Ngb-pt-0624-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སོ།། །། རྒྱ་གར་སྐད་དུ། སི་ཧ་ཙ་ཏྲ་ཨ་རོད་ན་མ། བོད་སྐད་དུ། སེང་གེ་འོ་མའི་རྒྱུད་ཕྱི་མ་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཕྱི་མ་འདི་གསུངས་སོ། །དེ་ནས་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ། །ར་ཧཱུཾ༷་ར་མ་ཏྲི་ག །ཕུ་རི་ཙོ་ཏོ་ར། པི་སྦུ་མ། ཙིཉི་ཙི་ཤུ་ཚི་མ་ཁུག་ཐང་ཐང་། བི་སྦུ་རག་ཏྲི་ཙི་ཤུ་ལ་ཧྲི་ཧྲི། ག་པི་ག་པི། ཙི་ཏོ་ཙི་ཏོ། བ་བུམ་འབུ་མ་འདུ་ཐུ་འདུ་ཐུ༷༷ རག་ཤོ་རག་ཤོ༷༷ རག་ཁོ་རག་ཁོ༷༷ ཡག་གོ་ཡག་གོ །བཛྲ་རུ་ཏྲི་ཏྲམ་སྦྱོ། ནཱ་ག་རུ་ཏྲི་ཏྲི་སྨྱོ། ཡག་ཤ་རུ༷ ་ཏི་ཏྲ༷་སྨྱོ། རག་ཤུ་རུ་ཏྲི༷་ཏྲ༷་སྨྱོ། ཙ་ག་ཤ་རུ་ཏྲི་ཏྲ༷་སྨྱོ། པ་ཏྲ་རུ་ཏྲི་ཏྲ༷་སྦྱོ། ཡ་མ་རུ་ཏྲི་ཏྲ༷་སྨྱོ།འཁྱགས་པ་རླུད་དུ་དབབ་པ་དང་། །འཁྱགས་པ་ལམ་དུ་ཞུགས་པ་ཡིན། །ཙ་བ་ནི་ར་ཧཱུཾ༷་ལ་ཕོབ། ཀྲོ་ཏི་ཀྲོ་ལ་ཤ་ར་ཙ་ཕྲོ། ཐ་མ་ནི་ཧུ་རུ་ཧུ་རུ་ཕྲོ༷༷མ་མ་ཁྲོ་རིལ་རིལ་ཕོབ། ཤ་ར་ཤ་མ་ཏ་ནཱ་ག་ཕོབ༷༷ དུལ་ནལ་དུལ་ནལ། ཆེམ་ཆེམ་ཕོབ༷༷ ཏ་ཀྱི་རྭ་ཛ་ཏི་པ་ཕོབ༷༷ འབིསྦུརགཏྲིགཚིཤུལཤར༷༷ དམ་ཐག་ཧུ་མ་ཧུ་ཡ་ཕོབ། ན་ག་ལེ་ནཱ་ག་ལེ་ཕོབ། དེ་ནི་བཅུ་རྣམས་ཆགས་སུ་གཤུགས་པ་སྟེ། སེང་གེའི་རྒྱུའོ། །སྲིན་མོ་སྲོག་གཟེར་བཏབ་པ་ནི། །བི་སྦུ་རག་ཏྲིག༷༷ སྣི་ཤུལ་ཧྲི༷༷ ལོ་ཐོག་ཁ་ཧི། འཕང་འགྲོ་གཟན་ལ་དབབ་པའོ། །བྱ་ཏི་ཏི་ལ་བ་ཤ་མི་ཀི་ར་ཧུ་ལ་གྲྭ་ཧྭ། བི་ཤི་མི་ཀི་དུ་རུ་མ་ཤ་ཀི་ཛ་ལ་ཨ་ཏ་གྲྭ་ཧྭ། ཛ་པ་ཏི་ར་ཧུ་ལ་མ་ཧྭ་ཀྲོ་དྷ་ཀ་ཕབ་ཤ་ལ་ཤ་ལ་ཏེ་ཧཱུཾ༷་ཕཊ། བི་སྦུམ་པུ་རི་ཙོ། ཏོར་ར་ཧུར་མ་ཏྲིག །ཙི་ཏ་ཙི་ཤུ་ཚིལ་མ་ཁུག་ཐང་ཐང་། སྐུ་གསུང་ཐུགས་དང་འཕྲིན་ལས་བཞི་ཡི་སྔགས། །དེ་ཡང་འཕྲིན་ལས་སྔགས་སུ་གསུངས་པའོ། །སེང་གེ་འོ་མའི་རྒྱུད་ལས། སེར་བ་དྲག་པོའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་སྲོག་གི་རེག་ཆོད་འདི་གསུངས་སོ། །འཁོར་ལོ་ཆས་སུ་བཅུག་ནས་ནི། །སྔགས་ཀྱི་སྦྱོར་བ་རབ་ཏུ་བཤད། །ཙ་བ་ནི་ར་ཧུ་ལ། ཀྲོ་ཧི་ཀྲོ་ལ། ཐལ་མན་ཧུ་རུ་ཧུ་རུ༷༷ མ་མ་ཁྲི་རིལ། ཤལ་ཤལ་ཏ༷༷ དུལ་ནལ་དུལ་ནལ༷༷ ཏ་ཀི་ཛ་ཏ་པ་ཏི། བི་སྦུ་རག་ཙི་ཤུ་ལ། །སྒྲུབ་པའི་ལས་སུ་དེ་བསྟན་ནོ། །ལས་སྦྱོར་གསང་བའི་སྔགས་དེ་ནི། །སྙིང་མགོ་ཆོད་ཧུར་སྤྲུགས༷༷ རྦད་ཨུ་ར་སྨྱོ༷༷ མྱོས་སོད་རྦད༷༷ ཐུམ་རིལ་རྦད། ཁྲག་རྔུབས་ཛ༷༷ སྲོག་ལོང་རྦད༷༷ ལུས་དུལ་རྦད་ཡ། སྲོག་ལ་མྱོས་ཐིབས་རྦད་སྨྱོ། སྲོག་ཧུ་ལོང་ཕུར་རྦད་ཛ༷༷ གཟེར་ཐུམ་རྦད༷༷ ཙ་ཀྲ་ལི་ག་ཆས་བྱས་ལ། །རྫས་རྣམས་སྤྱི་ཡི་གཞུང་དུ་ཤེས། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྲོག་གི་རེག་ཆོད་ཀྱི་ལེའུ་སྟེ་གཉིས་བའོ།། །།དེ་ནས་ཡང་བསྙེན་པའི་ལས་སྔགས་འདི་གསུངས་སོ། །པུ་རི་ཙོ་ཏོ་ར་བི་སྦུ་མ་ར་ཧུ་ར་མ་ཏྲིག༷༷ ཙི་ཏ་ཙི་ཤུ་ཚིལ་མ་ཁུག་ཐང་དེ་ཐང་ངེ། །བི་གི་ནི་ཀུན་ལེ་མྱ་ར་ཡ་རྦད། ཡ་བ་སྨི་གུ་པ་ཡེ་ཤེ་ན་རྦད། པུས་ཏི་ནས་སེ་ཚིལ་མ་སུ་ཏྲི་བ་ཡ་རྦད༷༷ ས་མ་ཡ་ཀ་ལི་ཀུ་པི་ཀ་ར་ནི་ལྡན༷༷ དུ་ཀ་ནི་ཨ་ཤུ་རོ་ཧུ་ཙ་པ་ལ་ལྷན། མ་ཧྭ་ཤ་ཏོ་ཀུ་པ་ཡ་ལྷན། བུ་ཀྲི་བ་ཡ་ཨ་ཏྲིག་བལ་མི་རྦད་ཛ༷༷ཏྲ་རག་ཤ་མ། མ་ཧ་མ་ཁྲིམ་ཤམ་རྦད་ཛ༷༷ ཚ་བ་ནི་ཨ་ཛ་ཧ་ཚ་རྦད་ཛ༷༷ སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བསྙེན་པའི་ལས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གསོ་བའི་ལས་འདི་གསུངས་སོ། །ལུག་ནག་འབེན་བརྡས་སྔགས་འདི་བཟླས། །མ་མ་བས་སྨི་གུ་ལི་གྲྭ་ཧྭ། སྲིའུ་གསོ་ན་ར་རོག་འབེན། །སེར་བ་སྲུང་ན་མི་རྟ་ཕུར། །ནད་པ་སྲུང་ན་མདོས་དང་ཟོར། །བ་སྦྲུ་སྒག་སྨྱོ། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གསོ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅུན་བཟློག་ལས་ཀྱི་སྔགས་འདི་གསུངས་སོ། །འཁོར་ལོའི་རྩིབས་ལ་སྔགས་འདི་བྲིས། །ཕོ་ལྟོ་དཀྲུགས་ལ་བཙན་ལ་བསྐོར། །མ་ཧྭ་བྲི། ད་པ་ཏྲ། བི་སྦུ། ཙ་ཏྲ། པ་ནི། ར་ཧུ་ལ། ལོ་ཐོག་ལ་སྨྱོ། མེ་ལྟོ་བཟློག་པ་ཐེ་རང་བྲིད། །ཁ་ལ་ར་ག་ཤ་ཐུན་སྨྱོ༷༷ མ་མ་རག་ཤ་ཐུན་སྨྱོ༷༷ཏྲི་ཙ་བ་ཨ་ཡ་ཐུན་སྨྱོ།ཡ་མ་རྭ་ཛ་ཀྲི་སྐྲུ་དུན་ཏི་ཁ་ལ་དུ་ཏི་སྨྱོ༷༷ ནཱ་ག་རྭ་ཛ་ཐུན་སྨྱོ༷༷ བ་རུ་ན་ཐུན་སྨྱོ༷༷ རག་ཤ་ཐུན་ཕོབ། པོ་ལྟོ་གཟིར་བ་ལྷ་བསྐོར། མ་ཧྭ་ཙརྙ་ལ་རསྒ་ཕོབ། བཙན་དང་ཀླུ་དང་ལྷས། སེར་སྲུན་གྱི་ཡོན་ལག་ལ། །ཐོག་མཐའ་བཏང་བའི་ལས་ཐབས་ནི། །རིན་ཆེན་སྣ་ལྔ་གྱོ་མོ་ལྟོ་བྱས་ལ་གང་རུང་སར་སྦའོ། །མོ་ལྟོ་གཟིར་ལ་ཆུ་མིག་ཆུ་ལ་བསྐོར། །ན་ག་རྭ་ཛ་བེ་ནི་ཨ་ནན༷༷ ཕྲོ་ཧྲིལ་ཤར་ཕོབ༷༷ མ་ཧྭ་ཙན་དྷ་རསྒ༷༷ ཏྲི་ཐ་དྲི་མུ་ར་ཡ་ཆེ་གེ་མོ་ལ་ཏྲེ་སྨྱོ། ཕོ་ལྟོ་གཟིར། ན་ག་ར་ཛ་བེ་ནི་ཨ་ནན་ཐ། ནཱ་ག་བཛྲ་རག་ཤ་ཏི། སན་ད་ར་ཤུ་ན། ཙིསྟ་བོ་སྨི་གུ་མྲ མོ་ལྟོ་གབ། མ་ཧྭ་བི་ཨ་ཏྲ་བི་སྦུ་ཙ་ཀྲ་ས་ནི། ར་ཧུ་ལ་དགྲ་བོའི་ཙིསྟ་ལ་བུན་ཛ་ཧོ་ཁུ་ཧི། ཧེ་ཁ༷་ལི་མ་ཧྭ་ཙན་དྷ་མྱ་ར་ཡ་ཁུག་ཛ་ཛ། ཕོ་ལྟོ་དཀྲུག །ཁ་ལ་རག་ཤ་རག་ཤ་ཐུན་སྨྱོ། མ་མ་རག་ཤ་ཐུན་སྨྱོ། ཏྲི་ཛ་པ་ལ་ཨ་ཐུན་སྨྱོ། ཡ་མ་ཙ་ཀྲི་སྣ་དུན་ཏིང་ཁ་ཐུན་སྤྱོ། ནཱ་ག་རྭ་ཛ་བ་རུ་ན་ཐུན་སྨྱོ། མོ་ལྟོ་བཟློག །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བབ་པ་གཟེར་མནན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་མཁའ་འགྲོ་གཟན་དབབ་པ་དང་། འཁྱག་པ་རླུདས་སུ་དབབ་པ་ནི། རཏ་ཏྲིག་ཙི་ཤུལ་ཧྲིང་བི་སྦུ་མ་དམ་ཐོབ། འབྲི་རུ་གཡས་པའི་ནང་ནས་འཕང་། །མི་སོགས་ཁྱེད་བྱས་ཐབ་ཟོར་འཕང་། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། འཁྱག་པ་རླུདས་སུ་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་མ་ཐེབས་ན། མོན་པ་མོན་མོ་བལ་མོ་གསུམ། །ཟ་གསུམ་གཟིར་བས་ལས་རྣམས་འགྲུབ། །དེས་ཀྱང་ཐེབས་པར་མ་གྱུར་ན། །རྩ་བ་བཟློག་པས་རང་གཟིར་ནས། སྐྱིན་ཐང་རབ་རུ་འབབ་བར་ངེས། །དེས་ཀྱང་ལས་བྱེད་མ་འདོད་ན། །སྔགས་ཀྱི་ཡང་རྒོད་གོ་བཟློག་གོ །དེ་ནས་རྣལ་འབྱོར་ལས་རྣམས་བྱེད། །སེང་གེ་འོ་མའི་རྒྱུད་ལས། སྔགས་བཟློག་པ་་ག་པོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཕུང་སྲི་ཐོད་པའི་འཁོར་ནི། ཕྱི་མ་བསྙེན་སྔགས་མིག་ལ་ཤར། །རྣ་བ་ཐོབ་ལ་སྣ་ལ་ཧྲིལ། །རྫས་རྣམས་ལ་སོགས་སྔོ་རྣམས་བླུགས་ལ་མནན། །རྟ་མ་རྣམས་ཀྱི་མཆོག་ཏུ་གསུངས། །འདི་མེད་རྟ་མ་འ་ས་པ་ཡིན། །ར་རོག་ལུག་ནག་ར་དམར་སྙིང་། །རྟ་ནག་གཡག་རོག་གླང་དམར་སྙིང་། །བྱ་ནག་ནལ་བུ་བཙན་བྱའི་སྙིང་། །སྲོག་དང་སེར་བ་གཉིས་ཀའི་རྫས། །སྐྱེར་ལྡེ་སེང་ལྡེང་མཛོ་ལྡེང་དང་། །འདི་གསུམ་ལྷ་ནི་རྟན་པའི་རྫས། །ལྕགས་ཕུར་སྐྱེར་ཕུར་མཆོག་ཕུར་གསུམ། །འདི་གསུམ་གདབ་པའི་ཕུར་བའོ། །འདི་མེད་ལས་བྱེད་ཡུག་པ་རྐྱང་། །འཁོར་ལོ་སྔགས་མེད་ས་ཡི་གཏེར་ཏེ་ཡུགས་པ་རྐྱང་། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། ཕུར་ཤིང་ཐོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བསྟོད་པ་འདི་གསུངས་སོ། །འཇམ་དཔལ་བསྟོད་ལ་ལྷ་རྣམས་བསྐུལ། །འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ། །གཟའ་བདུད་ཆེན་པོ་མི་སྲུན་པ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་སྲས་པོ་མཐུ་པོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པ་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྤྲུལ། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །ཕྱོགས་མཚམས་ཀུན་གྱི་དམག་དཔོན་རེ། །བཅོལ་བའི་ལས་སུ་ཐོག་སེར་ཕོབ། ཁྲར་གྱི་སྟག་སྲིན། ལྷོའི་བ༷་སྲིན། ནུབ་ཀྱི་རྐང་སྲིན། བྱང་གི་འབྲོག་སྲིན། །འདོད་ཆགས་ཁྲག་མཚོ་འཁྲུག་པའི་དཀྱིལ་འཁོར་ནས། །ཡུམ་ཆེན་ཀླུ་མོ་ཡག་མ་ནི། །བཅོལ་བའི་ལས་སུ་ཐོག་སེར་ཕོབ། །བསྙེན་པའི་དུས་སུ་ལས་བཅོལ་ལོ། །འཇམ་དཔལ་བསྟོད་ལ་སྡེ་བརྒྱད་བསྐུལ། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བསྟོད་བཅོལ་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཀྱི་མཐའ་བསྟན། བི་སྦུ་རྩ་བ་གསུམ་གྱི་བསྙེན་པ་བྱ། །རྩ་བ་ནས་ནི་སྒྲུབ་པ་བྱ། །འགའ་ཡི་བརྒྱད་ཀྱིས་ཟོར་མཐའ་བསུ། །ཏྲམ་བརྒྱད་མཁ་་འགྲོ་ལས་ལ་གཟུད། །གཅུན་བཟློག་འཁོར་ལོ་གཟིར་ལ་དབབ། །སྐུ་གསུང་ཐུགས་ཀྱིས་ཟོར་ཐབ་བྱ། །སྐྱིན་ཐང་འཁོར་ལོས་རྟ་མ་བྱ། །ལྷག་མ་བཞི་ཡིས་གནས་སྐབས་སྦྱར། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གབ་པ་ལས་སེར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྒྲུབ་པའི་བྱེ་བྲག་བསྟན་པ་ནི། །ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ། །ཕྱི་ནི་དཀྱིལ་འཁོར་ལ་གསད་པ་ནི། །མཎྜལ་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་སུམ་བརྩེག་གོ །ཁ་ཁྱེར་གསེར་གྱི་ཕུར་བ་བཅོ་བརྒྱད་དགོད། །དེ་སྟེངས་དར་གྱི་གུར་ཡང་དབུབ། །ནང་དུ་ལིང་ག་ཞིང་གི་རྒྱུས་པ་རྟགས། །ཐུན་གསུམ་ཕྱོགས་བརྡེག་ལིང་གའི་གནས། །སྙིང་གསུམ་ལ་སྒྲུབ། རྟ་ནག་ར་རོག་བཙན་བྱའི་སྙིང་། །ཐོད་པ་གསུམ་པ་སྒྲུབ། མོན་ཐོད་སྦྱང་ལོ་རབས་ཆད་ཐོད་པར་འཁོར་ལོ་བསྐོར། །ཁྲག་གསུམ་ལ་བསྒྲུབ། ར་རོག་ལུག་ནག་ར་དམར་ཁྲག །རྟེན་གསུམ་ལ་བསྒྲུབ།སེང་ལྡེང་སྐྱེར་པ་མཆོག་ཕུར་དྲིལ་དེ་ཅན། །ཐུན་གསུམ་ལ་བསྒྲུབ། ཁྲག་དུག་ཡུངས་ཀར་ཐུན། །ནང་རལ་གསད་པའོ། །གསང་བ་འཁོར་ལོས་གསད་པའོ། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། ཕྱི་གསང་བས་གསང་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གསང་བའི་སྡེབས་བསྟན་པ་ནི། ཆུ་བསྡུད་བསྙེན་པ་སྟེ། ཆུ་ཚགས་སུ་གཞུགས་བསྒྲུབ་པའོ། །ཕྲོམ་གཉིས་ཤར་གསུམ་དྲིལ་བའོ། །ཏྲམ་བརྒྱད་སྔགས་ཀྱི་ཤམ་བུ་སྟེ། །འགའ་༷ཡི་ཟོར་གྱིས་ལས་སུ་བསྟན། །སྐུ་གསུང་ཐུགས་འཕྲིན་ལས་བཞིས་ཉེ་བར་བྱ། །སེར་བའི་ལམ་བསྟན་འཁྱག་པ་ལམ་དུ་གཞུག་པ་ནི། ཨོ་ན་ཕྱ་ན་ཕྱ་ཧཱུཾ༷་ཁ་ཧི་ཁ་ཧི། བབ་བཟློག་འཁོར་ལོ་རབ་ཏུ་བརྡེག །ཕྲོ་ཕྲོ་ཤར་གསུམ་སེམས་ཀྱི་རྟེན། །སེང་གེ་འོ་མའི་རྒྱུད་ལས། བསྡེབས་སུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྡེ་བརྒྱད་ཀྱི་སྲོག་སྙིང་ཕུལ་ནས་རང་རང་གནས་སུ་གྲམ་མོ། །གཟས་བག་གི་ཕུལ། ཀླུ་ཡིས་ཙིསྟཕུལལོ། །གཤིནརྗེསརག་ཏོ་ཕུལ། ལྷས་འབུ་ལ་འཕུལ། ལྷ་མ་ཡིན་གྱི་འདུ་ཐུ་ཕུལ། སྲིན་པོས་རག་ཤོ་ཕུལ། མ་མོའི་རཀ་གོ་ཕུལ། གནོད་སྤྱིན་གྱིས་ཡག་གོ་ཕུལ། སྡེ་བརྒྱད་དྲིལ་ནས་བི་སྦུམ་པུ་རི་ཙོ་ཏོར་ར་ཧུ་ར་མ་ཏྲིག་ཙིཏི་ཙི་ཤུ་མ་ཁུག་ཐང་ཐང་ཕུལ་ལོ། །ཡང་གཟས་ཙ་པ་ནི་ཕུལ། བཙན་གྱིས་ཀྲོ་དྷི་ཀྲོ་ལ་ཕུལ། གཤིན་རྗེ་ཐལ་བ་ནི་ཕུལ། མ་མོས་ཁྲ༷་རིལ་ཕུལ། ཀླུས་ཤ་ལ་ཤལ་ཏ་ཕུལ། བདུད་ཀྱིས་དུལ་ནལ་ཕུལ། རྒྱལ་པོས་ཏ་ཀྱི་ཛ་ཏི་ཕུལ་ལོ། །སྐྱེ་བརྒྱད་དྲིལ་ནས་བི་སྦུ་རག་ཏྲིག་ཙི་ཤུ་ལ་རྙིང་། ཞེས་ཕུལ་ནས། རང་རང་གནས་སུ་སོང་ངོ་། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྲོག་སྙིང་ཕུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ཏྲམ་བརྒྱད་སྔགས་ཀྱི་ལྕགས་གཟེར་ནི། ནཱ་གུ་རུ་ཏི་ཏྲ༷་སྨྱོ། ཀླུས་ཕུལ། དེ་བ་རུ་ཏྲི་ཏྲ༷་སྨྱོ། ལྷས་ཕུལ། ཡ་མ་རུ་ཏི་ཏྲ༷་སྨྱོ། གཤིན་རྗེས་ཕུལ། ཡུལ་ཤ་རུ་ཏྲི་ཏྲ༷་སྨྱོ། སྲིན་པོས་ཕུལ།དེས་ཡུལ་ལྷའི་སྦྱོར་བ་གཤོམ་པའོ། །ཁ་རག་རུ་ཏྲི་ཏྲ༷་སྨྱོ། ཙག་ཤ་རུ་ཏྲི་ཏྲ༷་སྤྱོ། པ་ཏྲི་རུ་ཏྲི་ཏྲ༷་སྨྱོ། དེས་སྲུན་གྱི་སྦྱོར་བ་གཞོམ་པའོ། །ཁྱི་ལུད་རྭ་རུ་ཚིལ་ཆེན་བསྲེགས། །མི་རུས་ཡུངས་ཀར་འབོབ་དུད་བཏང་། །དེས་ནི་སྦྱོར་བ་ཀུན་བཅོམ་སྟེ། །ཏྲ༷་བརྒྱད་སྔགས་ཀྱི་ཤམ་བུ་བྱ། །སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྦྱོར་བ་གཞོམ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གནད་ཀྱི་སྦྱོར་བ་ནི། །འཁོར་ལོའི་བར་ནས་སྔགས་ཀྱི་གནད། །ལྟོ་བ་སྦྱར་ན་བསད་པའི་གནད། །བཙུན་བཟློག་ཕན་ཚུན་རྒྱ་གྲམ་གནད། །ཡི་གེ་མགོ་སྤྲོད་པ་གསད་པའི་གདན། །དེ་ཡིས་བར་ནས་དགྲ་ཡི་མིང་། །འཁོར་ལོ་བཞི་ཡིས་དབབ་པའི་གནད། །ལྷ་དང་བཙན་ཀླུ་དང་ཐེ་བྲང་ངོ་། །ཕྱོགས་ཀྱི་འགའ་པི་ཟོར་གྱི་གནད། །མཚམས་ཀྱི་ཏྲ༷་བརྒྱད་ཤམ་བུའི་གནད། །སྐུ་གསུང་ཐུགས་འཕྲིན་ལས་བསྙེན་པའི་གནད། །གཟིར་བ་ཕུར་པའི་གནད། གནན་པ་ཐོད་པའི་གནད། རོ་རས་འཁོར་ལོ་དགུ་ཡི་གནད། ཅེས་གསུངས་སོ། །དྲག་པོ་གསོད་པ་སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གནད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ལས་རྒྱུད་འདི་གཏད་པ་ནི། །སེང་གེ་ཞེས་པ་རབ་་་ཞེང་ངརྟེང་དེང་ངངཚངང་ངངཟེ་རྗེ་ཏུ་དཀན། །འ་མ་ ས་པ་བཅུད་ཡན་ཏ། །འཇག་ ན་འད་རུ་འབྱུང་བ་རབ་ཏུ་དཀན། ། ་ལས་བྱུང་བའ་ཆས་འད་ན། ། ས་པ་བརྒྱ་བྱན་ཁྱད་ལ་གཏད། །ཉན་ཀུན་སྙང་ག ར་ཁྱད་ལ་གཏད། །བ ད་བྱ་སྲག་གཅོད་ཁྱོད་ལ་གཏད། །དྲག་པོ་ལས་སྡུད་ཁྱོད་ལ་གཏད། །སེང་གེ་འོ་མའི་རྒྱུད་འདི་ཁྱོད་ལ་གཏད། །དེ་སྐད་གསུངས་ནས་སླར་གཤེགས་སོ།།སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། །གཏད་བའི་ལེའུ་སྟེ་བཅུ་དྲུག་པ།། །།སེང་གེ་འོ་མའི་རྒྱུད་ཕྱི་མ་རུ་བྱུང་བ་རྫོགས་སོ།། །།འདི་གནས་རྙིང་རྒྱུད་འབུམ་ན་མེད།། །།