Ngb-pt-0574-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཨོ་ཨ་ཧུ༷་སྲུཧྭ། བོད་སྐད་དུ། སྐུ་ལྔ་དབྱེར་མེད་རང་ཤར་གྱི་གླེགས་བམ། བཅོམ་ལྡན་འདས་ལྔ་ལྡན་ཚོམ་བུའི་ཞིང་ཁམས། རིག་པ་གཞོན་ནུ་བུམ་པའི་སྐུ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་ལོངས་སྐུའི་རྣམ་པར་གསལ་ཏེ། གནས་ཐིག་ལེ་རྣམ་པར་དག་པ། དམིགས་པ་བཅས་གཟུགས་རིས་ལས་འདས་པ། རྣམ་པར་སྣང་མཛད་རང་བཞིན་གྱིས་གསལ་བས། འཁོར་འདས་རིམ་པ་རིགས་བརྒྱ་ཞི་ཁྲེའི་བརྗོད་ལས་འདོད་ལས་འདས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། རང་ལ་གནས་པའི་འོད་པོ་ཆེ། དབྱིངས་ཆེན་སྣང་བ་ངོ་མཚར་ཆེ། །རང་ལ་སྣང་བའི་བཀྲག་པོ་ཆེ། །ཡུལ་དྲུག་ཤར་བ་ངོ་མཚར་ཆེ། །རང་ལས་གྲོལ་བའི་ཤེས་པ་པོ། །རྒྱ་གསུམ་གྲོལ་བ་ངོ་མཚར་ཆེ། །དབང་ཆེན་ལྔ་པོ་ཐོབ་པ་ན། །སྤོ་མཐོན་རྩེ་ནས་ཆུ་མིག་ཕྱེ། །ལུས་ལ་གནས་ཞིང་ཁམས་འདྲེན་ཚུགས། །ངག་ཏུ་འབྲུ་ལྔ་མང་བཟླས་ཅིང་། །ཕྱི་ནང་གསང་གསུམ་ལྷ་སྒོམ་ཅིག །བདེ་སྟོང་གསལ་རིག་མི་རྟོག་པ། །སྐུ་ལྔའི་རིགས་ལྔ་རང་གྲོལ་ཏེ། །སྤྲུལ་བས་ཁམས་གསུམ་དོང་སྤྲུག་གོ །ལྟ་སྒོམ་སྤྱོད་འབྲས་ལྷ་ཚོགས་ཀྱི། །འཕྲིན་ལས་བྱ་བ་འདིས་རྫོགས་སོ། ་༑་ལོ་ཀ་ནི་བཞི་པ་འདི། །མཁའ་ལ་ཡིག་འབྲུའི་ཚུལ་དུ་ཤར། །བསྟན་པ་ཀུན་གྱིས་སྲས་ཅིག་ཡིན། །སྐལ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས། ལོངས་སྐུའི་དགོངས་སྤྱོད་སྲས་ཅིག་གིས།རྒྱུད་ཅེས་བྱ་བ་རིན་ཆེན་བྲིས་ཏེ་མགུལ་དུ་བཅངས་པས་ཐེག་རྗེ་དྲན་པར་སངས་རྒྱས་པའོ། །སྔགས་ཀྱི་སྲུངས་མས་སྲུངས་ཅིག །ས་མ་ཡ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། རྒྱ་ལ་ཀ་ན་བ་མྱ། རྩ་ཏྲེ྅་རྟ༷་ཌ་ཊ༷།། །།རྒྱ་གར་སྐད་དུ། ཨ་ཨ་ཨུ༷། བོད་སྐད་དུ། སྟོང་པའི་སྒྲ། བཅོམ་ལྡན་འདས་ཀུན་སྣང་འདུས་མ་བྱས་ལ་ཕྱག་འཚལ་ལོ། །འདི་སྐད་ཅེས་སྣང་བའི་དུས་ན་ཀུན་ཁྱབ་བརྡལ་བ་ཆེན་པོའི་ཞིང་ཁམས་སུ།