །རྡོ་སོལ་ནག་པོས་བྲི་བར་བྱ། །རྒྱ་མདུད་འོག་མར་གཟིར་སྔགས་བྲི། །ཐ་མ་དཔལ་མ་མ་ར་ཡ། །ལྕུམ་ཞོག་དག་ལ་བཅོ་ལྔ་པ། །རྩ་བའི་ཡི་གེ་བྲི་བར་བྱ། །འཁོར་ལོ་གོང་དང་རྒྱུ་འཐུན་ཏེ། །འཛོ་རྟའི་ཁྲག་དང་དུག་བསྲེས་ལ། །ཁྲོ་བོ་འཇིགས་པའི་གཟུགས་བདར་བྲི། །འབྲུབ་ཁུང་གཏིང་དུ་གྲུ་གསུམ་བྲུ། །ཐ་མ་རྩང་དམར་དག་གིས་བསྐོར། །དེ་ལ་ལིང་ག་བྲི་བ་དག ཁོ༑ག་ཤོག་ཀར་རི་ཀ་ལ་བྲི། །བདག་ཉིད་ཡ་མྱན་ཏ་ཀར་བསྒོམ། །ཁྲོས་པས་ང་རྒྱལ་དྲག་པོས་བརྒད། །མཛོ་རྟ་དྲེའུའི་ཐོད་པ་ལ། །རྡོ་རྗེ་རྒྱ་གྲམ་རབ་ཏུ་བྲི། །ཨོ་ལ༷་སྙིང་པོ་བྲིས་ལ་གཞག །ཡུལ་གསུམ་འདི་ཉིད་གསལ་བྱས་ལ། །དྲག་པོ་རང་གཤེད་འཁོར་ལོ་རང་གཤེད་བསྐོར། །ཕུར་བུའི་དབལ་ཁ་རང་ལ་ལྡོག །ཕུར་བུ་མདའ་རུ་འཕེན་པར་རྨི། །ཕུར་བུ་དབལ་ནས་འཛིན་པར་རྨི། །ཨོ་ས་མ་ཡ་ཧེ་ལ་ཙཀྲ། ཨེ་ར་རྭ་ག་བཛྲ། དུན་ཏིང་ཀ་ལ་ཡ་ཏྲི་ནན། །ཏ་ཧུར་ཐུམས་ཛ། དུན་ཏིང་ཀ་ལ་ཡ། ཨ༷་གུ་ཤ་ཛ་ཛ། མྱ་ར་ཡ་རྦད། སྟ༷་བྷ་ཡ་ནན། དུན་ཏིང་ཀི་ལ་ཡ་ཀྲིག་ནན། དུན་ཏིང་ལ་ཡ། ཆེ་གེ་མོ་དྲི་ཧུར་ཐུམས་བཛྲ། ཏ་ཏྲི་མ་ར་ཡ་རྦད། དུན་ཏིང་ཀ་ལ་ཡ་ཀྲིག །དུན་ཏིང་ཀི་ལ་ཡ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མུ་ར་ཡ་རྦད་ནན། དུན་ཏིངཀིལཡཏྲིགནན། ཏཆེགེམོ་ཙིཉི་ལ་མུ་ར་ཡ་རྦད། ཏ་ཆེ་གེ་མོ་དྲི་ཧུར་ཐུམས་ཛུ། ཙིསྟ་མུ་ར་ཡ་རྦདདུན་ཏང་ཀེ་ལ་ཧུ་ཐུམས་རལ། ར༷་བྲ་ཙེ་ར་མུ་ར་ཡ་རྦད། ཧཱུཾ་མཛྲ་མ་དུ་ན་ཛ་ཛུ། ཧཱུཾ་ཐྲོ་ཧུར་ཐུམས་རིལ། ཙིསྟ་མྱ་ར་ཡ་རྦད། དུན་ཏིང་ཀི་ལ་ཡ་སྙིང་ཙིསྟ་མ་ར་ཡ། ཏྲི་སོག་ལོང་དབུགས་ལ་ཡང་རྦད། །ཁྲག་དུག་ཉུངས་ཀར་དག་གིས་བྲབ། །ཕུར་པ་ནག་པོ་དྲིལ་ཞིང་བརྡེག །དེ་ནས་ལྷ་ཀླུའི་གནས་དག་ཏུ། །འཁོར་ལོ་ཐོད་པར་རབ་བྲུབས་ལ། །ལིང་ཀའི་སྙིང་ཁར་ཕུར་པས་གདབ་ཕུར་བུས་བཏབ་ཀྱང་རང་ལ་འདེབས་སོ། ཁུ་ལྡོག་ཕུར་གཤེད་ནག་པོ་ཡིན། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ཀི་ལ་ཡ་ཁྲག་འདི་ནག་པོ་རང་གཤེད་འཁོར་ལོའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཉིད་ཀྱིས་རྡོ་རྗེ་ནང་དམེའི་ལས་ཕུང་བྱེད་དུག་མདའ་ནག་པོ་འདི་གསུངས་སོ། །རི་ནག་མོན་ནག་ཁྲོས་པ་འདྲ། །ཙྭ་དང་ཤིང་དུ་སྐྱེས་པའི་གནས། །སྔགས་པ་དམ་ཚིག་ལྡན་པའི་མིས། །མཎྜལ་མཐིང་ནག་གྲུ་གསུམ་ལ། །གྲི་རྒོད་ཁྲག་གིས་ཞལ་ཞལ་བྱ། །ཁ་ལ་རྩང་མར་དགྲམ་པར་བྱ། །སྐྱེར་པའི་མདའ་ལ་སྒྱུང་ཁའི་སྒྲོ། །མཐོ་གང་བ་ནི་ཚད་ཡིན་ནོ། །དུག་དང་ཁྲག་དང་རྟོད་ནག་བྱུག །ཁྲ༷་ཁྲ༷་ཁྲ༷་ལ་ཐོབ་ཅེས་བྲི། །དར་ནག་ཡང་དོར་བདུད་ལ་གཏད། །རྟགས་ཐོན་གཏང་རག་ཁས་ཀྱང་བླངས། །བདག་ཉིད་ཡ་མན་ཏ་ཀར་བསྒོམ། །འཁོར་ལོ་བདུད་དུ་རབ་བསྒོམས་ལ། །ལིདྷ་གཟས་པ་དེ་ལ་གཏད། །རང་གཤེད་རང་ལ་བསྐོར་བར་གསོད། །ཨོ་ས་མྱ་ལྭ།ཧེ་ལ་ཙཀྲ། ཨེ་ར་གེ བཛྲ་རུ་ཏྲ་ཏྲིག་ནན། རྟ་ཧུར་ཐུམས་ཛ། རུ་ཏྲི་དྷ་ཨ་གུ་ཤ་ཛ་ཛ། མུ་ར་ཡ་རྦད་སྟ༷་བྷ་ཡ་ནན། རུ་ཏྲེ་ཏྲིག་ནན། རུ་ཏྲི་ཆེ་གེ་མོ་དྲི་ཧུར་ཐུམས་མ་ཛ། ད་ནི་མ་ར་ཡ་རྦད། རུ་ཏྲི་ཏྲིག་ནན།རུ་ཏྲི་ཆེ་གེ་མོ་ཧུར་ཐུམས་རྦད། ཆེ་གེ་མོ་མ་ར་ཡ་རྦད། རུ་ཏྲི་ཏྲིག་ནན། དྷ་ཆེ་གེ་མོ་ཙིསྟ་བཱ་ར་ཡ་རྦད། དྷ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་བཱ་ར་ཡ་རྦད། རུ་དྲི་ཧུར་ཐུམས་རིལ། རུ་ཁི་ཙི་སྟི་མྱ་ར་ཡ་རྦད། ཨོ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ཁོ་ཧུར་ཐུམས་རིལ། ཙི་སྟ་མ་ར་ཡ་རྦད། རུ་ཏྲི་སྙིང་ཙིསྟ་མྱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། སྐྱེར་བའི་མདའ་ནག་དག་ལ་ཡང་། །བསྔགས་ཤིང་ལིང་དག་ལ་བརྡེག །བདུད་ཀྱི་ཁྲམ་ཤིང་ནག་པོ་ལ། །བདུད་ཀྱི་གཟུགས་བྲི་འཁོར་ལོ་དེ། །བདུད་དུ་བསམ་ལ་བདུད་དུ་བརྡེག །བདུད་ཀྱི་ཁྲམ་ཁ་སྟོང་འཀྱུར་ན། །མུན་པའི་ཞགས་པ་སྟོང་འགྱུར་དང་། །འཁོར་ལོ་འདི་ཡི་དབང་དུ་འགྱུར། །དམ་ཚིག་བདག་པོས་དབང་དུ་བཤད། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བདུད་རང་གཤེད་རང་ལ་དབབ་པ་རུ་ཏྲ་ནག་པོ་སྲོག་ལེན་ཁྲམ་ནག་རང་གཤེད་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་རྡོ་རྗེ་ནང་དམེའི་ལས་མེ་འབར་ནག་མོ་འབྲུ་གཅིག་པ། ཤང་ཀའི་རང་གཤེད་འདི་གསུངས་སོ། །མ་ལ་ཡ་ཡི་རྩེ་མོ་འམ། ཁྲ་སྤྱང་འདུ་བའི་གནས་དག་ཏུ། །མཎྜལ་ནག་པོ་ཁྲུ་གང་པ། །རིམ་པ་གསུམ་དང་ལྡན་པ་ལ། །ཟླ་གམ་ལྗང་ནག་བྲི་བར་བྱ། །རྒྱ་ཤོག་དག་ལ་འཁོར་ལོ་བྲི། །དབུས་སུ་ལྗང་ནག་གཤའ་བསམས་བྲི། །ལིང་ག་རང་གཟུགས་རང་གནད་བྲི། །འབྲུ་གཏོར་གསེར་སྐྱེམས་ཕུད་གཏོར་ལ། །བདག་ཉིད་ཡ་མན་ཏ་ཀར་བསྒོམ། །གནོད་སྤྱིན་སྔོ་ནག་འབར་བ་ལ༷། །བསྟན་པ་འཇིག་པའི་དམ་སྲི་ལ། །མཚོན་ཆའི་ཆར་པ་ཕབ་པར་བསམ། །དེ་འདར་ཕྱེ་དང་མཚོན་ཆ་ཆེ། །དུག་ཁྲག་རའི་ངར་བསླུད་ལ། །འདུད་དང་ལིང་ག་དག་ལ་བྲབ། ཡ་མན་ཏ་ཀ་གསལ་བསྒོམས་ནས། །ཨོ་ས་མ་ཡུ། ཧེ་ས་ཙཀྲ། ཨེ་ར་ག །བཛྲ་ཡག་ཐྲེ་ཏྲིག་ནན། ཀྟ་ཧུར་ཐུམས་ཛ། ཡང་ཤ་ཀྟ། ཨ་གུ་ཤ་ཛ། མྱ་ར་ཡ། སྟམ་བྷ་ཡ་ནན། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ་གེ་མོ་དྲི་ཧུར་ཐུམས་ཛ། ཀྟ་ནི་མ་ར་ཡ་རྦད། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མུ་ར་ཡ་རྦད། ཡག་ཤ་ཏྲིག་ནན།ཀྟ་ཆེ་གེ་མོ་ཙིསྟ་མྱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མྱ་ར་ཡ་རྦད། ཡག་ཤ་ཧུར་ཐུམས་ཛ། ཙིལྟི་མྱ་ར་ཏ་རྦད། ཡག་ཤ་ཧུར་ཐུམས་རིལ། རི་ནི་ཙིསྟ་མྱ་ར་ཡ་རྦད་ནན། །ཨོ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ནི་ཧུར་ཐུམས་རིལ། ཙི་སྟ་མུ་ར་ཡ་རྦད། ཡ་ཨ་སྙིང་ཙིསྟ་མ་ར་ཡ་ཏྲི། སྲོག་ལིང་དབུགས་ལ་རྦད། ཚམ་རྔམ་དྲག་པོའི་སྔགས་བྲབས། །མྱུར་དུ་རླག་པར་དཔའ་བོས་བཤད། །གནོད་སྦྱིན་སྡེ་དཔོན་བརྒྱ་རྩ་བརྒྱད། །ཉི་ཤུ་རྩ་ལྔ་ལ་སོགས་པ། །ལག་ན་རྡོ་རྗེ་ལ་སོགས་པ། །འཁོར་ལོ་འདི་ཡི་དབང་དུ་འགྱུར། །རྦད་ཁ་སྟོང་དང་བྲུབ་ཤིང་སྟོང་། །རང་ལ་རང་གི་མཚོན་ཆར་འབེབས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གནོད་སྤྱིན་རང་གཤེད་ཆེན་པ་ངར་བའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནང་སྨེའི་ལས་གདུག་པ་ཀླུའི་འཇིགས་ཐབས་འདི་གསུངས་སོ། །ན་ག་མེད་པ་མེ་བརྩེགས་འཁྱིལ། །དུར་ཁྲོད་རོ་ཤ་བསྒྲུབ་པའི་གནས། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དུར་ཁྲོད་ས་འམ་ཕུང་ས་ལ། །འབྲུབ་ཁུང་བྱས་ལ་དུག་ཁྲག་བྱུག །ལྡོང་རོས་རོ་ཡི་སོལ་བས་བྱུག །རུས་སྦལ་ནག་པོའི་པགས་པ་ལ། ཁེང་ཤུན་དག་ལ་ཀླུ་ཡི་གཟུགས། །སྦྲུལ་ནག་གཟུགས་ལ་མགོ་གཟུགས་བྱ། །ལྷོ་བར་རང་གཤེད་ཀྱི་ཡི་གེ་དགོད། །ལིང་ཀ་ཁྲོ་བ་དག་ལ་བྲིས། །བདག་ཉིད་ཡ་མན་ཏ་ཀར་བསྒོམ། །ཀླུ་གཉན་རང་གཤེད་རང་ལ་དབབ། །ཨོ་ས་མྱ་ཡ་ཨུབྱ། ཧེ་ལ་ཙཀྲ། བན་ཙ་ཨེ་ར་ག་བཛྲ། ན་ག་ཏྲིག་ནན། ཕུ་ཧུར་ཐུམས་ཛྲ། ས་ན་ག་ཕུ། ཨ་གུ་ཤ་ཛ་ཛ། མ་ར་ཡ་སྟ༷་ས་ཡ་ནན། ན་ག་ཏྲིག་ནན། ས་ན་ག་ཆེ་གེ་མོ་དྲི་ཧུར་ཐུམས་ཛ། ཕུ་སྒྲི་མྱ་ར་ཡ་ཕཊ། ན་ག་ཏྲིག་ནན། ན་གེ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མྱ་ར་ཡ་རྦད། ནགཏྲིགནན། ཕུཆེགེ་མོ་ཙིཏི་མྱ་ར་ཡ་རྦད། ཕུ་ཆེ་གེ་མོ་ས་ཧུར་ཐུམས། ཛ་ཏི་མྱ་ར་ཡ་རྦད། ན་ག་ཧུར་ཐུམས་རིལ། རི་དྲི་ཙིརྟི་མྱ་ར་ཡ་རྦད། ཧཱུཾ༷་བཛྲ་མ་དུ་ནི་ཛ་ཛ། ཙིསྟ་མ་ར་ཡ་རྦད། ན་ག་སྙིང་ཙིཉི་མ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་རྦད། ཀླུ་གཉན་གནད་ལ་བོར་བའི་ལས། །བྱད་དང་སྟོང་དང་དུག་ནད་ལས། །ཐར་བྱེད་བསྟན་པའི་བདུད་དུ་དབབ། །གཞན་ཡང་གཏད་མཁན་དང་འགྲས། །མྱུར་དུ་ཁོ་ཉིད་འཕུང་བར་འགྱུར། །བསྲུང་བ་བྱ་བར་འདོད་ན་ཡང་། །རིགས་དང་དྲུང་གིས་ཐབས་ལས་དང་། །རྩོལ་བ་དང་།་བྱེད་ཀྱི་ལས་གཞེན་ཆགས་ལས་གྱུར་དུག་ལས་ཐར། ཅེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ལས་ཀྱི་ཀླུ་ནག་འཁྲུག་པ་རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་སྨེ་ལས་མཚོན་ཆ་འཁྲུག་པ་ཞེས་བྱ་བ་འདི་གསུངས་སོ། །ཛ་ལ་མོ་རབ་སྲོག་གི་བདག །འཇིག་རྟེན་དྲེགས་ཅན་སྒྲུབ་པའི་མིས། །རི་གསུམ་རྩེ་ལ་སོགས་པ་སྲ །མཎྜལ་ནག་པོ་ཁྲུ་གང་ལ། །གྲི་བོའི་ཁྲག་གིས་བྲི་བར་བྱ། །རྒྱ་གོར་དག་ལ་འཁོར་ལོ་བྲི། །དྲེགས་ཅན་མི་ཡི་ལུས་པོ་ལ། །སེམས་ཅན་གཡག་གི་མགོ་བོ་ཅན། །ཡང་ན་ཤ་བའི་མགོ་རུ་བྱ། ཁྲ་བའི་རུ་ལ་ཁྲོ་སྟོད་ལ། །མཚལ་གྱིས་གཡུང་དྲུང་བྲི་བར་བྱ། །ལིང་ག་བྲི་བ་ཤེས་བྱས་ལ། །འཁོར་ལོ་འབྲུབ་ཁུང་ཁ་རུ་དགྲམ། །དམ་ཅན་ཡ་མུན་ཏ་ཀའི་སྐུ། །འཁོར་ལོ་དམར་ནག་གཡག་མགོ་ཅན། །ཛ་དམར་སྲོག་དང་བཅས་པའི་བསམ། །གཟས་པ་དངོས་སུ་གསལ་བ་གཅེས། ་༑ད་ཀའི་རྡེའུ་དཀར་ནག་དང་། །དུག་དང་ཁྲག་ལ་སྔགས་བཟླས་ཏེ། །སྐུ་ལ་གཏོར་ཞིང་དྲག་སྔགས་དྲང་། །ཨོ་ས་མ་ཡུ། ཧེ་ལ་ཙཀྲ། ཨེ་ར་ག །བཛྲ་ཤུ་ལ་ཏྲིག་ནན། ཛ་ཧུར་ཐུམས་ཛ། ཤུ་ལ་ཛ་ཛ། ཨ་གུ་ཤ་ཛ་ཛ། མ་ར་ཡ་རྦད། སྟ༷་བྷ་ཡ་ནན། ཤུ་ལ་ཏྲིག་ནན། ཤུ་ལ་ཆེ་གེ་མོ་སྤོ། ཧུར་ཐུམས་ཛ། ཛརྣ་མུ་ར་ཡ་རྦད། ཤུ་ལ་ཏྲིག་ནན། ཤུ་ལ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། ཤུ་ལ་ཏྲིག་ནན། ཆེ་གེ་མོ་ཙིསྟ་མ་ར་ཡ་རྦད། ཛ་ཆེ་གེ་མོ་ཧུར་ཐུམས། ཙིསྟ་མྱ་ར་ཡ་རྦད། ཤུ་ལུ་ཧུར་ཐུམས་རིལ། ཧཱུཾ༷་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་དྲི་ཧུར་ཐུམས་རིལ། ཙིསྟ་བཱ་ར་ཡ་རྦད། ཤུ་ལ་ཙིསྟ་སྙིང་ཙིལྟི་ནཱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། །ཁྲག་ཏུ་ཤོད་རྡིའུ་ཆར་ཕབ་ལ། ཁྲ་རུའི་ཁྲམ་ལ་རབ་ཏུ་གཏེམ། །ལིང་ག་འཁོར་ལོ་རབ་ག་་ལ། །རི་གསུམ་རྩེ་ལ་གནན་པ་བྱ། ཁྲ་ཁྱི་གསོ་དང་ཇག་པ་འགྱེད། །མེ་འབར་ཆུ་ཡང་འཁྲུགས་པ་རྨིགས། །འབྱུང་བ་ལྔ་ཡི་བཙན་དང་ནི། །ཀླུ་བཙན་ཡམས་ཤོད་ལ་སོགས་པ། །ཐ་རབས་སུམ་བརྒྱ་དྲུག་ཅུ་དང་། ཁོད་ཀ་སྟོང་དང་ནད་ཀ་འབུམ། །དམོད་མཁན་ཡོད་ན་ཁོ་དང་རླག །འཇིགས་བྱེད་སྲོག་རྩ་ཁྲག་གི་ལུང། །དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། གྲི་ཐབས་འབུམ་འགྱུར་རང་གཤེད་ཀྱི་ལེའུ་སྟེ་སོ་བརྒྱད་པོའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་རྡོ་རྗེ་ནང་དམེའི་ལས་སྲོག་རྩ་འཁོར་ལོ་ནག་པོ་ཞེས་བྱ་བ་འདི་གསུངས་སོ། །རི་གསུམ་རྩེ་འམ་ངོ་བརྒྱའི་བྲག །བྱ་རྒོད་ལྡིང་བའི་གནས་སུ་བྱ། །སྔགས་བ་དམ་ཚིག་ལྡན་པ་ཡིས། །ལྷ་་ཡི་ཏིང་འཛིན་གསལ་བྱས་ལ། །མཎྜལ་གྲུ་གསུམ་མཐིང་ནག་ལ། །རྩང་བསྐོར་ཐོད་པའི་འཕྲེང་བར་བསྐོར། །དར་དཀར་དག་ལ་འཁོར་ལོ་བྲི། །ལིང་ག་དག་ལ་བྲི། སྲོག་གི་ཡི་གེ་བཀོད་བྱས་ལ། །འབྲུབ་ཁུང་ཁ་རུ་དགྲམ་པར་བྱ། །ཁྱི་དཀར་ཐོད་པ་དག་ལ་ཡང་། །དཔྲལ་བར་མཚལ་གྱིས་གཡུང་དྲུང་བྲི། །མཚོན་སྣ་ལྔ་ཡི་སྐུད་པས་གྲིལ། །ཙ་དཀར་ཙིསྟ་དམིགས་བྱས་ལ། །ཡ་མན་ཏ་ཀ་གསལ་བ་དང་། །ཨོ་ས་མ། ཧེ་ལ་ཙཀྲ། ཨེ་ར་ག་བཛྲ། ར་ཛ་ཏྲིག་ནན། ཙ་ཧུར་ཐུམས་ཛ། ར་ཙ་ཙ། ཨ་གུ་ཤ་ཛ་ཛ། བཱ་ར་ཡ་རྦད། སྟམ་བྷ་ཡ་ནན། ར་ཙ་ཏྲིག་ནན། ར་ཙ་ཆེ་གེ་མོ་སྤོ་ཧུར་ཐུམས་ཛ། ཙ་ནི་སྨྱུ་ར་ཡ་རྦད། རྭ་ཙ་ཏྲིག་ནན། ཙ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། རྭ་ཙི་ཏྲིག་ནན། རྭ་ཙ་གེ་གེ་མོ་ཙིསྟ་བཱ་ར་ཡ་རྦད། ཙ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིཀྟ་མྱ་ར་ཡ་རྦད། རྭ་ཙ་ཧུར་ཐུམས་རིལ། ར༷་ཙི་ནི་ཏ་མུ་ཡ་རྦད། ཧཱུཾ༷་དྲི་ཧུར་ཐུམས་རིལ། ཙིསྟ་བཱ་ར་ཡ་རྦད། སྟ་ཙ་སྙིང་ཙིསྟ་མྱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། རྫས་དང་འཁོར་ལོ་ཁྱི་ཡི་ཐོད་པར་བྲུབ། །ལྷ་ཁང་སྒོ་འམ་མཚོད་རྟེན་ནམ། །གཏད་ཁྲམ་འཁོར་ལོས་ཁ་བཅད་མནན། རྒྱལ་པོ་སྡེ་བཞི་མན་ཆད་ནས། །རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ཡང་། །འཁོར་ལོ་འདི་ཡི་དབང་དུ་འགྱུར། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ར་ཙ་སྲོག་ལེན་རྒྱལ་པོ་རང་གཤེད་ཀྱི་འཁོར་ལོས་བསྟན་པ་སྟེ་ལེའུ་སོ་དགུ་པའོ།། །།དེ་ནས་དཔལ་འབར་ཆེན་པོ་དེས། རྡོ་རྗེ་ནང་དམེའི་ལས་སྲིན་པོ་མདའ་ཤ་འབྲི་བ། ལིང་གའི་སྙིང་སྔགས་རང་གཤེད་ཀྱི་འཁོར་ལོ་བསྐོར་ཏེ། གདུག་པའི་སྲོག་དང་བྲལ་བའི་ལས་འདི་གསུངས་སོ། །དུར་ཁྲོད་གནས་སམ་ཤིང་གཅིག་དྲུང་། །རབ་ཏུ་ས་རྩུབ་གནས་དག་ཏུ། །མཎྜལ་དྲག་པོ་ཨེ་དང་ལྡན། །ཨེ་ལ་ཡ་ཡི་འདབ་མ་ལ། །སྲིན་པོ་གདུག་པའི་འཁོར་ལོ་བྲི། །བདག་ཉིད་ཡ་མན་ཏ་ཀར་བསྒོམས། །ལིང་ག་འཁོར་ལོ་དགྲམ་བྱས་ལ། །ཨོ་ས་མ་ཡ། ཧེ་ལ་ཙཀྲ། ཨེ་ག་བཛྲ། རག་ཤ་ཏྲིག་ནན། ར་ཧུར་ཐུམས་ཛ། རག་ཤ་ར། ཨ་གུ་ཤ་ཛ་ཛ། མྱ་ར་ཡ་རྦད། སྟ༷་བྷ་ཡ་ནན། རག་ཤ་ཏྲིག་ནན། རག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མྱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མྱ་ར་ཡ་རྦད། རག་ཤ་ཧུར་ཐུམས་རིལ། རི་ནི་ཙིཉི་མའ་ར་ཡ་རྦད། ཧཱུཾ༷་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ཧུར་ཐུམས་རིལ། ཙིརྟི་མྱ་ར་ཡ་རྦད། རག་ཤ་ཙིརྟི་མི་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། ལང་ཀའི་སྲིན་སྔགས་ཐམས་ཅད་ཀྱང་། །འཁོར་ལོ་འདི་ལ་སྲོག་འདུས་པས། །རང་དབང་མེད་པས་ལས་བྱེད་འགྱུར། །དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། སྲིན་པོའི་སྲོག་བདུད་རང་གཤེད་གསང་ཁྲམ་ནག་པོའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་དཔལ་འཇིགས་བྱེད་ཆེན་པོ་དེས། རྡོ་རྗེ་ནང་དམེ་ལས་ལྷ་རྒོད་ཀྱི་དྲག་སྔགས་རང་གཤེད་ཕབ་སྟེ། སྲོག་ལ་འཁོར་ལོ་བསྐོར་བའི་ལས་འདི་གསུངས་སོ། །འཇིག་རྟེན་ལྷ་ཆེན་དབང་ཆེན་དང་། །བསྟེན་པའི་ལྷ་དང་བསྒྲུབ་པའི་ལྷ། །འགོ་བའི་སླ་ལ་སོགས་པ་སྟེ། །རང་གཤེད་ཕབ་ལ་བདུད་དུ་དབབ། །ལྷ་ཅིག་སྐྱེས་པའི་ལྷ་ལྔའོ། །རང་ལས་འབྱུང་བས་རང་ལ་དབབ། །་ལྷ་ཡི་གཏར་སྲོག་འདུ་བ་ཡིས། །རང་འཐད་གནས་སུ་མཎྜལ་བྱ། །གྲུ་གསུམ་མཐིང་ནག་ཁྲག་ཏུ་བྱུག །སྨེ་རྫས་རྣམས་ཀྱིས་མེ་ཡང་གཏང་། །འཁོར་ལོ་རྒྱ་ཤོག་དག་ལ་བྱ། །ཡི་གེ་གནད་ལ་དགོད་པར་བྱ། །འགོ་བའི་ལྷ་ལྔ་དག་ཀྱང་བྲི། །ལིང་ག་བྲིས་ལ་འཁོར་ལོ་བྲུབ། །ཡ་མན་ཏ་ཀ་གསལ་བ་དང་། །ཨོ་ས་མ་ཡ། ཧེ་ལ་ཙ་ཀྲ། ཨེ་ར་ག་བཛྲ། དེ་བ་པ་ཙ་ཏྲིག་ནན། ཨ་ཧུར་ཐུམས་ཛུ། དེ་བ་ཨ་པ་ཨ་གུ་ཤ་ཛ་ཛ། དེ་བ་ཙན་ཙ་ཏྲིག་ནན། དེ་བ་བན་ཙ་ཆེ་གེ་མོ་དྲི་ཧུར་ཐུམས་ཛ། ཨ་ནི་མ་ར་ཡ་རྦད། དེ་བ་པེ་ན། ཙ་གོ་ནན། ཨ་དེ་བ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མྱ་ར་ཡ་རྦད། དེ་བ་པན་ཙ་ཏྲིག་ནན། ཨ་ཆེ་གེ་མོ་ཙིཉི་ཡ་མ་རྦད། ཨ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མ་མ་ར་ཡ་ཕཊ། དེ་བ་པན་ཙ་ཧུར་ཐུམས་རིལ། ར༷་ཙིསྟ་མ་ར་ཡ་རྦད། ཧཱུཾ༷་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ནི་ཧུར་ཐུམས་ཐུམས་རིལ། ཙིསྟ་མྱ་ར་ཡ་རྦད། དེ་བ་པན་ཙ་སྙིང་ཙིསྟ་མ་ཏྲིག་སྲོག་ལོང་དབུགས་ལ་ཡ་རྦདའཁོར་ལོ་ཁོ་བོའི་ཁང་འགྲམ་མམ། །ཡང་ན་ལྷ་རྟེན་གནས་དག་གམ། །རིགས་གསུམ་གནས་སུ་གནས་གྱུར་ན། །བསྟེན་པ་རང་གི་བདུད་དུ་འབབ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བསྟེན་པ་རང་ལ་གཤེད་དུ་དབབ་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནང་དམེའི་ལས་གདོན་ཐམས་ཅད་རང་གཤེད་དུ་དབབ་པ། །སྲོག་བདག་འཁོར་ལོ་ནག་པོ་འདི་གསུངས་སོ། །ལང་ག་གྲུབ་པའི་གནས་དག་ཏུ། །བྲག་དམར་ལོགས་ལ་བསྒྲུབ་པར་བྱ། །སྲིད་པའི་སྲོག་བདག་གནད་ལ་བོར། །བན་དྷི་བོན་པོ་དམངས་དང་རྗེ། །མགོ་ནག་ཡོངས་ཀྱི་རྗེ་དཔོན་དེ། །རང་གཤེད་བསྐུར་ལ་སྲོག་ལ་རྦད། །དུར་ཁྲོད་མཆོད་པའི་ས་དག་ལ། །འབྲུབ་ཁུང་བརྩིགས་ལ་གཙང་མར་དགོད། །ལག་པ་ལིའི་ལོ་མ་ལི། །ཀ་རི་ཀ་ལ་འཁོར་ལོ་བྲི། །ལིང་ག་བྲིས་ལ་འཁོར་ལོ་དགྲམ། །ཡ་མུན་ཏ་ཀར་གསལ་བར་བསྒོམ། །ཨོ་ས་མུ་ཡ། ཧེ་ལ་ཙཀྲ། ཨེ་ར་ག་བར། བཛྲ་ས་དུ་ཏྲིག་ནན། ཀྲ་ཧུར་ཐུམས་ཛ། བཛྲ་ས་དུ་ཛ། ཨ་གུ་ཤ་ཛ་ཛ། མྱ་ཡ་རྦད། སྟམ་པ་ཡ་ནན། བཛྲ་ས་དུ་ཏྲིག་ནན། བཛྲ་ས་དུ་ཆེ་གེ་མོ་དྲི་ཧུར་ཐུམས་ཛ། ཏྲ་ནི་མ་ར་ཡ་རྦད། བཛྲསདུཏྲིགནན། བཛྲས་དུ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མྱ་ར་ཡ་རྦད། བཛྲ་ས་དུ་ཧུར་ཐུམས་རིལ། བ༷་ཙིསྟ་མུ་ར་ཡ་རྦད། བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ནི་ཧུར་ཐུམས་རིལ། ཙིསྟ་ནཱ་ར་ཡ་རྦད། བཛྲ་ས་དུ་སྙིང་ཙིརྟི་མ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། ལྷ་རྟེན་གནས་སམ་རི་ཟུར་གནན། །སྟེན་པ་བདུད་དུ་བབས་པར་གྱུར། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས་དགྲ་བླ་གཤེད་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་དམུ་བདུད་སྲོག་མངའ་བྱེད་ཀྱིས་སོས་ཆུས་ལ། གདུག་པ་ཁྲམ་ལ་འདེབས་པ་འདི་གསུངས་སོ། །བྲག་བོ་ཆེ་ཡི་རྩང་ཕྱིན་ལ། །མཎྜལ་གྲུ་གསུམ་རྩང་གིས་བསྐོར། །འཁོར་ལོ་བྲིས་ལ་གནད་ཡིག་དགོད། །ལིང་ག་ལྟོ་བར་བཅུག་ནས་ཀྱང་། ཡ་མན་ཏ་ཀ་གསལ་བར་བཅུག་གམ། །ཨོ༷་ས་མ་ཡ། ཧེ་ལ་ཙཀྲ། མུན་མུན་ཏྲིག་ཏ་ནན། བ་ཧུར་ཐུམས་ཛ། མུན་མུན་པ། ཨ་གུ་ཤ་ཛ་ཛ། ཤཱ་ར་ཡ་རྦད། སྟ༷་པ་ཡ་ནན། མུན་མུན་ཏྲིག་ནན། མུན་མུན་མུན་ཆེ་གེ་མོ་དྲི་ཧུར་ཐུམས་ཛ། ས་ནི་མ་ར་ཡ་རྦད། མུན་མུན་ཏྲིག་ནན། མུན་མུན་ཆེ་གེ་མོ་སྤོ་ཧུར་ཐུམས་ཛ་ཆེ་གེ་མོ་མྱ་ར་ཡ་རྦད། མུན་ཏྲིག་ནན། བ་ཆེ་གེ་མོ་མྱ་ར་ཡ་རྦད། ཙིསྟ་མྱ་ར་ཡ་རྦད། མུན་མུན་ཧུར་ཐུམས་རིལ། ར༷་ནི་ཙིསྟ་མ་ར་ཡ་རྦད། ཨོ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ༷་ནི་ཧུར་ཐུམས་རིལ། ཙིསྟ་མྱ་ར་ཡ་རྦད། མུན་མུན་སྙིང་ཙིསྟ་མ་ར་ཡ་རྦད། ཏྲིག་སྲོག་ལོང་དབུགས་ལ་ཡ་རྦད། བྲག་ནག་འོག་ཏུ་མནན་བྱས་ལ། །རང་སྲོག་རང་གིས་གཅོད་པར་འགྱུར། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གདུག་པ་ཁྲམ་འདེབས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་ཁྲམ་ནག་དམིག་འོག་ཕྱིན་ཅི་ལོག་འདི་གསུངས་སོ། །དུག་ཤིང་སྐྱེ་བའི་ས་དག་ཏུ། །རོ་བསྲེགས་ས་དང་གཡུལ་བཀྱེའི་ས། །འབྲུབ་ཁུང་བརྩེགས་མ་དག་ཏུ་བྱ། །སྦལ་པ་ནག་པོའི་པགས་པ་འམ། ར་རོག་གི་རོག་པགས་པ་ལ། །སྨེ་ཁྲག་དག་གིས་འཁོར་ལོ་བྲི། །ལིང་ག་འཁོར་ལོའི་ལྷོར་བྲུབས་ལ། །ས་སྣ་རྡོ་ཕྱེ་སྣ་ཚོགས་དང་། །དུག་དང་ཁྲག་གི་ཆར་པ་དབབ། །རག་ཏ་བཟང་ཞིང་སྒྱུག་པ་བོད། །ཡ་མན་ཏ་ཀ་གསལ་བསྒྲོམས་ལ། །ས་མ་ཡ། ཧེ་ལ་ཙཀྲ། ཧེ་ལ་ཙཀྲ། ཨེ་ར་ག་བཛྲ། ཏིར་ཏི་ཀ་ཏྲིག་ནན། དུར་ཧུར་ཐུམས་ཛ། ཏིར་ཏི་ཀ་དུ། ཨ་གུ་ཤ་ཛ། མྱ་ར་ཡ་རྦད། སྟ༷་པ་ཡ་ནན། ཏིར་ཏི་ཀ་ཏྲིག་ནན། ཏིར་ཏི་ཀ་ཆེ་གེ་མོ་ཧུར་ཐུམས་ཛ། དུ་ནི་མུ་ར་ཡ་རྦད། ཏིར་ཏི་ཀ་ཏྲིག་ནན། ཏིར་ཏི་ཀ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མྱ་ར་ཡ་རྦད། །ཏིར་ཏི་ཀ་ཏྲོག་ནན། དུ་ཆེ་གེ་མོ་མྱ་ར་ཡ་རྦད། དུ་བ་ཆེ་གེ་མོ་སྨྱུ་ར་ཡ་རྦད། དུ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མུ་ར་ཡ་རྦད། ཏིར་ཏི་ཀ་ཐུམས་རིལ། ར༷་ནི་ཙིསྟ་མུ་ར་ཡ་རྦད། ཧཱུཾ༷་བཛྲ་དུ་ནི་ཛ་ཛ། ཧཱུཾ༷་ཧུར་ཐུམས་རིལ། ཙིཉི་མྱ་ར་ཡ་རྦད། ཏིར་ཏི་སྙིང་ཙིསྟ་མྱ་ར་ཡ་སྲོག་ལོང་དབུགས་ལ་ཡ་རྦད། རི་ནག་རྩེ་ལ་མནན་བྱས་ལ། །རང་སྲོག་རང་གིས་གཅོད་པར་འགྱུར། །དཔལ གཤིན རྗེདམར་ནག་འབར་བའི་རྨེ་རྒྱུད་ལས། མུ་སྟེགས་ངན་སྔགས་ཐམས་ཅད་འཁོར་ལོའི་དབང་དུ་བསྐོར་ལ། །གདུག་བྱེད་ཁྲམ་ལ་འདེབས་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་བགེགས་དང་ལོག་འདྲེན་སྣ་འདྲེན་དང་།སྡོང་པར་བཅས་པ་རང་གཤེད་འཁོར་ལོ་འདི་གསུངས་སོ། །ཕུག་བདག་དང་ནི་འགོང་པོ་དང་། །གནོད་སྤྱིན་མོ་དང་སྲིན་མོའི་ཚོགས། །རང་གཤེད་རང་ལ་བསླང་ལ་གསད། །གནོད་སྤྱིན་སྲིན་མོ་བུད་མེད་ཚོགས། །རང་གནད་ཡི་གེ་འཁོར་ལོ་བྱ། །འགོང་པོ་དག་ལ་བུ་ཆུང་འདྲ། །དམ་སྲི་ཕག་གམ་རྔ་མོ་བྱ། །ཀླུ་བདུད་མོ་ནི་བུད་མེད་འདྲ། །འཁོར་ལོ་བསྐོར་ཞིང་ཉུངས་ཀར་བྲབ། །ཕུར་པས་བཏབ་ལ་ཧོམ་ལ་བསྲེག །ཡང་ན་གཟིར་ཅིང་མནན་པ་བྱ། །ཨོ་ས་མ་ཡ། ཧེ་ལ་ཙཀྲ་བཛྲ། རག་མོ་ཏྲིག་ནན། ར་ཧུར་ཐུམ་ཛ། རག་མོ་མ་ར་ཡ་རྦད། རག་མོ་ཏྲིག་ནན། ཤ་ཧུར་ཐུམས་ཛ། ཧ༷་ཤ༷་ཏྲིག་ནན། ཤ་ཧུར་ཐུམས་ཛ། དུ་མ་ཏྲེག་ནན། མེ་ཧུར་ཐུམས་ཛ། རུ་ཏྲི་ཏྲིག་ནན། སྲི་ཧུར་ཐུམས་ཛ། བཱ་ར་ཡ་རྦད་རྦད། སྲོག་སྟ༷་བྷ་ཡ་ནན། མི་སྲོག་ཨག་ནི་ཤ་ཆུང་ཛ་ལ་ར༷། འཇིག་རྟེན་དྲེགས་པ་ཐམས་ཅད་ནི། །སྙིང་འགས་སྲོག་དང་འབྲལ་བར་འགྱུར། །ཞེས་གསུངསསོ། །དཔལགཤིནརྗེདམར་ནག་འབར་བའི་རྨེ་རྒྱུད་ལས། འཇིག་རྟེན་དྲེགས་པའི་སྲོག་འཕྲོག་ཅིང་རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་འཇིག་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །འཇིག་རྟེན་དྲེགས་པ་འདི་དག་ལ། །རྡོ་རྗེ་ནང་འགྲས་ལས་དག་ཏུ། །རང་གཤེད་འཁོར་ལོ་གཤད་པ་ན། །འཁོར་ལོ་བསྐོར་དུས་གང་ལ་བྱ། །སྟོང་སྲོག་འདུ་ན་གང་དུ་འདུ། །མཆོད་ཅིང་བསྟེན་པ་ཇི་ལྟར་ལགས། །རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་། །ཞེས་ཞུས་པས། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཉིན་ཅིག་འཇིག་རྟེན་མགོན་པོ་ཁྲོད། །དྲེགས་པ་རང་ཤུག་པ་ཡི་འཁྲུག་པ་ཡིས། །མཚན་རྟགས་ངན་ན་འཁོར་ལོ་གཟིར། །སྔགས་པ་ནང་འགྲས་བྱུང་བའི་ཚེ། །སྤོད་གཏོང་སྟོབས་ནི་འགྲན་པའི་ཚེ། །གཟིག་ཡག་རྟགས་ཀྱི་མེ་ལོང་ལྟ། །གང་བྱུང་དེ་ལ་འཁོར་ལོ་བསྐོར། །རྟགས་རྣམས་འཁྲུགས་པར་བྱུང་བ་ན། །སྙིང་སྲོག་གཅིག་ཏུ་བསྡུས་ལ་གཏྲང་། །སྟོང་སྲོག་གཅིག་གིས་གཅད་པར་བྱ། །ཡང་ན་འདི་ལྟར་ཤེས་པར་བྱ། །ཕོ་སྲོག་གཅིག་ཏུ་ཤེས་པར་བྱ། །མོ་སྲོག་གཅིག་ཏུ་ཤེས་པར་བྱ། །གདུག་པ་གསུམ་པོ་གཅིག་ཏུ་ཤེས། །མུ་སྟེགས་ངན་སྔགས་གཅིག་ཏུ་ཤེས། །བགེགས་ཀྱི་རུ་ལོག་ཆེ་བ་ན། །སྲོག་གི་བུ་གཏེའུ་གཟུང་བར་བྱ། །ཕྱིས་ཀྱི་ལོག་མནོན་བྱུང་བ་ན། །དམ་ཚིག་མནའ་ཡིས་བསྒག་པར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །སྲ་བའི་ཆོ་ག་བགོ་བར་བྱ། །བརྡེག་པའི་མཚོན་ཆ་བརྡུང་བར་བྱ། །འབེན་གྱི་བཅའ་ལུགས་བཅའ་བར་བྱ། །གསལ་བའི་མེ་ལོང་རབ་བལྟ་ཞིང་། །སྟོང་སྡེ་དམངས་སུ་གཅད་པར་བྱ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་སྲོག་ཐམས་ཅད་གཅིག་ཏུ་གསད། གདུག་པ་ཅན་གནད་ལ་ཕབ་པ། །སྲོག་ལ་མ་ར་ཡས་གདབ་བ་འདི་གསུངས་སོ། །ཨོ་ས་མཡ། ཨུརུམཉུ་ཤི་མུ་ཏྲ་ཡ་མན་ཏ་ཀ་པ་ན་ཙ་ཏེ་རོ་ནི་ཙ་ཧཱུཾ༷་ཛ། ཧེ་ལ་ཙཀྲ་པན་ཙ་རྭ་པ་ནི་ལན་ཙ་ས་མ་ཡ། མ་ར་ཡ་གུ་གུ་ཐུལ། ནཱ་ར་ཡ་ཨེ་ར་ཡ་ག་དེ་བ་ཤ་མོ་ཧ་ན་མ་ཨི་རུ་ཤ་སྨྱོ། བཛྲ་སརྦ་དུ་སཊན། ཡསྟེ་ན་ཡབ་རག་མོ། ར་གཤའ། གཤེ་མ། བཛྲ་ཀྲོ་དྷ། དུན་ཏི་ཀི་ལ་ཡ། མ་མ་རག་མོ། ཉིད་དུ་རྔུབས། ཧ་ཤ་རག་ཏྲ། དུ་ཕྲག་དུན་ཏིང་། འབིང་ལ་ནི། ཨ་དུན་ཏྲི། ཏྲི་ཤ་ན། ར་ཛ་ཧ་ཏི། ར་ཛ་མུ་ཏྲག ཁྲ་ཆུང་སྟི་སྟ། ར་ནི་རོ་ཏྲིག་ནན། ཨ་ཏྲི་ས་དུ། ཙ་ཏྲི་ས་དུ། ཙ་ཏྲི། རྭ་ཛ། རྭ་ཛ་ན་ག །དེ་བ་རུ་ཏྲི་ཁ་རག་སྟེ་མ་ཏྲི། དུན་ཏིང་དུན་ཏིང་ཏྲི་སྲོག་མ་ར་ཡ། འགའ་ན་ས་ཏི། འཕི་ན་ཀ་རོ། ཀ་ལ་དུ་ཕྲག །བྱི་རུ་ར། ན་ག་མོ་ཏྲི། ན་ག་བྱི་དུ། སརྦ་ཤ་ཧྲུང་ནན། ཨེ་ནི་ཧུར་ཐུམས་ཛ། ཨེ་ནི་ཆེ་གེ་མོ་བཱ་ར་ཡ། སརྦ་ཤ་ཧྲུང་ཏྲིག་ནན། ཨེ་ནི་ཆེ་གེ་མོའི་དབང་དུ་ཙིསྟ་མུ་ཡ་རྦད། ཨེ་ནི་ཆེ་གེ་མོ་ཧུར་ཐུམས་ཛ། ཙིསྟ་མུ་ར་ཡ་རྦད། སརྦ་ཤ་ཧྲུང་སྙིང་ཙིརྟི་མྱ་ར་ཡ་སྲོག་ལོང་དབུགས་ལ་ཡ་རྦད། དེ་ཡིས་སྟོང་སྙིང་འདུས་པ་ཡིན། །རང་སྲོག་རང་གིས་གཅོད་པར་འགྱུར། །ལས་རྣམས་འགོར་ན་རུ་ལོག་བྱ། །གསད་པའི་ནང་ནས་མཆོག་ཏུ་བཤད། །གང་དག་བསྲུང་བར་འདོད་ན་ཡང་། །ཀླ་དུ་མགོ་འདྲེན་ཤེས་པ་ལ། །ཚིག་གསུམ་བཟླས་པས་བསྲུང་བར་འཀྱུར། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྟོང་སྲོག་བསྡུ་གསད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། །མཆོད་རྟེན་གྱི་གཏང་རག་གཏང་བའི་ལས་འདི་གསུངས་སོ། །དམ་བཅས་རྣམ་པ་གཉིས་ཡིན་ཏེ། །མཆོད་པ་འཐུན་པའི་རྫས་རྣམས་ཡིན། །རིན་ཆེན་རྣམ་ལྔ་དྲི་མ་ལྔ། །སྨན་དང་འབྲུ་ཡི་གཏོར་མ་གཏང་། །འབྲུ་སྐྱེམས་ལ་སོགས་གཏང་པར་བྱ། །མི་ཤ་རྟ་ཤ་ཁྲག་ཆེན་དང་། །བ་དམར་གླང་དམར་ཤ་ཁྲག་སྙིང་། །འབྲི་རོག་གཡག་རོག་ཤ་ཁྲག་གཟུགས། །སེང་གེ་དཀར་མོ་ཤ་ཁྲག་སྙིང་། །ཉ་སྦྲུལ་སྦལ་པའི་ཤ་ཁྲག་དང་། །ཙ་ར་ཁ༷་བརྒྱའི་ཤ་དང་ཁྲག །ལུག་ནག་ཤ་ཁྲག་ཏིལ་ནག་དང་། །མཁའ་ལྡིང་ཤེལ་ནག་སྨུག་མོ་ཡི། ཁྲ་ཁྲག་སྙིང་དང་བཅས་པ་དང་། །ཆུ་གཙང་ཁྲག་གཙང་བསྲེས་པ་དང་། ར་དམར་ཤ་ཁྲག་སྙིང་ལ་སོགས། །ཕག་པ་རོག་པོའི་སྙིང་ཁྲག་དང་། །རྟ་ཡི་ཤ་ཁྲག་ལ་སོགས་དང་། །གཟུགས་ལ་སོགས་པ་སོ་སོར་མཆོད། །འཇིག་རྟེན་དྲེགས་པ་དེ་རྣམས་ལ། །དགྲ་རྟགས་བྱུང་བའི་དུས་སུ་མཛོད། །འཇིག་རྟེན་ལྷ་འདྲེའི་སྲོག་ཤེས་ན། །སྤྲིན་དཔུང་བཞིན་དུ་འདུ་བར་འགྱུར། །གང་འདོད་དངོས་གྲུབ་འབྱུང་བར་འགྱུར། །རྗེ་བོར་མཐོང་ནས་ངེས་བར་ལུབུར། །མ་ནོར་ངེས་པའི་ལམ་ཡང་སྟོན། །ཅེས་གསུངས་སོ། །མ་མཐུན་གནད་ཀྱས་རྫས་བསྟན་པ། །མི་རྟ་བྱ་གསུམ་ཙིལ་བུ་དང་། །ཉ་སྦྲུལ་སྦལ་པ་གསུམ་གྱི་ཤ །ཁྱི་ཕག་སྤྱང་ཀིའི་རྟུག་པ་དང་། །མཛོ་རྟོལ་འདྲེའུའི་སྦུག་ཞོབ་དང་། །རྟ་རྨིག་གླང་རུ་བཞོགས་པ་དང་། །ར་དུག་སྦྱང་དུར་བུང་དུག་དང་། །ཐར་ནུ་ལ་སོགས་དུག་སྣ་དང་། དུད་པས་འདུགས་ན་གྲོང་ཆེན་ཡང་། །སྙིང་འགས་སྲོག་དང་བྲལ་བར་འགྱུར། །མི་མཐུན་ལོག་འདྲེན་འབྱུང་བ་ན། །དམིགས་ལ་དུད་འདུག་འཁོར་ལོ་བསྐོར། །ད་ལྟ་ཉིད་དུ་རླག་པར་འགྱུར། །ཡུལ་བདག་ཡོད་པའི་གནས་དག་ཏུ། །རྫས་སུ་འདུག་སྟེ་ཡུལ་བདག་གཟིར། །ད་ལྟ་ཉིད་དུ་གྲོག་པོར་འབྱུང་། །རྒྱ་ཚིལ་ཐང་ཁྲོམ་ནག་མོ་དང་། །ཞ་ཉེ་གནད་རྫས་བསྲེགས་གྱུར་ན། །ཡུལ་ཁམས་ཕུང་བའི་དལ་ཡམས་ཕབ། །དྲག་པོ་གནད་ཀྱི་ལས་ཐབས་ཡིན། །དམ་ཚིག་བདག་པོར་རབ་ཏུ་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། དྲག་པོ་རྫས་ཀྱི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྟགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ། །བསྙེན་བསྒྲུབ་ལས་ལ་སྦྱར་བ་ཡི། །འབོད་སྟོང་སྨེ་སྟོབས་འགྲན་དུས་སུ། །རྟགས་རྣམས་འཁྲུག་པར་སྟོན་པ་དང་། །རང་རང་རྟགས་སུ་འབྱུང་འགྱུར་ཏེ། །རྦོད་གཏོང་བཟློག་པས་ཁོ་རང་བརླག །མེ་འབར་བ་དང་འོད་ཤར་བ་དང་། །ཉི་ཟླ་ཤར་དང་ནམ་ལངས་དང་། །བན་དྷི་མོན་དང་རྒྱ་གར་དང་། །རང་བྱུང་དང་ནི་མོན་མོ་དང་། །རྡོ་རྗེ་སློབ་དཔོན་བྱུང་བ་ན། །ཡེ་ཤེས་ལྷ་ཚོགས་ཉེ་བ་ཡིན། །མཁའ་ལ་འཕུར་ནས་རྩ་ཕུར་འདེབས། །མཚོན་ཆ་བརྡུང་དང་འདེབས་པ་དང་། །ལུས་ཤུགས་ཆེ་ལ་སེམས་ཡང་ཡོལ། །དེས་ནི་རབ་ཏུ་གྲུབ་པ་ཡིན། །མདའ་དང་མདེའུ་ཆར་པ་འབྱུང་། །དེ་དང་ཁོ་ཡི་རྦོད་གཏོང་ཡིན། །རྟགས་ནི་གང་དང་གང་བྱུང་ཡང་། །ཕར་ལ་གསོད་དང་འཛིན་པ་བཟང་། །ཚུར་ལ་གནོད་པར་བྱེད་པས་ན། །དེ་ཚེ་དྲུག་སྔགས་རབ་ཏུ་བཟླས། །མཛེ་པོ་ཞིབ་ཆེན་མོན་དང་བཙུན། །གཤིན་རྗེའི་རྟགས་སུ་ཤེས་པར་བྱ། །དེ་རྗེ་ཉམས་དགའ་སེམས་གསལ་ན། །དྲག་པོ་སྔགས་ཀྱང་བཟླས་མི་དགོས། །ཉམས་འཇིགས་ངུ་བྲོ་སྙིང་མི་དགའ། །ལུས་ནི་གཏི་མུག་ཆེན་པོར་འགྱུར། །དེ་ཚེ་ལྷ་ཡི་སྐུ་གསལ་བས། །དྲག་སྔགས་ཕྱོགས་སུ་འཕངས་པས་གྲུབ། །མུན་སྲོས་པ་དང་རྒྱ་མཚོ་འཁྱིལ། །གཡག་དང་ར་ཡིས་ཁེངས་པ་དང་། །བུད་མེད་གཅེར་བུ་མཐོང་བ་དང་། །བཙུན་པ་བཙད་པོ་ཨ་ཙ་ར། །རྟ་པ་མང་པོ་བྱུང་བ་དང་། །བྲག་དམར་འཇིགས་དང་བྲག་ནག་དང་། །སྦྲུལ་དང་སྦལ་པ་ཉ་དང་ལྕོང་། །བ་གླང་མང་པོ་བྱུང་བ་དང་། །རྐང་མངས་མང་པོ་བྱུང་བ་དང་། །ལྷ་ཁང་ཆོས་བསྐོར་སྟོན་པ་དང་། །མི་རེད་སྐྱ་བོ་བྱུང་བ་དང་། །བོན་པོ་རལ་པ་ཅན་ཡང་འབྱུང་། །བན་དྷི་མང་པོ་བྱུང་བ་དང་། །ར་ལུག་བྱུང་དང་བྱིས་བ་དང་། །ཁྱི་ཕག་མུ་སྤྲང་བྱུང་བ་དང་། །རྗེ་དཔོན་དང་ནི་རིགས་འཛིན་དང་། །འབྲིང་ནག་མང་པོ་བྱུང་པ་དང་། ཁྲ་སྤྱང་མང་པོ་བྱུང་བ་དང་། །མོན་པ་སྦྲུལ་ཞགས་ཁྱེར་བ་འབྱུང་། །གང་བྱུང་རྟགས་གཟུང་དྲག་སྔགས་གནད། །ཉུངས་ཀར་ལ་སོག་བཟླས་ལ་གཏོར། དེ་ཡི་རང་གཤེད་ཕེབས་པར་བྱེད། །དྲེགས་པ་དེ་དག་འཁོར་བཅས་ཀྱིས། །དེད་དཔོན་བསྡོངས་ལ་གྲོགས་དང་ནི། །ཕོ་ཉ་ལས་ལ་འཕང་མ་དང་། །བར་ཆད་བྱེད་པའི་ལོག་འདྲེན་ཡིན། །སྲོག་གི་ཡི་གེ་གནད་དག་ནི། ཁྲེས་པས་གདུག་པ་ཡང་དག་ནི། ཁེན་ཏུ་འཁྲུགས་ན་འཁོར་ལོ་བསྐོར། །རྟགས་རྣམས་འཁྲུག་ན་བྱི་སྲོག་གཅད། །རང་གཤེད་གང་མོས་གང་འགྲོ་ལྟ། །བསྲུང་དང་བཟློག་དང་གསད་དང་མནན། །མེ་ལ་སྲེག་དང་དམ་བདར་ལ། །དྲེགས་པ་བཞི་དང་དངོས་གྲུབ་འདུ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། རྡོ་རྗེ་ནང་འགྲས་རྟགས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོས་སྲོག་གི་སྙིང་གཟེར་ཆེན་པོ་འདི་གསུངས་སོ། །འཇིགས་བྱེད་རྔམ་ཆེན་གཏུམ་ཆེན་འབར་བའི་སྐུ། །འོད་དཔུང་སྟུག་པོ་བསྐལ་བའི་མེ་ལྟར་འབར། །ཕྱག་དྲུག་མཚོན་ཆས་དགྲ་བགེགས་ལོག་ལ་སྒྲོལ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་གསལ་དང། །ཐུགས་ཀྱི་ཡེ་ཤེས་སེམས་དཔའ་བསམ། །དེ་ལས་ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། །དབུས་སུ་ཡི་གེ་ཧཱུཾ༷་ནག་བསམ། །པདྨ་བརྒྱད་ལ་འབྲུ་བརྒྱད་འཕྲ་མོ་ལས། །ཡི་གེ་འཁོར་ཚོགས་མགལ་མེ་བཞིན་དུ་འཁོར། །རོ་ལངས་ཁྲོ་མོ་མེ་འདག་འཕུངས་འདྲ་ཡིས། །ཐུགས་ཁང་ཀྟ་ལས་འབྲུ་བརྒྱད་འཁོར་བའི་ཚུལ། །སྒེག་མ་རལ་གཅིག་མེ་དཔུང་འབར་འདྲའི་སྐུ། །ཐུགས་ཀར་ས་ལས་འབྲུ་བརྒྱད་འཁོར་ལོ་ལ། །སྙིང་པོ་བསྐོར་བས་རབ་ཏུ་བསྐོར་བར་བསམ། །མ་རུ་རྩེ་ནི་དམར་ནག་གཏུམ་པོའི་སྐུ། །ཐུགས་ཁར་ཡ་ལས་འབྲུ་བརྒྱད་ཕྱག་རྒྱ་འབར། །སྙིང་པོས་འཁོར་ལོའི་ཚུལ་དུ་བསྒོམས་བྱས་ཏེ། །ཛ་བཞིས་བསེ་མོའི་ཐུགས་ཀར་འབྲུ་བཞི་བསམ། །ཡེ་ཤེས་མེ་དཔུང་འོད་འབར་འཁོར་ལོའི་ཚུལ། །ཡེ་ཤེསལྷ་མཆོད་སེམས་ཅན་སྒྲིབ་སྦྱངས་ཏེ། །འཇིག་རྟེན་དྲེགས་པའི་གདུག་པ་རབ་བཏུལ་ནས། །བྱང་སེམས་དབང་གིས་འོད་འབར་ཨ་ཡུ་དེ། །ཡེ་ཤེས་སེམས་དཔའ་སྦྱན་དྲངས་ཨ་ཡུར་འགྱུར། །ཏིང་འཛིན་སེམས་ལ་བསྟིམ་པས་འོད་དུ་ཞུ། །དམ་ཚིག་སེམས་དཔས་སྐུ་གསུང་མི་སྟི་སྟ༷། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །ཐུགས་ཁའི་སྔགས་ཀྱི་ས་སྦྲུལ་ལས། །ལྕགས་ཀྱུའི་དབྱིབས་སུ་འཕྲོས་པ་ཡིས། །ཡེ་ཤེས་ལྷདང་འཇིག་རྟེན་པ། །སྲོག་དང་སྲོག་ནས་རབ་བསྐུལ་ཏེ། །ཐམས་ཅད་དབང་དུ་བསྡུ་བར་བྱ། །དམིགས་པ་གང་ཡིན་སྔོན་བཀུག་སྟེ། །རྔམ་པའི་ཞལ་གྱི་རྡུབ་པར་བྱ། །ལས་ཀྱི་རླུད་གིས་རབ་དེད་ནས། །དམར་ནག་ཚོགས་ཀྱིས་ལུས་ལ་རུབ། །སྔོན་དམར་ནད་ཀྱིས་རྩ་རྣམས་ཁེངས། །འོན་དོང་མིག་རྩ་རིག་རིག་བསམ། །དབྱེ་དགུབ་ལས་ཀྱི་དྲག་སྔགས་གདགས། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །བདག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །དམིགས་པ་ཉལ་ཐག་ཆད་པར་བྱ། །ཕོ་ཉ་ཤན་པས་བདུད་དང་གིང་། །ཕྱེ་ས་དམག་ཏུ་ཞབྲུགས་པ་ཡིས། །གཟས་པ་རྔུབ་བརླག་པར་འགྱུར། །དུར་ཁྲོད་བརྒྱད་དང་མཁའ་འགྲོ་མས། །གཤོག་དང་འཐུབ་དང་ལོངས་སྤྱོད་དང་། །རྔམ་པས་སྲིན་གྱི་ཚུལ་བཟུང་བསམ། །འཇིག་རྟེན་སྣང་གྲགས་ཐམས་ཅད་ཀྱང་། ཁྲ་ཟའི་ཚོགས་ཏེ་འཕྲ་རབ་རྔུབ། །ཅེས་གསུངས་སོ། །སྲོག་གི་ཡང་སྙིང་ཏིང་འཛིན་བཅུད། །ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་། །དོན་དམ་ཆོས་སྐུའི་ངང་དུ་གཅིག །ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྲོག་གི་སྙིང་ཟེར་གདབ་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཆེན་རྔམ་བ་ཆེན་པོས་རྡོ་རྗེ་ནང་དམེའི་ལས་ཁྲམ་ཁ་རང་གཤེད་ཀྱི་སྒོམ་པ་འདི་གསུངས་སོ། །སྟོང་ཉིད་ངང་ལས་སྐུ་སྤྲུལ་པ། །ཁྲོ་རྒྱལ་རྔམ་པའི་གཤིན་རྗེ་གཤེད། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །ཁམས་གསུམ་སྲིད་པ་ཐམས་ཅད་ཀྱང་། །བྱད་ཀྱིས་འཐོར་ཐངས་འོག་ཏུ་བརྫིས། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉིད། །ཁམ་ནག་རལ་པ་ཟུར་གསུམ་བརྫེས། །ཡང་ན་མཚོན་ཆའི་འཁོར་ལོ་བསྣམས། །དེ་ཡི་ཟུར་གསུམ་རྩེ་མོ་ནས། །ཧཱུཾ༷་ནག་སོལ་དུམ་བཅག་པ་འདྲ། །ཐུགས་ཁ་ལྕགས་ཀྱི་རུས་སྦལ་ལ། །མཚོན་ཆའི་སྤུ་ལ་ཉི་མའི་མིག །སྡེར་མོ་ལྕགས་ཀྱིས་འཁྲིག་པ་འདྲ། །ཡན་ལག་མགོ་དང་གཞུག་མ་དྲུག །རང་འབྱུང་མཆོད་རྟེན་དྲུག་ཏུ་གནས། །ལྟོ་ན་ལྕགས་ཀྱི་ས་རུ་དེ། །མཚོན་ཆ་སྣ་ཚོགས་པ་ན། །སྲིད་པ་གསུམ་གྱི་བླ་རྩེ་འ་ས། །དམིགས་པ་གང་ཡིན་དྲུག་པོའི་སྲོག །རུས་སྦལ་རྔམ་པའི་ཤུགས་ཀྱིས་འདྲེན། །དེ་འདྲ་གསལ་བའི་ཧཱུཾ༷་ནག་ལ། །འཁོར་ལོ་ལྟ་བུར་ཡིག་འབྲུ་སྤྲོས། །དམིགས་པ་གང་ཡིན་གནས་སུ་སྤྲོས། །རི་རྒྱལ་རྦབ་དང་གནམ་ལྕགས་ཐོག །མགོ་བཀས་ལུས་ལ་གཤེར་བཏབ་ནས། །ལྕགས་ཀྱུས་དྲངས་ཏེ་རྫས་ལ་བསྟིམ། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །གང་དག་ལོག་འདྲེན་བཟློག་པའི་དུས། །དེ་ཉིད་རབ་ཏུ་གསལ་བརྟེན་ལ། །དྲག་སྔགས་མཚོན་ཆ་མེ་དབལ། །དགུག་ཅིང་གཟིར་ནས་སྲོག་སྙིང་ཕྲོགས། །རང་སྲོག་རང་གིས་གཅད་ནས་ཀྱང་། །དྲག་སྔགས་མཚོན་ཆ་འཁོར་ལོ་ཡིས། །མྱལ་མྱལ་གཏུབས་ཤིང་གཅད་པར་བསམ། །ཞེས་གསུངས་སོ། །དེ་ནས་ཡང་དག་ངེས་གསུངས་པ། །རུ་དྲ་བསྒྲལ་བར་འདོད་ན་ཡང་། །གང་ཡིན་ལིང་ག་འཁོར་ལོ་སྒྱུར། །བསྟན་པ་འཇིག་པའི་རུ་དྲ་དེ། །འབྱུང་བ་འདུས་པའི་ལུས་ཉིད་ལ། །ཉོན་མོངས་བག་ཆགས་སེམས་སུ་ཆགས། །དེ་ཡི་དཀར་ནག་སྙིང་དཀྱིལ་ན། །དངས་མ་རང་འབྱུང་འོད་ལྔ་དང་། །སྙིགས་མའི་དངས་མ་ཁྲག་མཚོ་འཆལ། །སྦལ་པ་ལྟ་བུའི་དབུས་ན་སྤོ། །དང་པོའི་སྲོག་ཉིད་ཆགས་པའི་གཞི། །དེ་ལས་འབྱུང་བའི་རྩ་བཞི་ཆགས། །འབྱུང་བཞི་ནུས་པས་ཕུང་པོ་འགྲུབ། །དེ་བསྐྱེད་པ་ཡི་ལྷ་བཞི་འབྱུང་། །དེ་ལས་རང་འབྱུང་བདུད་བཞི་གནས། །དེ་ལྟར་འབྱུང་བཞི་གནས་པ་དེས། །བདག་གི་རྫས་ལ་སྐྱེད་པ་ལ། །དྲེགས་པ་རང་དབང་མེད་པར་བཀུག །དེ་ནས་གཟིར་ཏེ་དབང་མེད་བསྐུལ། །རང་འབྱུང་གནས་པའི་དྲེགས་པ་དང་། །དམིགས་ནས་རྦད་པའི་དྲེགས་པ་གཉིས། །དེའི་ཚེ་མེ་དང་ཤིང་འདྲེས་ཚུལ། །འབྱུང་བའི་ཕུང་པོ་རླག་པར་འགྱུར། །རང་སྲོག་རང་གིས་གཅོད་པར་འགྱུར། །དེ་ཡིས་ལུས་སྲོག་ཕྱེད་པར་འགྱུར། །དེས་ཀྱང་གསོད་པར་མ་གྱུར་ན། །ཙིསྟ་གནད་ལ་ཕབ་ལ་གཏང་། །སྲོག་ནི་རབ་ཏུ་བསྐུར་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དེ་ནས་སྲེག་པར་འདོད་ན་ཡང་། །རང་འབྱུང་མེ་དང་འབྱུང་བ་མེ། །མེ་དང་ཤིང་འདྲེས་ཚུལ་དུ་བྱ། །ལས་འཇུག་དམ་ཚིག་འདར་བར་བྱ། །དྲག་སྔགས་འཁོར་ལོ་ནག་པོ་དེས། །བཀའ་ལས་འདས་ན་གཅོད་པར་བསམ། །མི་འདའ་མནའ་ཡིས་བོར་བར་བསམ། །དེ་ནས་དྲེགས་པ་སྲོག་བྲལ་ནས། །ཆོས་ཉིད་སྟོང་པ་ཉིད་ལས་ཞི། །ཡང་ན་རང་རང་གནས་སུ་འཁོད། །འཐུ་དང་རྫུ་འཕྲུལ་ཕྲོགས་བྱས་ལ། །དངོས་གྲུབ་བླང་བའི་ལས་ཀྱང་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གཤེད་འཁོར་ལོ་ལ་དགོངས་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རི་རབ་མནན་པའི་མཆོག་བྱ་བ་འདི་གསུངས་སོ། །སྲིན་པོ་གདུག་པའི་ཐོད་པ་ལ། །མནན་པའི་འཁོར་ལོ་བྲི་བར་བྱ། །རྡོ་རྗེ་རྒྱ་གྲམ་སྔགས་དང་བཅས། །གང་ཡིན་རྫས་བཅུག་མནན་པ་བྱ། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །རྡོ་རྗེ་རྒྱ་གྲམ་རི་རབ་གཟུགས། །འཁོར་ལོ་རྩིབས་བཞི་ལམ་དང་བཅས། །དེ་ལ་ཡི་གེ་བཀོད་པ་ཡང་། །ཨོ་ཧྲི་སྟི་བྱི་སྤྱི་ཀྲི་ཀ་ན་ན་ཧཱུཾ༷་ཕཊ། ནན་ཆེ་གེ་མོ་སས་སྟིབ། ཆུས་ཁྱེར།མེས་ཚིག །རླུད་གཡེངས་མཁས་ག །རྣ་རི་ཚི་རི་ཏིའི། ཨོ་ལ༷་ཧཱུཾ༷་ལ༷། སྟ༷་བྷ་ཡ་ནན། དེ་དག་བྲིས་ཤིང་བཟླས་ཏེ་མནན། །མི་སྲོགས་སྟམ་པ་ཡ་ནན། །དེ་ནི་མནན་པའི་ཡང་སྙིང་ཡིན། །དུར་ཁྲོད་གཡམ་པ་སྔོན་པོ་ལ། །དུག་ཁྲག་བག་ཆུས་སྦྱར་བྱས་ཏེ། །མནན་ན་སྲིད་པ་གསུམ་ཡང་མནོན། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྲེག་པའི་ལས་འདི་གསུངས་སོ། །མ་ཏྲ༷་སྙིང་ཁ་གྲུ་གསུམ་དུ། །བང་རིམ་གསུམ་གྱིས་མཛེས་པ་ལ། །དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི། །ལྟེ་བར་ར༷་ལས་རྭ་ལ་ཡང་། །ཕྱི་རིམ་རྡོ་རྗེ་ཕྱེད་མ་དང་། །མཚོན་ཆ་སྣ་ཚོགས་བྲི་བར་བྱ། །དེ་ནས་དྲག་པོའི་རྫས་རྣམས་དང་། །ལིང་ག་དག་ནི་རབ་སྐྲུངས་ནས། །བདག་ཉིད་ཡ་མན་ཏ་ཀར་བསྒོམ། །ཨོ་ས་མ་ཡ། ཨུབྱ་མསྨུ ཨེ་ལ་ཙཀྲ། ཨེ་ར་ག་བཛྲ། མིང་ཏྲིག་མནན། སྲོག་ལ་ཧུར་ཐུམས་ཛ། མིང་སྲོག་ནཱ་ར་ཡ། ཨག་ནེ་ཛ་ལ་ར༷་ར༷། ཞེས་ནི་རབ་ཏུ་ཁྲོས་པས་སྲེག །ཐལ་བ་མཆོད་རྟེན་འོག་ཏུ་མནན། །ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། མནན་སྲེག་དྲག་པོའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀྱི་རིམ་པ་འདི་གསུངས་སོ། །རབ་ཏུ་རི་ཟླུམ་ས་དཀར་དུ། །མཎྜལ་ཟླུམ་པོ་ཟླ་བ་འདྲ། །འཁོ་རལོ་གའུའི་སྦྱོར་བ་དང་། །བཞིན་དང་ཆས་དང་ལྟ་ཕྱོགས་ཀྱིས། །ཕུར་བུ་རྩེ་མོ་ཟླུམ་བྱས་ཏེ། །རྩ་བ་དག་ལས་ཤན་ཏིང་གིས། །འཇིགས་པ་བརྒྱད་ལས་ཡང་དག་སྐྱོབ། །རྫས་དང་གཏོར་མ་མཆོད་པ་རིམས། །དེ་ཕྱིར་ས་གཙང་གསེར་རི་ལ། །གུར་ཀུམ་དག་ལ་བསྟེན་པ་ཡི། །ལིང་གའི་འཁོར་ལོ་བཅས་རྫོགས་ནས། །བཞིན་དང་ཕུར་བུ་རྒྱན་ཆས་ཕྱོགས། །མ་ནིང་པུས་ཏིང་ཀུ་རུ་ཡིས། །སྦྱོར་བ་དྲུག་དང་ལྡན་པར་འགྱུར། །རི་དམར་བྲག་དམར་གནས་དག་ཏུ། །གའུ་འཁོར་ལོ་བཅས་རྫོགས་པར། །རྒྱ་སྐྱེགས་དག་གིས་བྲི་བར་བྱ། །ཕུར་གདབ་བཞིན་དང་རྒྱན་ཆས་ཕྱོགས། །མ་ནོར་པ་ཤང་ཀུ་རུ་ཡིས། །མོས་པ་རྣམ་བཞི་ཐོབ་པར་འགྱུར། །དམར་ནག་གྲུ་གསུམ་ཟླ་གམ་འདྲ། །རོ་བསྲེགས་སོལ་བ་རྡོ་སོལ་ཁྲག །ཁྲོས་པས་སྦྱོར་བ་རྫོགས་པ་དང་། །ཕུར་གདབ་བཞིན་བཟློག་ཆས་བསྒྱུར་ནས། །ལ་ཕྱོགས་མ་ནོར་མ་ར་ཡ། །འཇིག་རྟེན་མངོན་སྤྱོད་འགྲུབ་པར་འགྱུར། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། འཕྲིན་ལས་རྣམ་བཞིའི་ལེའུ་སྟེ་ང་གཉིས་བའོ།། །།དེ་ནས་འཇིག་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་མ་འཇིག་རྟེན་མགོན་པོ་ལགས། །བསྟན་པ་དམ་པ་བསྲུང་བ་ལས། །བསྒྲུབ་དང་གདབ་པའི་ལས་རྫོགས་པ། །འཇིག་རྟེན་མགོན་པོས་ཇི་ལྟར་གདབ། །ཅེས་གསོལ་པས་དེ་ནས་བཅོམ་ལྡན་འདས་ཀྱིས་དམོད་པའི་ཡང་སྙིང་འདི་གསུངས་སོ། །གནོད་སྤྱིན་དམར་པོ་ཤ་ཟན་གྱི། །དམོད་པའི་ཡང་སྙིང་དམ་པ་དེ། །སྔགས་པ་ནག་འགྲས་བྱུང་ཡང་རུང་། །སྙིང་པོ་བཅུད་ལེན་འབྲུ་ལ་འདུ། །དེ་དོན་སྙིང་པོ་མཆོག་གྱུར་པ། །ཨོ་ཨ་ཀྲི་རྭ་ཙ་དུར་ན། ས་དུ་སྙིང་ལ་སྲིལ་སྲིལ། །ཨ་ཀྲོ་རྭ་ཙ་ཙི་ཏ་ནི་ཤ་ལ་རྦད་རྦད། ཡ་ཡ་རྣལ་མ་ཏྲི་ཛ། སྙིང་ལ་ཁ་ཐུན་མ་ར་ཡ་བོད། འགུལ་ཁུག་དག་ཏུ་ཉུངས་ཀར་ལ། །དྲག་སྔགས་བསྙེན་པས་གྲངས་གྱུར་ན། །གང་ལ་བྱ་བ་ཐོགས་མེད་ཅེས། །དམ་ཚིག་བདག་པོས་རབ་ཏུ་བཤད། །དེ་ནས་གནོད་སྤྱིན་དམར་པོ་རུས་སྦལ་སྐྲུ་གྲིའི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །རྩིབས་དྲུག་མཆོད་རྟེན་དྲུག་དང་སྦྱར། །དབུས་སུ་རྣག་པའི་མིང་རུས་བྲི། །ཐོད་པ་ནག་པོའི་ནང་དུ་བྲུབ། །ཐོད་པ་རྒྱ་གྲམ་ལམ་དང་བཅས། ་་ས་ཀར་ཁྲག་དང་ཏིལ་ནག་གིས། །ལིང་ག་དག་ལ་བྲི་བར་བྱ། །ཏོ་མ་རི་ན་ཤ་་ག་ཐུན། ཙི་ཏ་མུ་ར་ཡ་ཏྲི་རྦད། ཙི་ཏ་སྤྲ་མ་ཡག་ཤ་རྦད། །སྲོག་ཏེ་ཏྲི་མ་ཤ་ཛ། ཙག་རེ་ཁ་ཏྲི། ཡག་ཤ་ཛ། ཙི་ཏ་མ་རི་ཡ་ཡ་ཛ། དགྲ་བོའི་ཙི་ཏ་ཛ་ལ་ར༷་ཤག་ཤ་རྦད་རྦད། དེ་དག་བྲིས་དང་བཟླས་བྱས་ཏེ། །ཞག་བདུན་ནུབ་མོ་ལས་ལ་སྦྱར། །ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ལས་འཕྲང་དོག་དྲག་པོ་ལྗང་ནག་ཁྲོས་པ་གནོད་སྤྱིན་དམར་པོའི་དམོད་སྔགས་ཀྱི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྲིན་པོ་ཁྱི་ཁྲིད་ཡབ་ཡུམ་གྱི་དྲག་པོའི་དམོད་སྔགས་འདི་གསུངས་སོ། །དུར་ཁྲོད་མོན་གྱི་མགོ་བོ་ལ། །དུག་དག་ཁྲག་གིས་རབ་བྱུགས་ལ། །རྟ་ཁྲག་ར་ཁྲག་མི་ཁྲག་དང་། །ཆང་ལ་སོགས་པས་རབ་བསྒྱུར་ནས། །རྣལ་འབྱོར་སྔས་སུ་གཞག་པར་བྱ། ཁུ།བ་པའི་རྨི་རྟགས་བྱུང་བ་དང་། །རྣེལ་གྲིའི་ཐོད་པར་ཐུན་སྨྱོ་ལ། །ཐོད་པར་གཟས་པའི་ལིང་ག་བྲི། །དེ་ནས་ཐུན་དབང་རྫས་དགོད་བརྡེག །དྲག་སྔགས་སྦྱོར་བ་རྫོགས་པ་དང་། ཁྲར་ཕྱོགས་བྲག་དང་ཆུ་འཐབ་ཏུ། །ལིང་ག་ཐོད་པ་བཅས་ལ་གཞག །རྩ་རྒྱུད་རླག་པར་ཡང་དག་བཤད། །ཡག་ཤ་འགྲི་ན་མུ་ར་ཡ་ཛ་ཛ། ཡག་མོ་གིང་ཁ་རག་མ་སྨྱོ། བཛྲ་ཁ་དྷ་ཁ་དྷ་ཡ། མུ་ར་ཡ་རྦད། ཙིཏི་རྦད་སྙིང་སུབས། ཏྲི་ཨ་འགུ་ཤ །ཧ་ན་མ་ཐ། ཀ་ཀི་དྷ་ཧ། རག་ཤ་ལུ་ཁ། གར་རྫ་༄༅ ཡ་མ་ར་ཡ་ཕཊ་ཕཊ། ཅེས་པས་འགྲུབ་པར་ཡང་དག་གཟུང་། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྲིན་་པོ་ཁྱི་ཁྲིད་མར་པོ་བསེའི་གྱད་ཀྱི་དམོད་སྔགས་ཀྱི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་དམར་པོ་ལས་ཀྱི་ཤན་པ་བསེ་གདོང་གི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་གནས་སུ་ས་གཟུང་ལ། ཉུངས་ཀར་རྒྱལ་པོ་དག་དང་ནི། །མ་དོའི་ཕྱེ་མ་རབ་བསྲེས་ལ། །གཤིན་རྗེ་ཁྲག་སྒྱུག་སྙིང་པོ་བཟླས། །ཨ་མུ་ཀ་ཡི་རྫས་བླངས་བྲུབ། །ལུས་ལ་ཐུན་གྱིས་ཐེབས་པ་དང་། །ཁྲག་སྒྱུག་སྤྲིད་ཅིང་བརྒྱལ་ནས་སུ། །འགུལ་མི་ཤེས་པར་ས་ལ་ལྷུང་། །ཏ་ན་བི་ཡོ་ད་ཡ་པན་ཙ་ཧཱུཾ༷་ཆེ་གེ་མོ་ཧཱུཾ༷་ཕཊ། པ་ཙ་སྤྱི་ཏྲ་ས་མ་ཡ། བཙན་ཐབས་འདི་ལ་ལས་སྦྱར་ན། །དགྲ་འམ་བགེགས་ལ་སོགས་པ་བརླག །གཞན་ཡང་ཁྲག་དང་ཆུ་དང་གངས། །གང་ལ་བྱ་བ་ཐོགས་མེད་ཅེས། །དམ་ཚིག་བདག་པོས་རབ་ཏུ་གསུངས། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་གྱུད་ལས། བསེ་གདོང་གཤིན་རྗེ་དམར་པོ་ཁྲག་སྒྱུག་གི་ངན་སྔགས་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་གྱད་ཆེན་སྲོག་ལེན་དམར་པོའི་ཕུང་བཤིག་འདི་གསུངས་སོ། །དུར་ཁྲོད་ཆེད་དུ་དབེན་པ་སྲ །ལྷ་བསྙེན་སྔོན་དུ་སོང་བ་དེས། །དཎྜལ་གྲུ་གསུམ་མཐིང་ནག་ཏུ། །ཁྱི་ནག་དོམ་བུའི་ཐོད་པ་སྲ །ཁྲི་ཁྲག་ཁྱི་ཡི་ཀླད་པ་དང་། །ར་ཁྲག་ར་ཡི་ཀླད་པ་བླུགས། །གང་ལ་བྱ་བའི་མིང་ཡང་གཞུག །བཟླས་བ་དྲག་ལ་གྲིལ་བར་བྱ། །བདུད་ཀྱི་ཁྲམ་ལ་ཐེབས་པ་དང་། །བདུད་པོ་ནག་པོ་སྙིང་དུ་འཇུག །སེམས་ཀྱང་བར་སྣང་ཁམས་ལ་འཕྱོ། །རིའུ་ནག་པོ་གོན་པ་རྨི། །རྟ་ནག་པོ་ནི་ཤོན་པ་དང་། །མི་ནག་འབོད་དང་ཁྱི༷་ན༷ག་ཟ། །བྱ་ནག་མང་པོ་དངོས་སུ་ལྡིང་། །ལྟས་ངན་དེ་རྣམས་བྱུང་བ་ན། །ཕུང་ཤིག་ལས་རྣམས་འགྲུབ་པ་ཡིན། །ཙ་ཁ་མུ་ཙ་ཁ་མུ་སྙིང་རྩ་ཆེ། ཆོམ་ས་ཡ་ཆོམ་ས་ཡ། རུ༷་རུ༷་ཐུལ་ཡང་ཡང་སོད། ཡུ༷་ཡུ༷་ཐུལ། སྙིང་ལ་ཆོ་ཆོ། སྲོག་རྩ་ལ་ཐོབ་ཡ་ཡ། ཛ་ཛ་ཐུམ་ལ། སྙིང་ལ་ཆོམ་ཆོམ། སྲོག་རྩ་ལ་ཐོབ་ཡ་ཡ། ཛ་ཛ་ཐུམ་ལ༷། སྙིང་ལ་ཆོམ་ཆོམ། སྲོག་རྩ་ལ་ཡ་ཐོབ་ཡ་ཡ། སྒག་སྒག་སྙིང་ལ་ཡ། ར་ཏྲི་རུ་ཏྲི་རུ་མྱ་ར་དུ་སོད། ཐ་པྲི་ཐ་པྲི་ཐ་པྲི། མུ་ར་ཡ་སོད་སོད། ཅེས་པ་དྲག་ཏུ་བཟླས་གྱུར་ན། །བླག་བས་དམ་རྫས་གཏང་རག་གཏང་། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བདུད་སྲོག་ལེན་ནག་པོའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་འཇིག་རྟེན་མགོན་པོ་དེས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་འདས་འཇིགས་བྱེད་ཆེ། །རྒྱུད་ཀྱི་རྒྱལ་པོ་དེ་ཉིད་ནི། །ཇི་ལྟར་བྱུང་ཞིང་ཇི་ལྟར་གནས། །རྒྱུད་ཀྱི་མིང་ནི་ཇི་ལྟར་གསལ། །ཡོངས་སུ་གཟུང་ཞིང་བཅའ་བ་དང་། །ཐ་མ་རྫོགས་དང་གཏད་པ་ཇི་ལྟ་བུ། །ཞེས་ཞུས་པས། དེ་ནས་ཡང་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་འཇིག་རྟེན་མཐུ་ཆེན་ཉོན། ཁུད་ཀྱི་རྒྱལ་པོ་འདི་ཉིད་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །སྲོག་གི་ངོ་བོ་ཤར་བའི་རྒྱུད། །དུས་གསུམ་བུརྙ་བླ་མེད་རྒྱུད། །ཐུགས་རྗེ་ཆེ་ལ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་བསྟན་པ་འདི་ལ་དགོངས། །ཐར་པའི་ལམ་ལོག་ལས་ཀྱིས་མནར་བ་རྣམས། །བསྟན་པ་འཇིག་ཅིང་རྣལ་འབྱོར་སྐུ་ལ་བསྡོ། །དེ་ཡི་འབྲས་བུ་དམྱལ་ཁམས་འཁོར་བར་རྒྱུད། །དེ་དག་ཐར་ལམ་བསྟན་ཕྱིར་ངས། །དོན་དམ་སྤྲོས་མེད་ཏོ་མེད་མཉམ་ཉིད་དང་། །རྟགས་ཀྱི་གདུག་པ་མ་ལུས་འདུལ་ཕྱིར་བཤད། །དྲག་པོ་ཐུགས་རྗེས་གདུག་པ་འདུལ་ཕྱིར་བཤད། །རྒྱུད་ཀྱི་མིང་ནི་དམར་ནག་འབར་བའི་རྒྱུད། །ནག་པོ་ཆོས་ཉིད་མི་འགྱུར་སྟོང་པའི་དོན། །དམར་པོ་བསྒྲལ་བ་མ་བཀག་སྒྲོལ་བའི་རྟགས། །དོན་བཞིན་རྟགས་རྣམས་འབྲེལ་པའི་རྒྱུད་དུ་བཤད། །ལྔ་བརྒྱ་ཐ་མ་དུས་ཀྱི་བསྟན་པས་ཉེན། །རང་ཤ་ཟ་ཞིང་རང་ཁྲག་འཐུང་དུས་སུ། །སངས་རྒྱས་བསྟན་པ་མི་གནས་དུས་དེ་སྲ །རང་གིས་རང་གི་བསྟན་པ་འཇིག་དུས་སུ། །རྡོ་རྗེ་རྒྱུད་སྨེ་འདི་ཡིས་བསྟན་པ་བསྲུང་། །རྡོ་རྗེ་མཚོན་ཆ་གཅོད་པའི་རྒྱུད་དུ་་ཟུང་། །དྲེགས་པའི་སྲོག་སྙིང་རང་ལ་འདུས་པས་ན། །སྙིང་འཁོར་མྱོས་བྱེད་ཆེན་པོའི་རྒྱུད་དུ་ཟུང་། ཁུད་ཀྱི་བཅའ་ཐབས་བསྟན་པ་ཡང་། །རྒྱ་མཚོའི་གཏིང་དུ་རྡོ་བ་བོར་ལྟར་བཅའ། །ཆུ་སྲིན་གྲེ་བར་རིན་ཆེན་ལྟ་བུར་བཅའ། །མ་སྙེད་དབྱིངས་སུ་རྟོག་སྤྱོད་འདས་ལྟར་བཅའ། །ཀུན་ལ་སྤེལ་ན་བསྟན་པ་འཇིག་པར་བྱེད། །མཚོན་ཆའི་འཁོར་ལོས་རང་ལ་གཅོད་པར་འགྱུར། །རྡོ་རྗེ་སྙིང་པོས་རང་གི་སྙིང་ཁྲག་འཇིབ། །རྟག་ཏུ་གཤིན་རྗེའི་ཁང་པར་འ་ས་པར་འགྱུར། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །དཔལ་འབར་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །ལྷ་ཀླུ་མཁའ་འགྲོ་འཁོར་དང་བཅས་པ་ཡིས། །རྒྱུད་འདི་གཟུང་ཞིང་བཅའ་བར་བྱ། །རྫོགས་ལྡན་གཉིས་ལྡན་བསྟན་པ་མར་འགྲིབ་ལ། །བསྟན་པ་མི་གནས་རང་གིས་འཇིག །དེའི་ཚེ་བསྟན་པ་གནས་པར་བྱ་བའི་ཕྱིར། །ཆོས་ཉིད་སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། །ཉོན་མོངས་གདུག་བ་འདུལ་ཕྱིར་རང་ཉིད་ཁྲོ། །དཔལ་འབར་ཆེན་པོ་ཡ་མན་ཏ་ཀ་ཡིས། །བྱིན་གྱིས་བརླབས་པའི་ཚུལ་དུ་དོན་ལས་རྟགས། །སྡུད་པ་འཇིག་རྟེན་མགོན་པོ་དང་། །ལྷ་ཀླུ་གནོད་སྦྱིན་ལ་སོགས་དུ་མའི་ཚོགས། །ཕྱོགས་ཀྱི་ཡབ་ཡུམ་སྤྲུལ་བ་དཔག་མེད་དང་། །བདུན་བརྒྱ་ཉི་ཤུ་གཤིན་རྗེའི་ཚོགས་རྣམས་ལ། །ལྷ་སྲིན་གནད་ཕེབས་སྲོག་གི་རྒྱུད་ཆེན་གཏད། །ཅེས་གསུངསསོ། །དཔལགཤིནདམརནག་འབར་བའི་རྨེ་རྒྱུད་ལས། །རྒྱུད་འབྱུང་བ་དང་། མིང་དང་། བཅའ་ཐབས་དང་། ཡོངས་སུ་གསུང་བ་དང་། རྒྱུད་གཏད་པའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་འཇིག་རྟེན་སྐྱོང་བའི་གཙོ་བོ་དང་། །ཡེ་ཤེས་ཀྱི་གཤེད་བཞི་དང་། །ཕྱོགས་སྐྱོང་བའི་ཁྲོ་བོ་དང་། གདུག་བྱེད་ཀྱི་གཤིན་རྗེ་བདུན་བརྒྱ་ཉི་ཤུ་དང་། སྤྲུལ་པ་བྱེ་བ་དགུ་ཁྲི་མ་མོ་དང་བཅས་པ་དང་། གདུག་བྱེད་བསེའི་ལྷ་མོ་དང་། བསེའི་གྱད་དང་། བདུད་གིང་དང་། སྒྲོལ་གིང་དང་། ཤན་པ་དང་། ལྷ་དང་། ཀླུ་དང་། དྲི་ཟ་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྤྱིན་དང་། ནམ་མཁའ་ལྡིང་དང་། ཐམས་ཅད་པའི་འཁོར་དག་དགའ་མགུ་ཡི་རངས་ཏེ་མགྲིན་གཅིག་ཏུ་བསྟོད་པ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལ། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་བསྟན་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་པས་ལྷག་པའི་འོད་འབར་ཞིང་། །གདུག་པའི་མཚོན་ཆ་མང་པོ་ཕྱག་ན་བསྣམས། །རབ་བརྗིད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཏ་ན་ག་ཏ་དབྱིངས་སུ་འཁྲིལ་བའི་ཡུམ། །དབང་ཕྱུག་ཆེན་པོའི་སྐུ་ལ་ཉེར་གནས་པ། །རྡོ་རྗེ་རོ་ལངས་མ་དང་རལ་གཅིག་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ་མེ་ཏོག་རབ་ཏུ་གཏོར་རོ། །དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོ་ཉིད་དེ་ཉིད་དུ་མི་སྣང་བར་འགྱུར་ཏོ། །དེ་ནས་ཡང་འཁོར་མང་པོ་རྣམས་འདུས་ཏེ། དཔལ་འབར་ཆེན་པོའི་འཁོར་ན། འཇིག་རྟེན་པ་དུ་མའི་འཁོར་དང་བཅས་པའི་འཁོར་སྐྱོང་ཞིང་དྲེགས་པ་ཅན་ཐམས་ཅད་ཀྱི་གཙོ་བོ་མཛད་པ་དང་། སྒྲོལ་གིང་བདག་པོ་ལ་བསྟོད་པ། དཔལ་འབར་དབང་ཕྱུག་འཇིག་རྟེན་པའི་གཙོ། །ཞེས་བསྟོད་དོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། ལྷ་སྲིན་གྱིས་རྗེས་སུ་ཡི་རངས་ཏེ་བསྟོད་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ལྷ་དང་མཁའ་འགྲོ་རྣམས་ཀྱིས། འཇིག་རྟེན་འདི་རུ་མི་ལ་མ་གཏད་པར། ཡུལ་ཨུ་རྒྱན་གྱི་ཡུལ་རྒྱ་མཚོ་ཆེན་པོ་ལ་བརྟེན་པ་རྫུ་འཕྲུལ་གྱིས་བགྲོད་པ་ལས། གཞན་གྱིས་བགྲོད་པར་མི་ནས་པ། དུར་ཁྲོད་ཆེན་པོ་དབུས་འགྱུར་གྱི་ཚལ། སྣ་ཚོགས་མཁའ་འགྲོ་མ་འདུ་བའི་གླིང་། རི་ཟོ་མོ་པུ་རི་བྱང་ཆུབ་ཀྱི་ཚལ་བྱ་བ་དེ་ན། རང་འབྱུང་གི་མཆོད་རྟེན་ཆེན་པོ་གནས་པ་ལ། མཁའ་འགྲོ་མ་རྣམས་ཀྱིས་གྲུབ་སྟེ། བསྟན་པ་བསྲུང་བའི་དོན་དུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ།བི་ཌརུ་ཞུན་མས་སྐྲུས་བྲིས་པ་ཙམ་དུ་རང་ནན་དུ་བྲིས་ནས། བསེ་དང་ལྕགས་ཀྱི་སྡིག་པར་བཅུག །རུས་པ་སྣ་ཚོགས་པའི་སྒྲོམ་བུར་སྩལ་ཏེ་སྦས་སོ། །དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་རྫོགས་སོ།། །།དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྡོ་རྗེ་ཐོད་འཕྲེང་རྩལ། དབུ་རྒྱན་སླག་ཤ་ཤའི་ལུང་པ་ཕུག་ཁོང་སེང་ཆེན་བྱ་བ་དེ་ན་དགོངས་པ་མཛད་པ་ལས། ལྷ་སྲིན་རྣམས་ཀྱིས་ཉིན་བཞིན་དུ་བསྐོར་བ་མཛད་དེ། མཁའ་འགྲོ་མས་ལུང་བསྟན་པ་ཡིན་ནོ། །དེ་ནས་བོད་ཡུལ་དབུས་སུ། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སུ་གསོལ་བས། ལྷ་སྲིན་གྱིས་རྩིག་ཏུ་མ་གཏེར་ནས། ཇི་ལྟར་བྱ་ཞུས་པས། སློབ་དཔོན་བོ་དྷི་ས་ཏྭའི་ཞལ་ནས། ཨུ་རྒྱན་པདྨ་བྱ་བ་རྒྱ་གར་ན་བཞུགས་ཏེ། སྤྱན་འདྲོངས་ན་ལྷ་སྲིན་ཐུལ་ལོ་གསུངས་ནས་སྤྱན་དྲེན་གཏང་བས། སློབ་དཔོན་གྱི་མངོན་པར་ཤེས་པ་ལ་ཤར་ནས། བསམ་ཡས་བྱོན་པ་དང་ལམ་ཁར་མཇལ་ནས། དེར་དྲེགས་ཅན་བཏུལ། བསམ་ཡས་ལྷུན་གྱིས་གྲུབ་སྟེ། འཇམ་དཔལ་དམར་ནག་ནི་འཆིང་ཕུའི་བྲག་ཕུག་རྒེ་འུའི་ཡ་ཐོག་ཏུ། ཨུ་རྒྱན་གྱི་མཁན་པོ་པདྨ་་ཙགེ་ངསྙི་་་རྗེ་ཕྲེགི་རྗེདེཆེནདེ་རྗེཆེནངམེ་རྗེའབྱུང་གནས་དང་། །ལ་ ་བ་ད ་སླང་ནམ་མཁའ་ ང་བས་བསྒྱུར་བའ། །རྡ་ ་ཐད་འ ང་ ས། རྡ་ ་དབང་ཕྱུག་བ ་ ་རྩལ། ས་རྡ་ ་དབང་ ་འབྱམ་པ་རྩལ། ཞལ་དྲ་ ད་ཟླ་ཤར་རྩལ། སྤུ་ངན་རྡ་ ་ཡང་དབང་གཏེར། །ཀུན་ལ་ཡོད་ན་ཁྱད་པར་མེད། །རྒྱུད་ལུགས་འདི་དང་འགྲོགས་ནས་གཏེར་དུ་མཆིས། །ལས་དག་དམ་ཚིག་ཅན་དང་ཕྲད་པར་ཤོག། །།