Ngb-pt-0625-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐདདུ། ཨུརུམསྣྲུཤིཡམརཛ། ཀྲིཁྱི་གུ་རྒྱ་ཙནྟྲ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཟླ་གསང་ནག་པོའི་རྒྱུད། གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ ཐམས་ཅད་མཁྱེན་ཉིད་དཔལ་མགོན་མཛད། །གདུག་པའི་ཚོགས་འཇོམས་གཤིན་རྗེ་གཤེད་པོ་ལ། །དད་པས་སྤྱི་ག་ས་རྒྱུད་འདི་བསྟན་པར་བྱའོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། ཁེན་ཏུ་དབེན་པའི་དུར་ཁྲོད་དམ། །བྲག་དང་ས་ཕུག་དག་ཏུ་ནི། །བསྒྲུབ་པ་པོས་གནས་བཙལ་ལོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གནས་བཙལ་བ་དང་བཅས་གཞིའི་སྐབས་ཏེ་དང་པོའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་མཚམས་བཅད་སྡིག་སྦྱངས་ལ། །ཆག་ཆག་ཐིག་གདབ་མགོ་མ་ཡེངས། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་བཞི་དང་ལྡན་པར་བྲི། །ཐོད་འཕྲེང་དང་ནི་མེ་རི་འབར། །སྒོ་དང་སྒོ་ཁྱུད་ལྡན་པའོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་བཅའ་བའི་སྐབས་ཏེ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལྷོ་ཡི་ཕྱོགས་ཀྱི་ཟླ་གམ་ལ། །འཇིགས་བྱེདརྒྱལཔོགཤིནརྗེགཤེད། །སྐུ་དང་གཟུགས་བརྙན་བཞུགས་སུ་གསོལ། །གཡས་སུ་སྒེག་མོ་རལ་གཅིག་མ། །གཡོན་དུ་ཟ་བྱེད་པེ་ཏ་ལི། །གཡས་གཡོན་གཉིས་ཀྱི་ཟླ་གམ་ལ། །སྐུ་ཡི་གཟུགས་བརྙན་དགོད་པར་བྱ། །ཡང་ན་སྙིང་པོ་ཡི་གེ་བྲི། །སྐུར་བསྐྱེད་དེ་བཞིན་བསྒོམ་པར་བྱ། །བྱང་གི་ཕྱོགས་ཀྱི་ཟླ་གམ་སྟེ། །སྙིང་པོ་ཡི་གེ་བྲིས་པ་ལས། །འཇིགས་བྱེད་ཡ་མ་རྭ་ཛ་ཡི། །སྐུར་བསྒོམས་མཆོག་ཕུར་སོར་གསུམ་གཟུགས། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལྷ་དགོད་པའི་བཅའ་གཞིའི་སྐབས་ཏེ་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གཤིན་རྗེ་ཡབ་ཡུམ་སྐུ་ཡི་གཟུགས། །གཞུང་ལས་སྨོས་པའི་ཡས་སྟགས་རྣམས། །འཚོགས་བར་སྦྱར་བའི་སྣག་ཚ་ཡིས། །ཀང་ཀའི་སྒྲོ་འམ་འུག་པའི་སྒྲོས། །ཡི་དྭགས་ཀྱི་ནི་གོས་ལ་བྲི། །མཆོད་དེ་རབ་ཏུ་གནས་པར་བྱ། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། །འཁོར་ལོ་བཅའ་གཞིའི་སྐབས་ཏེ་བཞི་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དགྲ་བོའི་རྐང་རྗེ་ཆུ་ཕུད་དང་། །བོང་བུའི་བདུད་རྩི་མཆིལ་སྣབས་དང་། །བའི་ལྕི་བས་ས་མར་སྦྱར། །ཁ་དགོངས་རྣམས་ལ་འགག་ཏུ་བྱ། །བྱ་རོག་རའི་ཁྲག་གིས་བྱུག །རི་ཤོ་མ་དང་གྲོ་ག་ལ། །དགྲ་བོའི་མིང་དང་རུས་བྲིས་ལ། །སྙིང་ཁ་དག་ཏུ་གླན་ཏེ་བཞག །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལིང་ཁང་བཅའ་བའི་སྐབས་ཏེ་ལྔ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གཤིན་རྗེ་ཡབ་ཡུམ་བར་དུ་གཞུག །ཚོན་གྱི་སྐུད་པས་བཅིངས་ནས་ནི། །མཚན་ངན་ཐོད་པ་ཁ་སྦྱར་དུ། །བཅུག་ལ་བུད་མེད་ཡུགས་ས་མོའི། །སྐྲ་ཡི་ཐག་པས་བཅིང་བར་བྱ། །མཐིང་ནག་གྲུ་གསུམ་སྟེང་དུ་བཞག །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལིང་ག་བྱད་དུ་གཞུག་པ་དང་། གཞག་ཐབས་ཀྱི་སྐབས་ཏེ་དྲུག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གཏོར་མ་གསུམ་དང་ཨརྒ་དང་། །བཅས་ཏེ་དཀྱིལ་འཁོར་འགྲམ་དུ་གཞག །རྒྱན་དང་མཆོད་པ་ཀུན་ཀྱང་དགྲམ། །གསུར་ཆེན་དུད་པ་གཏང་བར་བྱ། ཞེསགསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མཆོད་པའི་ཡོ་བྱད་དགྲམ་པའི་སྐབས་ཏེ་བདུན་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི། །སྔགས་པ་ཆས་གོས་ནག་པོ་གྱོན། །ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཁྲག་འཐུང་དཀྱིལ་འཁོར་རིམ་ཀྱིས་བསྐྱེད། །སྤྱན་དྲངས་མཆོད་པ་ལ་སོགས་བྱ། །གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཁྲག་འཐུང་གི་འཕྲིན་ལས་ཀྱི་སྐབས་ཏེ་བརྒྱད་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དེ་ནས་ཏིང་འཛིན་རྣམས་གསུམ་གྱིས། །ཁྲོ་བའི་རྒྱལ་པོ་གཤིན་རྗེ་གཤེད། །སྙིང་པོ་སྔགས་ཀྱིས་ཡབ་ཡུམ་བསྐྱེད། །དེ་བཞིན་གནས་ནས་སྤྱན་དྲངས་ནས། །གཉིས་སུ་མེད་པར་བསྟིམ་པར་བྱ། །བསྟོད་ཅིང་མཆོད་པ་ཕུལ་ནས་ནི། །ཇི་ལྟར་འདོད་པའི་འཕྲིན་ལས་བཅོལ། །མས་ཡར་བགྲངས་པའི་ཚེས་བརྒྱད་དེ། །ཉི་ཤུ་གསུམ་ནས་དྲུག་ཏུ་ནི། །ཞག་ནི་བཞི་ཡི་བར་དུ་ནི། །ཡ་མུརྙ་ཀའི་བསྙེན་པ་དང་། །ཨོ་ཤི་མཉུ་ཡ་མརྙ་ཀ་ཡ་མ་རྭ་ཛ། དེ་བི་ཀྲོ་དྷི་ཤྭ་རི། ཡག་ཤ་ཛ་ཛ། ཨེ་ཀ་ཛ་ཏི་ས་མ་ཡ་སྟུ༷། ཨོ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། དགོངས་དང་ཐོ་རངས་གཏོར་མ་ག༷ཏང་། །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ལས། ཕྱི་མ་ལས་ཀྱི་སྐབས་ཏེ་དགུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལྷོ་ཕྱོགས་ཁ་བལྟས་མདུན་དུ་ནི། །ཧོ་ཁུང་གྲུ་གསུམ་རྩེ་མོ་ལྷོ། །ཆག་གང་ཐུར་དུ་བརྐོས་པ་ལས། །མིང་རུས་བསྲེགས་པའི་སོལ་བ་ཡིས། །ཁ་དོག་ནག་པོ་དག་ཏུ་བྱ། །དེ་ཡི་ནང་དུ་བན་དྷ་གཞུག །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དབང་དུ་བསྡུ་བའི་བཅའ་གཞིའི་སྐབས་ཏེ་བཅུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངསསོ། །གཤིནརྗེདབང་དུ་བསྡུ་བའི་ཕྱིར། །ཁྲོ་བོའི་ཞབས་ནི་གཡས་བ་ལ། །རྡོ་རྗེ་ཕུར་པ་རྩེ་གཅིག་བསྒོམ། །ལས་ཀྱི་གཤིན་རྗེའི་སྙིང་ཁར་མནན། ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཏིང་ངེ་འཛིན་གྱི་དབང་ད་བསྡུ་བའི་སྐབས་ཏེ་བཅུ་གཅིག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དགུག་ཅིང་དབང་དུ་བསྡུ་བའི་ཕྱིར། །སྙིང་པོ་སྔགས་ཀྱི་བཟླས་བརྗོད་ནི། །ཉིན མཟློན ཕྱེལ མཚན མོ་བཟླས། །གཤིན་རྗེ་ནག་པོ་འཁོར་དང་བཅས། །རང་དབང་མེད་པར་དབང་དུ་བསྡུ། །ཇི་ལྟར་བཅོལ་བའི་ལས་ཀྱང་བྱེད། །དགུག་ཅིང་དབང་དུ་སྔགས་འདིས་བསྡུ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧཱུཾ༷་ཕཊ།ཡུ་བ་ཉ་ཤཱ་ཤཱ །ཛ་ཛ། ཐུན། ཡུ་མྱ་སྙིང་དུ་བཱ་ཤ །ཡ་མ་ཨུ་ཀཁོ་ཡ་ཧཱུཾ༷་ཕཊ། ཅེས་ནི་མཚན་མོ་བཞི་བཟླས་སོ། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྔགས་ཀྱི་དབང་དུ་བསྡུ་བའི་སྐབས་ཏེ་བཅུ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །སྙིང་པོ་སྔགས་ཀྱི་བར་བར་དུ། །ཁྲོ་བོའི་བསྟོད་པ་སྟང་བར་བྱ། །རཀྟ་བཏབ་ཅིང་མཆོད་པ་དབུལ། །དྲག་པོའི་སྔགས་འདས་བཏབ་ཅིང་དབུལ། །ཨོ་ཤི་མརྫི་ཡ་ནཱརྙ་ཀྭ །ཨེ་ཨ་ར་ལི། པྲུ་ཙ་ཁུ་ཧི། ཁ་ཁ་ཁུ་ཧི། ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བསྟོད་ཅིང་མཆོད་པ་དབུལ་བའི་སྐབས་ཏེ་བཅུ་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཉི་ཤུ་བདུན་ནས་གནམ་སྟོང་བར། །ཞག་ནི་བཞི་ཡི་བར་དུ་ནི། །གསད་པ་ཡི་ནི་ལས་བྱའོ། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གསད་པ་བཅའ་གཞིའི་སྐབས་ཏེ་བཅུ་བཞི་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གཤིན་རྗེ་ལས་ལ་བཙུད་ནས་ནི། །དགྲ་པོ་མྱུར་དུ་གསད་པའི་ཕྱིར། །བན་དྷ་དཀྱིལ་འཁོར་ཐོག་ཏུ་ཞག །བཅོལ་བ་ལས་ཀྱི་སྔགས་བཞི་ནི། །ཉིན་མཚན་ཕྱེ་ལ་ཉིན་མོ་བཟླས། །ཉི་མ་དང་པོ་སྔགས་འདི་བཟླས། །ཨོ་ཧྲིཁྱི༷བི་ཀྲི་ཏྭ་ནན། ཆེ་གེ་མོ་ཤ་ཏྲུ༷་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མ་ར་ཛ་ས་དོ་མེ་ཡ། ཆེ་གེ་མོ་ལ་མུ་ཀ༷ །ས་མ་ཡ་ཧཱུཾ༷་ཕཊ། བདག་ཐུགས་འོད་འཕྲོས་སྲས་མཆོག་བསྐུལ། །དེ་བཞིན་ཕྱོགས་ཀྱི་གཤིན་རྗེ་བསྐུལ། །བཟས་པ་པོ་བཀུག་འཁོར་ལོར་བཅུག །བེ་ཅོན་ཕྱག་རྒྱ་མགོ་ལ་བརྒྱབ། །མགོ་འཁོར་ནད་ཀྱིས་ཟིན་པར་བསྒོམ། །ཉི་མ་གཉིས་ལ་སྔགས་འདི་བཟླ། །ཨོ་ཧྲི་སྤྱི༷༷བི་ཀྲི་ཏྭ་ན་ན། ཆེ་གེ་མོ། ཤ་ཧཱུཾ་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མེ་དོན་ཡ་ད་ཡ། མུ་ཀ་མ། མུར་ཙ་ཡ་ཧཱུཾ༷་ཕཊ། འོད་འཕྲོས་གནསཀྱིགཤིནརྗེབསྐུལ། །བཟས་པ་པོ་བཀུག་ལྟོ་བར་བཅུག །བེ་ཅོན་ཕྱག་རྒྱ་ལུས་ལ་བརྒྱབ། །ལུས་པོ་བརྒྱལ་ཞིང་རེངས་བར་བསྒོམ། །ཉི་མ་གསུམ་ལ་སྔགས་འདི་བཟླས། །ཨོ་ཧྲིརྨྱི༷བི་ཀྲི་ཏྭ་ན་ན། ཆེ་གེ་མོ་ཤ་ཧྭ༷་ནཱ་ཤ་ཡ་ཏྲུ༷་ཕཊ། ཡ་ཏ་ཡོ་ན་ར་སྟེ་ཡ། ཨ་མུ་ཀ༷་རཀྟ་ཙིསྟ་ཡ་ཧཱུཾ༷་ཕཊ། འོད་འཕྲོས་གནས་ཀྱི་གཤིན་རྗེ་བསྐུལ། །གཟས་པ་པོ་བཀུག་ལྟོ་བར་བཅུག །བེ་ཅོ་ན་ཕྱག་རྒྱས་མགྲིན་པར་བརྒྱབ། །ཁྲག་ཏུ་སྒྱུག་ཅིང་འཆི་བིར་བསྒོམ། །ཉི་མ་བཞི་ལ་སྔགས་འདི་བཟླས། །ཨོ་ཧྲིསྐྱིམི༷ ་ཀྲི་ཏྭ་ན་ཎ། ཆེ་གེ་མོ། ཁྲ་ཏྲུ༷་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་སྟེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀ༷ །མུ་ར་ཡ་ཧཱུཾ༷་ཕཊ། འོད་འཕྲོས་གནས་ཀྱི་གཤིན་རྗེ་བསྐུལ། །གཟ༷ས་བ་བཀུག་སྟེ་ལྟོ་བར་བཅུག །བེ་ཅོན་ཕྱག་རྒྱས་སྙིང་ཁར་བརྒྱབ། །ལུས་སྲོག་ཕྲལ་ཏེ་གསོད་པར་བྱེད། །གནམ་སྟོང་དག་གི་ནུབ་མོ་ནི། །མ་གཤིན་རྗེ་ཐུན་ཟོར་གཞན་ཡང་བརྡེག །དྲག་པོ་བདུད་ཀྱི་ཧོ་ནག་བཅའ། །དགོངས་ཀྱི་དམར་ཐག་ཆད་པ་དང་། །ཚོགས་དང་མཆོད་པ་གཏོར་མ་དབུལ། །དབང་གཟུགས་བཅོལ་བསྐུལ་དྲག་ཏུ་བྱ། །ནུབ་མོ་དབང་བསྡུ་ཉིན་མོ་བསད། ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གསང་བ་ལས་ཀྱི་སྐབས་ཏེ་བཅོ་ལྔ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །སྔགས་ཀྱི་སྔགས་བཟླས་བརྗོད་པར་དུ། །རྫ་རྔ་བརྡུངས་ཏེ་གཤིན་རྗེ་བོད། །རཀྟ་སྦྲེངས་ཏེ་མཆོད་པ་དབུལ། །ཁུར་བུར་དེངས་ཏེ་སྨྱུགས་གླ་བླངས། །དུན་ཏིང་ཁ་ཡའི་སྔགས་བརྗོད་ལ། །དགྲབོདེལགཤིནརྗེརྦད། ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལསཀྱིགཤིནརྗེརྦདཔའི་སྐབས་ཏེ་བཅུ་དྲུག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཚེ་གཅིག་ཏུ་ནི་བརྩིས་པའི། །ཉིན་མཚན་གཉིས་ཀྱི་བར་དུ་ཡང་། །མནན་པའི་ཆོ་ག་བྱ་བར་གསུངས། །ལྷ་ཀླུ་གདུག་པའི་འདུག་ས་འམ། །རོ་ཁུང་དུར་མཆད་རྒྱ་གྲམ་ལམ། །མནན་པའི་བན་དྷ་ཉིད་ལ་ནི། །རི་རབ་བང་རིམ་གསུམ་པའི་གཟུགས། །སྙིང་པོ་ལ་ཧཱུཾ༷་བྲི་བར་བྱ། །འཇིགས་པ་ཡ་མ་རྭ་ཛ་ཡི། །མཆོག་གི་ཕུར་བ་སོར་གསུམ་པ། །མནན་པའི་སྔགས་ནི་སྟོང་བཟླས་ཏེ། །རྡོ་རྗེ་ཕུར་པ་རྩེ་གཅིག་པ། །གཟས་པའི་ལིང་ཁའི་སྙིང་ཁར་གདབ། །གཤིན་རྗེ་ཡབ་ཡུམ་ལྟོ་རུ་གཞུག །མཚན་ངན་བན་དྷར་བཅུག་ནས་ནི། །སྔ་མ་བཞིན་དུ་ཐག་པས་བཅིངས། །རོ་ཡི་ཁུང་དུ་སྦས་ཏེ་བཞག །གཤིན་རྗེ་ནག་པོའི་ལག་ཏུ་གཏད། །ཡ་མརྙ་ཀའི་སྔགས་ཀྱིས་གཟིར། །གདོན་མི་ཟ་བར་གསོད་པར་བྱེད། །ཏིང་འཛིན་སྔགས་ཀྱི་རི་རབ་བསྐྱེད། །རི་རབ་ཆེན་པོའི་འོག་ཏུ་གཞུག །སྟེང་དུ་ལྷ་ཡི་ཕོ་བྲང་གདབ། །བསྐལ་པ་མཐའ་ཡི་བར་དུ་གནས། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མནན་པའི་སྐབས་ཏེ་བཅུ་བདུན་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལས་རྣམས་འགྲུབ་པར་མ་གྱུར་ན། །ལན་གསུམ་བར་དུ་ཆོ་ག་སྤོགས། །དེས་ཀྱང་གྲུབ་པར་མ་གྱུར་ན། །འཁོར་ལོ་བཟློག་ཅིང་གཤིན་རྗེ་གཟིར། །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། །གནད་ལ་དབབ་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལས་རྣམས་གྲུབ་ནས་ཐོད་པ་དབྱུང་། །ལས་ཀྱི་རྣམ་སྨིན་སྦྱང་བའི་ཕྱིར། །བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ། །བདག་དང་གཤིན་རྗེ་ཟས་པ་གསུམ། །ཡ་མརྙ་ཀ་བརྟག་པར་བྱ། །ཡ་མརྙ་ཀ་རྟོགས་པ་ནི། །ལས་ཀྱི་རྣམ་སྨིན་སྦྱོངས་པ་ཡིན། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལས༷་ཀྱི་རྣམ་སྨིན་སྦྱངས་བའི་སྐབས་ཏེ་བཅུ་དགུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དྲག་པོ་འཁོར་ལོའི་སྔགས་རྫོགས་ནས། །ཚེས་གཅིག་དག་གི་ཉི་ཕྱེད་ན། །དྲག་པོ་ཧོ་གྱི་ལས་བརྩམ་སྟེ། །དཀྱིལ་འཁོར་ཆེན་པོའི་ལྷོ་ངོས་སུ། །ཧོ་ཁུང་ཁ་ཁྱེར་ཆག་གང་བ། །གཏིང་དུ་དེ་ཡི་ཕྱེད་བརྐོས་བྱ། །དུར་ཁྲོད་སོལ་བས་ནག་པོར་བྱ། །ཞབས་སུ་ཡི་གེ་ར༷་གཅིག་བྲི། །ཁ་ཁྱེར་མཚམས་སུ་མེ་རི་བྲི། །ཁ་ལ་རྡོ༷་རྗེ་རྭ་བ་བྲི། །ཕྱི་རོལ་ཟླ་གམ་གསུམ་གྱིས་བསྐོར། །དུག་ཤིང་ཚེར་མ་ཅན་གྱི་ཤིང་། །སྨེ་བའི་ཁྲག་གིས་སྤང་བར་བྱ། །ཧོ༷་ཁུང་ཇི་བཞིན་བྱས་ཏེ་གཟུགས། །དུར་ཁྲོད་སྐྲ་ཡི་ཐག་པས་བཀྱིག །མིང་བྱང་བྲིས་ལ་ཧོ་ལ་གདགས། །ཁྲོ་བོའི་པར་པས་དུག་དང་སྤེལ། །རྩང་དུ་རེ་སྣམ་འབྲུ་ན་ག་སྟེ། །མཆོད་རྫས་བསྲེག་རྫས་ལིང་ག་བཞག །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོ་ཧོ་ནག་གི་སྐབས་ཏེ་ཉི་ཤུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །ནག་པོ་ཤིང་ཤིང་ཕུར་སོར་བཞི། །གྲུ་གསུམ་སུམ་བརྩེག་རྩེ་ལ་གཟུགས། །གཏོར་མ་ནག་པོ་རྒྱུན་དུ་བཏང་། །ལིང་ག་ཇི་ལྟར་འདོད་པའི་དབྱིབས། །དབང་པོ་ཡན་ལག་ཚང་དུ་དགོད། །ལས་ཀྱི་གཤིན་རྗེ་དྲག་ཏུ་བསྐུལ། །ཕུར་པ་ཉིད་ཀྱི་མགོ་མཇུག་གདབ། །མནན་པ་དུར་ཁྲོད་ཀླུ་གནས་ཆུ། །ཨོ་ཏི་ར་ཤེ་རྨེ་དུ་ཙོ་ཏ་རུ་མེ་ཡ་ནན། ཆེ་གེ་མོ་ཛ། །ག་ཏུ་ད་རྨེ་ལན་དུ་ཡ་རྦད། དྷི་མ་ཀུ་ཏ་པ༷་རིལ་རྦད། ཨོ་རོ་ཏ་ཤིག་རྦད། སྲོག་ལ་ཕྲ་དུ་ཏི་རིལ་རྦད། ཚ་དུ་ཀ་ནན་ཤིག་ཤིག །ཆུ༷་ཆུ༷་རྦད་ཁྲག་ཏུ་ཏྲ་བེ་རིལ་རྦད་སུ་རུ་ར་ན་ཁུག་རྦད། སྨེ་དུ་ཤ་རྦད། ཨོ་དུ་ས་ཧ་ར་ཙ་དུ་རྦད་དུར་ཙ་རྦད། ནི་ར་དུ་བ༷་རིལ་རྦད། ཙིསྟ་རོ་ལ་ཤན་ཏི་ཙ་དུར་ནན་རྦད། ཁྲག་ཏུ་ཙ་རྦད། རྨེ་ལེན་ནུ་ཀ་བ༷་རིལ་རྦད། ཙུ་ཤ་ཙུ་ཤ་ཙུ་རྦད། ཙ་དུ་ར་བ༷་རིལ་རྦད། ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མ་ར་ཡ་ཙ་སྒྲོལ་གྱི་སྐབས་ཏེ་རྩ་གཅིག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གྲུ་གསུམ་ནག་པོ་སུམ་བརྩེག་ཏུ། །མེ་རི་རྡོ་རྗེ་ལྕགས་ཀྱུ་དང་། །ཐོ་བ་ཞགས་པ་ལྕགས་སྒྲོག་བྲི། །ནང་དུ་གཟུགས་བཅའ་ཐོད་པར་གཞུག །གདུག་ཤིང་རྩ་དགུ་དུག་གིས་བྱུག །སེམས་ཅན་སྣ་དགུའི་སྙིང་དགུ་ཡང་། ཁུ།་གསུམ་རྩང་གི་རྩ་ལ་དགལ། །མོན་མོ་མཆོད་དགུའི་སྙིང་ལ་བོད། །རྟགས་བཟངས་མཐོང་ནས་གཙང་གིས་བརྡེག །ཐོད་པའི་ལིང་ག་དུར་ཁྲོད་མནན། །རཀྟ་མོའི་སྙིང་ལ་ཁུག །ར༷་རིལ་རྦད། ཙ་ཏྲ་མུ་ཀྲི་ཀྲུ་ཏོ་ཤ་རི་བ༷་རི་ལ་རྦད། རཀྟ་མོ་ཁ་ལོ་ཁ་ཧི། སྲིང་མོ་རཀྟ་ལོང་ལ་ཁུག་ཐུམ་རི་ལི་ལི་རྦད། ཁ་ལོང་ཧ་ཁུ་ཧི། རཀྟ་མོ་སྙིང་ལ་ཁུག་སྙིང་ཚལ་པ་བ༷་རི་ལ་རྦད། དགྲ་བོ་བཱ་ར་ཡ་ཁ་ལོང་ཁ་ལོང་ཁུ་ཧི། ཡ་མ་རཀྟ་མོ་སྙིང་ལ་རྦད། ཁ་ལོང་ཁུ་ཧི་ཧ། ཡ་མ་སྙིང་ལ་ཁུག །གློ་སྙིང་ལ་ཁ་ལོང་ཁུ་ཧི། ཡ་མ་རསྣ་མོ་གློ་སྙིང་ཁུག་ལོང་ཁུ་ཧི། རསྣ་མོ་སྙིང་ལ་ཁུག་ལ་ཐུམ་རིལ་རྦད། དགྲ་བོ་སྨྱུ་ར་ཡ་ཐུམ་རིལ་རྦད། ཅེས་ནི་གཟུགས་མིང་སྙིང་ལ་བརྡེག །ཁྱི་དང་བུ་ཆུང་སྐད་ངན་དང་། །རུས་པ་བཙས་པ་མནམ་ན་སྦྱར། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མོན་མོ་སྙིང་འབྲུ་བཅུ་གསུམ་གྱི་སྐབས་ཏེ་རྩ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དུར་ཁྲོད་གློ་ནས་རོ་བླངས་ནས། །དབང་པོ་བཀྲོལ་ལ་གཏོར་མ་བྱ། །པགས་པའི་ཁུང་དུ་འཁོར་ལོའོ། །རྒྱབ་ཏུ་མ་རིའི་གཟུགས་བྲིས་ལ། །མཐའ་མ་གདུག་པའི་སྔགས་ཀྱིས་བསྐོར། །སྙིང་ཁར་ཏྲག་དྲ་རྦད་ཅེས་བྲི། །འདོམས་སུ་ཡ་མ་དུ་ཞེས་བྲི། །ལྟེ་བར་ཛ་དྲི་ཕཊ་ཅེས་བྲི། །ཐ་མ་མུ་དྲི་ཛ་ཡིས་བསྐོར། །ཉུངས་ཀར་ཉུངས་ནག་སྐྱེ་ཚེ་ལ། །དྲག་སྔགས་འདི་བཟླས་གཟུགས་ལ་བྲབ། །ཨོ་སྙིང་རོ་ཙེ་ཀྲོ་དྷི་ཤྭ་རི་དུན་སྨྱོ། ཙིསྟ་སྙིང་ལ་རོག་བ་ཐུམ་རི་ལི་ལི་རྦད་རྨུགས་ཛ། མྱག་ཚལ་རོག་བ་སྙིང་རོ་རྩལ་ཤིག་ཤིག །དེ་ནས་ཞིང་གི་འཁོར་ལོ་དེ། །དགྲའི་ཁང་པའི་རྨང་དུ་མནན། །སྣ་ཚོགས་གཏོར་མ་རྟག་ཏུ་བཏང་། །དེ་ལྟར་བྱས་ན་གདོན་མི་ཟ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མ་མོ་སྙིང་ལ་ཉི་མ་རྨོངས་བྱེད་པའི་དྲག་སྔགས་ཀྱི་སྐབས་ཏེ་རྩ་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །མཚན་ངན་ཐོད་པ་སུལ་མངས་སུ། །སྣ་ཚོགས་འབྲུ་སྣ་ཕྱེར་བཏགས་ལ། །ཟུར་གསུམ་ཉི་ཤུ་རྩ་ལྔར་བཤམ། །མི་ཁྱི་རྟའི་ཁྲག་གིས་བྱུག །གདུག་པའི་ཤིང་གི་གཙང་རེ་གཟུགས། །བརྣག་པའི་མིང་དང་གཟུགས་བྱས་ལ། །དཀྱིལ་འཁོར་བྱང་ཤར་གྲུ་གསུམ་གཞུག །དྲག་སྔགས་བཟླས་ཤིང་རྩང་གིས་བརྡེག །རཀློ་ཙིསྟ་རོ་ཤན་སྙིང་རུམ་ཐུམ་རི་ལི་ལི་མྱ་ར་ཡ་རྦད། རཀློ་ཙིརྟི་མེ་རི་ཙ་རྦད། ཤིག་ཐུམ་དྲི་རྦད། མཛེ་མོ་ཕག་པའི་གཟུགས་བྱུང་ན།།དྲག་པོའི་སྔགས་འདིས་གནད་ལ་དབབ། །རཀློ་ཙ་ཏྲ་ཙ་ཀྲ་རྟལ་ཧཱུཾ༷་ཙིསྟ་རྦད་ནན་ནན། ཅེས་ནི་དམ་ཚིག་ཕྱག་རྒྱ་བསྟན། །མེ་ཆེན་འབར་བའི་འོད་གསལ་དང་། །དངོས་དུ་འོད་དང་པི་ཝང་སྒྲོགས། །དེ་ལྟར་བྱུང་ན་གྲུབ་རྟགས་ཏ། །གོང་གི་གཏོར་མ་དགྲ་ཕྱོགས་འཕང་། །གཙང་དང་ལིང་ཀ་དགྲ་ཕྱོགས་སྦ། །ཞེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྲིན་མོ་ནད་གཏོང་མའི་དྲག་སྔགས་ཀྱི་སྐབས་ཏེ་རྩ་བཞི་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལུང་གསུམ་མདོ་འམ་བྲག་ཆུ་འཐབ། །བྱང་དུ་ཁ་བལྟས་བྲག་ཁུང་ངམ། །བདུན་ན་ཤིང་རྩི་འཐུག་པོ་ཡོད། །ཆུ་མིག་བྱང་ནུབ་ཁ་བལྟས་པ། །ཀླུ་བདུད་གནས་པའི་ས་ཡིན་ཏེ། །དུས་ཚོད་དབྱར་ཟླ་གསུམ་པ་ལོ། །ཕ་མེས་རྗེད་དཔོན་རབས་ཆད་མགོ །མོན་ནམ་རབས་ཆད་ཐོད་པ་མྲ །ར་ཁྱི་མི་ཡི་ཁྲག་ཀྱང་བླུགས། །མཛེ་ཅན་དྲག་ཅན་རིམས་ནད་ཁྲག །ཀླུ་ནད་སྣ་ཚོགས་ཁྲག་ཀྱག་བླུགས། །གྲུ་གསུམ་མཐིང་ནག་དབུས་སུ་གཞག །ཟག་པའི་རྫས་བསྡུས་གཟུགས་བྱས་ལ། །ཆག་གང་ལིང་གའི་ཚད་དུ་བྱ། །ཏ་ལའི་ཤིང་ལ་མིང་རུས་བྲིས། །སྦྲུལ་ནག་ཁ་རུ་ཆུད་པ་ལ། །སྡིག་པ་ནག་པོས་འཇུག་ནས་རྡུལ། །སྡོམ་དང་སྦལ་ནག་ཟ་བའི་གཟུགས། །སྨེ་བའི་ཁྲག་གིས་མཁས་པས་བྲི། །གཟུགས་དང་མིང་རུས་བཅས་པ་དེ། །རོ་ཉེ་ཤུན་པའི་ནང་དུ་ག་། །སྔོན་དམར་ཐག་པས་རྒྱ་གྲམ་བཀྱིག །གུ་གུལ་ནག་པོའི་དུད་པས་བདུག །མཛེ་ཅན་རབས་ཆད་ཐོད་པར་གཞུག །དུར་ཁྲོད་རས་ལ་འཁོར་ལོ་ནི། །བཅུ་གཉིས་རྩིབས་དང་བཅས་པ། །ཐོད་པ་འཁོར་ལོའི་ནང་དུ་དྲིལ། །ཟ་མོའི་ཕུར་བུ་སོར་བརྒྱད་པ། །ནག་པོ་འོག་རྒུར་དབང་བསྐུར་ལ། །དཀྱིལ་འཁོར་གྲུ་གསུམ་དབུས་སུ་གཟུགས། །དཀར་གསུམ་གཏོར་མ་རྟག་ཏུ་བཏང་། །གཤིན་རྗེའི་བསྙེན་པ་རྫོགས་པ་དང་། །དྲག་པོའི་སྔགས་འདི་རྒྱུན་དུ་དྲང་། །ཨོ་ནག་པོ་ཏི་པ་ཙ་པ་ཡ། ནཱ་ག་རསྒ་ཆེ་གེ་ཧི་ལ་ནུ་ལ་ཕེ་ཤ་ན་ཕོབས། ཤིག་ཤིག་ཆུ༷་ཆུ༷། ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་ པ་དགྲ་བོ་ལ་ཤཱ་ར་ཡ་ཛ་ཛ། སྤྲུལ་དང་སྤལ་པ་སྡོམ་དང་སྡིག་པ་དང་། །མོན་དང་བྱོལ་སོང་གཟུགས་འདྲ་བདག་ལ་སྟོན། །དེ་འདྲ་རྟག་ཏུ་བྱུང་ན་འགྲུབ་པ་སྟེ། །དྲག་སྔགས་འདིས་ནི་རབ་ཏུ་གསད་པར་བྱ། །ནག་པོ་ཏི་པ་ཙ་རག་ར་ཀ་ཨུ་ནག་ནན། ནག་པོ་ཏི་པ་ཙ་ཡ ཙི་ར་ཙི་ར། ཙ་པ་རུ་ཤུན། ཆེ་གེ་ལ་ཡམ། ནག་པོ་ཏི་བ་ཙ་པ་ཡ། ཙུ་ཏ་རུ་ཙུ་ཏ་ར། ཀ་ལ་ཀྟ་ཆེ་གེ་མོ་ལ་ཡམ། ཨ་ཤན་ནག་པོ་ཏི་པ་ཙ་པ། ནཱ་ག་དགྲ་བོ་ཀྲོ་དྷི་ཤཱ་རི་ཏེ་ཤན་རྦད། ཀུ་ར་ཤ་རྦད། ཏི་པ་ཙ་བ ཛ་ལ་ཛ་ལ། ཁ་ཡན་ཧཱུཾ༷་ཤ །ཆེ་གེ་མོ་ལ་ནཱ་ར་ཡ། ཨོ་ནག་པོ་ཏི་པ་ཙ་པ་ཨུ་ཤུག་ཤ་རྦད།ནག་པོ་ཤ་པ་ན་ཏྲ་དྲེ་བ་ཏྲ་བ་ཏི་རྦད། བ་དུ་ན་བེ་ཤ་ནཱ་ག་རྦད། ནཱ་ག་ཕེས་ཡེ། ཕེ་ཤན་ཧཱུཾ༷་ནན། བེ་ལང་ཤ་ཤག་ཤིག་ཡན། དགྲ་བོ་མྱ་ར་ཡ་ཛ། ཞེས་ནི་རབ་ཏུ་ཁྲོས་ལ་བརྡེག །ནུབ་བྱང་ཁ་བལྟས་ཆུ་མིག་བརྗོག །ཁྲུ་གང་བརྐོས་ལ་ཐོད་པ་སྦ། །སྟེང་ནས་གྲ་མའི་ཕུར་པས་གདབ། །རྩལ་ནག་སྤྲུལ་གྱི་དུད་པས་བཏང་། །དཀར་གསུམ་མངར་གསུམ་མཆོད་པ་དབུལ། །བདག་ཉིད་གཤེད་པོས་གཏད་ཁྲམ་བྱ། །ཡང་ན་ཆུ་མིག་སྔོ་ཐུབ་ཏུ། །སྒྱེད་བུ་བཙུགས་ཏེ་ཐུན་ཁྲག་བསྐོལ། །དེས་ནི་གནད་ལ་དབབ་པའི་ལས། །ཡང་ན་ཐུན་དེ་ཟོར་དུ་འཕང་། །དེ་ལྟར་བྱས་ན་བརླག་པར་འགྱུར། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བཱ་ར་ཡ་མཛེ་ཅན་གྱི་སྐབས་ཏེ་རྩ་ལྔ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །མཛེ་ཅན་ཕོ་མོའི་ཐོད་པ་མྲ །སྣ་ཚོགས་ཁྲག་དང་དུག་ཏུ་སྦྱར། །གཙོར་ནི་མཛེ་ཁྲག་བཙན་དུ་གཅེས། །ཕྱིར་ཡང་དེ་བཞིན་སྦྱར་ཏེ་བྱུག །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དང་། །གཙོར་ནི་ཉུངས་ཀར་ཉུངས་ནག་གཅེས། །ཐོད་པ་རེ་བ་ནག་པོའམ། །ཡུགས་ས་མོ་ཡི་ཞབས་མས་གཏུམ། །དུར་ཁྲོད་རས་ལ་སྐྱག་ནུལ་བྱ། །ལྡོང་རོས་བེ་གྱི་ཁྲག་གིས་བྱུག །མགོ་ཕུར་བདུད་ཀྱི་ཉི་མ་འམ། །ཀིའུ་ཀང་རྒྱུ་བའི་དུས་ཉིད་དུ། །མཁས་པས་འཁོར་ལོ་འདི་ལྟར་བྱ། །རིམ་པ་གསུམ་དང་ལྡན་བྱས་ཏེ། །སུམ་ཅུ་རྩ་གཉིས་ཡི་གེ་དང་། །དྲག་བོའི་སྔགས་པའི་སྔགས་འདི་སྤེལ་ཏེ་བྲི། །ནག་པོ་ཏི་བ་ཙ་བ་ནཱ་ག་རཀྟ་ཆེ་གེ་མོ་ཧི་ལ་ནུ་ལ། ཕེ་ཤ་ན་བོབས་ཤིག་ཤིག་ཆུ༷་ཆུ༷་ཧུ་ཡ་ཧུ་ཡ། མྱ་ར་ཡ། གསོད་པའི་དྲག་སྔགས་སུམ་ཅུ་གཉིས། །རྟག་ཏུ་བཟླས་ཅིང་འཁོར་ལོ་བསྐོར། །འཁོར་ལོ་བསྐོར་ལ་ཐུན་གྱིས་བསད། །ཁོལ་ལམ་རླངས་བ་བྱུང་ན་འཕང་། །ཐུན་གྱིས་བཏིག་ཅིང་བསྔགས་འདིས་གསད། །ཏབྱ་ཐུ་ཨོ། ཏ་ཀི་ཤ་ཤ་ཤུ་ཤུ་ཏི་ཏེ་ཏི་བ་རེ་ནཱ་ག་ཧུ་ཡུ་ཧུ་ཡུ་གྲྭཧྭ། ནཱ་ག་རྭ་ཛ་མ་ར་ཡ་ཙིསྟ་ཛ་ལ་ཡ། ཨོ་མ་ཡུར་ཤིག་སོད། །ཡན་རེ་ཤིག་སོད། ཐུན་ཏྲི་ཤིག་སོད། རྦད་ཤིག་སོད། ཡིད་ཤིག་སོད། ཐུན་དང་ཐོད་པ་སྔགས་འདིས་འཕང་། །ཨོ་ཨུ་ཡུ་ཚེ་ཤིག །སོད། ནཱ་ག་ལི་ཡག་ཡམ།སུ་ར་ཏ་རྦད། བ༷་དེར་ཙ་ཐུན་སྨྱོ། འཁོར་ལོའི་ནང་དུ་ལིང་ཁ་གྲིལ། །ནུབ་བྱང་ཁ་བལྟས་ཆུ་མིག་ཏུ། །ཁྲུ་གང་བརྐོས་ལ་སྔགས་འདིས་གཏད། །ཏབྱ་ཐུ། ཨོ་ཏ་ཀི་ཙི་ཀི་ཤར་ལེ་ཤུ་མུ་ལེ་ཤ་ཤ་ཤུ་ཤུ་ཏི་ཏེ་བི་བ་རེ། ན་ག་ཧུ་ཡུ་ནཱ་གྭ་ཧུ་ཡུ་གྲྭ་ཧྭ། ཞེས་གཏད་པར་བྱའོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མཛེའི་ལེའུ་ནག་པོའ་སྐབས་ཏེ་རྩ་དྲུག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །མཐའ་མ་མེ་རི་འབར་བ་བྲི། །དབུས་སུ་དམར་ནག་ཡ་གཅིག་བྲི། །ལྕགས་ཀྱི་ཕུར་པ་སོར་བཞི་པ། །གྲུ་གསུམ་དབུས་སུ་གཟུགས་པར་བྱ། །ཁྱི་མི་རྟ་ཡི་སྙིང་ཁྲག་དང་། ཁྲ་སྣ་ཁྲག་སྣའི་གཏོར་མས་བསྐང་། །ཚིལ་ཆེན་དུད་པ་རྒྱུན་མི་གཅད། །མིང་རུས་ཕུར་པའི་མགུལ་དུ་གདགས། །དྲག་པོའི་སྔགས་འདི་རྒྱུན་དུདྲང། །ཨོམསྣྲུཤིདྷིདཡ། གཤིན་རྗེ་ནག་པོ་དགྲ་བོའི་སྙིང་ལ་ཛ་ཛ། མོན་དང་གཡག་དང་བན་དེ་དང་། །རྦབ་དང་ཐུག་ཅོམ་འོདདངསྒྲ། །གཤིན རྗེགྲུབ པའི་རྟགས་ཡིན་ཏེ། །གཏོར་མ་གཏང་ལ་གསདཔརབྱ། །གཤིན རྗེནགཔོ་དགྲ་བོའི་སྙིང་རྩ་རྩ་ནན་ནན། རྦད་རྦད་རྨུགས་རྨུགས། དགྲ་བོ་མྱ་ར་ཡ་ཛ། ཞེས་བརྡེག་གོ །དེ་ནས་དུར་ཁྲོད་ཀློང་དུ་མནན། །བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བླ་ཕུར་ནག་པོའི་སྐབས་ཏེ་རྩ་བདུན་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དུར་ཁྲོད་དཀྱིལ་དུ་གནས་བཙལ་ཏེ། །དུར་ཁྲོད་རས་སམ་པགས་པ་ལས། ། འཆི་བདག་ནག་པོ་ཞལ་གཅིག་པ། །མ་ཧེ་སྔོན་ནག་ཞོན་པ་བྲི། སྙིང་ཁར་ཡ་ནཱ་རྭ་ཛ་ཞེས་བྲིས། །མཆོག་གི་ཕུར་པ་སོར་བཞི་པ། །ཡ་མརྙ་ཀར་དབང་བསྐུར་ལ། །འཆི་བདག་ནག་བོའི་སྙིང་ཁར༷་གདབ། །ཨོམམསྣྲུཤི་ཡ་མརྙ་ཀ་པ་༷ལ་ཡ་མ་ཙིསྟ་ཀི་ལ་ཡ་རྦད། ཡ་མ་ཀྲི་སྣ་ཙིསྟ་བྲེང་བྲེང་། སྲོག་ཐུམས་རིལ་རྦད། ཅེས་ནི་གཤིན་རྗེ་གཟིར་གྱུར་ནས། །གནམ་རིས་ས་བྲག་འགེ༷མས་པར་བྱེད། །དེ་ནས་སྙིང་ཁར་ཧོ་བཙུགས་ལ། །མིང་དང་རུས་བྲིས་ཧོ་ལ་བསྲེག །ཡ་མ་ཀ་ལ་ཆེ་གེ་མོ་ཙིསྟ་རྭ་ཛ་རྦད། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་རྩ་ལ་ཧུར། དབུགས་ཐུམ་རི་ལི་ལི་ཛ་ཛ་རྦད། འཁོར་ལོར་ཧོ་དང་ལིང་ཁར་བཅས། །དུར་ཁྲོད་གླིང་དུ་སླན་ཏེ་བཞག །མ་ཧེ་སྐད་ངན་འདོན་པའོ། །ཝ་འམ་བྲག་སྲིན་བརྒྱལ་བའོང་། །ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུདཕྱིམལས། གཤིནརྗེསྲོགཕུར་ནག་པོ་སྲོག་འཕྲོག་པའི་སྐབས་ཏེ་རྩ་བརྒྱད་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དུར་ཁྲོད་ཀློང་ནས་རས་བཙལ་ལ། །མདའ་གང་གྲུ་བཞིའི་ཚད་དུ་བྱ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ཚད་དུ་བྲི། །ནཱ་ག་དུ་ཡ་ཀ་ཤ་ཛ་ཞེས་བྲི། །མཐའ་མར་ཐལ་ཆེན་དཀར་པོར་བཏང་། །སྣ་ཚོགས་ཤ་ཁྲག་གཏོར་མ་བཤམ། །མཆོག་ཏུ་གླང་ནག་སྙིང་ལ་རྟེན། །གཤིན་རྗེའི་བསྙེན་པ་རྫོགས་པ་དང་། །དུར་ཁྲོད་བདག་པོའི་སྲོག་ནས་བཟུང་། །ཡསྒ་ཀ་ལ་ས་མ་ཡ་ཛ་ཛ། ཡག་མེ་ཀ་ལི་མ་མ་ཤ༷་ཤ༷་ཛ་ཛ། བཙུན་པོ་ཕོ་མོར་གང་བྱེད་ཀྱང་། །མོན་དང་བུད་མེད་སྨྲ་བྱེད་དེ། །འོད་ནི་གསལ་ལ་གདངས་པའོ། །གཟུགས་བཅས་གྲུ་གསུམ་ནང་དུ་གཞུག །ཕུར་པ་གཅིག་ལ་སྔགས་འདིས་བརྡེག །ཡག་ཤ་འབར་བའི་སྲོག་དུང་དུང་། དྷ་ཤ་གྲི་བ་ན་དུང་དུང་། ཡ་ཀ་ཤ་ཙིརྟི་རོ་ལ་སྲོག་ཆོད། སྙིང་ཕུར་ཁྲག་ཞིབས། གནོད་སྦྱིན་མོ་རོལ་རོལ་རྩ་ལ་ཧུར་ཐུམས། དཀྱིལ་འཁོར་ལིང་གར་བཅས་པ་རྣམས། །དུར་ཁྲོད་ལྟ་བུའི་གནས་སུ་སྦ། །ཡང་ན་ཕ་ཚན་ཕུང་ཤུལ་དུ། །གནོད་སྤྱིན་ལྕམ་དྲལ་འཚོགས་ཏེ། །དེ་རུ་སྦས་ན་ཕུང་བར་འགྱུར། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གནོད་སྦྱིན་ནག་པོ་ལྕམ་དྲལ་གྱི་དྲག་སྔགས་ཀྱི་སྐབས་ཏེ་རྩ་དགུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །གདུག་ཅན་གྱི་ཤིང་རྣམས་ལ། །སོར་བརྒྱད་པ་འམ་སོར་བཞིའི་ཚད། །གུ་གུ་ལ་དུད་པས་བདུགས་ནས་ཀྱང་། །རྩེ་མོ་གྲི་ལྕགས་མ་དེ་འུར་གཞུག །རྟག་ཏུ་བསྙེན་པ་རྫོགས་པ་དང་། །མིང་དང་གཟུགས་ལ་སྔགས་འདིས་གདབ། །ཨོ་ཨ་ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བ༷་རིལ། དུམ་པ་དུམ་བུ་ཧཱུཾ༷་ཕཊ། ཡ་མ་རྭ་ཛ་ས་དོ་མེ་ཡ། བབས་སྙིང་ལ་རོ་ཤ་སྙིང་ལ་བབས། ཡ་མ་རྭ་ཛ་སྙིང་ལ་ཁ་ཁུག་ཐུམ་རིལ་རྦད། ཡ་མ་རྭ་ཛ་སྙིང་ལ་ཁུག་ཐུམ་རིལ་རྦད། ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མ་རྭ་ཛ་སྙིང་རྩ་རོ་མོ་བ༷་རིལ་རྦད། ཡ་མ་རྭ་ཛ་སྙིང་ལ་ཁུག །རོ་ཤ་སྙིང་ལ་བ༷་རིལ་རྦད། །ཅེས་བཏབ་ན་ལྷ་ཡང་བརླག་པར་འགྱུར་རོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཕུར་ཐུན་ནག་པོའི་སྐབས་ཏེ་སུམ་ཅུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །མོན་ནམ་རབས་ཆད་ཐོད་པ་སྲ །དུག་སྣ་སྟོང་རྩ་བརྒྱད་སྦྱར་ཏེ། །འབྲུབ་ཁུང་ནང་དུ་ལིང་ག་གཞུག །ཡ་མའི་བསྙེན་པ་རྫོགས་པ་དང་། །དུག་གིས་བརྡེག་ཅིང་སྔགས་འདི་བཟླས། །ཡ་མ་རྭ་ཛ་ཁྲམ་ཐོགས་རྦད། ཡ་མ་རྭ་ཛ་མུགས་ཐིབས་ཐིབས་རྦད། ཡ་མ་རྭ་ཛ་སུབས་རིལ་རྦད། ཡ་མ་རྭ་ཛ་སྙིང་དུ་ཡ་རྦད། ཡ་མ་ར་ཛ་མྱགས་བྱིང་ཡ་མ་ཞུབྲས་ཐུལ། སྙིང་གི་ཆོད་ཁ་ལ་ཟོ། ཚལ་པ་སྙིང་རྩ་རོ་ལ་བ༷་རིལ་རྦད། དུག་དང་ཐོད་པ་དུར་དུ་མནན། ཅེས་གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མྱོས་པ་དུག་ཐུན་གྱི་སྐབས་ཏེ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །རབས་ཆད་ཕོ་མོའི་ཐོད་པ་སྲ །ཉུངས་ཀར་རྒྱལ་པོས་དགང་བྱ་སྟེ། །དུག་དང་ཁྲག་གིས་ཉུངས་ཀར་བྱུག །གྲུ་གསུམ་ནང་དུ་ལིང་ག་གཞུག །ཡ་མའི་བསྙེན་པ་རྫོགས་པ་དང་། །ཉུངས་ཀར་བརྡེག་ཅིང་སྔགས་འདི་བཟླས། །ཡ་མ་རྭ་ཛ་ཆེ་གེ་མོ། དྷི་ཏིཡ་མརྙ་ཀ་སྙིང་ཁྲག་ཚལ་པ་བ༷་རིལ་རྦད། ཡ་མ་རྭ་ཛ་གློ་ལ་རྩ་རོ་མེ་ཐ་རིལ་རྦད། ཡ་མ་རྭ་ཛ་གློ་རྩ་བ༷། མཆིན་རྩ་རུལ་རྒྱུ་རྩ་ཁུ༷། སྙིང་རྩ་པྲ་མ་ཡ། སྲོག་ལ་ཏེ་པར་རྩ་སྙིང་ལ༷་རྦད། རྩ་རོ་ཤ་ཁུག་སྙིང་ལ་རོལ ཚལ་པ་བ༷་རིལ་རྦད། ཅེས་བརྡེག་པར་བྱའོ། །རབས་ཚད་ཁ་སྦྱར་ཐོད་པ་དེ། །ལྷ་ཁང་ཐེམ་པའི་འོག་དག་གམ། །མཆོད་རྟེན་སྙིང་པོའི་འོག་ཏུ་མནན། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྩ་སྐེམས་ཉུང་ཐུན་གྱི་སྐབས་ཏེ་སོ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །མི་བསད་མདའ་ལ་གྲི་མདེའུ་གཞུག །འུག་ས་བྱ་རོག་ཞིང་ལྤགས་དང་། །གདུག་པ་གསུམ་གྱི་སྒྲོ་བསྐྱོན་ལ། །མདའ་དང་ལྟས་ངན་སྣ་ཚོགས་གཟུགས། །མཁས་པས་མི་ཡི་ཁྲག་གིས་བྲི། །འོད་མའི་གཞུ་ལ་རྒྱུས་ཆེན་རྒྱུད། །གཞུ་མཆོག་གཉིས་ལ་ཡབ་ཡུམ་བྲི། །ཆང་པར་མ་ར་སྨྱོ་ཞེས་བྲི། །མདའ་ནི་ཡ་མ་རྭ་ཛར་དམིགས། །བརྣག་པའི་གཟུགས་བཅས་འབྲུབ་ཁུང་གཞུག །ཡ་མའི་བསྙེན་པ་རྫོགས་པ་དང་། །བརྣག་པའི་གཟུགས་ལ་སྔགས་འདི་བརྡེག །ཡ་མ་རྭ་ཛ་སྙིང་ལ་གཏོད་པར་ཀ་ཤ་མེ་བ༷་རིལ་རྦད། །ཨ༷་ཤུ་ཤ་སྙིང་ལ་ཁུག །མཆིན་རྩ་རྦད། ཀས་པ་ཀས་རྩ་ལ་་།ས། རྩ་རོ་མ་གཡོབས། རོ་ལ་རྩ་མེ་བ༷་རིལ་རྦད། ཁྲག་རྩ་སྙིང་ལ་་།ས། རོ་རྩ་་།ས་བ༷་རིལ་རྦད། དགྲ་བོ་མྱ་ར་ཡ་བ༷་རིལ་རྦད། ཅེས་ནི་བརྣག་པའི་གཟུགས་ལ་བརྡེག །དེ་ནས་མདེའུ་མེ་བཏང་ལ། །ལིང་ག་བསྲེགས་ལ་དགྲ་ཕྱོགས་འཕང་། །སྨལ་པོ་གཞལ་ལག་ནུབ་མོའི་ཡི། །གསུངས་སོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མདའ་ཐུན་ནག་པོའི་སྐབས་ཏེ་སོ་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །རྒྱ་ཚིལ་གུ་གུལ་སྦྱར་ནས་ཀྱང་། །གཡག་རུ་ནག་པོའི་ནང་དུ་གཞུག །མིང་དང་གཟུགས་བྲིས་དུད་པས་བདུག །གུ་གུལ་མེ་བཏང་ལིདྷ་བདུག །་ཡ་མའི་བསྙེན་པ་རྗོ་གས་པ་དང་། །དྲག་པོས་སྔགས་འདིས་བརྡེག་བར་བྱ། །ཡ་མ་རྭ་ད་ས་ཏྭ་མེ། ཡ་མ་ར་ཛ་སྙིང་ལ་རོ་དུ་མེ་ཡ། ཡ་ད་ཡོ་ནི་སྙིང་ལ་ཏོ་རུ་མེ་ཡ། བ༷་རིལ་རྦད། རསྒ་སྒ་ཡ། ཨ་ཀྲ་མ་ཀྲ་མ་སྙིང་ལ་རྩ་རོ་མེ་བ༷་རིལ་རྦད། ཅེས་ནི་ལས་དེ་རྫོགས་པ་དང་། །དགྲ་བོའི་ཡུལ་ལྷ་རྟེན་འོག་སྦ། །ཡང་ན་ཁང་པའི་རུ་ལ་སྦ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གུ་གུལ་གྱི་སྐབས་ཏེ་སོ་བཞི་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །རྣེལ་དྲི་མོ་འམ་ཁ་ར་ལ་མ། །མཛེ་མོ་སྤྲང་མོའི་མགོ་ཐོད་དུ། །རིམས་ཁྲག་མཛེ་ཁྲག་རྨེ་ཁྲག་ཚོགས། །ཐོད་པའི་ནང་དུ་བླུགས་ནས་ནི། །ཕྱིར་ཡང་དེ་བཞིན་བཅུག་པར་བྱ། །ཡུགས་ས་མོ་ཡི་དོར་རྟར་གྲིལ། །ཡ་མའི་བསྙེན་བ་རྫོགས་པ་དང་། །བརྣག་པའི་གཟུགས་བཅའ་སྔགས་འདིར་བརྡེག །ཡ་མ་རྭ་ཛ་རྩ་ལ་རོད་པ་ཁུག་ཐུམ་རིལ་རྦད། སྙིང་ལ་རག་ཤ་མྱེ་བ༷་རིལ་རྦད། ཡ་མྱ་རྭ་ཛ་སྙིང་ལ་རྩ་རྩ་ནན་ནན། སྡིགས་སྡིགས། རྨུགས་རྨུགས། ཆེ་གེ་མོ་ཐུམ་རིལ་རྦད། མཁའ་རས་དངོས་སམ་ཕྱོགས་དག་ཏུ། །བགྲོད་ཁར་འགྲོ་ཞིང་སྔགས་བཟླས་ཏེ། །གཤིན་རྗེའི་ཆས་སུ་ཞུགས་ལ་འཕང་། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྨེ་བ་ཁྲག་ཐུན་གྱི་སྐབས་ཏེ་སོ་ལྔ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདགས་པོས་འདི་སྐད་ཅེས་གསུངས་སོ། །མོན་ནམ་གླེན་པའི་སྙིང་ནང་དུ། །གླང་རོག་བྱ་རོག་ར་རོག་སྙིང་། །རྟ་ནག་ཁྱི་ནག་ཉ་ཡི་སྙིང་། །སྟག་དང་བྱ་རྒོད་མི་ཡི་སྙིང་། །ཕྱེ་མར་བཏགས་ཏེ་བླུགས་པར་བྱ། །ཉུངས་ཀར་ཉུངས་ནག་དུག་རྫས་ལ། །ཡ་མའི་བསྙེན་པ་རྫོགས་པ་དང་། །སྙིང་ནང་ལིང་ཀ་བཅུག་ལ་བརྡེག །ཡ་མ་རྭ་ཛ་ས་ཏོ་མེ་ཡ། སྙིང་ལ་རོ་ཤ་བ༷་རིལ་རྦད། དགྲ་པོའི་མཆིན་རྩ་གློ་རྩ་སྙིང་ལ་ཁུག་ཀས་པ་ཀས་པ། ཚལ་པ་ཚལ་པ། སྙིང་ལ་རོལ་པ་རྩ་བ༷་རིལ་རྦད། ཁ་ར༷་མྲི་ཙིསྟ་ཁ་ར༷་ཁུ་ཧི། རལ་གྲིས་གཏུབས་ལ་གཏོར་མར་དབུལ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོའི་སྙིང་ཐུན་སྐབས་ཐུན་གྱི་སྐབས་ཏེ་སོ་དྲུག་པའོ།། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལྕགས་སམ་ནག་པོའི་སྣོད་ནང་དུ། །སྣ་ཚོགས་ཁྲག་དང་བསེ་ཞོར་སྦྱར། །ལིང་ག་ཇི་ལྟར་འདོད་པའི་དབྱིབས། །མིང་དང་རུས་བྲིས་གཞུག་པར་བྱ། །ཡང་ན་རྦའི་སྦར་བུ་རུ། །དུག་དང་སྦྱར་ཏེ་གཟུགས་ལ་བསྐུ། །ཡ་མའི་བསྙེན་པ་རྫོགས་པ་དང་། །སྔགས་འདི་བཟླས་ལ་ཁར་ལ་བརྡེག །ཨོ་དྷི་ཏི་ཡ་མན་ཏ་ཀྲ་ཤི་མལྒུ ཨ་ཀྲོ་མན་ཛ་ཡེ། བེ་ཏ་པི་དགྲ་བོའི་རོ་ལ་ཙིསྟ་རོ་ལ་ཤརྙི། སྙིང་ལ་རོག་པ། རྩ་ཁུག །ཀྲོ་དྷི་ཤྭ་རི་པེ་ཏེ་ལི་ཁུག །ཁུག་བ༷་རིལ་རྦད། ཡ་མ་རྭ་ཛ་སྲོག་ལ་བ༷། ཨ་མཉུ་སྙིང་ལ་ཁུག །སྲོག་ལ་རྒལ་དེ་བ༷་རིལ་རྦད། ནི་མ་ར་ཡ་ཏོ་པ་མ་ཡ། ཏོད་པ་པས་སྨི་དེ་ཧཱུཾ༷་ཛ། ཨོ་ཤ་མཉུ་ཡ་མ་ཏ་པེ་ཏ་ལེ་ཀྲོ་དྷི་ཤྭ་རི། སྙིང་ཁ་རསྒ་ས་མ་ཡ་ཐུམ་རིལ་རྦད། ཡ་མ་རྭ་ཛ་ས་དོ་མེ་ཡ། ཁྲག་ལ་ཧོ་དུ་མེ་ཡ། ཀླད་པ་ལ་ཧ་རེ་ཧོ་རེ། བ༷་རིལ་རྦད། ཅེས་ནི་ལིང་གའི་སྙིང་ཁར་བརྡེག །ཕྱོགས་སུ་མི་འཕང་དངོས་ལ་བརྡེག །བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར། སེར་བ་འབེབས་ན་འོ་་ཏོག་ལའོ། །སྨྱོ་འབོག་གཏོང་ན་ལྷ་ཁང་དུའོ། །མཛེ་ནད་གཏོང་ལ་ཆུ་མིག་ལའོ། །ཐོག་ཏུ་འབེབས་ན་ལྷ་རྟེན་ལའོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོ་བསྙེན་ཐུན་གྱི་སྐབས་ཏེ་སོ་བདུན་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཟུག་པའི་རྫས་དང་སྣ་མ་ལ་དང་། །གྲོགས་མཁར་ས་དང་ཐིགས་པ་ལ། །མ་ར་ཡ་ཡི་གཟུགས་བྱས་ཏེ། །དབང་པོ་ཡན་ལག་ཚང་བར་དགོད། ཁུ།་གསུམ་མདའ་གང་ནང་དུ་གཞུག །མཆོག་གི་ཕུར་བ་སོར་བརྒྱད་པ། །ཡ་མའི་བསྙེན་པ་རྫོགས་བྱས་ཏེ། །རྩ་སྲོག་བཅད་པའི་སྔགས་འདི་བཟླས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཁྲག་ཐིབས་བ་རིལ་རྦད། མུག་ཐིབས་རྦད། སུབས་རིལ་རྦད། གླིང་དུ་ཡ་རྦད། གཤིན་དུ་རྦད། ཁྲག་གཤམ་དུ་རྦད།ཁྲག་ཀ་ཁྲག་ཀ་བ༷་རིལ། ཙིསྟ་རོ་ལ་ཤརྙི་རྩ་ནན་ནན། གཤིན་རྗེ་ནག་པོའི་ཕོའི་མོའི་སྙིང་ལ་ཁ་ལ་གློ་སྙིང་ཁུག །དགྲ་བོ་མུ་ར་ཡ་བ༷་རིལ་ཐུམ་རིལ་རྦད། ཛ་ཛ་ཞེས་བརྡེག་གོ །དེ་ནས་གཟུགས་ཀྱི་ལྷག་མ་དེ། །དུག་ཤིང་མེ་བཏང་སྦྱིན་སྲེག་བྱ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྩ་ཐུན་ནག་པོའི་སྐབས་ཏེ་སོ་བརྒྱད་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །བྲག་ནག་བདུད་ཀྱི་རྟེན་གནས་ཏེ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །དུར་ཁྲོད་སོལ་བས་ནག་པོར་བྱུག །དེ་ལ་ཐལ་ཆེན་སྦར་ཁབ་དགྱེ། ཁུ།་གསུམ་ཁ་ལ་རྗེས་ངན་བརྡེག །གླ་བ་ནག་པོའི་སྙིང་ལ་བོད། །ཙ་ར་རོག་པོ་དམིགས་པའི་རྟེན། ་་ས་ཀར་ཉུངས་ནག་བརྡེག་པའི་རྫས། །སྣ་ཚོགས་ཤ་ཁྲག་གཏོར་མ་ལ། །གཙོ་རུ་སྲིད་པ་ཕྱི་མི་རྟ། །སྙིང་དང་རཀྟ་བསྐངས་བའི་རྫས། །བརྡ་མི་འཕྲད་དང་མོན་མོའི་གཟུགས། །བཙུན་པའི་གཟུགས་དང་སྔགས་པའོ། །སྔགས་ནི་རྟག་ཏུ་འདི་དག་གདོན། །བདུད་པྲ་མ་ཡ་བདུད་མུ་ར་ཡ། བདུད་སྙིང་མགོ་ཆོད། དུ་རུ་དུ་མྲ ཧ་ར་ཏི་ཧ་རྙི། དགྲ་སྙིང་ལ་ཛ་ཛ། ནག་པོ་ཏི་པ་ཙ་པའི། དགྲ་སྙིང་རྩལ་བ༷་རིལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་པ་ཙ་ལ། ཏྲག་མ་ཏྲག་ཤི །དགྲ་སྙིང་ལ་ཁ་ར༷་ཁུ་ཧི། ནག་པོ་ཤ་པ་ཏི། རྩ་བ༷་རིལ་རྦད། ནག་པོ་ཧེར་ཧ༷་བ༷་རིལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད། རྩ་ལ་རིག་པའི་དགྲ་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧ་རེ་ཧུ་རེ། བེ་ར་བ༷་རིལ་རྦད། ཧུ་ཡ་དགྲ་སྙིང་ལ་དུ་ར་དུ་རི་གློ་རྩ་ལ་བ༷་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཅིག །ཡང་ན་སྨྱོས་ཞིང་འབོག་ཏུ་ཆུག །ཡང་ན་རྩ་རྒྱུད་བདུན་རྒྱུན་ཆོད། །ཡང་ན་དོན་སྙིང་ཐལ་བར་རློགས། །ཡང་ན་མཛེ་དང་འབྲུམ་བུ་ཐོང་། ཞེས་རལ་བརྡེག་པར་བྱའོ། །དེ་ནས་ར་བསྒྲལ་ཏེ། མནན་པ་ཧོ་ཁུང་རྙིང་པར་བྱ། །ཐུགས་དམ་བསྐང་ལ་གཏད་ཁྲ༷་བྱ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བདུད་ཀྱི་དྲག་སྔགས་ཀྱི་སྐབས་ཏེ་སོ་དགུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ལྷ་ཁང་ལྟ་བུར་སོང་ནས་ཀྱང་། །དར་དཀར་བཏིང་ལ་འབྲུ་སྣ་སྤུང་། །སྤྱན་གཟིགས་སྣ་ཚོགས་ལེགས་པར་དགྲམ། །སྙིང་ཆེན་གཅིག་ལ་རྟེན་བཅས་ཏེ། །སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་། །བརྣག་པའི་གཟུགས་མིང་བཅས་པ་ཡང་། །དགྲ་ཡི་གོས་ལ་བྲི་བར་བྱ། །མཆོག་གི་ཕུར་བུ་སོར་བརྒྱད་ལ། །ཡ་མའི་བསྙེན་པ་རྫོགས་པར་བྱ། །ཨོ་མསྒྲུ་ཤི་རྡི་ཛ་མ་ཧྭ་ཏྲི་ཀྲ་ཤར་ལི་པྲ་མ་ནི་རྭ་ཛཤཱརྟ་ཛ་ཛ། འོད་ལ་སོགས་ཏེ་སྒྲ་རྣམས་དང་། །མི་མ་ཡིན་པའི་གཟུགས་ཀྱང་སྟོན། །རྭ་ཛ་མ་ཧྭ་པྲུ་ཙ་པྲ་ཏི་ཙ་ཧོ་ཁ་ར༷་ཁུ་ཧི། ཞེས་ནི་མཆོད་དབུལ་ཐུགས་དམ་བསྐང་། །བསད་ན་མཆོག་གི་ཕུར་པ་ལ། །སྔགས་ལ་ལིང་ག་དག་ལ་བརྡེག །ཨོ་ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་ཡ་མ་ཁྲག །ཚལ་བ་བ༷་རིལ་རྦད། ད༷་པ་དུ༷་བུ། གཤིན་རྗེ་པོ་དེ་ཀུན་ཁུག་ཁུག །དགྲ་བོ་མ་རྭ་ཡ་ཛ་ཛ། ཨོ༷་ནི་མ་རི་ནི། དྷི་ཏ་ཡ་ཡ་མན་ཏ་ཀྲི་རྭ་ཛ། ཏེ་པ་ལི་ཀྲོ་དྷི་ཤྭ་རི། སྙིང་མགོ་ཆོད། རྩ་ལ་་།ས། ཁྲག་མགོ་ཆོད། ཁྲག་ལ་ཀི་ལི་ཀི་ལ་ཡ བ༷་རིལ་རྦད། ཡ་མ་རྭ་ཛས་ཏོ་མེ་ཡ་དུན་སྨྱོ། ཡ་མ་རྭ་ཛ་སྙིང་དོ་མེ་དུན་སྨྱོ། ཡ་མེ་དོ་རུ་མེ་ད་ཡ། ཡ་ཏ་ཡོ་ནི་སྙིང་ལ་ཁྲེ་སྣེ་ཡ་བ༷་རིལ་རྦད། ཨོ༷་ཤི་མཉུ་གཤིན་རྗེ་ནག་པོ། དགྲ་སྙིང་ལ་གུ་ར་གུ་ར་བེ་རིལ་རྦདཧ་ར་ཏུ་ཧ་རུ་རྦ་རིལ་ལ་རྦད། ཏྲ་ཧ་ར་ཏྲ་ཧ་ར་བ༷་རིལ་རྦད། །རྨེ་རུ་མེ་རུ་བ༷་རིལ་རྦད། ཧུ་ར་ཤ་ཧུ་ར་ཤ་བ༷་རིལ་རྦད། ཏ་ཀ་ཀ་ཧ་རི་ཀ་བ༷་རིལ་རྦད། དུ་ར༷་སུ་རུ་ར༷་བ༷་རིལ་རྦད། ཧ་ར་ཙ་ར་ནན་ནན་ཧ་ར་ར་ནན། སྲུ༷་ཧཱུཾ༷་ར་བ༷་རིལ་རྦད། ཀྲ་ཡ་ཧ་ཀྲ་ཡ་ཧ། སྨེའུ་ལུ་སྨེའུ་ལུ། ཙུར་ད་ཙུར་ད་བ༷་རིལ་རྦད། སྨྲེ་ཤ་སྨེ་ཤ་ཀྲ་ཤུ་མེ་ཀྲ་ཤུ་མེ། ཚུར་ཧ༷་ཚུར་ཧ༷། གུ་ར༷་གུ་བ་ར༷་བི་ལ་རྦད། ཙ་དུ་ར་ཙ་དུ་ར་གླེ་ཤ་སླེ་ཤ་བ༷་རིལ་རྦད། མི་རུས་དར་དཀར་སྤྱན་གཟིགས་བཅས། །ལྷ་ཁང་མགོན་པོའིསྙིང་ཁརབོད།ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས།ཁུ་ཐུན་སྨྱོ་བའི་སྐབས་ཏེ་བཞི་བཅུ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་བོ། །དུར་ཁྲོད་དགོན་པའི་གནས་དག་ཏུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །ནང་དུ་རབས་ཆད་ཐོད་པ་སྲ །གྲི་མོར་ཤི་བའི་སྙིང་ཆེན་གཞུག །སྙིང་གཤགས་ནང་དུ་མིང་རུས་ནི། །ཧ་ལའི་ཤིང་ལ་བྲིས་ཏེ་གཞུག །རྒྱས་ཆེན་བཙེམས་ལ་སྔགས་འདིས་སྲབ། །ཨོ་མཉུ་ཤི་ཡ་མ་རྭ་ཛ་ཀྲི་སྣ་བྲི་མྱ་ར་ཡ་ཛ་ཛ། ཡ་མ་རྭ་ཛ་སྙིང་ལ་རྦད། རྩ་ལ་སྟུངས་དབུགས་ལ་ཐུམས། སྙིང་ལ་ཁ་ར༷་ཁུ་ཧི། ཞེས་ནི་རལ་གྲིས་ག་་པར་བྱ། །ཕྱེད་ན་དུག་ཤིང་སྤྱིན་བསྲེག་བྱ། །པྱེད་ནི་གཏོར་མའི་ནང་དུ་དབུལ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྙིང་ཟོར་ནག་པོའི་སྐབས་ཏེ་ཞེ་གཅིག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཁྲག་གིས་སྦྲུས་པའི་མཎྜལ་ནི། །ཆག་གང་གྱེན་ལ་བརྩིག་པར་བྱ། །ཁྲུ་གང་ཐུར་ལ་བྲུ་བར་བྱ། །ཁ་ཁྱེར་ཐལ་ཆེན་དཀར་པོར་བཏང་། །མ་གུ་ཁ་སྤྲད་ཚུལ་དུ་བྲི། །དབུས་སུ་ཡི་གེ་ཡ་གཅིག་བྲི། །གཙང་དགུས་གྲུ་གསུམ་ཁ་ལ་བསྐོར། ་་ཁྲག་གཏོར་མ་སྣ་ཚོགས་བཤམ། ཁུ།ན་དུ་སྔགས་འདིས་བསྒྲུབ་པར་བྱ། །ཨོ་མསྐྲུ་ཤི་ཏྲ་ཀ་རཀློ་སྙིང་ཏེ་ཀེམ་སྙིང་རྩ་སྲོག་སྲོག་བྲེང་བྲེང་མ་མ་ཛ་ཛ། དམ་ཚིག་ཕྱག་རྒྱ་བཅས་ནས་ནི། །མ་མ་རསྤྲོ་ས་མ་ཡ་ད༷་ད༷་ཛ་ཛ། ཞེས་དམ་བསྒྲག་གོ །མ་མོ་གཤེད་མོ་འདི་རྣམས་ནི། །ཧོར་བ་གཟན་ལ་བཅུམ་གཞིན་འོང་། ཁུ་གསུམ་ནང་དུ་རྗེས་ངན་འོང་། །ཝའམ་བྲག་སྲིན་སྐད་ངན་འོང་། །གྲུ་གསུམ་ནག་པོར་ལིང་ག་གཞུག །དྲག་སྔགས་དགུ་པོ་འདི་ཡིས་བསད། །སྒག་རཀློ་ནི་ཁུག་རྦད། མ་མ་གཟེར་ཤད་མ་རྦད། །མ་མ་འདར་ཡེད་ཡེད་རྦད། མ་དྲི་ཤ་ཀུ་རུ་ཐུན་དྲི་རྦད། ར་ཀ་ཤ་མོ་ཁ་ལོང་དྲི་ཁ་ལོང་རྦད། མ་ཤ་མ་ར་ཀ་མོ་སྙིང་ལིང་རྦུད། མ་མ་རཀློ་སྲོག་བྱེ་ཤག་སྙིང་རྩ་ཀུམ་རྦད། མ་མ་དུང་སྲོག་བྱེ་ཤཱ་ར་ཡ་རྦད། མ་མ་ཏྲིག་ཏྲིག་ཤ་ལོང་། ཁྲག་ལིང་མུ་ར་ཡ་རྦད། ཅེས་ནི་རྩ་དགུས་གཟུགས་ལ་བརྡེག །དེ་ནས་དོང་ནང་ཚེར་མས་དགང་། །མེ་བཏང་ལིང་ག་སྤྱིན་སྲེག་བྱ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལ། གཤེད་མོ་དགུའི་དྲག་སྔགས་ཀྱི་སྐབས་ཏེ་ཞེ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་གྲུ་གསུམ་ནག་པོ་ལ། །ཟླ་གམ་དམར་པོ་ཁ་སྤྱོད་རྒྱུ། །དཀྱིལ་དུ་ཁྲག་གི་ཛ་རོ་བྲི། །བན་དྷ་དགུ་རུ་སྙིང་ཆེན་དགུ། ཁྲ་ཁྲག་སྣ་ཚོགས་སྦྱར་ལ་བཞག །ལྕགས་ཕུར་དགུ་ལ་ལིང་བ་དགུ། །རང་རང་སྔགས་ཀྱིས་བཏབ་ནས་ཀྱང་། །གཏོར་མ་རོ་རུ་མཆོད་པ་དབུལ། །མ་མ་སྒག་ཁ་མུན་ལོང་ཛ་ཛ། མ་ནི་རག་ཏ་སྒག་མོ་ཛ་ཛ། མ་མ་སྙིང་རྩ་ཤད་ཤད་ཛ་ཛ། མ་མ་སྲོག་སྙིང་རྩ་ཤམ་ཤམ་ཛ་ཛ། མ་ཐིག་ནིག་སྲོག་ཐུན་སྙིང་ཐུན་ཛ་ཛ། རཀློ་ཡགློ་ཀ་ལི་ད༷་ཛ་ཛ། མ་གར་ཟ་མ་སྙིང་ཐིག་སྲོག་ལ་ཛ་ཛ། ས་མ་རཀློ་སྲོག་སྐེམས་མ་ཛ་ཛ། ཆེ་གེ་མོ་ནི་ཤ་ཏུ་སྲོག་ལ་རྦད། སྙིང་ཁ་ལོང་རྩ་ཐུན་སྲོག་ཐུན་ནཱ་ར་ཡ་རྦད། ཅེས་ཕུར་པས་གདབ་བོ། །ཐུགས་དམ་བསྐང་ངོ་། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྲིན་མོ་ཁྲག་འཐུང་སྦར་སྡེབས་མ་དགུའི་དྲག་སྔགས་ཀྱི་སྐབས་ཏེ་ཞེ་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །མཆོག་གི་ཕུར་པ་སོར་བརྒྱད་དགུ། །དགུ་དང་ཁྲག་ཏུ་སྦྱར་བས་བྱུག །སྔོན་དམར་སྐུད་པས་འོག་ནས་བཀྱིག །སྔགས་འདིས་བཟླས་ལ་གཟུགས་ལ་བརྡེག །བལ་མོ་ཤ༷་ཤ༷་སྲོག་ལ་ཤམ། ཏྲེ་རག་མོ་སྲོག་གུ་རུ་ཙིལྟི་མ་ར་རྦད་རྦད། ཅེས་བཏབ་ན་བརླག་པར་འགྱུར་རོ། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བལ་མོ་ནད་གཏོང་བའི་དགུའི་སྐབས་ཏེ་ཞེ་བཞི་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཁྱི་མོ་དཀར་ནག་གྲོད་པ་ནི། །གཉིས་གཤགས་སྦྱར་ལ་ཁ་ཡར་བཙེམ། །གྲོད་པ་དཀར་མོར་ཁྲག་གིས་དགང་། །གྲོད་པ་ནག་པོ་དུག་གིས་དགང་། །ནག་དུ་དམིགས་པའི་མིང་རུས་གཞུག །དུག་ལ་ཁྲག་གི་གྲིགས་དང་སྦྱར། །ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ། །ཕོ་སྔགས་གྲོད་པ་ནག་པོར་གདབ། །རག་ཤ་རྦད་ཛ་ཛ། རུ་་་རྦད་ཛ་ཛ། ཡསྒ་རྦད་ཛ་ཛ། པག་ཤ་རྦད་ཛ་ཛ། རྭ་ཛ་རྦད་ཛ་ཛ། མོ་སྔགས་གྲོད་པ་དཀར་མོར་གདབ། །རཀློ་མྱ་ར་ཡརྟ་ནི་སད། རཀློ་སྙིང་ཁ་རཀ་བ་ཏི་སྙིང་རྩ་རིལ། ཡཀློ་སྙིང་རྩ་རིལ། སྒག་་ངངསྙི་ངསྙི་་་ཁྱེ་ཞེ་ངཙེ་་་་ངངམ་ཤག་ཤག ། ང་ལ་རལ། །རུ་ཏྲ་མ་མ་རྩ་ཤག །ཡ་མ་ ང་ཁྲག་ཤ་རུ་རུ་པ་ཏ་སྲག་པྲ་ཤམ་ ར་བྷ། ས་གྲད་པ་ཁབ་ཀྱས་བ མ། །རྨ་ལུག་ནག་པ་ལྕགས་རུ་ལ། །མག་བ་མཐང་ནག་དར་གྱས་གཏུམས། །ཁལ་དུ་བཀལ་ལ་དགྲ་ཡུལ་བཏང་། །དེ་བཞིན་སྔགས་འདིས་ཕྱོགས་སུ་བཏང་། །རག་མོ་སྲོག་བ༷་ཁ་འུར་ཁུག་ནཱ་ར་ཡ་ཁུག །སྨྱོ་སྨྱོ། ཞེས་ནི་ཉུངས་ཀར་ཕྱོགས་སུ་འཕང་། །ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྦྲེ་ནག་གཏོར་སྐྱེལ་གྱི་སྐབས་ཏེ་ཞེ་ལྔ་པའོ།། །།ཟླ་གསང་ནག་པོའི་རྒྱུད་ཕྱི་མ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་ཁྲག་འཐུང་ནག་པོ་དང་། བོད་ཀྱི་ལོསྣྲོ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས། དུར་ཁྲོད་ཧ་ལ་སྒྲོགས་པའི་སྒྲུབ་གནས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ