Ngb-pt-0462-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས་གསུངས་པ་ལ་མངོན་པར་བསྟོད་དོ། །ནམ་མཁའ་དང་མཉམ་པ་ཡེ་ཤེས་འོད་ཀྱི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་དྷརྨ་སན་ཏ་ཀྟ་པ་རྭ་ན་ཏན་ཏྲ་མ་ཧྭ་ན་མ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་བདག་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། འོག་མིན་གྱི་གནས། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། སེམས་ཉིད་ཀྱི་གནས། །ཡོན་ཏན་དཔག་ཏུ་མེད་པས་རྒྱས་པ། ཐམས་ཅད་ཡེ་ཤེས་ཆེན་པོ་ལས་འཕྲོས་པ། མཚན་མ་ཐམས་ཅད་མི་རྟོག་པར་བཅོམ་པ། འཁོར་འདས་ཡེ་ཤེས་ཆེན་པོར་འདུས་པ། ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞལ་ཡས་ཁང་། མེ་དང་འདྲ་བར་འོད་གསལ་ཏེ། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་དང་སྣ་ཚོགས་གདན་ཆེན་གསལ། །རྡོ་རྗེ་རིན་ཆེན་ལ་སོགས་ཤིན་ཏུ་སྣང་། །སྐལ་དང་ལྡན་པའི་སངས་རྒྱས་ཡིན། །ཅིར་ཡང་སྣང་བའི་རྒྱན་མཆོག་མཛེས། །དེ་ནི་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་སྐུ་ནམ་མཁའ་ལྷར་ཀུན་ཏུ་ཁྱབ་ཅིང་། །ཡིད་བཞིན་ནོར་བུ་ལྟར་ཐམས་ཅད་འབྱུང་བ་རྡོ་རྗེ་ལྷར་དུས་གསུམ་དུ་འགྱུར་བ་མེད་པ་མི་གནས་པའི་ཚུལ་གྱིས་གནས་པའོ། །ཉིད་ཀྱི་རང་བཞིན་ངོ་བོ་ཉིད་དང་། །ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་འཁོར་ལ་འདི་ལྟ་སྟེ། །ཆོས་ཀྱི་སྐུ་བརྡལ་ཁྱབ་ཆེན་པོའི་ཁོར་དང་། །འགག་པ་མེད་པར་ལོངས་སྤྱོད་པའི་འཁོར་ར༷་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་འཁོར་ཡ༷་ཞེས་བྱ་བའི་འཁོར་དང་། །ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་འཁོར་ཀྟ་ཞེས་བྱ་བའི་འཁོར་དང་། །ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་ཁོར་བྷ་ཞེས་བྱ་བའི་འཁོར་དང་། །གཞན་ཡང་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བ་ཞེས་བྱ་བ་སྤྲུལ་བའི་འཁོར་འདི་ལྟ་སྟེ། དགེ་བ་བཅུ་ཡང་རྒྱུ་ལས་འབྱུང་ལྟ་བ་གྲངས་ན་གསུམ་གཉིས་དང་། གཞན་ཡང་འདི་ལྟ་སྟེ། གང་མིའི་རྒྱུ་ལས་བྱུང་བའི་གླིང་གི་ཆོས་བྱེད་པ་བཞི་ལ་སོགས་པ་དང་། གཞན་ཡང་སོམ་ཉིའི་རྒྱུད་ལས་བྱུང་བའི་བྱོལ་སོང་གི་རིགས་ཀྱི་འཁོར་དང་། གཞན་ཡང་འདི་ལྟ་སྟེ། །ཆགས་སྡང་གི་རྒྱུ་ལས་བྱུང་བའི་དམྱལ་བ་དང་ཡི་དྭགས་ཏེ་གྲངས་ནི་གཉིས་བརྒྱ་དང་བརྒྱད་གཉིས་ལ་སོགས་པའོ། །གཞན་ཡང་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་འཁོར་གཟུགས་ཀྱི་ཁམས་པ་འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། མི་གཡོ་བའི་རྒྱུ་ལས་བྱུང་བའི་ལྟ་བ་ལྔ་དང་། གསུམ་དང་། གཉིས་དང་། གཞན་ཡང་ཡེ་ཤེས་ཐུགས་རྗེམངོན་དུ་ཕྱུང་བའི་འཁོར་གཟུགས་མེད་པ་འདི་ལྟ་སྟེ། སྐྱེ་ཞིང་མཆོད་པའི་སྒོ་བཞིའོ། །གཞན་ཡང་ཉིད་ཀྱི་རངབཞིན་ལས་མངོན་དུ་ཞུགས་པའི་འཁོར་རྣལ་འབྱོར་རྣམ་པ་བཞི་འདི་ལྟ་སྟེ། །སེམས་དཔའ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། རྣལ་འབྱོར་ཆེན་པོ་ཞེས་བྱ་བའི་འཁོར་དང་། །ཡོངས་སུ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་།ཤིན་ཏུ་རྣལ་འབྱོར་ཞེས་བྱབའི་འཁོར་ཉིད་ཀྱི་རང་བཞིན་དང་། གཞན་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ངེས་པ་མ་ཐོབ་པ་རྣམས་དང་། ཞེན་པ་དྲུག །ལོག་པ་གསུམ། རྩོལ་བ་བརྒྱད། སྙིང་པོས་བསྡུས་པ་ཐམས་ཅད་འབྱེད་པ་མི་མངའ་བའི་ཐུགས་རྗེའི་དབང་གིས་ཐབས་གཅིག་གོ །གཞན་ཡང་ཉིད་ཀྱི་རང་བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ། སྔ་རབས་འདས་པའི་སངས་རྒྱས་ཉིད་ལས་སོན་པའི་འཁོར་དང་། ད་ལྟ་བཞུགས་པའི་སངས་རྒྱས་ཉིད་ཀྱི་མཛད་པ་མཐར་ཕྱིན་པའི་འཁོར་དང་། སླད་ཀྱི་འབྱོན་པའི་སངས་རྒྱས་ཉིད་ལས་བྱུང་བའི་འཁོར་དང་། །འབྱེད་པ་མི་མངའ་བའི་བདག་ཉིད་ཀྱིས་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཐམས་ཅད་ཆོས་ཉིད་དུ་ལྡན་པར་བྱ་བའི་ཕྱིར། །ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ངང་དུ་བསྡུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བསྐུལ་ལོ། ཁྱེད་ཀྱི་སྐུ་གསུང་རྡོ་རྗེའི་བདག །རྒྱུ་རྩོལ་ཐེག་པ་མཐར་ཕྱུང་ནས། རྩོལ་མེད་ལྷུན་གྲུབ་མི་བསྲུང་བ། ཐུགས་རྗེ་ཆེན་པོ་པུ་ཧ་ཏ། །གདུལ་བྱ་མཆོག་ལྡན་ཡོད་པས་ན། །རྩོལ་མེད་ལྷུན་གྲུབ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། །རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསུངས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་རང་བཞིན་ཁྱོད་ཡིན་པས། སངས་རྒྱས་ཀུན་གྱི་མཛད་པར་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་རང་བཞིན་ཁྱོད་ཉིད་པས། །འགག་པ་མེད་པའི་གསུང་དུ་ཤར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དེ་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །མ་འདྲེས་ཡོངས་སུ་རྫོགས་པའི་བདག །སྙིང་པོ་དཔལ་གྱི་སྒོ་ནས་སྟོན། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རིན་ཆེན་འཕྲུལ་གྱིས་ཐབས་ལྡན་པས། །འཐུན་པ་གང་འདོད་སྒོ་དེ་ནས། །རྩོལ་མེད་དབྱིགས་དང་ཕྲད་པར་གྱིས། །སེམས་ཅན་དངོས་པོ་བརྗོད་བྲལ་ཀྱང་། །མ་རྟོགས་བློ་ལ་ཚིག་སྒོ་ནས། །གསུང་གི་སྒྲོན་མས་གསལ་བར་གྱིས། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་བརྟོན་ནས། རིན་པོ་ཆེ་རང་འབར་གྱི་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་ལག་ཏུ་གཏད་ནས། རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ། །གཉིས་མེད་ཡེ་ཤེས་མཐའ་མཉམ་པ། །བྱ་བྱེད་མི་རྩོལ་ཡེ་སངས་རྒྱས། །རྫོགས་པ་ཆེན་པོས་ལྷུན་གྱིས་གྲུབ། །འདུས་པའི་ཚོགས་ལ་བསྟན་པར་གྱིས། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །མཚོན་དུ་མེད་པའི་དོན་ཉིད་ནི། །བདག་གིས་བརྗོད་པར་ཤིན་ཏུ་དཀའ། །མ་རྟོགས་བློ་ལ་ཚིག་སྒོ་ནས། །མཚན་མེད་ཚིག་གིས་རབ་མཚོན་ནས། །ཅི་རིགས་པར་ནི་བཤད་པར་བྱ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དེ་ཉིད་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་དེས་ཡེ་ཤེས་ལྔའི་གདམས་ངག་ཕོག་པ་འདི་ལྟ་སྟེ་སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་དང་འགག་པ་ངང་གིས་མེད། །རྣམ་རྟོག་བློ་ལ་སྐྱེ་འགག་འབྱུང་། །རྣམ་རྟོག་དེ་ཉིད་རྡོ་རྗེའི་སྐུ། །འགྱུར་བ་མེད་པར་བརྟན་པ་ཡིན། །ཞེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །དག་ཤ་ཀ་ཡིརྒྱནབཞིནདུ། ཁུའབྲས་མཐར་ཕྱིན་ཡེ་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསུང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཡོན་ཏན་ཉི་མའི་འོད་ལྟར་འཆར། །ཞེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །འཁོར་བའི་སྐྱོན་གྱིས་མི་གོས་ཏེ། །རྣམ་རྟོག་བློ་ལ་འཁོར་བ་བྱུང་། །རྟོག་པ་དེ་ཉིད་དྲི་མ་བྲལ། །ཞེས་གསུངས་སོ། །རྒྱུ་རྐྱེན་བྲལ་བའི་རང་བྱུང་ལ། །གསལ་བས་ཡེ་ཤེས་རྟོགས་འགྱུར་ན། །མཛད་པ་བྱིན་རླབས་ཅིར་ཡང་འཆར། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་རིགས་ཐམས་ཅད་ཀྱི་བདག་ཉིད་དུ་སྣང་བར་མཛད་པ་འདི་ལྟ་སྟེ། རྫོགས་ཆེན་ནམ་མཁའི་མཐའ་མཉམ་པ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པ་ལམ་དུ་གཅིག །རྫོགས་པ་ཆེན་པོ་མཚན་ཉིད་ནི། །རང་གིས་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གསལ། །རང་བྱུང་མ་རྩོལ་གདོད་ནས་དག །བྱང་སེམས་ནམ་མཁའ་མཐའ་མཉམ་པའི། །རྣམ་པ་ཅིར་སྣང་ངོས་གཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་མར་གསལ་ན་ལྟ་བ་ཡིན། །ཞེས་བཀའ་སྩལ་ཏོ། །ཨ་སྟི་ཀྟ་ཨ། །དེ་ནས་དཔལ་ཀུན་ཏུ་བཟང་པོ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཡོན་ཏན་ཀུན་བཟང་ལྷུན་གྲུབ་པས། །ཉིད་ཀྱིརངབཞིནངོབོདང། །ཉིད་ཀྱི་ཐུགས་རྗེ་ཆེན་པོ་ལས། །ཆོས་རྣམས་ཐམས་ཅད་བཀོད་པ་ནི། །འདུསཔའིཚོགསལབཤདདུ་གསོལ། །ཅེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཆོས་ཐམས་ཅད་ཉིད་ལས་བྱུང་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆོས་ཐམས་ཅད་དུ་སྣང་བར་མཛད་དེ། ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་རང་བྱུང་གི་ཡེ་ཤེས་ལྔར་ཕྱུང་བ་འདི་ལྟ་སྟེ། ཞེ་སྡང་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། འདོད་ཆགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། གཏི་མུག་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ཕྲག་དོག་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། །ང་རྒྱལ་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་བཅས་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་དག་གིས་རྒྱན་གྱི་རྒྱུ་ཆེན་པོ་ལྔ་ནི་ཕྱུང་། འཇིག་ཅིང་རྟེན་པའི་ཁམས་ཆེན་པོ་གསུམ་ནི་བཀོད། །རྒྱན་གྱི་ལུས་ལྔ་ནི་རང་བྱུང་གི་ཡེ་ཤེས་ཉག་གཅིག་ལས་གཞི་བླངས་བ་འདི་ལྟ་སྟེ། །རྒྱན་གྱི་རྒྱུ་ས་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུ་ཆུ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུ་མེ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུ་རླུད་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུ་ཀུན་ནས་ནམ་མཁའ་ཞེས་བྱ་བའི་ལུས་ལྔ་རང་བྱུང་ལས་ཐམས་ཅད་བླངས་སོ། །ཡེ་ཤེས་ལྔའི་རིགས་སོ་སོར་ཕྱེ་སྟེ། རང་བྱུང་གི་ཡེ་ཤེས་ཞེ་སྡང་གི་རིགས་དང་། རང་བྱུང་གི་ཡེ་ཤེས་འདོད་ཆགས་ཀྱི་རིགས་དང་། རང་བྱུང་གི་ཡེ་ཤེས་གཏི་མུག་གི་རིགས་དང་། ཕྲག་དོགས་དང་བཅས་པའི་རང་བྱུང་གི་ཡེ་ཤེས་ཀྱི་རིགས་རྒྱན་གྱི་ལུས་ཅན་གྱི་ཆོས་ཉིད་དུ་བཀོད་དོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱང་ཉིད་ཀྱི་རང་བཞིན་བཀོད་པ་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་སོ། །དེ་ནས་འཁོར་དེ་རྣམས་ཀྱང་མོས་པས་སོ་སོར་མཐོང་སྟེ། ལ་ལ་ནི་ཉིད་ཀྱི་རང་བཞིན་ནམ་མཁའི་ངོ་བོ་ལ་གནས་སོ། །ལ་ལ་ནི་ཡེ་ཤེས་བྱེ་བྲག་བསམ་གྱིས་མི་ཁྱབ་པར་ཤར་རོ། །ལ་ལ་ནི་དགའ་བས་འདུན་ནོ། །ལ་ལ་ནི་དབུགས་ཕྱུང་ངོ་། །ལ་ལ་ནི་སྨོན་པས་འདུན་ནོ། །ལ་ལ་ནི་མ་དད་པའི་སེམས་བྱུང་ངོ་། །ལ་ལ་ནི་དགའ་བར་སྣང་ནའང་འབྱེད་པ་མི་མངའ་བའི་སེམས་ཀྱིས་ཐབས་ཅིག་གོ །ཆོས་དབྱིངས་རྣམ་དག་གསལ་བ་ལ། །ལྔ་སོགས་སྣ་ཚོགས་གཞིར་གྱུར་དང་། །ཡིད་བཞིན་རྡོ་རྗེ་ནམ་མཁའ་དང་། །རང་བཞིན་ངོ་བོ་ཐུགས་རྗེ་སྤྲུལ་བ་དང་། །བསྐུལ་བ་སྒོ་དང་གདམས་ངག་དབང་། །རྣམ་པ་རྒྱན་དུ་རང་ཤར་བའོ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་རྡོ་རྗེ་ཚོགས་ཀྱི་དོན་དུ་ཡིད་རྣ་བར་ཆུག་ལ་ཉོན་ཅིག །དོན་སྒྲར་ཕྱུང་ལ་བཤད་དོ། །ང་ཉིད་རང་བྱུང་ཀུན་གྱི་ལུས། །མ་སྐྱེས་རྫོགས་པ་སྨིན་ཅིང་ཆུབ། །ཕྱོགས་བཅུ་ཀུན་ནས་ཡེ་ནས་ཁྱབ་པར་གནས། །རང་བྱུང་ཡེ་ཤེས་མི་རྟོག་ངོ་བོར་གསལ། །རང་ལས་མ་བསྒྲུབས་དངོས་གྲུབ་ཐམས་ཅད་རྫོགས། །བརྗོད་པ་མེད་པར་བསྟན་པ་མ་ལུས་བཀྲམ། །བསྟན་པ་མ་དམིགས་སྙིང་པོར་འདོད་ནས་བསྒྲགས། །འཁོར་རྣམས་མ་དམིགས་སྨིན་པ་ཡེ་ནས་ཆུབ། །ཐམས་ཅད་ཡོངས་སུ་རྫོགས་པ་བདེ་བ་ཆེན་པོར་རོ། །ཕུན་སུམ་ཚོགས་པ་ཡོངས་རྫོགས་གཅིག་གི་ངང་། །བསྟན་པ་མ་ལུས་ཆོས་ཕུང་བརྒྱད་ཁྲི་དག །རབ་འབྲིང་བསྟན་པའི་ཐེག་འདུལ་རྒྱ་མཚོའི་ཚོགས། །བཤད་པའི་ཚུལ་གྱིས་ཐམས་ཅད་ཡོངས་སུ་བསྟན། །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སྟུ་ཙྭ་ཀྲ་སྟི་༼ཉཏ༽་ ནཱ་ཨ༷་སུ་ཉི་སྭ་མ་སྟི། བླ་མེད་ཀུན་བཟང་རྗེ་བཙུན་མེས། བྱེད་པའི་བྱེད་པོ་ཀུན་ཏུ་བཟང་། །ཐམས་ཅད་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས། །ཐམས་ཅད་མ་ལུས་ཉིད་ཀྱི་སྐུ་གསུང་ཐུགས། །འགྲོ་དྲུག་རང་དབང་མེད་པ་ཉིད་ལ་ཆུབ། །ངོ་བོ་མ་བཅོས་རང་བཞིན་དེ་ལྟར་ཡང་། །རང་གི་སེམས་ཉིད་སྣ་ཚོགས་སྡུག་བསྔལ་འགྱུར། །ཐུགས་རྗེ་མི་གཡོ་དགོངས་པ་དེ་བཤད་པ། །ངོ་བོ་ཉིད་དུ་དགོངས་བ་སྐབས་སྦྱོར་གྱིས། །རང་བྱུང་ཡེ་ཤེས་ཇི་བཞིན་བཤད་དུ་གསོལ། །ཞེས་ཞུས་ཏེ། འདུས་པ་དང་། ཉེ་བར་འདུས་པ་སྣང་འཇུག་དང་། ཞེན་པའི་བློའི་འཛིན་ལ་སོགས་པའི་འཁོར་ཚོགས་ཐམས་ཅད་ངོ་བོས་དྭངས་པའི་སེམས་ཀྱིས་འདུན་པ་བསྐྱེད་དེ། ངོ་བོས་འཛུམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་ཡེ་ཤེས་མི་གཡོ་བའི་འཚེ་བས་ཟིན་པ་མ་བསྒྲིབས་པའི་མུན་པས་དཔྱང་ཐག་ཆད་པ་དག་མཐོང་ནས་ཞུས་པ་ནི་ལེགས་སོ་ལེགས་སོ། །ངོ་མཚར་ཆེ་བའོ། །རྨད་དུ་བྱུང་ངོ། །ཨ་ཧོ་ངས་ངོ་བོ་ཉིད་ཀྱི་དོན་ཚིག་དང་བྲལ་བ་བརྗོད་དུ་མེད་པའི་བརྡ་སྒྲ་དང་པས། རེ་དོགས་མེད་པར་སྐད་ཅིག་གིས་རྩོལ་སྒྲུབ་དང་བྲལ་བའི་འབྲས་བུ་དང་དབྱེར་མེད་པ་ཞུགས་པ་མེད་པའི་ལམ་སྣང་བར་བྱའོ་ཞེས་བཀའ་སྩལ་ཏོ། །ང་ཉིད་སྙིང་པོ་ཡེ་ཤེས་སྐུ། །ཡོངས་རྫོགས་ལྷུན་གྲུབ་སྟོན་པའི་མཆོག །ཐམས་ཅད་ང་ཡིས་བྷ་བྷ་ཏྲ། །བསྟན་པ་མ་ལུས་ཇི་སྙེད་ཀུན། །བཤད་པའི་ཡན་ལག་གསུམ་གཉིས་གཅིག །དེ་རྟོགས་བྱ་ཕྱིར་གསུམ་གཉིས་གཅིག་བཟློག་པས། །རང་བྱུང་སྙིང་པོ་ཇི་བཞིན་རྣལ་དུ་ཕེབས་འགྱུར། །བཤད་པའི་ཡན་ལག་ལྔ་གཉིས་དེ་བཞིན་ནོ། །དབྱེ་བ་དེ་བཞིན་ཡན་ལག་དང་པོ་སྟེ། །ཡན་ལག་བཟློག་པས་དབྱེར་མེད་ཇི་བཞིན་བཤད། །དེ་དག་གང་ལ་འདི་བཞིན་ཏེ། །མ་ལུས་བསྟན་པ་གཅིག་ཉིད་དེ། ལོ་རྒྱུས་ཁུངས་ཀྱིས་བཤད་པ་དང་། །དོན་གྱི་སྙིང་པོས་བཤད་པ་དང་། །རྫོགས་པས་ཐམས་ཅད་ཡོངས་སུ་བཤད། །མ་བཙལ་རང་ལ་རྫོགས་པར་བཤད་པ་དང་། །ཚིག་བྲལ་ཡི་གེ་མེད་པར་བཤད་པ་དང་། །ཚིག་ལྡན་ཡི་གེ་དོན་དུ་བཤད་པའོ། །དེ་བཟློག་རྣལ་མའི་དོན་བསྟན་པ། ཁུངས་ཀྱིས་མ་ཡིན་ངོ་བོ་ཉིད་བསྟན་དང་། །རྩ་བ་མ་ཡིན་ཐ་དད་འབྲས་བུར་བཤད། །མ་འདྲེས་ཀུན་ལ་རྫོགས་པར་བསྟན་པ་དང་། །རྩོལ་བས་རང་ལ་འབྱུང་བར་བཤད། །ཐ་སྙད་མིང་ཙམ་ལྡན་པར་བཤད། །མིང་ཚིག་དོན་གྱི་སྟོངཔར་བ་ད་པའོ། །རྒྱུ་འབྲས་གདོད་ནས་དག་པར་རྟོགས་བྱའི་ཕྱིར། །ལོ་རྒྱུས་ཁུངས་ཀྱིས་བཤད་པ་རྟོགས་པར་བྱ། །བྱང་ཆུབ་སེམས་སུ་མ་འདུས་པ་ཡི་ཕྱིར། །སྙིང་པོ་རྩ་བའི་དོན་གྱིས་རྟོགས་པར་བྱ། །ཐེག་པ་མ་ལུས་བསྟན་པ་རྒྱ་མཚོ་ཡི། །མཆོག་དོན་སྙིང་པོ་ངེས་པར་རྟོགས་བྱའི་ཕྱིར། །འབྱོར་ལྡན་ཐམས་ཅད་གོ་བར་བཤད་པར་བྱ། །བྱ་བྱེད་འབད་རྩོལ་སྒོ་གསུམ་བྲལ་བ་ཡི། །དངོས་གྲུབ་ཐམས་ཅད་རང་བྱུང་ལྷུན་གྲུབ་པས། །འབྲས་བུ་དགོས་ཆེན་དོན་དུ་རྟོགས་པར་བྱ། །སྒྲོན་མས་གསེར་མཚོན་བྱེད་པ་ཇི་བཞིན་དུ། །བློ་དམན་ཚིག་གི་བཤད་པ་རྟོགས་པར་བྱ། །མིང་ཚིག་དངོས་འཛིན་སྒྲོ་བཏགས་མ་གྲུབ་པས། ཚིག་བྲལ་ཡི་གེ་སྟོང་པར་བཤད་པར་བྱ། །ལོ་རྒྱུས་ཁུངས་ནི་ཡན་ལག་གསུམ་ཡིན་ཏེ། །རྒྱུ་དང་རྐྱེན་བྲལ་རང་གསལ་རྫོགས་པར་དོན་བཤད་པ། །རང་གིས་ངོ་བོ་ཤུགས་ཀྱིས་རྣམས་བཤད་དང་། །ཚིག་དོན་བརྒྱུད་པས་མཚོན་པའི་སྒོ་རྫོགས་པ། །སྙིང་པོ་མཆོག་ལྡན་རང་བྱུང་ངང་གསལ་བ། །ཉི་མའི་སྙིང་པོ་བཞིན་ཏེ་འོད་ཀྱི་མཆོག །རང་གིས་ངང་གིས་མ་བཅོས་དོན་གསལ་བ། །མི་ཤེས་སྙིང་པོ་མུན་པ་དབེན་པ་ལྟར། །རིག་པ་མ་འགགས་གསལ་བར་ངང་གིས་འཆར། ཁུད་དྲུག་ཁམས་གསུམ་རང་བྱུང་ཡེ་ཤེས་ཏེ། །གཟུང་འཛིན་མཚན་མའི་སྤྲོས་པ་ངང་གིས་ཞི། །བྱེད་རྩོལ་བྲལ་བས་རང་གསལ་ངོ་བོར་བཤད། །ཐམས་ཅད་སེམས་ཀྱིས་ཕྱག་རྒྱར་ཀུན་རྫོགས་པས། །རིག་པའི་འཁོར་ལོ་བདེ་ཆེན་ཀློང་དུ་བཤད། །བྱེད་རྩོལ་བྲལ་ཡང་རང་བྱུང་སེམས་ལ་རྫོགས། །དོན་གྱི་བརྡ་བཤད་རྣམ་དག་སེམས་སུ་གོ །གདེང་ཆེན་དགུ་རྫོགས་རིག་པའི་ཀློང་དུ་བཤད། །ཡེ་ཤེས་ཏིང་འཛིན་གསལ་བའི་དགོངས་པ་ལ། །ཐུགས་རྗེ་བྱིན་རླབས་ཉི་མ་ཤར་བ་ཞིན། །བློ་ལྡན་ཁྱད་པར་དངས་བས་མེ་ལོང་བཞིན། །ཚིག་གི་སྒྲོ་བྲལ་ཡེ་ཤེས་མཆོག་ཆེན་བསྟན། །མཚོན་པའི་ཚིག་གིས་ཡེ་ཤེས་ལམ་བརྗོད་ཀྱང་། །སྒྲ་དང་མིང་ཚིག་བརྗོད་པ་ཀུན་ལས་འདས། །སྒྲ་དོན་རྟོག་སྤྱོད་མི་འགག་ཡེ་ཤེས་འཆར། །རྟོག་པའི་རྒྱལ་པོ་མི་གཡོ་ཏིང་འཛིན་གསལ། །རང་བྱུང་ཆེན་པོ་དོན་རྟོགས་ངང་གིས་འཆར། །ཡེ་ཤེས་མཚོན་མེད་གསལ་པའི་གདེང་དུ་བཤད། །རྒྱུ་བ་མེད་པའི་རིག་པ་མཁའ་ལ་ཤར། །མ་འདྲེས་ཡོངས་སུ་རྫོགས་པའི་སེམས་ལ་ཐིམ། །ཀློང་དུ་ཤར་བས་འབྲས་བུ་རྫོགས། །དོན་དུ་ཡེ་ཤེས་རང་གསལ་ཞིང་། །འདོད་མེད་མཁའ་ལ་རིག་པ་བཙལ། །རྒྱུ་བ་མེད་པའི་གདེང་དུ་བཙལ། །དོན་ལྡན་རིག་པ་གསལ་བར་བཙལ། །ཡང་དག་བདེ་བ་ཆེན་པོ་ནི། །འབྲས་བུ་ལྷུན་རྫོགས་ཐིག་ལེར་བཤད། །བདེ་ཆེན་འཁོར་ལོ་རིག་པ་ལ། །རིགས་དྲུག་བརྗོད་པའི་སྒྲ་ཀུན་རྫོགས། །ཐུབ་པ་འདྲེན་དྲུག་ཕྱག་རྒྱའི་གདེངས། །བརྡ་གསུམ་འཛིན་པའི་ཡན་ལག་ཀུན། །སྒྲ་དོན་ཕྱག་རྒྱ་ཆེན་པོར་བཤད། །ཀུན་རྫོབ་ཐིག་ལེ་ལྟར་གནས་པས། །རོལ་པའི་ཕྱག་རྒྱ་མ་འགགས་ཏེ། །བརྡ་དོན་གཉིས་མེད་ལྡན་པའི་ཕྱིར། །དོན་དང་ཐ་སྙད་ཀུན་རྫོགས་པའི། །བརྡ་དང་ཐ་སྙད་ཀུན་བྲལ་ཏེ། །བརྗོད་བཞིན་བརྗོད་པ་ཀུན་བྲལ་ཏོ། །མ་ལུས་བརྗོད་པ་ཀུན་རྫོགས་པ། །ཡེ་ཤེས་མ་འགགས་ཕྱག་རྒྱར་བཤད། །རིག་པའི་གདེང་ལ་སྦྱོར་བའི་ཕྱག་རྒྱར་རྫོགས། །དོན་ལ་བརྗོད་པའི་ཡི་གེ་མེད། །བདེ་བའི་ཡེ་ཤེས་ཀློང་ཆེན་ལ། །བརྡ་ཚིག་སྦྱོར་བའི་ཡི་གེ་མེད། །དོན་ཆེན་ཟབ་མོའི་རིག་པ་ལ། །སྒྲོ་བཏགས་ཆོས་ཀུན་རྣམ་སྤངས་ཏེ། །ཐ་དད་འགལ་འགྱུར་འདུ་མ་ཡིན། །སེམས་ཤར་རིག་པའི་ཕྱག་རྒྱར་བཤད། །རྫོགས་ཆེན་བདེ་བའི་རྒྱལ་པོ་ལ། །ཡེ་ཤེས་བསྒོམ་པའི་འཁོར་ལོ་བསྐོར། །ཚིག་གི་ལམ་ཆད་རིག་པའི་གསུང་བརྗོད་པ། །ལྔ་གཉིས་རིག་པའི་ཡན་ལག་བཞི། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། །ངེས་པའི་དོན་ཆེན་རིག་པའི་དོན་སྟོབས་ཀྱིས། །དེ་བཞིན་ཉིད་དུ་ཡང་དག་བརྗོད། །དོན་གྱི་བརྡ་སྒོ་རྟགས་ཀྱིས་ཕྱག་རྒྱར་གསལ། །དོན་གསལ་ཕྱག་རྒྱར་ཐེབས་པ་ལ། །རིག་པའི་བརྡ་སྒོ་དོན་གསལ་བ། །བརྡ་སྒོ་ལྔ་དང་རིག་པ་བརྒྱད། །ཀུན་ནས་གསལ་བའི་བརྡ་འཇལ་ཏེ། །ཡང་དག་རྫོགས་པའི་སྙིང་པོར་གནས། །བཤད་པའི་སྒོ་ནི་བཅུ་དང་བཞི། །རིག་པའི་ཕྱག་རྒྱ་བདེ་བའི་གནས། །བརྒྱད་དང་བཞི་ཡི་སྦྱོར་བ་ཡིས། །རིག་པའི་ཡེ་ཤེས་རང་འབར་རྟོགས། །དོན་གྱི་སྣང་བ་ཡེ་ཤེས་མཆོག །བདེ་བ་ཆེན་པོའི་ཡེ་ཤེས་འཆར། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདུས་པའི་འཁོར་ཚོགས་དོན་ཡོད་པར་བྱ་བའི་ཕྱིར་དགོངས་པ་འདི་གསུངས་སོ། །སེམས་ཅན་ཀུན་གྱི་དགོངས་པའི་སྙིང་པོ་སྟེ། །རང་སེམས་དེ་བཞིན་ཉིད་དེ་མཐོང་འགྱུར་ན། །སངས་རྒྱས་རྒྱུ་ལས་རྩོལ་བས་མི་འགྲུབ་སྟེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་མཐོང་། །ཞེས་བཀའ་སྩལ་ཏོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གཉིས་པའོ།། །།སྣུ་སྟི་དྷ་སྣུ་ཨུ་སྟི་ཤཱ །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། འཁོར་རྣམས་འདུས་པ་དང་། ཉེ་བའི་འདུས་པ་དང་། སྣང་འཇུག་དང་། ཞེན་པའི་བློ་འཛིན་པ་ལ་སོགས་པ་འཁོར་ཚོགས་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་འབྱུང་དག་པའི་སངས་རྒྱས། །ཆོས་དང་ཆོས་ཉིད་སྣ་ཚོགས་པ། །རིག་པ་ཉིད་ཡིན་རྣམ་པར་དག །འདུས་པའི་འཁོར་ཚོགས་དང་སེམས་ཀྱིས། །སྣ་ཚོགས་རང་བྱུང་ཉིད་དུ་ལྟ། །ཞེས་གསུངས་སོ། །དེ་ནས་འདུས་པའི་འཁོར་ཚོགས་ཀྱིས་མགྲིན་གཅིག་ཏུ་དངས་པའི་སེམས་ཀྱིས། སེམས་དཔའ་རྡོ་རྗེ་བསྐུལ་ལོ། །སེམས་དཔའ་རྡོ་རྗེ་ཉེ་བའི་གནས་ནས་འཐོན་ཏེ་འདི་སྐད་ཅེས་ཞུས་སོ། །རིག་པ་རྣམ་དག་བཅོམ་ལྡན་འདས། །སྐུ་གསུམ་རྫོགས་པའི་ཡེ་ཤེས་ཆེ། །མཛད་པ་ཕྱོགས་བཅུ་མུ་མཐའ་མེད། །ཐུགས་རྗེ་རང་སྣང་ཕྱོགས་རིས་མེད། །བཏང་སྙོམས་ཆེན་པོ་ཀུན་ཏུ་བཟང་། །རིག་པ་མཆོག་གི་དཀྱིལ་འཁོར་ནས། །རྫོགས་པའི་ཡེ་ཤེས་ཐབས་ཆེན་གྱིས། །གསལ་བའི་ཡེ་ཤེས་སྒོ་ཕྱེ་ནས། །དཔལ་གྱི་མགུར་ནས་གསུངས་བསྒྲགས་པ། །འདུས་པའི་འཁོར་ལ་གསལ་བར་གསུངས། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། ཁ༷་ཀྟ་ནམ་མཁའི་མཐའ་དང་མཉམ་པ་ཡི། །མཐའ་ཡས་འགྲོ་བ་ཀུན་དང་ལྡན། །རིག་པ་མཐའ་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པ་གསལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། ་།་འབྲས་གཉིས་མེད་ལྷུན་གྱིས་གྲུབ། །རྣལ་འབྱོར་ཤེས་པ་རང་གསལ་བ། །བྱེད་པ་ཉིད་ཀྱིས་མཐོང་བར་གྱིས། ཤེས་པའི་རྣམ་པ་གང་སྐྱེས་ཀྱང་། །རྣམ་བྱུང་ཉིད་ལས་གཞན་མ་ཡིན། །བསམ་གྱིས་མི་ཁྱབ་དུས་ནས་ཤེས། །འཁོར་བའི་ཤེས་པ་བློ་བུར་བ། །གྲུབ་པ་མ་ཡིན་རྐྱེན་གྱིས་སྣང་། །བརྗོད་པའི་བརྙན་མ་ཉིད་དང་མཚུངས། །རྣམ་པར་རྟོག་པའི་སེམས་ཉིད་ནི། །གང་ལྟར་བརྟགས་པ་བཞིན་དུ་མཐོང་། །དུ་མ་རིགས་ཀྱི་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མེ་གཅིག་སྐར་ཁུང་དུ་མ་བཞིན། །དོན་གྱི་རྣམ་བྱང་དུ་མ་མེད། །རིག་པ་དབྱེར་མེད་དཀྱིལ་འཁོར་འདིར། །མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། །རང་གཞན་དགོངས་པས་གནས་པར་བྱ། །རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས། །འགྲོ་རྣམས་མ་ལུས་རྫོགས་པར་མཛད། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་ནི། །གཞན་མ་ཡིན་ཏེ་མཐའ་དང་མཉམ། །རིགས་བརྒྱུད་དབང་པོ་ཚིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །སེམས་ཀྱི་རྣམ་གྲངས་གང་སྒོ་ནས། །སྤྱི་བླུགས་དབང་ལ་གནས་བྱ་སྟེ། །རྣ་རྒྱུད་མན་ངག་ནོད་པར་བྱ། །བགྲོད་མེད་ལམ་ལ་གནས་བྱས་ལ། །བྱ་མེད་ས་ཡི་ཡོན་ཏན་འཕེལ། །རིམ་མེད་ཅིག་ཅར་འཇུགཔ་ཡི། །རང་བྱུང་ཡེ་ཤེས་བླ་མའི་ས། །ཆེ་བའི་ཆེ་བ་ཆོས་ཀྱི་སྐུ། །རྩོལ་མེད་གནས་པས་མངོན་སངས་རྒྱས། །འགྲོ་བའི་རིག་པ་གང་དག་ལ། །བསམ་བྲལ་ཉིད་དུ་འདུག་པར་བྱ། ཁྲེས་པ་རང་ལུགས་ཐལ་བྱུང་པ། །དུས་གསུམ་མི་གཡོ་གནས་གྱུར་ན། །རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན། །ཅེས་བཀའ་སྩལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རྣམ་རྟོག་སྣ་ཚོགས་སྣང་བ་དང་། །རང་བྱུང་རྟོག་མེད་ཡེ་ཤེས་གཉིས། །ཐ་དད་ངོབོཇིལྟརགཅིག །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྣ་ཚོགས་འཁོར་བའི་རྟོག་པ་དང་། །རྫོགས་ཉིད་ཡེ་ཤེས་རང་བཞིན་རྟོག་པ་ཉིད། །རྟོག་པ་གང་ཡིན་ཡེ་ཤེས་ཉིད། །ཐ་དད་ཡོད་པ་མ་ཡིན་ཏེ། །ཡེ་ཤེས་མཐའ་མཉམ་རང་བཞིན་ནི། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་རྟོག་པ་ཉིད། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །བརྗོད་མེད་སེམས་ཀྱི་རང་བཞིན་ལ། །བརྗོད་པས་གོ་བར་མི་འགྱུར་བས། །བརྗོད་མེད་དོན་གྱིས་གོ་བར་བྱ། །ཀུན་བཟང་སེམས་ཉིད་རྣམ་པར་དག །མཚོན་ཆ་མཚོན་བྱེད་གང་ཡང་མེད། །བཙལ་མེད་རང་བཞག་ཉིད་ཀྱིས་མཚོན། །མཐའ་ལ་སྣང་བའི་ཤེས་པ་དག །བཀའ་ཡི་ཤེས་པས་དྲང་བྱ་སྟེ། །གཏད་འཛིན་མེད་པའི་ངང་བཞག་ན། །ཡིད་ལ་མི་བྱེད་བྱ་བ་བཏང་། །བློ་ཡིས་མི་ཕྱེད་རང་བཞིན་གསལ། །འཛིན་པའི་རྒྱུ་འབྲས་གང་ཡང་མེད། །འབྲས་བུ་ཉིད་ཀྱིས་འབྲས་བུར་འགྱུར། །རེ་དོག་རྩོལ་བའི་མཐར་མི་འགྱུར། །འཛིན་མེད་རང་བཞིན་སྨན་ཆེན་གྱིས། །འཁོར་བ་གཅོང་སྙིང་ཀུན་དང་བྲལ། །རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད། །རང་གནས་ཡེ་ཤེས་ཡེ་ནས་དག །རིན་ཆེན་དག་པའི་གླིང་བཞིན་དུ། །སེམས་ཀྱི་ཡེ་ཤེས་ཡེ་ནས་དག །རིམ་མེད་སེམས་ཀྱི་རང་བཞིན་ལ། །བགྲོད་པའི་ལམ་གྱིས་མཐོང་བ་མེད། །རྣམ་གྲོལ་འབྲས་བུ་རང་བྱུང་ཉིད། །བགྲོད་མེད་རྣམ་གྲོལ་རྫོགས་པའི་ལམ། །གདོད་ནས་རྩོལ་མེད་ལྷུན་གྱི་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོར་གསལ། །མ་ལུས་ཐིག་ལེ་ཆེན་པོ་ཉིད། །གཟུགས་གཉིས་མེད་པའི་མི་གཡོ་བ། །རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང་། །མི་ཤེས་སྒྱུ་མའི་མཚན་མས་བཅིངས། །སེམས་ཉིད་མཁའ་འདྲ་ལྟ་བའི་ཀློང་། །ཡེ་ཤེས་ཡངས་པ་བརྡལ་བ་ཆེ། །བླང་དོར་གཉིས་མེད་རྩལ་བ་བྲལ། །བྱང་ཆུབ་སེམས་ཀྱིས་ལྟ་ཐག་བཅད། །ཏིང་འཛིན་ཞི་བས་ཉམས་སུ་བླངས། །བྱང་ཆུབ་སེམས་ཀྱི་ལྟ་བ་ནི། །རང་བྱུང་ཡེ་ཤེས་མཚན་ཉིད་གསལ། །མི་བསམ་གྱི་ནར་བཞག་པའོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་། །རང་བྱུང་རྫོགས་པའི་ལྟ་བ་ནི། །མཐའ་གསུམ་བྲལ་ལོ་ཡེ་སངས་རྒྱས། །རྩོལ་བྲལ་དབུ་མ་དྲང་པོའི་ལམ། །འཆིང་བྲལ་ལྟ་བ་གཟའ་གཏད་མེད། །རིན་ཆེན་མཐའ་མཉམ་ཀུན་བཟང་འདིས། །རང་སེམས་གཉིས་མེད་རྟོགས་པར་གྱིས། །བཏང་སྙོམས་ལྟ་བ་བླང་དོར་མེད། ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན། །སྤྲོ་བསྡུ་གཉིས་མེད་བདག་གཞན་བྲལ། །རང་བཞིན་གནས་པས་དེ་འདོད་བྲལ། །སྤྱོད་ཡུལ་མ་ལུས་སེམས་སུ་ཤེས། །སྣ་ཚོགས་འཁོར་བའི་རང་བཞིན་དང་། །ཡེ་ནས་རང་བཞིན་གཉིས་སུ་མེད། །ཉིད་ལ་གཞན་སེམས་གྲུབ་པ་མེད། །རིག་པ་ཅི་ཡང་མ་ཡིན་པ། །འདོད་པའི་བསམ་པ་ཀུན་དང་བྲལ། ཁྲེས་པ་མཐའ་བྲལ་སོང་པ་ཉིད། །ཡེ་ཤེས་འོད་གསལ་རང་གནས་པ། །རོལ་བ་སྣང་ཡང་གྲུབ་པ་མེད། །སྒྱུ་མའི་ཡེ་ཤེས་རྩལ་ང་འཕྲོ། །མ་བཅོས་་་མ་ལྔན་གྲབ་ལ། །འཛིན་པའི་སེམས་དང་ངོས་གཟུང་མེད། །ཡེ་ཤེས་རྒྱལ་པོ་རྣམ་པར་དག །འཛིན་པའི་སེམས་བྲལ་རིག་པར་གསལ། །སེམས་ཉིད་ནམ་མཁའི་ལྟ་བ་འ།། །ནམ་མ་ཟློ་བསམ་སྐྱུ་མེང་པ་བའི་། །སྣྲུ་ཤེསྐྲུ་ཟིཇོམ་ང་མེད་པ་སྤྲོན། །ཅིར་ཡང་མི་དགོངས་རང་བཞག་པ། །དུས་གསུམ་སངས་རྒྱས་ལྟ་བའོ། །ལྟ་མེད་རང་བཞག་ལྷ་བ་ནི། །དུས་གསུམ་གང་ཡང་མ་ཡིན་ཏེ། །འགྱུར་མེ།ང་ངཟིངས་སྐོ་ལ་སྐྲུ་ཡི་ ཟློངོང་པ་།བྱ་བ་བང་ཡ་ང་མེ།ད། །ངོ་ཛི་ཉིད་ལ་ཡང་དོགརྨི་མེད། །སེམས་ཉིད་དྲི་མ་ཀར་དག་པ། །འགྱུར་མེད་རིན་ཆེན་གསེར་བཞིན་ནོ། །འཛིན་པའི་རླུད་གི་གཡོ་གྱུར་ཀྱང་། །རིག་པའི་ངོ་ནྟྲ་།སྒྲོར་བ་་མེརྗི། །་་ཧཱུཾཚོ་་ཧཱུཾ་ཀྲུ་ཆེན་པོ་སྐྲུཞིན། །ཕྱི་རྣིང་མི་མངའི་ཡེ་ཤེས་གསལ། །མཐའ་དབུས་མི་མངའ་ཕྱོགས་དང་བྲལ། །ཡེ་ཤེས་སེམས་ཉིད་ལྟ་བ་ལ། །རྒྱུ་དང་རྐྱེན་གྱིས་བཙལ་བ་མེད། །རྡོ་རྗེ་ཉིད་འདྲ་འཇིབས༄་པ་མེང། །།ཉི་རྨོ་རིན་སྨྲ་་འབར་།བ་ལྔར།། །།རང་གསལ་རྔམ་པར་རྟོག་དང་བྲལ། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །རང་སེམས་རིག་པ་གང་ཡང་རུང་། །བསམ་དང་བྲལ་བའི་རིག་པ་ཉིད། །ཆོས་དང་ཆོས་ཅན་ནིང་ཡང་ཟླེད། ་།ཡེ་ཤེསྐྲུ་ནརྨོ་མཁའི་མཐ་འ་དང་མཉརྨི། །རྟརྒི་པ་མ་སྨྲོརྣེ་མི་རྟག་མེད། ཁྲེས་པ་འགག་པའི་འདོད་པ་མེན། །བྱ་བྱེད་མི་རྩོལ་རང་བཞིནདག །དབུམ་ཆེན་པོ་དྲང་པོའི་སེམས། །ཕྱོགས་ཀྱི་ཡུལ་ལ་འཇིག་པ་མེད། །སེམས་ཉིད་ཡུལ་ལ་གང་འཇུག་ན། །འཛིན་པའི་ཕྱོགས་ཆ་འདོད་པ་ཉིད། །དབུ་མའི་སེམས་དང་མི་ལྡན་པ། །བག་ཆགས་འཛིན་པའི་སེམས་ཀྱིས་དཀྲུགས། །བསམ་མེད་རིག་པ་བརྗོད་མེད་འདི། །ཐ་སྙད་མིང་ལ་མི་གནས་ཏེ། །གདུལ་བྱ་དམན་པའི་སེམས་དག་ལ། །ཐ་སྙད་སྒྲ་ཡིས་འཁོར་ལོ་བསྟན། །སྣང་སྲིད་སྣང་བ་སྣ་ཚོགས་པ། །སྐུ་གསུང་ཐུགས་ལས་མ་གཡོས་ཏེ། །དྲན་རྟོགས་ཏིང་འཛིན་རིག་པ་ཐུགས། །ནམ་མཁའ་ལྟ་བུར་མི་ཟད་པ། །བདེ་ཆེན་རིག་པ་སེམས་ཀྱི་བརྒྱན། །རྣམ་པར་རྟོག་པའི་སྒྲོ་འདོགས་གཅོད། །འོད་གསལ་རིག་པའི་འཁོར་ལོ་ཡིན། །ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི། །སྔགས་ཀྱི་གསུངས་དུ་བསྒྲགས་པ་ཡིན། །སྣང་སྟོང་གཉིས་མེད་རིག་པ་གསུང་། ཁ་དོག་དབྱིབས་སུ་གང་སྣང་བ། །སྐུ་མདོག་རྒྱ་་གྱི་འཁོར་ལོར་ཟབ། །རྡོ་རྗེ་ལྟ་བུར་དབྱེར་མེད་པས། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུམ་རྫོགས་པའི་བདེ་བ་ཆེ། །བསམ་མེད་རང་གཞན་ཉིད་ཀྱིས་གོ །རིག་པ་མཆོག་ལྡན་ཀུན་ཏུ་བཟང་། །བཀའ་ཡི་འཁོར་ལོ་འབུམ་ཕྲག་ཡས། །ཏིང་འཛིན་མི་རྟོག་རང་བཞིན་གསལ། །རང་རིག་རྡོ་རྗེ་འགྱུར་མེད་ལུང་། །མཐའ་དང་མཉམ་པའི་ལུང་གིས་ནི། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེན་པའི་སྒྲོ་སྐུར་མ་ལུས་པའི། །ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །དྲན་གསལ་རིག་པར་སྣང་བ་ལ། །གང་ལྡན་གསལ་བའི་རིགས་པ་མཐོང་། །རང་རིག་རྫོགས་པའི་ཡེ་ཤེས་ལ། །དངོས་སུ་གྲུབ་པ་གང་ཡང་མེད། །རྟོག་པའི་མཐུ་ཡིས་ཅིར་མཐོང་ཡང་། །མེ་ལོང་དངས་བའི་བསྙེན་མ་ལྟར། །རྡོ་རྗེ་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་དོན་དུ་མཐོང་། །རང་གསལ་རྗེས་སུ་རང་བཞག་ན། །ཡེ་ཤེས་གསང་བ་རྗེས་སུ་དཔགས། །རང་རིག་འབྲེལ་བ་ཉིད་ལ་གསལ། །ཡེ་གསལ་རིག་པའི་འཁོར་ལོ་ལ། །དད་པའི་བློ་ཡིས་གང་རྩོལ་པ། །རང་འདོད་ཐེག་པའི་ཁྱད་པར་ནི། །གསང་བའི་དོན་ལ་མ་ལུས་སྟོན། །འདོད་པའི་སྟོབས་ཀྱིས་འཕངས་ནས་རྩོལ། །རང་གསལ་འཁོར་ལོའི་དོན་དང་འགལ། །འདོད་རྒྱུད་གསལ་བའི་ཡེ་ཤེས་ཀྱང་། རྩོལ་བ་ཉིད་ལས་འདའ་བ་མེད། །རྫོགས་པའི་ཡེ་ཤེས་བདེ་ཆེན་ནི། །རང་བཞག་རིག་པའི་འཁོར་ལོར་དག །རྣམ་དག་རང་བྱུང་འོད་གསལ་བ། །བློ་བུར་དྲི་མ་ངང་གིས་དག །རྣམ་པར་རྟོག་པའི་སེམས་ཉིད་ནི། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །རང་བཞིན་ངོ་བོ་གང་དག་ནི། །བློ་བུར་རྐྱེན་ལ་རག་ལས་མིན། །རང་གསལ་རིག་པའི་རང་བཞིན་དང་། །འཁོར་བ་རྟོགས་པའི་རངབཞིནགཅིག །གངལའང་སྤངས་བྱ་མ་ཡིན་ཏེ། །གང་གི་རྣམ་པ་དེ་གང་ཡིན། །དེབཞིནའགྱུརབདེབཞིནཏེ། །སེམསནིཇིབཞིནམཉམཔཉིད། །སངས་རྒྱས་ཐུགས་ཀྱི་རྣལ་འབྱོར་རོ། །ཡང་དག་ལམ་ལ་ཡི་གེ་མེད། །སྙིང་པོ་ཉིད་དུ་བདག་འཇུག་པས། །ཐོབ་པ་མེད་ཅིང་སྤངས་པ་མེད། །རིག་པའི་ཐུགས་ལ་གསལ་བར་སྣང་། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །རྣམ་ཤེས་དམིགས་པའི་ཡུལ་ལསའདས། །རིག་པའི་འོད་གསལ་གཟུང་འཛིན་མེད། །བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །འབར་བའི་ཏིང་འཛིན་ངོ་མཚར་ཆེ། །རང་གསལ་རིག་པ་ཅིར་མི་དགོངས། །བདེ་གཤེགས་འཁོར་ལོ་ངོ་བོ་ནི། །མི་འགྱུར་འཇོམས་པའི་རྡོ་རྗེ་འཆང་། །ཀུན་འབྱུང་རིན་ཆེན་ལྟ་བུ་འདི། །སྐྱོན་མེད་པདྨའི་རང་བཞིན་དག །འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་། །འདུལ་མཛད་ཏིང་འཛིན་འབུམ་ཕྲག་ཡས། །བསམ་བྲལ་ཏིང་འཛིན་འོད་གསལ་སེམས། །ཐབས་ཀྱི་སྒྲིབ་པ་མ་ལུས་ཡིན། །རྩ་བ་མི་གཡོ་ཐིག་ལེ་བྱང་ཆུབ་སེམས། །རང་བྱུང་ཡོངས་རྫོགས་སྟོན་པའི་ངོ་བོ་ཉིད། །རང་རིག་རྫོགས་པ་མཆོག་གི་སྐུ། །སྣ་ཚོགས་འདྲེན་པ་མཆོག་གི་སྐུ། །རང་བྱུང་རིག་པ་མཆོག་གི་བསྟན་པ་ནི། །བརྗོད་མེད་ཀུན་ལ་རང་བཞིན་སྟོན། །རྣམ་དག་རིན་ཆེན་ལྟ་བུར་གསུངས། །མི་གཡོ་ཐིག་ལེ་ཉིད་དུ་གསལ། །ཡི་གེ་ཐ་སྙད་ཀུན་དང་བྲལ། །དེ་ཉིད་རང་སྣང་དོན་དུ་བཤད། །སྣ་ཚོགས་སྣང་བའི་རང་བཞིན་དག །རང་རིག་ངེས་དོན་ཉིད་དུ་བསྟན། །རྣམ་བཤད་རང་བྱུང་བསྟན་པའི་མཆོག །རང་སྣང་གསལ་བའི་རང་བཞིན་གྱིས། །དེ་འཁོར་བསམ་པ་ཇི་བཞིན་བསྟན། །བསྟན་པའི་ཡན་ལག་འབུམ་ཕྲག་ཡས། །རང་བྱུང་དག་པ་ཤུགས་ཀྱིས་འབྱུང་། །འདོད་རྩོལ་བློ་ལ་དྲང་བ་དང་། །ཐུགས་ཀྱི་དསོ།ངས་པ་ངེས་པའི་དོན། །གདུལ་བྱ་རབ་འབྲིང་དོན་དུ་བཤད། །ངེས་པའི་སྙིང་པོ་འགགས་པ་ཉིད། །དྲན་པའི་དོན་མེད་རང་བྱུང་བཤད། །ཆོས་སྐུ་རང་བྱུང་སྟོན་པའི་མཆོག།དེ་འདུས་འཁོར་དང་བཅས་པ་དང་། །ཉིད་ལས་མི་གཞན་རང་བྱུང་ཉིད། །རིག་པ་མཆོག་གི་སྦྱོར་བ་ལ། །སོ་སོ་མ་ཡིན་བརྗོད་བྱ་གཅིག་ཐ་དད་མ་ཡིན་ལམ་གྱི་སྒྲོན་མ་གང་། །ཀུན་བཟང་རིག་པའི་གསེར་དོན་སྟོན། །བརྗོད་པའི་དོན་འཛིན་དམན་པའི་སྐུ་ཡིས་བསྟན། །རང་བྱུང་རིག་པ་མཆོག་གི་སྐུ། །རང་བྱུང་མཆོག་གི་སྐུ་གསུམ་རྫོགས། །མ་བཅོས་རང་བྱུང་སྙིང་པོ་ལ། །འདོད་པའི་རྣམས་པ་གང་ཡང་མེན། །བསྒྲུབ་བྱས་མ་ལུས་ཀུན་གྱི་བདག །ཡེ་ཤེས་ཉི་མ་གྲུབ་པས་གསལ། །སྣང་བས་མ་ལུས་རང་བྱུང་སེམས། །རིག་པ་མཆོག་ལྡན་བདེ་གཤེགས་བཀའ། །རང་བྱུང་ཚད་མ་མངོན་སུམ་གསལ། །འཁོར་བའི་རྟོག་པ་གཅོང་སྙིང་དག །ཡེ་ཤེས་རང་རིག་ཉིད་དུ་གསལ། །སྤྱི་བླུགས་ཚངས་པ་ཐམས་ཀྱིས་གསལ། །གསལ་བའི་དོན་མིང་འོད་གསལ་ལུས། །གཟེར་ཆེན་མན་ངག་ཐེམ་པའི་སྐས། །རིག་པའི་བརྡ་འཇལ་ཚོགས་དང་བྲལ། །མངོན་སུམ་ཡེ་ཤེས་གསལ་བ་ཡི། །རྗེས་སུ་རང་བཞག་ཡེ་ནས་དཔགས། །ཞེས་གསུངས་སོ། །ཨ་ཧོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་རིན་པོ་ཆེ་གསེར་གླིང་ལྷར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཐམས་ཅད་ཀུན་གྱི་བདག་ཉིད་དེས་ཡེ་ཤེས་གསལ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ། །ཕྱི་ནང་སྣང་སྲིད་མི་ཟད་བརྒྱན་གྱི་འཁོར་ལོར་གསལ། །དངོས་སུ་གསལ་ཡང་རང་གི་བྱད་བཞིན་བྲལ། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཞེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །རང་བྱུང་ཡེ་ཤེས་བདེ་ཆེན་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །སྐལ་དང་ལྡན་པའི་རྣལ་འབྱོར་པ། །གཏན་ཚིགས་གསུམ་གྱིས་རྟོགས་པར་བྱ། །ང་ནི་རིགས་པ་རང་གསལ་ཏེ། །རང་བཞིན་རིག་པ་ཆིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །དོན་གྱི་རང་བཞིན་བྱང་ཆུབ་སེམས། །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །གང་ལྟར་སྣང་ཡང་ཆོས་ཉིད་གསལ། །དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུགསལ། །གཅིགཏུའདུས་པས་གཟུང་འཛིན་མེད། །མ་སྤངས་ལྷུན་གྱིས་རྫོགས་པ་སྟེ། །དབྱེར་མེད་པ་ནི་ཆོས་ཀྱི་དབྱིངས། །ལྟ་བ་མེད་པའི་ལྟ་བ་ནི། །ལྟ་བའི་དམ་པ་ཁོ་ནའོ། །སྣང་བ་ཐམས་ཅད་རྒྱལ་བའི་སྐུ། །གྲགས་པ་ཐམས་ཅད་རྒྱལ་བའི་གསུང་། །ཡིད་ཀྱི་སྣང་བ་རྒྱལ་བའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོརལྟ། །རང་བྱུང་ཡེ་ཤེས་རྫོགས་པའི་ཀློང་། །མཉམ་པའི་ཡེ་ཤེས་རིག་པའི་སེམས། །སྣང་བ་ཡེ་ཤེས་མཐའ་མཉམ་པ། །ནམ་མཁའི་རྡོ་རྗེ་ལྟ་བུའི་མཆོག །ལྟ་མེད་རང་བྱུང་སེམས་ལ་ལྟ། །བཙལ་མེད་རིག་པའི་རྣལ་འབྱོར་ཡིན། །འཇུག་པ་གཉིས་མེད་རིག་པའི་ཀློང་། །ཡེ་ཤེས་མཁའ་མཉམ་སྒྲ་དོན་མེད། །རང་གསལ་ཡུལ་ལ་མི་རྟོག་པས། །ཡེ་ཤེས་ཐིག་ལེ་ཉི་མར་ཤར། །སྣང་མེད་མ་འགགས་ཅིར་མི་དགོངས། །སྣང་བ་རིག་པའི་ཐིག་ལེར་གསལ། །སྡུག་བསྔལ་བདེ་བའི་ལམ་དུ་གནས། །རེ་དོགས་ཀུན་དང་བྲལ་ཐོབ་མེད། །རང་བྱུང་བདེ་བའི་སེམས་ཉིད་ལ། །སྣང་བ་ཉིད་དུ་གྲུབ་པ་ཡིན། །བདེ་ཆེན་རིག་པའི་མཚོ་ལྟར་ཟབ། །ཡེ་ཤེསརིག་པ་མཁའ་དང་མཉམ། །དངོས་གྲུབ་ནམ་མཁའི་མཐའ་དང་མཉམ། །ཞེས་གསུངས་སོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ནམ་མཁའི་རྒྱལ་པོ་ཡེ་ཤེས་ཀྱི། །སྐལ་དང་ལྡན་པའི་རྣལ་འབྱོར་ལ། །ཆོས་ཉིད་མངོན་དུ་གྱུར་པ་བསྟན། །སྐལ་མེད་སྐུར་དང་འཆིང་བར་འགྱུར། །ཆོས་ཉིད་བསམ་དུ་མེད་པ་ནམ་མཁའ་ཆེ། །ནམ་མཁའ་བསམ་པ་དེ་དག་ཀུན་དང་བྲལ། །བསམ་དུ་མེད་པས་ནམ་མཁའི་བསམ་པ་དག །ནམ་མཁའ་མི་དམིགས་པར་ཡང་དམིགས་སུ་མེད། །ནམ་མཁའི་མཚན་ཉིད་ཀུན་ལས་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད། །ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། །བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་ལས་འདས། །འདས་པ་བརྗོད་དུ་མེད་དེ་མི་གནས་ན། །ནམ་མཁའི་ལུས་མེད་ནམ་མཁའ་སེམས་དང་བྲལ། །མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །ཆོས་ཉིད་མཚོན་བར་འདི་ཞེས་མི་ནུས་སོ། །ཚིག་མེད་ཚིག་ཀུན་ཁྱབ་སྒྲ་མེད་ཚིག་བྲལ། །དགེ་སྡིག་སྙིང་པོ་མེད་པས་དབུས་མཐའ་མེད། །དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱོད་པས་འཔྲུལ། །ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲངས་པ་མེད། །གང་ཟག་སྒྱུ་མས་བཀྲི་དོན་བདེན་གཉིས་མེད། །བག་ཆགས་སྟོང་སེམས་དེ་དག་གཡང་ས་ཆེ། །དོན་དེ་བྲལ་ལ་སེམས་མེད་ཆད་པ་མེད། །ཏིང་འཛིན་ཆེན་པའི་ལུང་དོན་བྲལ་བའི་ཚེ། །སྐྱེ་འགག་མེད་པ་འདི་ཉིད་མཉམ་པ་ཡིན། །སེམས་མེད་མ་སྐྱེས་དོན་དང་བྲལ་བ་མེད། །དོན་ལ་མཚོན་པར་རྒྱལ་བས་གང་གསུངས་པ། །མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི། །ཚད་མར་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །ཏིང་འཛིན་བདེ་བའི་རོ་ལ་ཆགས་གནས་པ། །ཡོད་མེད་རྒྱུ་ལ་མི་ལྟོས་ཆགས་གནས་ཡིན། །དེ་བས་ཆགས་བའི་གནས་ལ་ཏིང་འཛིན་ན། །ཞི་བའི་ས་སྟེ་མྱ་ངན་དེ་མི་འདའ། །རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། །ཏིང་འཛིན་སྒྱུ་མས་སྦྱོངས་ན་སྒྱུ་མས་ནད། །རང་བྱུང་ཡེ་ཤེས་དབང་ལ་མི་སྟེན་ཡང་། །རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ནམ་མཁའ་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཆོས་རྣམས་བྲལ། །ཡེ་ནས་དག་དང་མ་དག་ཞི་བའང་མེད། །ཞི་བའི་སྒྲ་མེད་ཐེག་པའི་མཐའ་ལས་འདས། །རེ་མེད་དོགས་མེད་ལྟར་མེད་མཐོང་པའང་མེད། །དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། །ཚིག་ཏུ་མཚོན་མེད་ཡེ་ཤེས་ཡེ་ནས་དབེན། །གཅིག་དང་དུ་མས་ཞི་བས་རང་བཞིན་མེད། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །མཁའ་ལྟར་མཉམ་པའི་ལྟ་བ་ལ། །སྐྱོན་མེད་ཡོན་ཏན་ཇི་ལྟར་འབྱུང་། །འདུས་པའི་ཚོགས་ལ་བསྟན་དུ་གསོལ། །ཞེས་གླེངས་སོ། །འདི་ཐོས་འདི་སྤངས་གང་གོམས་ནམ་མཁའ་ནི། །དངོས་པོ་མེད་ཅིང་ཞི་བས་ཆད་པའང་མེད། །ཀུན་ཏུ་ཁྱབ་པས་རྟག་པའི་ངོ་བོ་བྲལ། །རྟག་ཆད་གཉིས་མེད་སྣང་སྟོང་གཉིས་མེད་དོ། །སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱ་བྲལ་ཡང་ཉམས་པ་མེད། །ཕྱི་ནང་སྒོ་ཕུགས་བྲལ་བས་རྒྱ་ཆེན་ཉིད། །དབུས་མཐའ་ཀུན་དང་བྲལ་བས་སྙིང་པོ་ཉིད། །བདེ་དང་མི་བདེ་མཉམ་ཉིད་ཡེ་ནས་མེད། །འཛིན་མེད་བློ་ནི་གང་ཡང་མི་སྐྱེ་ན། །བྲལ་དང་མ་བྲལ་གང་ཡང་གཟུང་དུ་མེད། །ཆོས་ཉིད་སེམས་དཔས་ཆོས་ལ་སྐུ་མི་མངའ། །སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་ཏེ། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཅན་དོན་ནི་བཅོས་སུ་མེད། །མཚན་ཉིད་འབྱུང་འཇུག་མེད་པར་བསྟན་ཏེ་བཅོས་སུ་མེད། །འགྱུར་བས་ཆགས་པའི་ཡུལ་མེད་དེ། །མི་འགྱུར་སངས་རྒྱས་ཡེ་ཤེས་ངོ་བོ་མེད། །སྟོང་པའི་མཚན་ཉིད་འབྱུང་འཇུག་མེད་པར་བསྟན། །མི་འབྱུང་མི་འཇུག་དབང་པོས་སྟོང་། །མཚན་མ་འཇིལ་པའི་སྐུ་མེད་དག་ཉན་སྟོང་། །རོལ་གཅིག་བདེ་བའི་དབྱིངས་སུ་རོལ་བ་དང་། །དབྱེར་མེད་བདེ་བ་ཆགས་དང་བྲལ་བས་ནས། །དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ །ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་མཉམ་ཉིད་རྡོ་རྗེ་སེམས་དཔའ་ཆེ། །ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། །ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང་། །ལྟ་བ་འདི་ཡིས་མ་ཟིན་འཁོར་བ་ལས་མི་འདའ། །དེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། །བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད། །ཡང་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད། །ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །ཡོད་མེད་དབུ་མའང་མི་དམིགས་བརྗོད་མེད་ན། །ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །སེམས་ལ་ཚིག་ཏུ་བརྗོད་མེད་སྐུ་ཡང་མེད། །སེམས་ཉིད་ཚིག་ལས་འདས་པར་སྦྱོར་བས་ན། །མངོན་སུམ་མི་དམིགས་མི་འབྱུང་སྟོང་པས་དབེན། །ཡེ་ཤེས་དེ་ཉིད་བསམ་ལས་འདས་ཞེས་འབྱུང་། །ཡེ་ཤེས་རྣམ་པར་དག་པས་གཅིག་ཕྱིར་ཏེ། །གྲོལ་པའི་ལམ་ཀྱི་མཚན་ཉིད་སྡོམ་པ་ཡིས། །གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བ་མེད། །གཟུགས་ཀྱི་མཚན་ཉིད་མེད་ན་བཀྲ་བ་གང་། །སྒྲ་དང་རྟོག་པའི་ངང་དུ་མ་གྲུབ་ན། །ཐོས་པ་ལམ་གྱི་སྨོན་ལམ་དེ་གང་ལ། །མི་རྟག་ཆོས་ཀུན་གཅིག་པས་ཅི་ཞིག་བྱ། །འཇའ་ཚོན་སྒྱུ་མར་འཕགས་པའི་སྐུ་རྒྱུད་ཀྱང་། །བསོད་ནམས་སྐྱེད་དང་སྒྱུ་མ་མི་རྟོག་ན། །རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ། །བསོད་ནམས་མེད་ཀྱང་གྲུབ་ཅེས་རྒྱལ་བས་གསུངས། །ཆོས་ཀྱི་དབྱིངས་ལས་མི་བསྐྱོད་ཅིག་ཆེ་བ། །ཀུན་ཏུ་ཁྱབ་པས་སྒྲ་མེད་ཉིད་ལས་འདས། །སྤྲུལ་པའི་ཞིང་ཁམས་རྒྱ་ཡངས་ཚོགས་ཆེན་ཡངས། །བྱ་མེད་ངང་ལ་གདུལ་བྱ་མིནུསབཞིན། །གཞིལས་འཕྲོས་ཏེ་མངོན་སུམ་རྙེད་དཀའ་བ། །རྟོག་གེ་ཡུལ་མེད་འཁྲུལ་པས་ཤེས་མི་ནུས། །བསྐྱོད་དང་མི་སྒྱུ་སྒྱུ་མ་མི་རྟག་མིན། །མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ། །སྒྱུ་བཅོས་སྤྱོད་པ་ཐབས་ཆེན་མ་ཡིན་ཏེ། །སྒྱུ་འཆང་ཐབས་ཀྱིས་སྤྱོད་དང་མ་བྲལ་ན། །རྣམ་དག་ལམ་ཆེན་དེ་ཡིས་ཅི་ཞིག་བྱ། །མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི། །ཆོས་ཀྱི་དབྱིངས་ཀྱི་སྒྱུ་མ་མཚན་ཉིད་མེད། །ཆོས་ཀྱི་དབྱིངས་ལས་སྒྱུ་མ་གང་སྒྱུར་ཡང་། །སྒྱུ་མའི་ལམ་དུ་རྒྱལ་བས་རབ་གསུངས་སོ། །མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་པ། །དབུ་མའང་བརྗོད་དུ་མེད་དེ་དོན་དང་བྲལ། །ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པ། །སྣང་མེད་བརྗོད་དུ་མེད་ལས་འདས་པའོ། །ཆོས་ཀྱི་དབྱིངས་སུ་འདུས་པར་རབ་བཤད་པ། །སྐལ་ལྡན་སྐྱེས་བུ་ཐེ་ཚོམ་མེད་ལས་གྲུབ། །གྲོལ་ཞིང་རྟོགས་པའི་བློ་ལྡན་རྣམས་ཀྱིས་ཉོན། །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འགག་པ་མེད་པའི་ཆོ་འཕྲུལ་རང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མི་གནས་པའི་ཚུལ་གྱིས་གནས་ནས་སེམས་དཔའ་རྡོ་རྗེ་བོས་ཏེ།འདུས་པའི་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྟ་བ་ནམ་མཁའི་རྒྱལ་པོས་འཕངས་ཆོད་པས། །བཏང་སྙོམས་ཆེན་པོ་ལྷུན་རྫོགས་ཆོས་ཀྱི་དབྱིངས། །མ་སྐྱེས་དབྱིངས་ནས་ནམ་མཁའི་རང་བཞིན་ལ། །ཐུགས་རྗེ་ཆོ་འཕྲུལ་ཡ་མཚན་ཆེན་པོ་སྟོན། ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིངས་པ་བཞིན། །ཆུ་རླུད་རི་རབ་གྱེན་ཐུར་ཉམས་མི་ང་། །བར་སྣང་ནམ་མཁའི་ཁམས་ཀུན་ལམ་དུ་བདེ། །གང་དུ་དམིགས་པའི་ས་ཡུལ་གཅོད་པར་བྱེད། །དེ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས། །བྱང་ཆུབ་སྙིང་པོའི་འགྲོ་བའི་སྐལ་ལྡན་པོ། །སངས་རྒྱས་མངོན་དུ་འགྲུབ་པའི་མན་ངག་ཅན། །བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། །བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པས། །སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅིར་བདེར་སྤྱོད། །པདྨ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ། །པདྨ་ལ་ནི་འདམ་གྱིས་གོས་པ་མེད། །ཆོས་ཉིད་ཆགས་པ་མེད་པ་རྟོགས་གྱུར་ན། །ཡེ་ཤེས་ཆགས་མེད་ཉམས་པ་རྡུལ་ཙམ་མེད། །ཐུགས་རྗེས་སྤྱོད་པ་བསམ་ཡས་ཇི་སྙེད་པ། །རྣལ་འབྱོར་ཐབས་ཀྱིས་སྤྱོད་པ་དེ་བཞིན་སྦྱོར། །རྣམ་རྟོག་སྤྲོས་བྲལ་གཟུང་འཛིན་མི་མངའ་ཡང་། །མཁའ་མཉམ་རྒྱལ་པོ་འདོད་དགུ་རེ་བ་སྐོང་། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོས་འཕྲུལ་རྣམས། །རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ། །ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང་། །རང་བྱུང་ནམ་མཁའ་རྡོ་རྗེ་ཉིད། །ཅི་ལ་སྤྱད་ཀྱང་ཆགས་པ་མེད། །སྒོ་གསུམ་བག་ཡངས་ལྷུག་པ་ཉིད། །སྣང་མེད་རང་བྱུང་ཡེ་ཤེས་སྣང་། །སྣང་བཞག་ཡེ་ཤེས་སྤྱོད་པ་ལ། །བླང་དོར་གཉིས་མེད་བདེ་ཆེན་དང་། །མཉམ་པའི་ཡེ་ཤེས་རང་བྱུང་དང་། །དུས་གསུམ་འདའ་བ་མེད་པར་གནས། །རང་འབར་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་བྱུང་། །ཡེ་ཤེས་རྒྱ་མཚོའི་མུ་མཐའ་མེད། །འོད་གསལ་རིག་པའི་གདེང་དང་ལྡན། །མཚོན་པ་ལམ་གྱི་རྒྱུ་དང་བྲལ། །རང་བྱུང་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་གནས། །རིག་པའི་ཡེ་ཤེས་བརྗོད་བྲལ་པས། །བརྗོད་པའི་ལུང་ལ་སེམས་མི་འཇུག །སེམས་ཉིད་རིག་པའི་སྒྲོན་མ་ཡིས། །བདེ་ཆེན་མེ་ཤེལ་ལྟར་དག་པས། །རིན་ཆེན་མན་ངག་ཀུན་གྱི་བདག །ཀུན་གྱི་གསལ་བའི་མེ་ལོང་མཐོང་། །རྣ་རྒྱུད་སྒྲ་ལ་རག་མ་ལུས། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡིན་དྲི་མ་དག །འདོད་འཇུག་རིམ་བརྩལ་ཀུན་དང་བྲལ། །བསམ་མེད་རང་བཞག་སྤྱོད་པར་གྲགས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ཤར་བས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིམ་པ་རང་ཤར་ནས། །ཡེ་ཤེས་གསལ་བའི་འགྲོ་དོན་མཛད། །ཡེ་ཤེས་རང་བྱུང་འདྲེན་སྐུ་གནས། །སྣ་ཚོགས་སྤྲུལ་སྐུ་རིན་ཆེན་འཕྲོ། །གང་དག་དམན་པའི་འཁོར་དག་ལ། །བློ་དང་འཐུན་པའི་བསྟན་པ་བཀོད། །འདོད་པའི་བློ་ཡིས་དཔག་མེད་ཀྱང་། །ཐིག་ལེ་གཅིག་ལས་འདའ་བ་མེད། །དད་སྦྱོར་བློ་ཡི་ཐིག་པ་རྣམས། །ཡེ་ཤེས་ཐུགས་རྗེའི་སྐུར་བྱུང་ནས། རང་བྱུང་གཅིག་ལ་བསྟན་པར་ཟད། །རིམ་འཇུག་བློ་ཡི་ཐིག་པ་རྣམས། །འདྲེན་པའི་སྐུ་ཡིས་དྲང་དོན་བསྟན། །ཐིག་པ་ཐིག་གཅིག་སྙིང་པོ་ལས། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་ལྡན་པ་ཀུན། །ཡེ་ཤེས་རིག་པའི་འཁའ་ལ་རྫོགས། །ཞེས་གསུངས་སོ། །ཡང་གསུངས་པ། མདོར་ན་ང་ཡིས་དོན་བསྟན་གྱིས། །སེམས་དཔའ་རྡོ་རྗེ་མོས་པ་འཐུད། །ཅེས་གསུངས་སོ། །དེ་ལ་ང་ནི་ཀུན་གྱི་རང་བཞིན་ཏེ། །ང་ཡིས་མ་སྤྱད་གང་ཡང་མེད། །འགྲོ་དྲུག་སྐྱེ་བཞི་མ་ལུས་ཀུན། །རྫོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ། །འདུལ་བ་མདོ་སྡེ་མངོན་པ་དམ་ཚིག་བསྒྲུབ་པ་དང་། །གྲུབ་པ་ལ་སོགས་རྫོགས་ཏེ་རང་བཞིན་ལྷུན་གྱི་སྤྱོད། །སྤྱོད་པར་མ་གྱུར་གཅིག་ཀྱང་མེད། །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་བོས་ཏེ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀུན་ཏུ་བཟང་པོ་ཉིད་ལ་འདུས་པ་འདི་གསུངས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་བཀུན་ཏུ་བཟང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ང་ཡི་ངག་ཉོན་དགོངས་འདུས་ཀྱིས། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །ཀུན་བཟང་རྡོ་རྗེ་སེམས་དཔའ་ལ། །རྣམ་གཟིགས་གཙུགས་ཏོར་ལ་སོགས་ཏེ། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་ཀྱི་སངས་རྒྱས་དང་། །ལྷུན་གྱིས་གྲུབ་པ་རྡུལ་སྙེད་ཀྱི། །དགོངས་པ་ཁྱོད་ལ་འདུས་པ་ཡི། །ཞེས་ཞུས་སོ། །ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །རྟོགས་པའི་རྒྱལ་པོ་ད་ཉོན་ཅིག །དཔེ་དང་དོན་དག་རྟགས་གསུམ་གྱིས། །དགོངས་པ་འདུས་པའི་དོན་བསྟན་པ། །ང་ཡི་རང་བཞིན་ནམ་མཁའ་འདྲ། །ང་ཡི་དོན་ནི་ཆོས་ཉིད་ཡིན། །ང་ཡི་ངོ་བོ་བྱང་ཆུབ་སེམས། །ཀྱེ། ང་ནི་མ་བསྒྲིབས་རྟོགས་པ་མེད། །རྟོག་མེད་ནམ་མཁའ་ཆོས་ཀྱི་སྐུ། །ང་ནི་མི་རྟོག་བླང་དོར་མེད། །བླང་དོར་མེད་དེ་ནམ་མཁའ་འདྲ། །ནམ་མཁའ་བླང་དོར་མེད་པ་བཞིན། །ཀུན་ཏུ་བཟང་ལ་བླང་དོར་མེད། །བླང་དོར་མེད་པ་ང་ལ་འདུས། །ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་མ་སྐྱེས་ནམ་མཁའ་འདྲ། །མ་སྐྱེས་པ་ནི་ནམ་མཁའ་བཞིན། །རྡོ་རྗེ་སེམས་ལ་སྐྱེ་བ་མེད། །སྐྱེ་མེད་དགོངས་པ་ང་ལ་འདུས། །རྣམ་པར་གཟིགས་དང་ཤཱཀྱ་ཐུབ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །ལྷུན་གྲུབ་སངས་རྒྱས་ཐམས་ཅད་དང་། །དགོངས་པ་ནམ་མཁའི་རང་བཞིན་ཏེ། །སྐྱེ་མེད་མི་རྟོག་བླང་དོར་མེད། །དཔེ་ཡིས་ང་ལ་འདུས་པར་བསྟན། །སེམས་དཔའ་ཆེན་པོ་ཉོན་ཅིག །དགོངས་བཤད་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་དོན་གྱིས་འདུས་པ་ནི། །ཀུན་ཏུ་བཟང་པོ་རང་བཞིན་ལ། །སྐྱེ་བ་མེད་པར་བསྟན་པ་ཡིན། །སངས་རྒྱས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །ཆོས་ཉིད་སྐྱེ་འགག་མེད་པ་བཞིན། །གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཉིད་ལ་ནི་འགག་པ་མེད། །དེས་ན་ཆོས་ཉིད་འདུས་པར་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྟགས་ཀྱི་འདུས་པར་བསྟན་པ་ནི། །རྟགས་ནི་ཀུན་རྟགས་བྱང་ཆུབ་སེམས། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་ནི། །ཆོས་ཀྱི་སྐུ་དང་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྙིང་པོ་རྟགས་ནི་སེམས་སུ་འདུས། །དེས་ན་དཔེ་དོན་གསུམ་དུ་འདུས། །ཀུན་ཏུ་བཟང་པོ་ང་ཉིད་ནི། །སྤྱི་འདུས་སྒོ་འདུས་དགོངས་པ་འདུས། །སྤྱི་དོན་དཔེ་དོན་རྟགས་འདུས་པ། །སྒོ་འདུས་རྣམ་པ་ལྔ་ཡང་འདུས། །ཆོས་སྐུ་དགོངས་པ་འདུས་པ་ནི། །མི་རྟོགས་མཉམ་ཉིད་ངང་ལ་འདུས། །མི་གཡོ་ཆོ་འཕྲུལ་འབྱིན་པར་ནུས། །ལོངས་སྤྱོད་སྐུ་ཡིས་དགོངས་འདུས་པ། །འདུས་པ་རྣམ་པ་ལྔ་ཡང་འདུས། །ཆོས་སྐུ་དགོངས་པ་འདུས་པ་ནི། །མི་རྟོག་མཉམ་ཉིད་ངང་ལ་འདུས། །མི་གཡོ་ཆོ་འཔྲུལ་འབྱིན་པར་ནུས། །ལོངས་སྤྱོད་སྐུ་ཡིས་དགོངས་འདུས་པ། །མངོན་སུམ་རང་བཞིན་སྣང་བ་དང་། །འདོད་པ་ཚོགས་པ་འབྱིན་པར་ནུས། །ཀུན་ཏུ་བཟང་པོའི་དགོངས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་མྲ །ཀུན་བཟང་ཉིད་དུ་འདུས་པར་བསྟན། །རྡོ་རྗེ་སེམས་དཔའི་དགོངས་འདུས་པ། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱི་དོན་མཛད་པའོ། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ནས། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་གསུངས་པས། དེར་རྡོ་རྗེ་སེམས་དཔའ་དངངས་ཏེ།བུ་ཏི་བརྒྱལ་བ་སངས་ནས་ཞུས་པ། ཀྱེ། འདུས་པའི་རྒྱལ་པོ་ཆེན་པོ་ཁྱོད། །བྱས་བའི་ཆོས་ཀྱང་ཀུན་འདུས་ན། །མ་བྱས་པ་ཡང་ཀུན་འདུས་སམ། །མ་བྱང་པ་ཡང་ཀུན་འདུས་སམ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། །མུ་སྟེགས་ཕྱིན་ཅི་ལོག་ལྟ་བ། །རྟག་ཆད་གཉིས་སུ་ལྟ་བ་ཡང་། ཁྱོད་ཀྱི་མ་ནོར་དགོངས་ཡིན་ན། །སངས་རྒྱས་སེམས་ཅན་ཅི་ལ་གདགས། །ཐམས་ཅད་འདུས་པར་ཡིད་ཆེས་ན། །སེམས་དཔའ་ཆེན་པོ་ཁྱོད་ཉིད་ནི། །ང་ཡི་རང་བཞིན་རྟོགས་མི་འདྲ། །རྟོགས་མི་འདྲ་བས་ཡིད་མི་ཆེས། །ཀུན་བཟང་བྱང་ཆུབ་སེམས་རྟོགས་ཤིག །ཀུན་བཟང་བྱང་ཆུབ་སེམས་བརྟགས་ན། །རང་བྱུང་བྱང་ཆུབ་སེམས་དེ་ཡིས། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛིན་བྲལ་པ་ཡིས། །རྟག་པའི་དངོས་པོ་མཐའ་གསལ་ལ། །རང་བྱུང་འགྱུར་བ་མེད་པས་ན། །མེད་པ་ཆད་པའི་མཐའ་ཡང་གསལ། །མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། །སྟེགས་ཞེས་བྱ་བ་རྟོགས་པའི་གནས། །སངས་རྒྱས་སེམས་ཅན་གཉིས་མ་མཐོང་། །ཀུན་བཟང་བྱང་ཆུབ་སེམས་མ་མཐོང་། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཐམས་ཅད་འདུས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་ཆོས་ཐམས་ཅད་གཏན་ལ་ཕབ་པ་དང་། རྒྱུད་ཀྱི་ཆེ་བ་བསྟན་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་འདུས་པའི་འཁོར་ཚོགས་ཉོན་ཅིག །ཆོས་རྣམས་མ་བཅོས་རང་བྱུང་སྙིང་པོའི་སྐུ། །ཆོས་རྣམས་ཀུན་གྱི་རང་བཞིན་དེ་ཉིད་ལས། །སྒྲུབ་དང་བསྒྲུབ་བྱ་མ་ལུས་ཀུན་གྱི་བདག །ཐམས་ཅད་མ་ལུས་རང་བྱུང་བྱང་ཆུབ་སེམས། །ལུང་ཆེན་རྒྱལ་པོ་བདེ་གཤེགས་ཉིད་ཀྱི་བཀའ། ཁེས་རིག་བྱེད་རྩོལ་དྲན་རིག་མ་ལུས་པ། །ཐབས་ཆེན་རྩ་བ་ཨ་སྙེ་སྒེ་གར་སྣང་། །གང་ཤེས་དེ་ཉིད་མ་ལུས་ཡུལ་སྣང་བ། །རང་བྱུང་ཡེ་ཤེས་མངོན་དུ་འཆར། །རང་བྱུང་མངོན་སུམ་མཚན་མའི་ལུང་། །ལུང་ཆེན་ཡིད་ཆེས་རྒྱལ་པོ་རང་ཉིད་ལུང་། །མན་ངག་གཟེར་ཆེན་ཐེག་པའི་སྐྲས་ཆེན་ཁུངས། །བརྡ་འབྱལ་ཚེགས་དང་བྲལ་བར་ཡེ་ནས་གནས། །རང་རིག་མངོན་སུམ་ཡེ་ནས་ཡེ་ཤེས་ཏེ། །དོན་གྱི་རྗེས་ལས་མི་ཉམས་རང་ཞུགས་ཡེ་ནས་དཔགས། །རང་བྱུང་ང་ཉིད་སྐུ་ལས་གཞན་ན་མེད། །ང་ཉིད་ལུང་ཆེན་རྡོ་རྗེ་ཕ་ལམ་སོགས། །ང་ཉིད་མན་ངག་འཕྲུལ་གྱི་མེ་ལོང་བསལ། །རང་ཉིད་རིགས་མཆོག་འཁོར་ལོ་ལྟ་བུར་གཅོད། །རྡོ་རྗེ་འོད་ཀྱི་སྐྱེ་མཆེད་རང་བྱུང་ཡེ་ཤེས་འབར། །མཆོག་གི་དོན་ཆེན་ཡེ་ནས་གཏན་ལ་ཕབ། །ཡོངས་སུ་རྫོགས་པ་བསྟན་པའི་ཐེག་པ་གསུམ། །མ་ལུས་ཀུན་བྲལ་མ་ངེས་ཐེག་པ་གཅིག །ཐེག་གཅིག་ཀུན་གྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ས། །མ་ལུས་ཀུན་གྱི་སྙིང་པོ་ཐེག་པ་ཀུན་གྱི་རྩེ། །ཐེག་པའི་ཉིང་ཁུ་རྒྱལ་བའི་དགོངས་བའི་གནས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མར་འབར། །རྟོག་པའི་དྲ་བ་དྲལ་ནས་ཉོན་མོངས་འཕྲེང་ཐག་གཅོད། །བཀའ་ཡི་སྤྱི་ལུང་བསྟན་པའི་སྤྱི་རྒྱུད་དེ། །མདོ་སྡེ་སྡེ་སྣོད་ང་ལ་བསྟན་པ་ང་། །བྱེ་བ་བཅུ་ཕྲག་གསུམ་དང་ཕྲག་ལྔ་འམ་དེ་བཞིན་དགུ། །དེ་བཞིན་འབུམ་ཕྲག་བཅུ་གཅིག་བརྒྱ་ཕྲག་བརྒྱད། །དེ་བཞིན་ཏན་ཏྲ་ཐབས་རྣམས་གང་། །འབུམ་ཕྲག་བརྒྱད་བརྒྱ་བརྒྱ་ཕྲག་དྲུག །དེ་བཞིན་ཤེས་རབ་ཏན་ཏྲ་གྲངས་འབུམ་ཕྲག །བཅུ་དྲུག་སྟོང་ཕྲག་བཅུ་གཉིས་ཏེ། །དེ་དག་མ་ལུས་དྲི་མ་ངས་གསུངས་ཏེ། །ཚིག་ལྡན་ཡི་གེར་བཅས་པའི་ཏན་ཏྲའི་ལུང་། །རང་ཡིན་དྲི་མེད་སྙིང་པོར་ཀུན་བཟང་ང་ཡི་ལུང་། །ཐམས་ཅད་མཐའ་མཉམ་ང་ཉིད་ཡིན་པར་ལུང་བསྟན་ཏེ། །ང་ལས་མ་གཏོགས་ཆོས་རྣམས་མེད་པའི་ཕྱིར། །ནམ་མཁའ་མཐའ་མཉམ་ཆོས་ཕུང་རྒྱ་མཚོ་སྙེད། །གང་གིས་བཙལ་ཡང་ཚི་ཆད་ངལ་བའི་གནས། །དུས་གསུམ་ཀུན་གྱི་བཀའ་ཡི་ཡ་ཐོག་གི། །ཡང་གཤམ་བུ་ལ་བརྡུང་ཞིང་བཙོག་བྱས་ཀྱང་། །སྲོག་དང་བྲལ་བའི་འབྲས་བུ་སྣང་མི་འགྱུར། །དེས་ན་ཐེག་པ་ཀུན་གྱི་ཡང་རྩེ་ཡིན། །དེས་ན་ལྟ་བ་ཀུན་གྱི་ཡང་རབ་ཡིན། །དེས་ན་བསྟན་པ་ཀུན་གྱི་འབྱུང་གནས་ཡིན། །འབྲས་བུ་བསྔགས་པ་མེད་པས་བསྔགས་པའི་མཆོག །འདི་ནི་རྒྱལ་བ་ཀུན་གྱི་ཐུགས་བརྟོལ་བའོ། །ཞེས་བཀའ་སྩལ་ཏོ། །བསྟན་པ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པ་སྟེ། ཀུན་གྱི་བདག་ཉིད་དུ་བཞུགས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས་ལེའུ་བདུན་པའོ།། །།སརྦ་ཙྭ་ན་ས་སམ་སྙེ་དྷི། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། །སྐུ་གསུང་ཐུགས་ལྷུན་གྱི་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྡོ་རྗེ་སེམས་དཔས་འཁོར་རྣམས་ཀྱི་ཆེད་དུ་སྐུ་ལས་འཐོན་ཏེ། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བསྐུལ་ལོ། །རྣམ་གྲོལ་ཟག་པ་མེད་པའི་སྐུ་བརྙེས་པས། །འཛིན་དང་ཆགས་མེད་མ་ལུས་ཆོས་རྣམས་ཀུན། །མ་འདྲེས་རང་རིག་གསལ་བའི་ཐུགས་ལ་རྫོགས། །སྐལ་ལྡན་འདུས་པའི་འཁོར་རྣམ་ལ། །ལུས་ངག་སྐུ་གསུང་ཐུགས་སུ་འདུས་པར་བསྟན་དུ་གསོལ། །ཅེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐལ་ལྡན་ཚོགས་ཤིང་འདུས་པ་ཀུན། །དྲི་མ་དང་བའི་སེམས་ཀྱིས་ངང་ལ་ཐུད། །ང་ཡི་རང་བཞིན་བསྟན་པ་ནི། །ངོ་བོ་མ་གྲུབ་ཀུན་གྱི་དངོས། །མཚན་ཉིད་འདི་འདྲ་བསྟན་དུ་མེད། །རྣམ་པ་ཅིར་ཡང་མ་འགག་ཤར། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་འདི། །དབྱིངས་ནས་ཕྱུང་ལ་བསྟན་པར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་འདུས་པའི་འཁོར་སྐལ་དང་ལྡན་པ་རྣམས་ལ་ལ་ནི་བློ་ངེས་སོ། །ལ་ལ་ནི་དངས་པས་འདུད། ལ་ལ་ཡེ་ཤེས་སྐྱེས། །ལ་ལ་དུ་མའི་སེམས་སྐྱེ་བར་གྱུར་ཏོ། །དེ་ནས་ཐུགས་བརྟོལ་ཏེ་བཀའ་སྩལ་པ། དབྱིངས་ཉིད་སྐྱེ་མེད་མི་གནས་མྱ་ངན་འདས་མེད་དག །མི་སྐྱེ་མི་འགག་སྤོང་མེད་ལེན་པ་མེད། །ང་མེད་བདག་དང་བྲལ་བ་རྒྱལ་བའི་ཐུགས། །རྣལ་འབྱོར་གསང་བའི་སྙིང་པོ་བསམ་ཡས་ལ། །རིན་ཆེན་གསེར་འདུས་རྒྱལ་བ་བརྗོད་མི་ལང་། །མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས། ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་འདས། །ཕྱོགས་ཆས་བཅོས་ན་བདེ་གཤེགས་སྙིང་པོ་ཡིན། །ཀུན་གྱི་རང་བཞིན་འཇའ་ཚོན་སྣང་བཞིན་མེད། །དེ་ལ་བྱ་བ་མེད་བཞིན་བྱུང་བ་རྒྱ་མཚོ་འདྲ། །ཆོས་ཉིད་སྐྱེ་བ་མེད་པ་ཡུམ་གྱི་མཁའ། །རྒྱལ་བའི་ཕྱག་རྒྱ་སྐྱེ་བའི་ཆོ་འཕྲུལ་ཅན། །འཁོར་བ་མྱ་ངན་འདས་ལ་བཀོད་པའི་ཕྱིར། །རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །ང་མེད་བདག་དང་བྲལ་བའི་སྙིང་པོར་རྫོགས། །དོན་དམ་ཡེ་ཤེས་དབྱིངས་ནི་རྫོགས་པ་ཆེ། །སྙིང་པོ་ཉི་མ་བཞིན་ཏེ་འོད་ཀྱི་མཆོག །སྐྱེ་འགྲོ་ཕྱི་ནང་གཟུགས་སུ་སྣང་བ་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་ཡངས། །སྒྲ་སྐད་མ་ལུས་རབ་འབྲིང་ཐ་མ་མ་ལུས་པ། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དབྱེར་མེད་དོན་དམ་དབྱིངས་སུ་རོ་གཅིག་པས། །ཐུགས་མཆོག་རྒྱན་ལྡན་ཡོངས་སུ་རྫོགས། །ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པས། །སྐྱེ་མེད་ནམ་མཁའ་ཀློང་ཡངས་རྒྱ་མཚོ་བཞིན། །འབྲལ་མེད་པ་ཡི་དབྱིངས་མཆོག་རབ་འབྱམ་ནས། །ཆེན་པོ་བཞི་ཡི་ཆོས་འཕྲུལ་གྲངས་མེད་པ། །བརྟགས་སམ་གཏོགས་ན་འབྱུང་བའི་འབྲས་བུར་འདུས། །འཆི་བ་མེད་པའི་སྨན་ཆེན་བདུད་རྩི་འདི། །ཡེ་ནས་རྫོགས་པས་གཞན་ནས་བཙལ་མི་དགོས། །ཀུན་ཀྱང་རྒྱུ་གཅིག་ཆོས་ཀྱི་དབྱིངས་སུ་འདུས། །གཞན་ནས་འོང་མེད་གང་ཡང་འགྲོ་མི་སྲིད། །ཐམས་ཅད་རང་བྱུང་བྱང་ཆུབ་སེམས་སུ་གསལ། །སྣང་སྲིད་ཐབས་ཀྱི་རང་བཞིན་རྒྱལ་བའི་ཡབ། །དེ་ལ་རང་བཞིན་མེད་པ་ཡུམ་གྱི་དབྱིངས། །ཐབས་དང་ཤེས་རབ་ལྡན་པར་མ་ལུས་མེད། །ཐབས་དང་ཤེས་རབ་འབྲེལ་བའི་རང་བཞིན་པས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསམ་མི་ཁྱབ། །ཆོས་ཉིད་རྒྱུ་གཅིག་རང་བཞིན་ཅིར་ཡང་སྣང་། །བྱང་ཆུབ་རྣམ་གཉིས་ངང་དུ་ཐམས་ཅད་འདུས། །མཁའ་དབྱིངས་རྣམ་དག་ཡངས་པའི་རྒྱ་མཚོ་ལ། །བྱུང་བའི་སྐར་ཚོགས་མང་པོ་བསམ་མི་ཁྱབ། །དེ་བཞིན་མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། །ཡོན་ཏན་རྒྱ་མཚོ་སངས་རྒྱས་ཀུན་གྱི་ངང་། །དེ་བཞིན་ཀུན་གྱི་སེམས་ལ་ལེགས་པར་སོན། །ཞེས་བཀའ་སྩལ་ཏོ། །ཀུན་ཀྱང་རྒྱན་གྱི་འཁོར་ལོར་གསལ་བར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྐུ་གསུང་ཐུགས་ལྷུན་གྲུབ་ཏུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་ལ་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ། གསང་ཆེན་གསང་མཆོག་དམ་པ་འདི། །སྒྲ་དང་མིང་ཚིག་ཀུན་འདས་པས། །སུས་ཀྱང་གཏིང་དཔགས་དཀའ་བ་སྟེ། །གསུང་གི་མངའ་བདག་འགྲོ་བའི་དཔལ།ཁྱེད་ཀྱིས་ཇི་ལྟར་རྟོགས་པ་ལགས། །ཞེས་གསོལ་ཏོ། །དེ་ནས་ཀུན་ཏུ་བཟུང་པོས་བཀའ་སྩལ་པ། རྫོགས་པ་ཆེན་པོའི་རང་བཞིན་ལ། །བརྗོད་པའི་ཐ་སྙད་ཀུན་བྲལ་ཀྱང་། །སྦྱངས་པའི་རྣལ་འབྱོར་སྐལ་ལྡན་ལ། །མི་འགྱུར་ཚད་མ་གསུམ་གྱིས་ནི། །གསལ་བའི་སྒྲོན་མ་བྱེད་པར་བཤད། །རྫོགས་པ་བྱ་བྲལ་རྒྱལ་བའི་ལུང་། །རང་རིག་ཕྱིན་ཅི་མ་ལོག་ཉམས། །མ་ནོར་གཏིང་དུ་ཡིད་ཆེས་པའོ། །ཚིག་ཉུང་དོན་ཆེན་སྟོན་པའི་མན་ངག་གསུམ། །རྫོགས་ཆེན་ནམ་མཁའི་མཐའ་དང་མཉམ། །མ་ནོར་པ་ཡི་ངོ་བོར་སྟོན། །རང་ལ་ཡེ་ནས་རྫོགས་པར་སྟོན། །ལུང་གསུམ་ཀུན་བཟང་རྒྱལ་པོའི་བཀའ། །རིག་པ་གཏིང་དུ་ཡིད་ཆེས་པས། །ག་ན་ཚིགས་ཞེས་སུ་བསྟན་པ་ཡིན། །རྣམ་གསུམ་ལུང་གི་ངོ་བོ་ནི། །སེམས་ཉིད་རིག་པའི་ཆོས་ཡིན་ནོ། །ཐམས་ཅད་སེམས་ཀྱི་ངོ་བོ་བས། །སེམས་ལ་སྣང་ཕྱིར་རིག་པར་བཤད། །ཐ་དད་ཡང་དག་བརྟགས་པ་སྟེ། །སྤྲོ་བའི་བག་ཆགས་སྨིན་པ་ཡིས། །མེད་ཀྱང་ལོགས་ནས་ཡང་དག་སྣང་། །ནི་ནི་ཀུ་ཀུ་ར་ཙ་ཡིན། །ནི་ནི་ཀུ་ཀུ་ར་ཙ་ན། །དེ་ཙམ་མ་འཁྲུལ་ཤེས་པ་ན། །འཁྲུལ་པའི་ཤེས་པ་མེད་པར་ཐལ། །སྤྲོས་པའི་དབང་གིས་འཆོལ་བས་ན། །རྟོག་པ་སྣ་ཚོགས་དག་ཏུ་མཐོང་། །དང་པོ་རང་རིག་མཚན་མ་སྟེ། །གཉིས་སུ་མེད་པས་རང་རིག་སྟེ། །རང་རིག་དོན་ལྡན་མཚན་མའོ། །གཉིས་པ་ཉི་ཚེ་སྟོང་པ་ནི། །མཚན་ཉིད་མེད་པའི་མཚན་གཞི་ཅན། །གཞན་ཡང་ཞེན་པའི་རང་བཞིན་ཏེ། །བདེ་བའི་དོན་ལ་རྟག་ཏུ་ཆགས། ཞེན་པས་ཞེན་མེད་ཐོབ་པ་མེད། །ཡང་དག་མ་བཅོས་རང་རིག་ནི། །མཚན་ཉིད་མེད་པས་གང་དང་བྲལ། །བྲལ་ཉིད་ཡེ་ཤེས་རང་སྣང་རོལ། །ཀུན་ཏུ་བཟང་པོའི་རོལ་པ་དང་། །རྟོག་པའི་མཚན་མ་སྣ་ཚོགས་པ། །བྱེ་བྲག་མི་ཕྱེད་གཏི་མུག་བློ། །གཉིད་མེད་བྱང་ཆུབ་སེམས་ཀྱི་ལུང་། །ཐམས་ཅད་སེམས་སུ་གཏན་ལ་འབེབས། །དེས་ན་སེམས་ལུང་ཆེན་པོས་བྱ། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །རིག་པའི་ཚད་མ་ཉིད་ཀྱིས་ཤེས། །སྙིང་པོ་བྱང་ཆུབ་དེ་མ་ཐག །གསལ་བའི་ཡེ་ཤེས་མཆོག་ཏུ་བཤད། །རྟོག་དཔྱོད་སྒྲ་ཚད་ཅི་བསྟན་ཡང་། །སྒྲ་ཡི་དོན་དང་ཕྲད་མི་འགྱུར། །སྒྲ་དོན་རྗེས་སུ་རྟོགས་པར་འགྱུར། །རྟོག་དབྱོད་རང་རིག་ཚད་མ་མིན། །རིག་པའི་ཚད་མ་དེ་མཐོང་ན། །དེ་ཉིད་ཤིན་ཏུ་རྣལ་འབྱོར་ཏེ། །དེ་ལྷར་དེ་ནི་དེ་བཞིན་ནོ། །འཇུག་པའི་རིམ་གྱིས་མི་གནས་ཏེ། །མ་བགྲོད་ཅིག་ཆར་འཇུག་པའི་ས། །རྫོགས་པའི་སེམས་ཀྱིས་རང་བཞིན་ནི། །རྟོག་པ་མཐར་ཕྱིན་གསལ་ཁྱབ་མེད། །རྫོགས་པ་སེམས་ཀྱི་རང་བཞིན་ནོ། །བརྡ་དོན་ཕྲད་པ་མཐར་ཕྱིན་པས། །འཛིན་དྲུག་ཞེན་པ་ཡེ་ཤེས་ཤར། །མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ། །སྣང་བ་རྣམ་རྟོག་རང་བྱུང་ཡེ་ཤེས་ཤར། །དྲན་པ་ཀུན་ཤེས་ཡེ་ཤེས་མ་གཡོས་ཉིད། །བྱ་བས་བྱིན་པའི་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ལ། །རྫོགས་ཆེན་ལྷུན་གྲུབ་ཡེ་གནས་ཀྱང་། །རང་གི་བཞིན ལྟརསྣངདང་བྲལ། །རང་གསལ་རང་བྱུང་བདེ་ཆེན་ལ། །བསྐུར་བའི་ཆ་གཉིས་མི་ལྡན་ཡང་། །འགག་མེད་ཆོ་འཕྲུལ་རང་སྣང་དང་། །གདུལ་བྱ་ངོ་ལ་སྣང་ཚུལ་གྱིས། །སྤྱི་བླུགས་རྒྱལ་ཐབས་བཤད་དུ་གསོལ། །ཅེས་གླེངས་སོ། །ཨེ་མ་ཧོ་སྐལ་ལྡན་འདུས་པའི་ཚོགས། །ང་ནི་ཐུགས་རྗེ་བྱིན་བརླབས་ཀྱིས། །བསྐུར་བའི་ཆ་གཉིས་མི་ལྡན་ཡང་། །གསལ་སྣང་གཟུགས་བཞིན་སྣང་བར་བྱ། །རིན་ཆེན་གཏེར་གྱི་སྙིང་པོ་འདི། །ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱི། །གསང་བའི་བདག་པོ་བཀའ་བསྒོ་བ། །གསང་མཛོད་རྡོ་རྗེ་སེམས་དཔའ་ཡིས། །སུམ་ཅུ་རྩ་གསུམ་བུམ་ཐོག་སྟེངས། །སྲོག་ཤིང་རྡོ་རྗེ་རྩེ་དགུ་སྟེ། །གསེར་གྱི་འཁོར་ལོ་འབར་བ་བཞག །གསང་བའི་གཏེར་འཛིན་བདག་པོར་གྲགས། །དགའ་རབ་རྡོ་རྗེ་ཉིད་ཀྱང་ནི། །དེ་བ་བཟང་སྐྱོང་བུ་ཐུའོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་གསང་བདག་གིས། །འཁོར་ལོ་འབར་བའི་ལྟེ་བར་བཞག །ནམ་མཁའ་དང་མཉམ་ང་དང་ནི། །ཀློང་དགུ་བམ་པོ་ཉི་ཁྲིར་གསུངས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ནས། །དུས་མཐའ་ཉིད་ཀྱི་ས་ལ་བཀོད། །འཛམ་གླིང་ཉིད་དུ་རྒྱལ་འཐེབ་བྱས། །འགྲོ་བའི་རིགས་ཅན་སྨིན་པར་བྱེད། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གཏན་ལ་འབེབས་པ་དང་སྔོན་བྱུང་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ཀུན་གྱི་བདག་ཉིད་དེས་བར་ཅིས་ཀྱང་མ་ཆོད་བར་འདི་སྐད་ཅེས་གསུངས་སོ། །འདུས་པའི་འཁོར་ཚོགས་སྐལ་ལྡན་རྣམས། །དངས་པའི་སེམས་ཀྱིས་ཡིད་ཀྱི་སྒོ་ཕྱེ་ཞིག །སྤྱི་བླུགས་ཚངས་པའི་དབང་ཆེན་འདི། །ཐབས་ཀྱི་རྒྱལ་པོ་རིམ་པར་བསྟན། །རྗེས་སུ་འཐུན་པའི་གཞི་དང་བཅས། །འཇུག་པའི་རྒྱུ་ཡི་རིམ་པ་དང་། །དམན་པའི་ཁྱད་པར་ཀུན་སྤངས་པའི། །ཀུན་རྫོགས་ཚངས་པའི་དབང་བསྟན་དང་། །བརྡ་དོན་གྲོལ་བའི་རིམ་པ་ཡིས། །ཐུགས་བརྟོལ་རྣ་རྒྱུད་མན་ངག་བཞིན། །འཕྲུལ་གྱི་མེ་ལོང་དགུ་སྐོར་བཞིན། །རྒྱལ་པོ་མངོན་གྲུབ་མན་ངག་སྦྱིན། །གསལ་བྱེད་རིན་ཆེན་འབར་བ་བསྟན། །མི་འགྱུར་བརྟན་པའི་དབང་བསྐུར་ལ། །དྲན་པ་རྐྱེན་གྱི་མན་ངག་སྒྱིན། །གཡོ་འཛིན་རླུ་་གི་མན་ངག་སྤྱིན། །སེམས་ཉིད་མི་བརྟན་སྤྲོས་འཆེལ་བས། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །བདེ་ཆེན་རང་བྱུང་བྱིན་བརླབས་པས། །མི་འགྱུར་བརྟན་པའི་སྤྱོད་པ་བསྟན། །བསྟན་ནས་མི་འགྱུར་ལྷུན་གྱི་ཆེ། །བདེ་ཆེན་རིག་པས་བསྒྲུབ་པར་བྱ། །དང་པོ་ཡན་ལག་རིམ་པ་ནི། །གནས་དང་སློབ་དཔོན་སློབ་མ་དང་། །དཀྱིལ་འཁོར་འཇུག་པའི་རིམ་པ་དང་། །དུས་དང་འཇུག་པའི་ཡོན་ཏན་ནོ། །དེ་ལ་གནས་ནི་རྣམ་པ་གཉིས། །གཞི་ཡི་གནས་དང་བརྟེན་པའི་གནས། །ཐམས་ཅད་རང་རིག་སེམས་ཉིད་དེ། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། །གཞུག་གནས་རྨད་བྱུང་ཁྱད་པར་ཅན། །ཚད་དང་བྲལ་བའི་གཞལ་ཡས་ཁང་། །མི་འགྱུར་རྡོ་རྗེ་རྒྱུ་ལ་བྱུང་། །རང་བྱུང་ཡེ་ཤེས་གཞལ་ཡས་ཁང་། །གནས་ཉིད་གནས་ལ་གནས་པ་མེད། །དེ་ལས་བྱུང་ཞིང་དེ་རུ་འདུས། །དེ་ཉིད་དེ་ཡི་རང་བཞིན་གཞན། །བྱང་ཆུབ་སེམས་ཉིད་བདེ་ཆེན་པོ། །རྨད་བྱུང་ཐིག་ལེ་གནས་ཞེས་བྱའོ། །བརྟེན་གནས་ཁྱད་པར་བསྟན་བྱ་བ། །དངོས་གྲུབ་རྡོ་རྗེ་རིགས་ཅན་འདི། །དང་པོ་བདེ་བའི་གཞི་ཡིན་པས། །ཡེ་ཤེས་རྒྱུ་ལས་བྱུང་བ་ཡིན། །པུ་ཏ་རི་ཡི་རྒྱལ་མཚན་ནམ། །དཔག་ཕུག་རྡོ་རྗེ་གདན་སྟེངས་སམ། །པུ་ཏི་ན་ཡི་གསིལ་ཁང་ངམ། །དངོས་གྲུབ་རིན་ཆེན་སུལ་མངས་སམ། །སུ་ཏ་རི་ཀ་ལིང་ཕུག་གམ། །ཡེ་ཤེས་སྟོབས་དང་རིག་པའི་བྱིན་བརླབས་ཅན། །བདེ་བའི་གནས་སུ་མཁའ་འགྲོ་བདེ་བའི་བཅུད་སེལ་ལ། །རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟེན། །དེས་ན་སྙིགས་མའི་རྒྱུ་ཅན་དང་པོ་སྟེ། །རྐྱེན་ལྡན་རྣལ་འབྱོར་ཡི་གེ་སྟན་གཞིར་གཟང་། །དེ་ནས་ཀུན་ཏུ་བཟང་པོ་དེས། །རྣལ་མའི་དཀྱིལ་འཁོར་འདི་གསུངས་སོ། །བཙལ་མེད་དཀྱིལ་འཁོར་རང་བྱུང་ཡེ་ཤེས་ཏེ། །མ་བཅོས་བཞི་ཡི་དཀྱིལ་འཁོར་ཉིད། །ཐམས་ཅད་ཡེ་ཤེས་རང་རིག་གསལ། །མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ། །ཡེ་ཤེས་དཔག་མེད་ཡོན་ཏན་གསལ། །སྙིང་པོ་ལེན་པས་མ་དྷ་ལ། །རང་ལ་རྫོགས་པས་ལྷུན་གྱི་གྲུབ། །ཡོངས་སུ་རྒྱས་པས་ཡོན་ཏན་རྫོགས། །ཐིག་ལེར་འདུས་པས་གཙོ་བོའི་རྒྱན། །སྣོད་བཅུད་འདུས་པས་ཐིག་ལེ་ཆེ། །འབར་བ་དཔག་མེད་གཞལ་ཡས་ཁང་། །གདོད་ནས་གྲུབ་པས་རབ་གནས་རྒྱས། །ངོ་བོར་གསལ་བས་འབྱུང་འཇུག་མེད། །བདག་ཉིད་གསལ་བས་སྐྱེད་པ་མེད། །རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས། །ཡོན་ཏན་ལྷུན་གྲུབ་གྲུ་བཞི་ཡིན། །རང་རིག་ཡེ་ཤེས་ཆེན་པོ་ལ། །མ་ལུས་ཀུན་འདུས་ཟླ་གམ་ཡིན། །མཚན་མའི་རྐམ་ཆགས་མ་ལུས་འཇོམས། ཁུ་གསུམ་དྲག་པོའི་གཞལ་ཡས་ཡིན། །འཛིན་རྟོག་སྤོང་བ་ངང་གིས་ཞི། །ཞི་བ་ཆེན་པོའི་གཞལ་ཡས་ཡིན། །ཡེ་ཤེས་འབར་བ་ལམ་མེ་བ། །དངོས་པོ་འཇོམས་པའི་ཁྲོ་ཆེན་ཡིན། །ལྷན་ནེ་ལྷང་ངེ་འོད་དུ་ཞུ། །གཉིས་མེད་ཐིག་ལེའི་རང་བཞིན་ཅན། །རྡོ་རྗེ་ཉི་མ་ལྷ་ཆེན་པོ། །འདི་ནི་རང་བཞིན་རྣལ་མ་ཡི། །དཀྱིལ་འཁོར་ཆེན་པོ་ཉིད་ཡིན་ཏེ། ཁྲོ་དང་ཞི་བ་ལ་སོགས་ཏེ། །གནས་པའི་དཀྱིལ་འཁོར་མ་ལུས་བདག །ལས་རྣམས་མ་ལུས་ཀུན་བསྒྲུབ་པའི། །རྣལ་མའི་དཀྱིལ་འཁོར་ཆེན་པོ་སྲ །ཞུགས་པ་མེད་པར་གྲུབ་པ་ཡི། །རྣལ་མའི་དཀྱིལ་འཁོར་ཆེན་པོའོ། །དང་པོ་སེམས་དཔའི་རྣལ་འབྱོར་གྱིས། །དངོས་མེད་ཐབས་ཀྱིས་མ་མཚོན་ན། །རྒྱལ་པོའི་ཕྲུག་གུ་འཁྱམས་པ་བཞིན། །རང་གི་རྣམ་པ་མ་རྟོགས་སོ། །བདག་ཉིད་ཁམས་གསུམ་རྣམ་པར་ཤར། །མྱ་ངན་འདས་པའི་བདག་ཉིད་དེ། །མ་ལུས་གཅིག་རྫོགས་འཁོར་ལོ་ཡིན། །བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི། །ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན། །ལོངས་སྤྱོད་རྫོགས་པ་མ་འདྲེས་གསལ། །ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ། །བརྐམ་ཆགས་ལྔ་ནི་རིགས་ལྔ་ཡིན། །རྣམ་ཤེས་གཅིག་བདག་རིགས་གཅིག་ཡིན། ཁྲེས་པའི་བྱེ་བྲག་རྣམ་མཐའ་ཡས། །རྒྱལ་བ་རྡུལ་སྙེད་འཇིག་རྟེན་སྒྲོན། །ཙིསྟ་རིན་ཆེན་དཀྱིལ་འཁོར་ནི། །འོག་མིན་གནས་ཆེན་མུ་མཐའ་ཡས། །སྒྲ་སྐད་མ་ལུས་རྣམ་མང་ཡང་ མི་ཟད་རྒྱན་གྱི་འཁོར་ལོའི་གསུང་། །གཟུགས་མཆོག་སྐུ་ཡི་འཁོར་ལོར་རྫོགས། །དྲན་རྟོགས་སེམས་ཀྱི་རྒྱུ་བ་ཀུན། །མི་ཟད་རྒྱན་གྱི་འཁོར་ལོ་ཐུགས། །སྣོད་བ་་ཡེ་ཤེས་དཀྱིལ་འཁོར་ཡིན། །རབས་འབྱམས་རྨད་བྱུང་དཀྱིལ་འཁོར་མཆོག །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྤྱི་བླུགས་ཚངས་པའི་དབང་བསྡུས་དོན་དང་། །གནས་དང་། །དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། འདུས་པའི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷུན་གྲུབ་ཡེ་ཤེས་བདེ་ཆེན་པོ། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །ལྷུན་གྱི་གྲུབ་དང་སྣང་བ་མེད། །སྣང་མེད་ཚིག་གིས་མཚོན་ཏེ་བསྟན། །བརྡ་དོན་སྤྲད་གྲོལ་མན་ངག་བསྟན། །འདི་ལ་སློབ་དཔོན་རྣམ་གཉིས་ཏེ། །བརྡ་དོན་སྤྲད་འགྲོལ་སློབ་དཔོན་དང་། ཁྲེས་རབ་མཆོག་ལྡན་ཏིང་འཛིན་ཐོབ། །དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ནས། །བསྟན་པའི་བཅུད་ཆུང་ཐེག་པའི་ཡང་ཐོག་ལ། །བདེ་གཤེགས་སྲས་དང་དམན་པའི་སངས་རྒྱས་ཀྱང་། །རེ་ཐག་ལས་ཤིང་མི་རྟོག་ཐུགས་བརྩེ་བ། །ནང་གི་དྲི་མ་སྤངས་པས་འཇིག་རྟེན་ཆོས་བརྒྱད་སྤངས། །རིག་པའི་ཡེ་ཤེས་གསལ་བའི་བཀའ་ཡི་མངའ་བདག་ཅན། ཁྲེས་རབ་དད་ལྡན་བརྩོན་འགྲུས་ཁྱད་འཕགས་པ། །མ་ནོར་དོན་རྟོགས་རྡོ་རྗེ་ཟམ་མ་ཆད། །སྣོད་བཅུད་རྟོགས་ཤིང་གཞན་གྱི་སེམས་ཤེས་པ། །སྣོད་ལྡན་མཆོག་ཏུ་སྨིན་བྱེད་ཐུགས་རྗེའི་བདག། །འདི་འདྲའི་བླ་མས་རྗེས་སུ་གཟུང་བྱ་སྟེ། །སྲོག་ལུས་བྲལ་བས་བླ་མ་ཡིད་ཀྱིས་གཟུང་། །རྒྱལ་བའི་སྲས་མཆོག་ཆོས་ཀྱི་རྒྱལ་ཚབ་ཡིན། །དོན་གྱི་བླ་མ་མ་ནོར་ནི། །རང་རིག་སློབ་དཔོན་དཔལ་གྱི་བདག །ཐམས་ཅད་རང་རིག་རྒྱལ་པོ་བས། །སེམས་ཉིད་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སློབ་དཔོན་ཞིང་ནི་རིན་ཆེན་བདག །རྒྱལ་བ་ཀུན་གྱི་བླ་མ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཆོག་ཏུ་བསྐུར་ཞིང་རྗེས་སུ་གཟུང་། །རང་རིག་ཡེ་ཤེས་རྒྱལ་པོ་འདི། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །བསྟན་པ་རྒྱ་མཚོ་སྒྲོགས་པའི་བདག །མན་ངག་རིན་ཆེན་གཏེར་གྱི་ཀློང་། །ཡེ་ཤེས་སྒྲོན་མ་ཡེ་གསལ་འབར། །འཇིག་རྟེན་ཀུན་གྱི་སྟོན་པ་པོ། །བླ་མ་རྡོ་རྗེ་རིན་ཆེན་སེམས། །མ་བཅོས་དོན་ཉིད་སྟོན་པ་པོ། །བླ་མ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སློབ་དཔོན་མཆོག་ཡིན་ནོ། །སྙིང་པོ་དོན་གྱི་དེ་ཁོ་ནའོ། །དེ་ནས་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་སློབ་དཔོན་རིན་ཆེན་སེམས་རང་བཞིན། །ཀུན་གྱི་རང་བཞིན་དངོས་དེ་ཉིད། །དེ་ཉིད་དེ་ཡི་ཕྱག་རྒྱ་ཅན། །དེ་ཡི་དབང་གིས་དེ་ཐོབ་ཅིང་། །དེར་འདུས་དེ་ལ་རག་ལས་པས། །དེ་དག་དེ་ཡི་རིགས་ལས་བྱུང་། །བརྐམ་ཆགས་དྲུབ་་རྡོན་སྐྱེ་བཞིའི་བདག །རྣམ་དག་བདེ་ལམ་ཐོབ་དང་བཅས། །ཐམས་ཅད་སེམས་ཀྱི་དེ་བདག་ཉིད། །སྤྱོད་ཡུལ་སེམས་ཀྱི་རང་བཞིན་ཅན། །སློབ་མ་རྡོ་རྗེ་རིན་ཆེན་ཏེ། །ལྷུན་གྲུབ་བླ་མའི་རང་བཞིན་ཏེ། །དེ་ཡི་བཀའ་རྟགས་རྡོ་རྗེ་ཅན། །ཐམས་ཅད་མི་འགྱུར་རྡོ་རྗེའི་དབྱིངས། །དེ་ནས་སློབ་མ་རྡོ་རྗེའི་བུ། །རིགས་སུ་ངེས་པའི་བཀའ་རྟགས་ཡིན། །ཐམས་ཅད་སློབ་མ་རྡོ་རྗེ་ཉིད། །དེ་ཉིད་བླ་མ་རྡོ་རྗེ་སྟོབས། །རྡོ་རྗེ་ངང་གཅིག་རྡོ་རྗེ་ཉིད། །རྡོ་རྗེ་ཡེ་ཤེས་ཁྱབ་བརྡལ་བས། །དེས་ན་རྡོ་རྗེ་ལྷུན་གྲུབ་བོ། །བློ་ཡི་རིམ་པའི་རྣལ་འབྱོར་ཅན། །དེ་ཉིད་སྡུད་དང་འཐོར་བ་ཡི། །རིགས་པ་ཉམས་སུ་བདེ་བཞག་ན། །སྤྱོར་བ་མ་ནོར་རིགས་ཅན་ནམ། །རིགས་བརྒྱུད་དག་པའི་རྣལ་འབྱོར་པས། །མན་ངག་རིན་ཆེན་གཏེར་དུ་འཆང་། །བླ་མ་རྡོ་རྗེ་སྲོག་ཏུ་འཛིན། །ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས། །ལྷག་པའི་ཡེ་ཤེས་ཉི་མ་ཤར། །དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས། །རྩོལ་བས་ལུས་ངག་རླག་སྟོང་དུ། །གྱུར་ཀྱང་དོན་གྱི་འདོད་མི་གཏོང་། །བདེ་བ་འབེབས་པའི་ཡན་ལག་ཡིན། །བླ་མ་རྡོ་རྗེ་སྲོག་འགྱུར་ཏེ། །ལུས་ངག་སེམས་ཀྱི་རྒྱུ་མེད་པར། །རྡོ་རྗེ་ལུས་སུ་གྱུར་པ་༄༅། ཁུ།བ། །རྡོ་རྗེ་བླ་མ་གཞན་སེམས་ཅན། །རྒྱལ་སྲས་ཡིད་ཀྱི་བློ་ཅན་དེས། ཁེངས་སེམས་འཇིག་རྟེན་སྤྱོད་ཡུལ་གང་། །བགས་ཀྱིས་མཐོང་ན་བླ་མ་དེས། །གཏེར་ཁྱིམ་རིག་པའི་སྒོ་སྡོམ་སྡེ། །མན་ངག་ཉམས་པའི་རྒྱུ་ཡིན་ཏེ། །ལུས་དང་བྲལ་བའི་ཡན་ལག་རྒྱུས། །གླང་ཆེན་ལུས་སུ་མི་ཐོབ་ལྟར། །མན་ངག་ཉམས་པའི་ཐབས་རྣམས་ཀྱིས། །བྱང་ཆུབ་ལུས་སུ་ཐོབ་མི་འགྱུར། །དེས་ན་བླ་མ་སྲོག་ཡིན་པས། །ལུས་ངག་སེམས་ཀྱི་དུས་གསུམ་དུ། །རང་སྲོག་བྲལ་བའི་ལས་མི་བྱེད། །གྲགས་དང་རྙེད་པའི་སེམས་ལོག་གིས། །ཉམས་པར་གྱུར་པའི་མཐུ་ཤེས་པས། །ནང་དང་ཕྱི་རྒྱུད་སེམས་སྦྱངས་པས། །ཞབྲུལ་པའི་སེམས་བརྒྱད་རྣམ་སྤངས་ཤིང་། །དོན་ལྟར་ཕྱིན་པའི་བརྩོན་འགྲུས་སོ། །མི་ལྡོག་ངེས་པའི་རིགས་རྒྱུད་ཅན། །རྡོ་རྗེ་ལུས་ལ་བརྒྱན་མཐོང་ན། །བདག་སེམས་དགའ་བའི་ཚོར་བ་སྐྱེས། །གྲགས་སེམས་རྒྱས་པའི་ཆོས་ཐོས་ན། །རྗེས་སུ་མཐུན་པའི་ཡིད་ཀྱིས་མོས། །བླ་མ་རྡོ་རྗེ་སྐལ་ལྡན་དེས། །ལུས་ངག་སྤྱོད་པ་ཅི་བྱས་ཀྱང་། །གཡོ་རྒྱུ་མེད་པས་དགེ་བྱེད་ཅིང་། །མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས། །ཐུན་མོང་དྲི་མ་ཀུན་སྦྱོང་ཞིང། །ཉི་མའི་འོད་བཞིན་གསལ་བྱེད་པ། །བླ་མ་སྐུ་གསུང་རྡོ་རྗེ་ལ། །རྟག་ཏུ་རང་གི་ཡིད་འདོགས་ཤིང་། །ཐུགས་ཀྱི་ཇི་ལྟར་མོས་པ་བཞིན། །གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང་། །རྟག་ཏུ་མཆོད་པ་འབུལ་བྱེད་ཅིང་། །དེ་ནི་རིགས་ཀྱི་བུ་ཡིན་ཏེ། །བདེ་བའི་ཞིང་གྱུར་སྐལ་ལྡན་དེ། །རྡོ་རྗེ་ཁྲི་ཆེན་དག་ལ་བསྐྱོན། །བདེ་གཤེགས་ཉིད་དུ་ངེས་ལུང་བསྟན། །དུས་མཐའ་འབྲས་བུ་ཉིད་ལ་བཀོད། །དེ་ནས་རྡོ་རྗེ་བླ་མ་དེས། །དོན་རྟོགས་གསལ་བའི་མངོན་སུམ་མམ། །ལུས་ངག་སེམས་ཀྱི་བརྡ་རྟགས་སམ། །ཆོས་སྐྱོང་མཁའ་འགྲོའི་སེམས་བྲ་ཡིས། །རྡོ་རྗེ་གདན་དུ་མ་པ་ར། །རིག་ནས་སྐལ་ལྡན་དེ་ཡི་སར། །སྨིན་པར་བྱ་ཕྱིར་རིམ་པར་བྱ། །འདི་ལ་བྱ་བཙལ་ཡན་ལག་དང་། །ཐབས་རིམ་ཐར་༼སྒར་སྙིརད༽་ ཀར་མ། །རྩོལ་སྒྲུབ་ལུས་ངག་སེམས་ཀྱི་ལས། །དངོས་གང་ཐིག་ལེའི་མཚན་ཉིད་ལ། །འདོད་རྩོལ་སྤྲོས་པ་ཐམས་ཅད་འགག །བརྗོད་པར་བྱ་བའི་ལུང་རྟེན་མེད། །སྐལ་ལྡན་རིགས་ཀྱི་དཀྱིལ་འཁོར་དུ། །བདེ་ཆེན་ཤར་བའི་རྣལ་འབྱོར་རམ། །དོན་རྟོགས་ཀླུངས་སུ་ཕེབས་འདོད་པས། །གསང་སྔགས་འཕྲུལ་གྱི་ལམ་ཆེན་ནམ། །བསྟན་པའི་བློ་ཡི་རིམ་པས་སམ རང་འདོད་མཐའ་ལ་སྨད་ལམ་གྱིས། །རིག་པ་དེ་ཅི་དེ་བཞིན་དུ། །ཐབས་ཀྱི་རྒྱལ་པོ་མཐར་ཕྱིན་བྱ། །གསལ་འབར་རིན་ཆེན་འབྲུལ་སྣང་དམ། །བཅུད་ལེན་སྨན་དང་མ་ཀི་ཏ། །གང་ལྡན་དེ་ཉིད་འདྲེས་འགྱུར་བྱེད། །རྟོགས་ཆེན་ཐབས་དང་ལྡན་འགྱུར་བའི། །གང་གསང་གང་དེ་ཐམས་ཅད་ལ། །གང་འདོད་འཐུན་པའི་སྒོ་ཕྱེ་ནས། །ཐབས་ཀྱི་འདོད་པ་ཅི་རྩོལ་བ། །དེ་ནི་འབད་རྩོལ་མེད་པའི་ལས། །རྩོལ་བསྒྲུབ་འབད་རྩོལ་ཅི་བྱེད་ཀྱང་། །དེ་ནི་འབད་རྩོལ་མེད་པ་ཡིན། །ཨོ་བཛྲ་སུ་ལམ་མ་ལམ། །མ་མ་རུ་རུ་ཙི་ཏ་ཨ་བི་པྲ་ས་ལ་གྲྭ་ཧྭ། འདིས་ནི་མཁའ་འགྲོ་བསྟོད་པ་ཡི། །དང་པོ་རྟགས་ཀྱི་མངོན་ཤེས་ཡིན། །དོན་དང་ལྡན་པའི་སྣོད་རིག་ན། །ཐབས་ཆེན་སྦྱོར་བ་རྩོམ་པར་བྱ། །སྐལ་ལྡན་བློ་ཡི་ཁྱད་པར་གྱིས། །སོ་སོར་བསྟན་པའི་རིམ་པ་བཞིན། །འདོད་པའི་སྨོན་པས་རྗེས་འཇུག་ན། །སོ་སོའི་གྲུབ་མཐའ་རིམ་པ་བཞིན། །གདེང་སྐུར་ཤེས་རབ་རིམ་པར་སྐྱེད། །རྣམ་རྟོག་སྤྲོས་པ་ཐ་མལ་གཅོད། །སེམས་ཀྱི་དམིགས་པ་ཟིན་འགྱུར་ཏེ། །རྣམ་རྟོག་དམིགས་པ་དངོས་པོར་འགྱུར། །ཡང་ན་དངོས་པོ་དོན་གཅིག་ལ། །སེམས་ཀྱི་བྱེ་བྲག་ཀུན་སྐྱེད་ནས། །སེམས་དཔའ་ལུས་སུ་འཇུག་པ་སྟེ། །དེས་ན་ཚངས་པ་ཆེན་པོའི་ལམ། །དམ་པ་འདི་ནི་སྐུར་འགྱུར་ན། །དེ་ནི་སྐད་ཅིག་དུས་མཐའ་ཡིས། །སེམས་དཔའ་ཆེན་པོ་ཉིད་དུ་འགྱུར། །དངོས་སུ་ཡེ་ཤེས་ཀུན་ཁྱབ་ཅན། །ཟག་པ་མེད་པའི་རྩེ་མོར་འབྱིན། །ཡོན་ཏན་མ་ལུས་དུས་གཅིག་རྫོགས། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མཐུ་ཅན་མོས་པའི་རྗེས་བསྒྲུབ་ན། །ཡང་དག་དོན་ལ་ཇི་ལྷར་འཇུག་པར་བགྱི། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྣམ་རྟོག་གྲུབ་མཐས་མ་བསྒྱུར་པའི། །ཐ་མལ་དངོས་འཛིན་རྟོག་པ་ཅན། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། །འདོད་པའི་སྨོན་པས་རྗེས་བསྒྲུབ་ན། །དང་པོ་ཐུན་མོང་མཎྜལ་ལ། །སྦྱངས་དང་བསྲུང་པ་ལ་སོགས་པའི། །དྲག་པོའི་རྩོལ་བས་སེམས་སྟོབས་བསྒྱུར། །རང་རིག་སེམས་རྟོག་སྤོང་བྱེད་ན། །དེས་ན་བདེ་བ་ཆེན་པོ་ཡིན། །འདི་ནི་རིག་པའི་དུས་མཐའ་ཡིན། །རྒྱལ་བའི་སྲས་སུ་ངེས་པ་ཡིན། །བདེ་གཤེགས་ཉིད་དང་སྐལ་བ་མཉམ། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །རིག་པ་རྒྱ་མཚོ་ཀློང་ལྟར་ཟབ། །མངོན་དུ་འཇུག་པའི་སྟོབས་མེད་ཀྱང་། །རྩལ་ཆེན་རིག་པའི་ངང་ལ་རྫོགས་། །སེང་གེ་བྱ་རྒོད་སྟོབས་འགྲན་བཞིན། །རིག་པ་ཤར་ཀྱང་སྟོབས་མ་རྫོགས། །སེམས་རྒྱུད་རིག་པ་མ་གསལ་ཅིང་། །དངོས་པོ་ཀླུངས་སུ་མ་ཕེབས་པས། །རིག་པའི་རྩལ་ཆེན་མ་འབྱོངས་པའོ། །འདི་ལ་རིམ་པ་མེད་པ་སྟེ། །དང་པོ་དངོས་གཞི་དཀྱིལ་འཁོར་བསྟན། །ཀུན་རྫོགས་དཀྱིལ་འཁོར་ལུས་ལ་དགོད། །འཕྲུལ་གྱི་མན་ངག་རྣ་བར་གཞུག །སེམས་ལུང་སྒོམ་པའི་མན་ངག་བསྟན། །དེ་ནས་བླ་མ་རྡོ་རྗེ་ལ། །དངོས་དང་འདོད་པའི་ཏིང་འཛིན་གཏང་། །མོས་པའི་དོན་གྱིས་དབུལ་བར་བྱ། །མོས་དང་འདོད་པའི་བདེ་བ་སྐྱེད། །སྐལ་ལྡན་རིགས་ཀྱི་བུ་དེ་ནི། །དམ་པ་གཅིག་ལ་བརྟག་པར་བྱ། །འཇིག་རྟེན་ཁམས་ནི་མ་ལུས་ལས། །གསལ་བྱེད་ཀུན་ལ་བལྟས་གྱུར་ཀྱང་། །དེ་ནི་ནང་ནས་འགའ་འམ་གསུམ། །གདམས་ངག་བློ་ཡི་རིམ་པ་བཞིན། །དམ་པས་ལྷུན་གྲུབ་བདེ་ཆེན་བསྐྱེད། །དང་པོར་དུས་དང་བྲལ་བ་ནས། །མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན། །གཉིས་དང་ལྡན་པས་མཐར་ཕྱིན་འགྱུར། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །དེ་ནས་ཐབས་ཀྱི་རིམ་པ་བཞིན་གྱི་སྒོ་ནས་ལྷུག་པའི་དོན་བསྟན་པའོ། །དང་པོ་བཅུ་གཅིག་ཞག་གིས་དུས། །ནུས་པའི་ཚོགས་བསག་བར་ཆད་བསྲུང་། །རྡོ་རྗེ་གོ་བསྐོན་ལུས་བསྲུང་ངོ་། །འཕོ་བའི་དུས་མཚམས་ཉི་ཤུ་དྲུག །ཐུན་མཚམས་བརྒྱད་དུ་བསྒོམ་བྱ་བ། །དངོས་པོ་ཕྱི་ནང་ཐམས་ཅད་ལ། །བུ་དེས་ཇི་ལྟར་གཟུང་པ་རྣམས། །རྣམ་རྟོག་ཞེན་པའི་ཡུལ་དེ་ཉིད། །བརྟགས་པས་དེ་ཉིད་ངོས་གཟུང་བྱ། །དེ་བཞིན་ཐུན་མཚམས་བརྒྱད་ལ་ནི། །བཅུ་དྲུག་དག་ཏུ་རྣམ་ཕྱེ་སྟེ། །བདག་ཉིད་རྒྱན་དང་བཅས་པའི་ལུས། །གསལ་བའི་ཡུལ་ལ་བརྟག་བྱ་སྟེ། །མི་གཡོ་སེམས་དཔའ་ཐད་དུ་གཟུང་། །རྩེ་གཅིག་བརྟག་པའི་དངོས་པོ་དམིགས། །དེ་ནས་ཐུན་བྱེད་རྐྱང་པ་ལ། །སྟོང་པ་ནམ་མཁའི་འདུ་ཤེས་དངོས། །ཆད་པའི་སྙིང་པོ་ཉི་ཚེ་དེ། །བརྟག་ཅིང་དེ་ཉིད་ངོས་གཟུང་བྱ། །དེ་དག་རིམ་པའི་དོན་རྣམས་ནི། །ཐུན་མོང་བློ་ཡིས་ངོས་ཟིན་ནས། །རྡོ་རྗེ་མི་ལྡོག་གོ་བསྐོན་ཏེ། །བུ་ཁྱོད་རྨོངས་པའི་དྲི་མ་ཅན། །བསྐལ་པར་སྦྱོང་བའི་སྡུག་བསྔལ་ཉིད། །དིང་ནས་དེ་ཉིད་བདེ་བར་གནས། །གཅོང་རོང་འཁོར་བའི་མུན་པ་ཉིད། །དེ་ཉིད་ཡེ་ཤེས་སྒྲོན་མར་འབར། །སྙིགས་མའི་གནས་ངན་ཁམས་གསུམ་ཉིད། །རྒྱལ་བའི་ཞིང་ཁམས་བདེ་བར་བསྒྱུར། །ང་ཡི་ཚིག་འདི་བདུད་རྩིའི་བཅུད། །ཡེ་ཤེས་སྒྲོན་མའི་འོད་འབར་ཅན། །རིག་པའི་སྟེང་དུ་ནན་ཏན་བྱའོ། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།གུ་རུ་དང་ཤི་བའི་ཨུ་བེ་ཤ་རིམ་པ་ཡན་ལག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་སྐལ་ལྡན་རྣམས་ཀྱི་དོན་དུ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཀུན་བཟང་ཡེ་ཤེས་མཆོག །སྐལ་ལྡན་རྣམས་ཀྱི་མགོན་པོ་མཆོག །ཐུགས་རྗེ་ཆེན་པོ་འོད་ལྡན་པ། །ཐུགས་རྗེ་གསལ་སྣང་ཆུ་ཟླ་ལྟར། །གདུལ་བྱ་རྣམས་ལ་སྣང་བ་མཛོད། །འབྲུལ་གྱི་མེ་ལོང་འཁོར་ལོ་བསྐོར། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། །འཕྲུལ་གྱི་འོད་ལྡན་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་མོས་ལྡན་འདུས་པའི་ཚོགས། །བཀྲ་ཤིས་ཡན་ལག་རྒྱུ་ལྡན་པའི། །སེམས་དང་མཐུན་པའི་གནས་ཆེན་དེ། །རིན་ཆེན་གསལ་བྱེད་འབར་བ་དེ། །རྩི་བསྟན་ར་ཡིས་འོ་མས་བྱས། །སོ་ན་ཞུན་མའི་རྩི་བཏང་སྟེ། །བེ་དུར་སོ་མ་ཏ་ཡི་རྩིས། ཁ་བྱུགས་ཀ་བ་དག་པར་བྱ། །དན་ཤིང་དཀར་པོ་སོལ་པ་ཡིས། །བཞུ་བའི་དངུལ་ཆུ་ཞུན་མས་བྱུག །འཕར་མ་བདུན་གྱིས་ཚངས་པའི་ཞག །འཕྲུལ་གྱི་འོ་མ་གསལ་བྱེད་ཀྱིས། །རླངས་པས་མིག་ལ་བྱུགས་གྱུར་ནས། །ཙ་ཀྱུ་བཏེག་སྟེ་བལྟས་གྱུར་ན། །སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །གང་ཕྱོགས་གཟུགས་བརྙན་ལྟ་བུར་གསལ། །དེ་ནི་རིན་ཆེན་ཁྲི་ལྡན་སྒོ་བརྒྱད་ལྡན། །ཡིད་མཐུན་བྱུག་པ་ཀུན་གྱིས་བྱུག །རྩིབས་བརྒྱད་འཁོར་ལོ་གྲུ་བཞི་པ། །ལག་ན་རྡོ་རྗེས་བྱིན་བརླབས་པས། །རྩིབས་བརྒྱད་འཁོར་ལོ་གྲུ་བཞིར་བྱ། །ལས་རྣམས་སྒོ་ཕྱེ་ཐོབ་པར་བྱེད། །དང་པོ་སེམས་སྐྱེད་འཇུག་གི་བར། །ལུས་སུ་བསྟན་པར་མ་རེད་ལ། །ལག་ན་རྡོ་རྗེས་བྱིན་བརླབས་པའི། །བསྲུང་དང་བཀྲད་པའི་རིག་པ་གདབ། །ལོངས་སྤྱོད་ཀུན་ལའང་སྦྱོར་བས་གདབ། །ཨོ་བཛྲ་ཡཀྟ་ཀྲོ་དྷ་ཛ་ལ་ཧ་ལ་ཧ་ལ་ཧུ༷་ཕཊ། ཨོ་བཛྲ་ཙ་ཀྲ་རཀྟ་རཀྟ་མུ་ལ་ཙུ་ལ་རཀྟ་རཀྟ་ཧུ༷་ཧུ༷་ཧུ༷། དེ་ནས་མཐར་ཕྱིན་ཐུན་མཚམས་ནི། །ཉི་ཤུ་རྩ་བཞི་འམ་བཅུ་བཞི་ལ། །འཇུག་ཅིང་ཞུགས་པའི་ཡོན་ཏན་དེ། །མཐོ་བའི་ལམ་དང་ལྡན་པར་བྱ། །ཕྱི་རོལ་ནང་དུ་གནས་པ་ཡི། །དོན་རྣམས་མ་ལུས་ལྡན་པར་བྱ། །ཐམས་ཅད་སྤངས་པའི་གཞི་མེད་དེ། །དེ་ཉིད་དོན་དེ་ཡིན་ཕྱིར་རོ། །ཕྱི་རོལ་ཡུལ་ལ་སོགས་པ་ཡི། །གཉིས་པའི་དངོས་པོ་མི་དམིགས་ཏེ། །ཐམས་ཅད་སེམས་ཉིད་ཁོ་ན་སྟེ། །དེ་ཡང་དངོས་གྲུབ་ཡོད་མ་ཡིན། །དང་པོར་གཉིས་པ་མེད་པས་ན། །དེ་ནི་གཉིས་མེད་བརྟགས་པ་ཡིན། །གཉིས་པ་གཉིས་ཀ་མེད་པས་ན། །གཉིས་མེད་དྲང་བའི་དག་པ་ཡིན། །གསུམ་པ་ཀུན་མེད་ཐམས་ཅད་ལྡན། །བདེ་ཆེན་ཡེ་ཤེས་རང་རིག་ལ། །འདོད་པ་ཀུན་སྤངས་ཆགས་ཆེན་པོ། །ཡེ་ཤེས་ཀུན་གྲུབ་བདེ་བའི་ཀློང་། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །དེ་ནི་གཅིག་མེད་ཀུན་རྫོགས་པའོ། །དེ་ནི་རྣམ་པ་བདེ་བསྒྲུབ་ན། །ཡུལ་གྱི་རྣམ་པ་སེམས་ཉིད་དེ། །དེ་ཉིད་དེ་ལ་་སལ་་བ་དང་། །དེ་མ་གྲུབ་པར་དེ་རྟོགས་པས། །དེ་ཉིད་དེ་ཡི་རང་བཞིན་ཏེ། །དེ་རིག་དེ་སྣང་དེ་ཁོ་ནའོ། །ཉི་མའམ་རིན་ཆེན་འབར་བ་བཞིན། །འོད་དང་ངོ་བོ་དེ་ཉིད་ལས། །ཡུལ་དང་གཞན་གྱིས་བྱས་པ་ཡིན། །རིག་པའི་ཡེ་ཤེས་སྐུར་གསལ་བ། །སེམས་ཉིད་དྲི་མ་མེད་པ་ལ། །ནམ་མཁའི་ཁམས་དང་སྦྱོར་བའི་སེམས། །འཛིན་པའི་རླུད་དང་དེ་ཉིད་རླུད་། །ལས་རླུད་རྟེན་པ་ཕྲད་པ་ཡིས། །དེ་ནས་དེ་བཞིན་དེ་ལྟར་སྣང་། །སྣང་ཡང་དོར་བ་མེད་པ་ཡི། །གཉིས་མེད་བདེ་བའི་ཡེ་ཤེས་ཏེ། །རང་བྱུང་ཡེ་ཤེས་རྩ་མེད་པས། །བདེ་བ་ཆེན་པོའི་ངང་དུ་འཆར། །ལུས་དང་བྲལ་བའི་ཡེ་ཤེས་ནི། །དུས་གསུམ་མཐར་ག་ས་འབྱུང་མི་འགྱུར། །དེ་བྲལ་དེ་ཉིད་མི་སྲིད་དེ། །ངོ་བོ་གཅིག་ལ་མཉམ་རྫོགས་ཡིན། །འདུ་འབྲལ་མེད་པའི་ཡེ་ཤེས་ནི། །རྒྱུ་དང་བྲལ་བའི་རང་བཞིན་འབྱུང་། །མཚན་ཉིད་བྲལ་བའི་མཚན་གཞི་ཅན། །འདི་ནི་སྲིད་པར་མི་རུང་སྟེ། །བདག་ལས་ཡོན་ཏན་རྫོགས་པ་དང་། །མེ་དང་ཚ་བ་བྲལ་བ་བཞིན། །མངོན་སུམ་བདེ་བ་ཆེན་པོར་གསལ། །བདེ་ཆེན་བདེ་བས་རྒྱས་གྱུར་ན། །ཡུལ་དུ་སྣང་དང་ཐིག་ལེ་ཡིན། །ཐིག་ལེ་འམ་བདེ་བ་མ་རྒྱས་པའི། །རིག་པར་སྣང་ཡང་རྟོག་པ་སྟེ། །ཡུལ་དང་བྲལ་ཡང་རྟོགས་འགགས་ཡིན། །ཡུལ་གྱི་མཚན་ཉིད་བསྟན་པར་བྱ། །རྟོག་མེད་ངང་ལ་ཤར་བའི་ངང་། །ཚིག་གི་སྒྲོ་བཏགས་ཐ་སྙད་ཡིན། །བསྟན་བྱ་རྟོགས་པ་ལས་གྲོལ་བའི། །ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན། །ཡུལ་འཛིན་རྟོག་པ་དག་བྱེད་པའི། །ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན། །མ་བཅོས་ངང་གིས་དག་བྱེད་པའི། །མ་བཅོས་ངང་གིས་དག་བྱེད་གསལ། །དེ་ཉིད་རྟོག་པ་རྣམ་སྤངས་ཏེ། །སེམས་ཉིད་གསལ་བས་ཡུལ་དང་བྲལ། །མངོན་སུམ་གསལ་བས་ལོག་རྟོག་བྲལ། །དེ་ཉིད་མཐོང་བས་ཐེ་ཚོམ་མེད། །རྒྱུ་བ་མེད་པས་ཀླུངས་སུ་ཐེབས། །ངང་གིས་གསལ་བས་རྟོག་སྒྲིབ་མེད། །གང་ཡང་ཡིན་པས་གོལ་ས་མེད། །རྣམ་དག་སེམས་ཀྱི་ཡེ་ཤེས་ཡུལ། །བདེ་བར་ཤར་བའི་ཡེ་ཤེས་ཡིན། །རྩོལ་བ་མེད་པས་རང་བྱུང་ཡིན། །དེ་ནི་ཡུལ་བྲལ་ཡེ་ཤེས་སོ། །རང་བྱུང་ཡེ་ཤེས་ཀུན་གྱི་བདག །ལུས་བཅུ་རྫོགས་པའི་ཐིག་ལེ་ཅན། །རང་ཡུལ་རྟོགས་པའི་ཡེ་ཤེས་ཏེ། །དེ་བཞིན་ཡེ་ཤེས་བདག་གཞི་ཅན། ཁུ།་རྐྱེན་བྲལ་བའི་དངོས་གྲུབ་མེད། །ཆོས་ཀུན་ནམ་མཁའི་རང་བཞིན་ཅན། །ལུས་དང་བྲེལ་བས་ཡན་ལག་མེད། །དངོས་གཞི་བྲལ་བས་གདགས་དང་བྲལ། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །རྟོག་པའི་ལས་རླུད་ཡེ་ཤེས་རྒྱས། །རྟེན་ཅན་ཤཱར་བའི་ཡེ་ཤེས་རླུང་། །དེ་ཉིད་དེ་ལྡན་དེ་གྲུབ་སྟེ། །གཡོ་བ་མེད་པས་ཀུན་ཁྱབ་ཅན། །ཤར་བ་མེད་པས་ཀུན་ཏུ་གསལ། །འདི་ནི་རྨི་ལམ་ཤེས་པ་བཞིན། ཁུ་བཞི་བྲལ་བའི་རང་རིག་སྟེ། །སྒྱུ་མ་རྩལ་འཛིན་ཐབས་སུ་འཕྲོ། །རིག་པའི་ངང་ལས་བདེ་བར་འཁྱིལ། །སྤྲོས་པ་མ་བཀག་ཐིག་ལེར་བསྡུས། །མ་བཅོས་ངང་ལ་ཤར་བ་ཡི། །མ་སྐྱེས་སེམས་ཀྱི་ཐིག་ལེ་ལ། །རྩོལ་སྒྲུབ་བྲལ་བའི་ཏིང་འཛིན་གསལ། །བྱ་བ་བྱེད་པའི་དོན་ཀུན་རྫོགས། ཁུ་འབྲས་རྡོ་རྗེ་ངང་ལས་བགྲུངས། །ཐམས་ཅད་རང་སེམས་ངོ་བོའི་ཕྱིར། །འཛིན་རྟོག་སྤྲོས་པ་ཐམས་ཅད་ཞི། །རྩོལ་བྱེད་རིག་པའི་ངང་ལ་གྲུབ། །རྩོལ་སྒྲུབ་བྲལ་བའི་ལམ་མཆོག་ཡིན། །དགྱེས་ཆེན་བསྡུས་པའི་ཐིག་ལེ་ཡིན། ཁུད་དྲུག་རྟོགས་པ་ཐམས་ཅད་དང་། །མྱ་ངན་འདས་པ་རྒྱལ་བའི་ཐུགས། །མ་ལུས་བདེ་ཆེན་རིག་པའི་ངང་། །ཇི་བཞིན་མ་བཅོས་ངང་དུ་གསལ། །ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །གཅིག་འདུས་མ་ལུས་ཀུན་གྱི་བདག །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་བྲལ་བའི་རང་རིག་ཉིད། །རྩོལ་དང་བྲལ་བས་རྒྱུན་མི་འཆད། །རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་བཞིན་གསལ། །གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན། །བྱེད་རྩོལ་ཐམས་ཅད་མ་སྤངས་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སེམས་ཀྱི་རིམ་པ་མ་ལུས་འདུས། །བསྒྲུབ་པའིལམམཆོགཀུནགྱིབདག །འདོད་པའི་འབྲས་བུ་ཀུན་དངོས་ཅན། །རྩོལ་སྒྲུབ་བླང་དོར་རྒྱུ་འབྲས་དང་། །ལུས་ཅན་མ་ལུས་ཐམས་ཅད་འདུས། །འདོད་རྩོལ་བྱེད་བསྒྲུབ་རྒྱུ་རྐྱེན་བྲལ། །རྫོགས་ཆེན་རིན་ཆེན་གཏེར་གྱི་དངོས། །དོན་གཅིག་རྣམ་པ་ཀུན་གྱི་བདག །བགྲོད་མེད་རྣམ་གྲོལ་ལྷུན་གྲུབ་ལམ། །ཀུན་རྫོགས་ཇི་བཞིན་འབྲས་བུ་མཆོག །རྒྱུ་འབྲས་དབྱེར་མེད་ཐིག་ལེའི་ངང་། །བྱ་མེད་ལྷུན་རྫོགས་སེམས་ཀྱི་གཏེར། །དཔེ་བྱད་མཚན་ཆེན་མཚན་རྫོགས་ཏེ། །མཚོན་པའི་ཕྱག་རྒྱ་དྲི་མ་མེད། །དྲན་རྟོག་མི་འགྱུར་གསལ་བའི་ཐུགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན། །འདོད་སོགས་ཏིང་འཛིན་བདེ་བའི་རོ། །ཡན་ལག་ཏིང་འཛིན་སྟོང་དང་བཅས། །མི་རྟོག་བདེ་བ་གཅིག་ཏུ་འཁྱིལ། །མ་ལུས་ཀུན་གྲུབ་བདེ་བ་ཅན། །མི་རྟོག་ཡེ་ཤེས་བདེ་བའི་ཐུགས། །དཔག་མེད་ཏིང་འཛིན་འབུམ་ཕྲག་སྒོ། །སྐལ་ལྡན་དང་པོ་ཉིད་ནས་རྫོགས། ཁུད་དྲུག་འགྲོ་བ་མ་ལུས་པའི། །ལུས་སྣང་རྣམ་པ་ཇི་སྙེད་པའི། །གཟུགས་སྣང་རག་པས་བསྡུས་པ་ཀུན། །ཐམས་ཅད་འཁྱིལ་བའི་ཡེ་ཤེས་སྐུ། །ཚད་ལས་འདས་པའི་སྐུ་རྫོགས་ཏེ། །མ་ལུས་འདུས་པའི་བརྒྱན་མངའ་བ། །མ་ལུས་འདུས་པའི་སྐུ་ཡི་བབ། །གྲག་སྟོང་འཛིན་པ་ཆགས་བྲལ་གསུང་། ཁུད་དྲུག་སྒྲ་སྐད་ལ་སོགས་ཏེ། །རབ་འབྲིང་ཡི་གེ་བརྗོད་པ་རྣམས། །མ་ལུས་སྐྱེ་མེད་རྡོ་རྗེ་གསུང་། །རྨད་བྱུང་ལྷུན་གྲུབ་གསུང་དབྱངས་ཉིད། །མི་རྟོག་བརྡ་འབྱལ་ཐམས་ཅད་གོ །ཐམས་ཅད་བསྟན་པའི་རིག་པའི་སྒོ། །ཀུན་གྲུབ་བདེ་ཆེན་ཚངས་པའི་གསུང་། །ཐམས་ཅད་རྫོགས་པའི་བདེ་ཆེན་པོ། །རང་བྱུང་ལྷུན་གྲུབ་རྡོ་རྗེ་སྟེ། །རྡོ་རྗེ་གསུང་འདུས་ཀུན་གྱི་དངོས། །འདུས་པ་ཐིག་ལེ་དགུ་ཡི་བདག །སྙིང་པོ་ལྔ་འདུས་རྡོ་རྗེའི་རྒྱལ། །བདེ་ཆེན་དྲུག་བསྡུས་རིག་པའི་རྒྱ། །ཀུན་གྲོལ་བདེ་བའི་ལམ་ལ་གཟུང་། །ལུང་གསུམ་བརྒྱུད་པའི་བདེ་ཆེན་འདི། །ལྔ་དང་རྒྱུ་བདག་གསུམ་གྱི་མདོ། །མ་ལུས་གཞིར་གྱུར་དངོས་མེད་པ། །བརྗོད་གཞི་ཐ་སྙད་ཀུན་བདག་ཉིད། །ཡི་གེ་རྣམ་རྟོག་རྒྱུ་བ་བྲལ། །ནམ་མཁའ་དངོས་པོ་སྟོང་པ་བཞིན། །བྲལ་དང་མ་ལུས་སེམས་ཀྱི་གཏེར། །འདོད་ཡོན་ལོངས་སྤྱོད་རྒྱལ་བའི་ཡུམ། །དེ་ཉིད་ལོངས་སྤྱོད་གཏེར་གྱི་བཅ། །བདེ་བའི་ལོངས་སྤྱོད་རང་རིག་མཆོག །ཞིང་ཁམས་གཞལ་ཡས་བདེ་བའི་གནས། །གསང་བའི་གསང་ཆེན་གསང་བ་བདག །རྒྱུ་དང་བྲལ་བའི་དངོས་གཞི་ཅན། །ངོ་མཚར་རྨད་བྱུང་དེ་ཉིད་བཅུད། །མ་ལུས་འདུས་པའི་རིན་པོ་ཆེ། །བརྗོད་བྱ་མ་ལུས་ཀུན་འདུས་པ། །རྒྱལ་བའི་བསྟན་པ་ཀུན་གྱི་གཙོ། །ཐུགས་ཀྱི་བཅུད་འདུས་དེ་ཉིད་ལམ། །སྤྱོད་ཡུལ་བྲལ་བའི་རང་རིག་ཉིད། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །དངོས་གཞི་བྲལ་བའི་ཡེ་ཤེས་ཉིད། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཡུམ། །མ་ལུས་འཕྲོས་པ་ཀུན་གྱི་རྒྱུད། །ཟག་པ་ཟད་པས་འདུས་མ་བྱས། །བསྟན་པ་ཀུན་འདུས་ཐིག་ལེ་བཅུད། །རིག་པའི་ངང་གསལ་ཡེ་ཤེསསྒྲོན། །འཕེལ་འགྲིབ་མེད་པས་ནམ་མཁའི་དབྱིངས། །སྡུག་བསྔལ་དག་པས་བདེ་ཀློང་འཁྱིལ། །སྦྱང་དུ་མེད་པས་སྒྲུབ་དང་བྲལ། །རེ་བ་མེད་པས་དགོངས་བ་བཅོམ། ཁྲེས་རྒྱུད་བཅད་པས་ཡུལ་དང་བྲལ། །བརྐམ་ཆགས་ལྔ་བྲལ་རང་བྱུང་བས། །འཁོར་བ་རྣམ་རྟོག་ཡེ་ཤེས་ཀློང་། །བྱེད་རྩོལ་ཏིང་འཛིན་མ་སྤངས་པས། །འབྲས་བུ་གཞན་དོན་ཡུལ་དང་བྲལ། །དགེ་དང་མི་དགེ་རྣམ་རྟོག་སྤངས། །མཉམ་རྫོགས་ཆེན་པོ་ཐིག་ལེ་བས། །གཙང་དང་སྨེ་བའི་རྟོག་པ་བོར། །ཐམས་ཅད་མ་ལུས་ཡེ་ཤེས་གསལ། །སྦྱོད་པ་རྣམ་དག་རྟོག་མེད་པས། །ཇི་ལྟར་འདོད་དགུ་བདེ་བར་སྤྱོད། །མི་རྟོག་བདེ་ཆེན་ཤར་བ་ཉིད། །དེ་ཉིད་སྤྱོད་པའི་རྒྱ་མཚོ་སྟེ། །ལུས་ངག་གཙོ་རུ་སྤྱོད་བྱེད་པ། །དེ་ཡང་སྤྱོད་ཉིད་སྤྱོད་པ་མིན། །རང་བྱུང་ལྷུན་གྲུབ་བདེ་ཆེན་ལ། །ཡན་ལག་ཀུན་རྫོགས་ཁྱད་པར་ཆེ། །མི་དམིགས་སྒྱུ་མའི་བདེ་མཆོག་ནི། །ག་་མར་གསལ་ན་ལྟ་བ་ཡིན། །གདེང་དུ་ཕེབས་ན་སྒོམ་པའི་མཆོག །སྙིང་པོར་ཆུབ་ན་དཀྱིལ་འཁོར་ཡིན། །རང་ལ་རྫོགས་ན་དབང་བསྐུར་ཡིན། །དེ་ཉིད་ཉམས་ལེན་སྤྱོད་པའི་མཆོག །བདེ་མཆོག་མི་གཡོ་འབར་བའི་ཀླུངས། །མི་རྟོག་བདེ་བའི་ཀློང་གྱུར་པ། །དེ་ནི་བསྒྲུབ་པའི་དངོས་གྲུབ་མཆོག །མི་འདའ་བ་ཡི་དམ་ཚིག་སྟེ། །ཕྱག་རྒྱ་སྒྲུབ་པའི་ལུང་ཆེན་ཡིན། །མ་ལུས་ཞིང་དུ་ཞུགས་གྱུར་པས། །བདེ་བ་ཆེན་པོའི་མཆོད་པ་ཡིན། །ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏོ། །བླང་དོར་མོས་འདོད་རྩོལ་དཀའ་བའི། །མཐར་ཕྱིན་ཆེ་བའི་འབྲས་འདོད་པ། །རྨོངས་པ་རྨུ་རྒོད་ནམ་མཁའ་ལ། །གསེར་གྱི་ཐེམ་སྐས་ཚོལ་དང་འདྲ། །སྡུག་བསྔལ་ལས་གྲོལ་འདོད་སེམས་ཀྱིས། །བླང་དོར་སྡུག་བསྔལ་བྱེད་རྩོལ་བ། །འདོད་པའི་ལོག་རྟོག་སྤྱི་འགྲེལ་རྡེག །མུ་ལ་ཧྲ་ཡི་དོན་དང་མཚུངས། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རང་ལ་རྫོགས་པ་ཨ་བེ་ཤེ་ཀའི་གདམས་ངག་བཅས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དེ་ལ་འབྲུ་གསུམ་དབང་གི་མན་ངབ་དུས་མཐའ་ཉིད་ཀྱིས་རྫོགས་པའི་ས་ལ་ཆུབ་པ་འདི་ཞུས་པར་དགོངས་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མཧོ་རྒྱལ་བ་རྣམས་ཀྱི་སྐུ། །འགྲོ་བ་རྣམས་ཀྱི་སྤྱི་དཔལ་མགོན། །ཐུགས་རྗེ་བྱིན་རླབས་རྨད་པོ་ཆེ། །ཡི་གེ་མེད་པའི་འབྲུ་གསུམ་མཆོག །ཡོན་ཏན་མ་ལུས་རང་ཤར་བ། །གདུལ་བྱ་རྣམས་ལ་གསལ་བར་སྟོན། །ཅེས་གླེངས་སོ། །དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །སྐལ་ལྡན་འདུས་པའི་འཁོར་ཚོགས་རྣམས། །ཉོན་ཅིག་དད་པའི་སེམས་ཀྱིས་འཐུད། །གཞན་ལས་མ་ཡིན་རང་ལ་རྫོགས། །ཐོབ་མེད་མ་ལུས་མངོན་དུ་ཐོབ། །མི་འགྱུར་རྡོ་རྗེ་ཚངས་པའི་དབང་། །ཀུན་རྫོབ་བདེ་བ་ཆེན་པོར་ཐིམ། །གསལ་བས་མངོན་དུ་ཤར་བར་གྱིས། །ཞེས་གསུངས་སོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ལ་བརྣག་པའི་མན་ངག་བཅ། །ཐམས་ཅད་བསྟན་པར་རང་ལ་རྫོགས། །ཡོན་ཏན་ཀུན་གྱི་མཆོག་ཏུ་ཤར། །ལྷུན་གྲུབ་བདེ་ཆེན་མི་རྟོག་པ། །མ་བཅོས་དེ་ཉིད་བདེ་བའི་ཀློང་། །ལྷུན་གྲུབ་རང་བྱུང་ཀློང་དུ་ཤར། །རང་བྱུང་ཡེ་ཤེས་མཁའ་ཁྱབ་པ། །མ་འགགས་རིག་པའི་མཁའ་ལ་རྫོགས། །རང་བྱུང་རིག་པའི་བདེ་ཆེན་ལ། །ཡོན་ཏན་ལྷུན་གྲུབ་རྫོགས་པའི་ཀློང་། །སྤྲོས་མེད་ཐིག་ལེ་ཆེན་པོར་ཤར། །རང་རིག་རྣམ་པ་ཡེ་ཤེས་སྐུ། །བདེ་ཆེན་མངོན་དུ་གསལ་བ་ཉིད། །རྟོག་མེད་ཡེ་ཤེས་རོལ་བ་སྟེ། །རྣམ་དག་ཡེ་ཤེས་སྒྱུ་མའི་ཀློང་། །རང་རིག་ཡེ་ཤེས་སྒྱུ་མའི་ངང་། །རང་བྱུང་སྒྱུ་མར་མངོན་དུ་གསལ། །ལྷུན་གྲུབ་སྒྱུ་མ་མ་བཅོས་པ། །བདེ་ཆེན་སྒྱུ་མ་རང་རིག་གསལ། །རང་སེམས་ལྷུན་གྲུབ་རིན་པོ་ཆེ། །རང་རིག་མཁའ་ཁྱབ་རྡོ་རྗེ་སྐུ། སྒྱུ་མའི་ཡེ་ཤེས་སྤྲུལ་པའི་ཚུལ། །གསལ་བྱེད་ཁམས་གསུམ་གཟུགས་བརྙན་འཆར། །ཨོ་ཨུ་ཧུ༷་མ་ཧྭ་ཀྟ་ཨ་ཏི་ཨ་ཧི་ཤེ་ཨེ། འབྲུ་གསུམ་ལྡན་པའི་སྔགས་དང་བཅས། །རྡོ་རྗེ་རིན་ཆེན་སྤུབས་སུ་གཞུག །བར་ཆོད་རླུད་དང་ལྡན་པར་བྱ། །བཅོ་ལྔ་ཐོ་རངས་དུས་སུ་བསྟན། །འཕྲུལ་ཚིག་རིག་པའི་ངང་གིས་བསྡེབས། །བརྡ་དོན་བྲལ་བའི་རྒྱལབུབཞིན། །ནོརབུའི་ས་ནས་བརྡ་བཀྲོལ་ཏེ། །འཁོར་ལོ་བཞི་ལ་དབང་བྱེད་ཅིང་། །སྟོབས་རྒྱུད་མཐུ་ཡིས་བདག་པོར་བསྐུར། །དེ་བཞིན་དང་ལྡན་རིགས་ཀྱི་བུ། །རང་སྣང་བརྡ་དོན་གྲོལ་ཐོབ་ནས། །རང་གི་མཚན་ཉིད་མ་བཅོས་པ། །སྔོན་དུ་བསྟན་པའི་མན་ངག་སྦྱིན། ཁམས་གསུམ་མངོན་དུ་བསླང་བ་ཡི། །སྒྱུ་མའི་ཡེ་ཤེས་ལྷུན་གྲུབ་པ། །ཡེ་ཤེས་མན་ངག་བསྟན་བྱ་ཞིང་། །ཆགས་མེད་ཡེ་ཤེས་ཀློང་དུ་གཞུག །ཐབས་ཀྱི་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་དུས་གསུམ་ལྷུན་གྱི་གྲུབ། །སྒྱུ་མ་ཆུ་ཟླ་བདེ་བའི་ཀློང་། །མི་རྟོག་ཐབས་ཀྱི་ཡེ་ཤེས་འདི། །རང་བྱུང་མ་བཅོས་ཇི་བཞིན་ལ། །རྣམ་པའི་ཡེ་ཤེས་ཐབས་ཀྱིས་རོལ། །རྒྱལ་བའི་དགོངས་པ་ཀློང་བརྡལ་བ། །རྣམ་པའི་ཡེ་ཤེས་བདེ་ཆེན་འདི། །མངོན་དུ་སྣང་ལ་ཐོབ་པ་མེད། །རང་ལ་རྫོགས་པ་གྲུབ་པ་མེད། །འདི་དང་བྲལ་ན་རྟོག་པའི་བདག །མཚན་མའི་མདུད་པ་གྲོལ་མི་འགྱུར། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། འབྲུ་གསུམ་དབང་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འདུས་པའི་འཁོར་ཚོགས་ལ་བརྡ་དོན་སྤྲད་བའི་མན་ངག་འདི་གསུངས་སོ། །སྐལ་ལྡན་མོས་པའི་རྣལ་འབྱོར་པ། དྲི་མ་བྲལ་རུང་མ་བྲལ་རུང་ཐམས་ཅད་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོར་ཤར་ཀྱང་ཐམས་ཅད་ཀྱི་ངོ་བོ་ཤེས་པ་ནི་མ་ཡིན་ནོ། །དེས་དེ་ལས་བྱུང་བ་ཐམས་ཅད་ཤེས་པར་རུང་ལ། དེས་དེ་ཉིད་མཚོན་པར་ཡང་རུང་ལ། དེ་ཉིད་ནི་དེ་ཁོ་ནའོ་ཞེས་བསྟན་པར་ནི་མ་ཡིན་ནོ། །འབྲལ་བ་མེད་པ་ནི་ངོ་བོར་མ་གྲུབ་ལ། མཐོང་བ་དེ་ཉིད་སྒྲ་ཅིར་ཡང་འབྱུང་ཞིང་གང་ཡང་མ་བྲལ་བ་སྟེ། སེམས་དཔའ་ཆེན་པོ་འདི་ལྟ་སྟེ། །གཟུགས་བརྙན་གང་ཡིན་པ་དེ་ནི་དོན་གྱི་དངོས་གཞིའོ། །དངོས་གཞི་གང་ཡིན་པ་དེ་ནི་གཟུགས་བརྙན་ནོ། །གོང་དུ་བརྟན་པ་གཉིས་ནི་གསང་བ་དམ་པའི་དབྱིངས་སོ། །གསང་བ་དམ་པ་གང་ཡིན་པ་དེ་ནི་གོང་གཉིས་སོ། །འོན་ཏང་ནི་གསང་བ་དམ་པ་ནི་རྒྱ་མཚོ་འདྲ་ལ། བྱིན་གྱིས་བརླབས་ལས་བྱུང་བ་ཐམས་ཅད་ནི་རླབས་དང་འདྲ་སྟེ། །འདི་གཉིས་ལ་གཉིས་སུ་མེད་པ། །གཉིས་ཀྱི་མཐའ་ལས་གྲོལ་བ། ཡོངས་སུ་མི་འགྱུར་བར་གཟིགས་པ་སྟེ། དེ་ཁོ་ན་ཉིད་མི་འབྲལ་བའོ། །དེ་བཞིན་དུ་བཅིངས་ཀྱང་འགྱུར་མི་བྱེད་པ་དང་། །ཡོང་མེད་ཐམས་ཅད་མཉམ་པ་ཉིད་དང་། རང་གི་ངོ་བོ་མི་འགྱུར་བ་ཉིད་དང་། །མ་གྲུབ་ན་ནམ་མཁའི་རང་བཞིན་བརྟགས་པ་མིང་འབྲེལ་བའི་ཚིག་དཔེས་མཚོན་པའི་དོན། །དངོས་གསང་སྔགས་ཀྱི་དབྱེ་བ་མེད་པའོ། །འོན་ཏང་ན་གཟུགས་བརྙན་གྱིས་རང་བཞིན་པས། མི་དམིགས་པའི་དབྱིངས་ལ་དངོས་གཞིའི་རང་བཞིན་ལ་ཡང་མི་དམིགས་པའི་དམིགས་ཁོ་ན་བས་བྲལ་བ་མེད་པའི་གཟུངས་སོ། །དམིགས་པའི་དབྱིངས་ནི་ཐམས་ཅད་བསྐྱེད་ཅིང་དེའི་རང་བཞིན་དེ་ཡིན་པས་ན་སོ་སོ་མ་ཡིན་པའི་བྲལ་བ་མེད་པའོ། །སེམས་དཔའ་ཆེན་པོ་གཟུགས་བརྙན་འདའ་བ་མེད་པ་ནི། གང་དེ་ལས་མི་གཡོ་བ་སྟེ་དམ་ཚིག་གོ །ཅིར་ཡང་སྣང་ཡང་དངོས་གཞི་དེ་ལས་མི་འགྱུར་མི་འདའ་བ་སྟེ། །དེ་ལྟར་འབྱུང་འཇུག་མེད་པས་ཕྱི་ནང་མེད་པ། སྒོ་ཕུགས་མེད་པ་འདུ་འབྲལ་མེད་པས་མི་འདའ་བའོ། །སེམས་དཔའ་ཆེན་པོ་མཚོན་ན་རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དགོངས་པ་དམ་པ་ཡིན་ནོ། །དེའི་གཟུགས་བརྙན་ནི་བླུན་པོ་གང་ཞིག་གི་མདུན་དུ་བཞག་ན། བླུན་པོ་དེ་ཇི་སྙམ་དུ་སེམས། སྨྲས་པ། ཨེ་མ་ཧོ། དེ་ནི་འདི་ལྷར་རྡོ་རྗེ་སེམས་དཔའ་ཉིད་མ་ཡིན། དེ་འདི་ལྟར་འདྲ་བ་འབའ་ཞིག་གོ །བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་བས་ན་གང་དམ་པ་དག་གིས་བལྟས་ན་མི་དམིགས་པའི་དབྱིངས་ན་རྡོ་རྗེ་སེམས་དཔའ་དང་དེའི་གཟུགས་བརྙན་གཉིས་གནས་གཞན་དང་གཞན་ཡོད་པ་དེ་སོ་སོ་ན་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །དེ་ཉིད་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ་ཡེ་ཤེས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཐ་དད་པ་ཡིན་ན་མི་དམིགས་པས་འབྲས་བུ་སྐྱེ་བར་མི་རིགས་སོ། །སེམས་དཔའ་རྡོ་རྗེ་ལེགས་སོ། །དེ་དག་ལ་ཆོས་མ་བཅོས་པ་འདི་སྐད་གསུངས་སོ། །མ་ཤེས་པའི་དབང་དུ་གཟུགས་བརྙན་དང་དེས་མཚོན་པའི་དོན་ཞེས་གཉིས་སུ་བརྗོད་ཅིང་སྣང་བར་ཟད་ཀྱི། །དེ་ཁོ་ན་ཉིད་ལ་ཁྱད་པར་གང་ཡང་མེད་དོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ། ཆོས་རྣམས་མ་ལུས་བརྗོད་པ་དང་། །མཚོན་པའི་ཐ་སྙད་ཅི་ཞིག་བགྱི། །བཀའ་སྩལ་པ། དེ་ནི་གང་གིས་དགོངས་པ་གསལ་ཏོ། །སེམས་དཔའ་ཆེན་པོས་འདི་སྐད་ཅེས་གླེངས་སོ། །འོ་ན་བློ་ཆེ་བ་རྣམས་ཀྱིས་བྱང་ཆུབ་སྤྱོད་པ་བསྒྲུབ་ཅིང་ལེགས་པར་བསྒྲུབས་ཏེ་ཅི་ཞིག་བྱ། སྟོན་པས་བཀའ་སྩལ་པ། འོན་ཀྱང་དེ་ལྟ་མོད་ཀྱི། གང་མཚན་མ་ལ་ཞེན་པ་རྣམས་ཁྲིད་པའི་ཕྱིར་དང་། གང་བློ་ཆེ་ཡང་ཚོགས་ཆུང་ངུ་ན་ཐབས་རླབས་པོ་ཆེས་དོན་ཆེན་པོར་བྱ་བ་དང་། འབྲས་བུ་ཡེ་ནས་བྱས་ཟིན་པའི་ཉམས་རྙེད་པར་བྱ་བའི་ཕྱིར་རོ། །སེམས་དཔའ་ཆེན་པོ་དེ་ཁོ་ན་ཉིད་ལས་རྨད་དུ་བྱུང་བའི་ཆོ་འཕྲུལ་རྣམས་སྣང་བ་ཡིན་ཏེ། ཡིད་བཞིན་ནོར་བུ་རིན་པོ་ཆེ་འམ་སྤྱིན་ལྟ་བུ་ཅིར་ཡང་མེད་པ་ལས་ཅིར་ཡང་སྣང་ཞིང་། །གང་ཆུང་ངུ་ན་ལས་མང་པོ་སེམས་ཀྱིས་འཐུད། ང་ཡི་ཚིག་འདི་བདུད་རྩི་སྟེ། །བརྡ་གསུམ་བསྟན་པ་ང་ཡི་ཚིག །ཆོས་སྐུ་ལོངས་སྦྱོད་རྫོགས་པ་དང་། །དེ་བཞིན་སྤྲུལ་སྐུ་གསུམ་གྱི་བརྡ། །ཆོས་སྐུ་སྐྱེ་མེད་ཡེ་ནས་དག །ངོ་བོ་ཉིད་ཀྱིས་བརྡ་སྤྲོད་པའོ། །ལོངས་སྦྱོད་རྫོགས་པའི་གནས་རྣམས་ནི། །གནས་རབ་དག་པ་གཞལ་མེད་ཁང་། །སྣ་ཛོགས་རྒྱན་དང་བཅས་པ་ཡི། །དྲི་མ་རྣམས་སྤངས་མ་འདྲེས་གསལ། །དག་པའི་ཞིང་དུ་སྨིན་པའི་འཁོར། །ལུས་དང་ཏིང་འཛིན་བརྡ་ཡིས་སྟོན། །ཐུགས་རྗེ་གཟུང་པའི་ཏིང་ངེ་འཛིན། །མཚན་མས་བསྐུལ་བའི་ཏིང་ངེ་འཛིན། །དགོངས་པ་ཀློང་བའི་ཏིང་ངེ་འཛིན། །ལ་སོགས་གདུལ་བྱ་བློ་ཡི་རིམ། །དེ་ཡིས་དོན་དེ་བརྡ་སྤྲད་པའོ། །སྐུ་ཡི་བརྡ་ཡི་རིམ་པ་ནི། །དག་པའི་འཁོར་རྣམས་སྨིན་པ་ལ། །ཕྱག་བརྐྱང་བ་དང་བསྐུམ་པ་དང་། །ཕྱར་དང་བསྒྱུར་བ་ལ་སོགས་རིམ། །གདུལ་བྱའི་བློ་བརྡ་ཡིས་སྤྲོད། །དེ་ལ་སོགས་ཏེ་དུ་མར་སྤྲད། །ཚིག་གི་བརྡ་ནི་དུ་མ་སྟེ། །ཚིག་གི་བརྡ་རུ་བརྗོད་པའོ། །མིང་དོན་འབྲལ་བས་བརྡ་རུ་བརྗོད་པ་དང་། །གྲངས་དང་བསྒྱུར་བ་ལ་སོགས་ཏེ། །རྣམ་པ་དུ་མར་ཤེས་པར་བྱ། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་སྦྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། དེ་ལ་དེ་ཉིད་གྲུབ་པ་མེད། །རང་བྱུང་ཡེ་ཤེས་བདེ་ཆེན་པོ། ་།་རྐྱེན་བྲལ་བས་འདུས་མ་བྱས། །དེ་དོན་རིག་པ་བྱང་ཆུབ་སེམས། །རང་བྱུང་རང་གསལ་དེ་བརྡ་སྤྲོད། །དྲངས་དང་བསྒྱུར་བ་ལ་སོགས་པ། །དུ་མས་དོན་ལ་བརྡ་སྤྲད་པའོ། །དེ་ལྟར་མ་ཡིན་བརྡ་དོན་བྲལ། །བརྡ་དོན་སྤྲད་ནས་བརྡ་དེ་ཉིད། །རང་བྱུང་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པས། །བྲལ་བ་མེད་པར་བྲལ་བ་སྟེ། །ལྷུན་གྲུབ་ངང་དུ་གསལ་བའོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། བརྡ་དོན་སྤྲད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་གསུང་གི་བྱིན་རླབས་ཇི་ལྟར་སྣང་བ་དཔག་པའི་ཕྱིར། དྲི་བ་ཡོངས་སུ་དྲིས་པ། ཨེ་མ་ཧོ། གང་གིས་ཐུགས་དང་སྐུ་ཡི་བྱིན་བརླབས་ལས། སྣང་བ་ཡོངས་སུ་དགོད་པ་དེ་དག་གསུང་གི་བྱིན་བརླབས་སྣང་བ་ཇི་ལྷར་དཔག་པར་བགྱི། དེ་སྐད་ཅེས་གླེངས་པ་ལས། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོས་བཀའ་སྩལ་པ། ཇི་སྐད་དུ་དྲི་བ་དེ་ནི་འདི་ལྟ་སྟེ། ངོ་བོ་ཉིད་དེ་མེད་པ་ལ་གསང་བ་དེ་ལ་ནི་ཚིག་དང་སྒྲའི་ཐ་སྙད་མེད་དེ། །ཐམས་ཅད་ནས་ཐམས་ཅད་དུ་གསུངས་པ་མེད་པ་ཁོ་ནའོ། །གལ་ཏེ་གསུངས་པ་དེ་དག་དཔག་པར་ནི་གང་ཡོངས་སུ་རྒྱུད་དག་པའི་སྐྱེས་བུ་དམ་པས་ཀྱང་མི་དཔོགས་ཏེ། གང་གི་ཕྱིར་དཔོག་པ་ཉིད་ན་ངོ་བོ་ཉིད་མེད་པ་གང་གསང་བ་དམ་པ་ཉིད་དུ་ངེས་པའི་ཕྱིར་དཔག་པར་རབ་ཏུ་དཀའ་འོ། །སེམས་དཔའ་ཆེན་པོ་འོན་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བ་དམ་པའི་གསུང་ནི་སེང་གེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི་སེང་གེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི། གསུང་གཅིག་ཡན་ལག་བསམ་གྱིས་མི་ཁྱབ་པར་བྱུང་བའི་ཕྱིར་བསམ་གྱི་མི་ཁྱབ་པ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ཉོན་ཅིག །བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་གྲངས་བཞིར་སྣང་བ་ལས་བཞི་ལས་རྒྱས་པར་ཤེས་པར་བྱའོ། །དེ་ནི་འདི་ལྷ་སྟེ། །གསུང་གིརངབཞིནདང། རྣམགྲངས་དང་། །ཡན་ལག་དང་།གཟུགས་བརྙན་རྣམས་སུ་ཤེས་པར་བྱའོ། །སེམས་དཔའ་ཆེན་པོ་དེ་ལ་རང་བཞིན་གྱིས་གསུངས་འདི་ལྟ་སྟེ། ཆོས་སུ་ཁྱབ་པའི་སྒོ་ནས་གདངས་སུ་ཆེ་བ་དང་། །སྒྲ་ཐ་དད་པའི་སྒོ་ནས་ཡོངས་སུ་ཁྱབ་པ་ད་ང་། །སྐད་ཀྱི་དབྱིངས་ཀྱི་སྒོ་ནས་གོ་བ་མྱུར་བ་དང་། ཉེ་བར་བསྒྲུབས་པའི་སྒོ་ནས་ཐེ་ཚོམ་ཆོད་པ་དང་། བྱམས་པའི་སྒོ་ནས་གཅིག་ལ་གཅིག་གཟིགས་སྙམ་པ་དང་། ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན་པ་དང་། དགའ་བའི་སྒོ་ནས་འཇུགཔ་དང་། ཉན་པས་མོས་པའི་སྒོ་ནས་འདུནཔ་སྐྱེད་པ་དང་། ཁྲེས་པ་བྱེ་བྲག་གི་སྒོ་ནས་ཁྱད་པར་བཞུགས་པ་དང་། ཚིག་གི་ཡོན་ཏན་གྱི་སྒོ་ནས་ཐམས་ཅད་འདུལ་བའི་སྒྲའོ། །སེམས་དཔའ་ཆེན་པོ་ཉོན་ཅིག །གསུང་གི་རྣམ་གྲངས་འདི་ལྟ་སྟེ། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་བུ་དང་། །ཀ་ལ་པིང་ཀ་ལྟ་བུ་དང་། པུ་ཧི་དབྱིངས་ལྟ་བུ་དང་། ན་རག་གི་སྒྲ་ལྟ་བུའོ། །སེམས་དཔའ་ཆེན་པོ་ཉོན་ཅིག ཡན་ལག་གི་སྒྲ་ནི་འདི་ལྟ་སྟེ། སེམས་འཇུག་པས་འདུ་ཤེས་སྐྱེད་པ་དང་། དོན་སོ་སོར་རྣམ་པར་རིག་པ་དང་། རང་གི་འདོད་པ་དང་འཐུན་པ་མཉན་པར་འོས་པ་དང་། སོ་སོ་བློ་དང་མི་མཐུན་པ་མེད་པ་དང་། མི་དཔོགས་ཤིང་ཤིན་ཏུ་ཟབ་པ་དང་། དོན་གྱི་རྗེས་སུ་མཐུན་པར་རྗེས་སུ་འབྱུང་བ་དང་། །བར་ཆོད་ཚིག་གིས་མི་ཚུགས་པ་དང་། རྣར་སྙན་པ་དང་། ཐ་དད་མ་འདྲེས་རྣ་བར་མ་འཁྲུགས་པ་དང་། གང་དུ་ཡངཤིན་ཏུ་གསལ་བ་སྟེ། རྣམ་གྲངས་ཀྱི་སྒོ་རེ་རེ་གང་བྱུང་བ་དེ་དང་དེར། དེ་དག་གཅིག་ལ་ཡང་ཡན་ལག་ཀུན་རྫོགས་པར་འགྱུར། སེམས་དཔའ་ཆེན་པོ་དངས་པའི་སེམས་ཀྱིས་ནོས་ཤིག །ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་རྟགས་པ་ལྟར་འཆགས། མེད་པ་ལས་བྱུང་། ཇི་ལྷར་ལྟས་པ་ལྷར་སྣང་། བསྒྲུབ་པ་ལྟར་གྲུབ་པའི་ཕྱིར་ཡི་གེ་ཡང་མི་དམིགས་པའི་ཕྱིར་མ་འགགས་པར་ཤར་བ་ལས་གསུང་གི་གཟུགས་བརྙན་དུ་བྱུང་བར་ཟད་དོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཡི་གེ་རྒྱས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། །མཉམ་པ་དང་མཉམ་པ་ཆེན་པོའི་ངང་ལས་མི་འདའ་བར་ངང་གསལ་བ་ལ་སེམས་དཔའ་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཐམས་ཅད་ངང་གིས་སྟོང་། རང་བཞིན་མེད། རང་བཞིན་གྱིས་འོད་གསལ། ཐ་སྙད་ཆད་པ་ལ་རྨད་དུ་བྱུང་བའི་དོན་ཡེ་ཤེས་ཀྱི་གཟུགས་བརྙན་ཇི་ལྟར་འཆར། གཟུགས་བརྙན་ཇི་ལྟ་བུ་ཞེས་གླེངས་སོ། །སེམས་དཔའ་ཆེན་པོ་དང་བར་སེམས་ཤིག །གཟུགས་བརྙན་གྱི་རྒྱུ་དང་། འབྱུང་བའི་སྒོ་དང་། མི་འབྲལ་བ་དང་། མི་འདའ་བ་དང་། གཟུགས་བརྙན་རིག་པའི་སྤྲུལ་པར་རང་ཤར་པའོ། །རྒྱུ་ནི་དང་བ་དང་། མི་དམིགས་པ་དང་། ཅི་ཡང་མ་ཡིན་པ་ལས་ཅིར་ཡང་བྱུང་བའོ། །སྒོ་ནི་གང་དུ་གཉིས་འདུས་པ་སྟེ་ཅི་ཡང་མེད་པ་ལས་ཅིར་ཡང་རིག་པར་བྱེད་པའོ། །གཟུགས་བརྙན་གྱིས་གང་མཚོན་པར་བྱེད་མོས་ཀྱི། གཟུགས་བརྙན་ལས་དོན་གྱི་དངོས་གཞི་བྱུང་བ་ཡང་ཡིན། མི་འབྱུང་བ་ཡང་ཡིན། སྣང་བ་ཡང་ཡིན། མི་སྣང་བ་ཡ་ ང་ཡི་་ནཁྱབ་བ་དང་མ་ཁྱབ་པ་གཉིས་ཀ་ཡང་ཡིན། །དཔེར་ན་ནམ་མཁའི་མིང་གི་སྒྲ་གྲགས་པར་ནི་ཀུན་གྱིས་ནུས་མོད་ཀྱི། ནམ་མཁའ་གང་ཞེ་ན་འདི་ཁོ་ན་འོ་ཞེས་ནི་གང་གིས་ཀྱང་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གཞི་ལས་བྱུང་བ་མཚོན་པར་ནུས་ལ། གཟུགས་བརྙན་ཡིན་པ་གང་གི་ཡང་སྦྱོད་ཡུལ་དུ་གྱུར་པ་ཡིན་ལ། དངོས་གཞི་ནི་གང་ཡིན་གང་གི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་པས་འདི་ཞེས་བསྟན་པར་མི་ནུས་སོ། །དེ་བས་ན་བདེ་བར་གཤེགས་པའི་ཐུགས་ཡེ་ཤེས་དེ་ནི། བདེ་བར་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་། སེམས་ཅན་དྲི་མ་དང་བྲལ་བ་དང་ཆེན་པོ་འབྱུང་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཅི་ཡང་མེད་པ་ལས་སྣང་ངོ། །དེ་བས་ན་གསུང་གི་གཟུགས་བརྙན་འདི་དག་ཀྱང་ཅི་ཡང་མ་ཡིན། ཡེ་ཤེས་ཆེན་པོ་ལས་སྣང་བའི་ཆོས་ཉིད་དུ་རིག་པར་བྱའོ། །ཀུན་ཏུ་བཟང་པོས་བཀའ་སྩལ་བ། སེམས་དཔའ་ཆེན་པོ་སེམས་དངས་པས་མོས་ཤིག །གང་གཟུགས་ཀྱི་སྤྲུལ་བ་ཐ་དད་དེ་གསུང་གི་གཟུགས་བརྙན་ནི་ཡི་གེར་སྣང་སྟེ་མིང་སྣ་ཚོགས་དང་། བྱུང་ཚུལ་སྣ་ཚོགས་དང་། །ཡི་གེའི་གཟུགས་བརྙན་སྣ་ཚོགས་དང་། དོན་འབྱིན་པ་ལས་རང་བཞིན་མེད་པ་ལས་སྣང་བ་དང་། སྒྲ་ཐ་དད་དུ་གྲགས་པ་དང་། །བསྐྱེད་ཅིང་མཚོན་པའི་ལས་དང་། གཟུགས་མིང་བརྗོད་པའི་སྒོ་དང་། རྣམ་གྲངས་དབྱེ་བ་དང་། ཡི་གེའི་གཞི་རྣམས་ཀྱིས་དེ་ཁོ་ན་ཉིད་ཤེས་ཤིང་མཐོང་བར་འགྱུར་རོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིག་པ་ཡེ་ཤེས་ཀྱི་གཟུགས་བརྙན་ཤར་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་གྱི་ནང་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱན་ཅེས་བྱ་བས་དངས་པའི་སེམས་ཀྱིས་དགའ་བའི་མདངས་ཕྱུང་སྟེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གླེངས་སོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །དངོས་པོ་ཇི་བཞིན་དོན་དེ་ལ། །མཉམ་པར་གནས་པ་མ་འཚལ་བས། །འཕྲོ་མེད་རྨུགས་མེད་གསལ་བའི་དོན། །བདེ་བར་གཤེགས་པས་བ་ཏ་ཧ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །མཆོག་གི་མོས་ལྡན་སྐལ་བ་ཅན། །རྫོགས་པའི་དོན་ལ་ངེས་པར་འཐུད། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྨིག་སྒྱུ་སྙེགས་པ་འདྲ། །ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་ཉིད་དུ་བསྟན་པ་ང་ཡིས་འཁྲུལ། །དག་དང་མ་དག་གཉིས་མེད་འདྲེས་ཤིང་མཚུངས། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །སྟོན་པའི་སྒྲོན་མར་གྱུར་པས་ཀུན་རབ་སྔགས་པ། །ཆོས་ཀྱི་སྙིང་པོར་གྱུར་བས་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྲལ་ལྷུན་རྫོགས་བདེ་བའི་གློང་དུ་ཇི་བཞིན་གནས། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་བ། །ཇི་སྙེད་རྣམ་གྲོལ་ལམ་དུ་བསྙད་ཅིང་གསུངས་པ་དང་། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ་སྟེ་རྟོགས་ལས་འདས། །མི་གནས་མི་དམིགས་སྤྲོས་མེད་བསམ་པ་ཀུན་དང་བྲལ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོ་སྤྱོད་ཡུལ་མིན། །བསྟན་ཅིང་རྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །སྔོན་གྱི་དྲང་སྲོང་ལམ་དུ་གང་འཇུག་པ། །བསྒོམ་ཆགས་བདེ་བའི་ནད་ཀྱིས་ཟིན་ཏ་རེ། །མངོན་སུམ་མཐོང་བའི་མིག་མེད་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །ལོ་རྒྱུས་དོན་ཉིད་ཚད་མའི་བློ་བཞག་པས། །ཏིང་འཛིན་གསུམ་པོ་གྲུབ་པའི་མཐའ་སྤྱོད་པ། །རྩོལ་བྲལ་ལུང་ལས་གོལ་ཏེ་ཞབྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས། ཁྲེས་རབ་རང་བྱུང་རྟེན་མེད་བདེ་བའི་ཆེན་པོར་གནས། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཇི་བཞིན་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོག །བུད་མེད་ལ་སོགས་ཀུན་ཀྱང་སྤོང་མི་བྱེད། །ཆོས་རྣམས་ཐམས་ཅད་ཐིག་ལེའི་རང་བཞིན་པས། །སྤྲོས་པ་མེད་ཅིང་འདུ་བ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །དངོས་མེད་མཚན་མ་ཅིར་མི་གནས། རྣམ་པར་མི་རྟོག་སྙིང་པོ་འདི། །ནམ་མཁའ་བཞིན་དུ་ཡེ་ནས་གནས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་བཀའ་སྩལ་ཏོ། །འཁོར་འདུས་པ་ཐམས་ཅད་ཀྱིས། ཚོགས་ཕལ་མོ་ཆེ་བྱང་ཆུབ་སེམས་དང་ཕྲད་དེ་བློ་གསེངས་སོ། །མཉམ་པར་གནས་པར་གྱུར་ཏོ།ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཙ་ཏ་ཀླུར་དྲིལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་ཡེ་ཤེས་དངས་པའི་སེམས་ཀྱིས་སྐུ་སྣང་བར་མཛད་དེ། འདུས་པའི་ཚོགས་མོས་པར་བྱ་བའི་ཕྱིར་རིག་པའི་འོད་ཀྱི་ཁྱད་པར་གྱི་མཆོད་པ་མཐའ་ཀླས་པས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ། །ལྷུན་གྲུབ་ཡེ་ནས་བདེ་ཆེན་པོ། །འདུས་པའི་ཚོགས་ལ་ཡེ་ནས་སྣང་། །སྣང་ཡང་རང་གི་བཞིནལྷརབྲལ། །ཀུན་མཁྱེན་ཐུགས་རྗེ་ཆེན་པོ་ཡིས། །བྱིན་རླབས་ཆུ་དངཟླབབཞིན། །འདུསཔའི་ཚོགས་ལ་བཤད་དུ་གསོལ། །ཞེས་གླེངས་སོ། །བདེ་བར་གཤེགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྩོལ་དང་མི་རྩོལ་བྱང་ཆུབ་སེམས་སུ་གཅིག །སེམས་ཉིད་ནམ་མཁའ་མཐའ་དང་མཉམ། །ཞེས་གསུངས་སོ། །སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །བདག་ཅག་འདུས་པའི་འཁོར་ཚོགས་རྣམས། །ཐོག་མ་མེད་ནས་སེམས་ཡིན་དང་། །མ་རིག་ལིང་ཏོག་སྒྲིབས་པར་འགྱུར། །ཀུན་མཁྱེན་ཁྱོད་ཀྱི་ཐུགས་རྗེ་ཡིས། །དྲང་དོན་མ་ཡིན་ངེས་པའི་དོན། །དཀྲུགས་མེད་གསལ་བའི་དོན་དུ་བཤད། །ཅེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་འཛུམ་པའི་མདངས་བསྟན་ཏེ། ཆོས་སྐུ་ཡེ་ནས་རྣམ་པར་རབ་དབེན་པ། །འཁོར་བའི་རྣམ་རྟོག་ཡུལ་སྤངས་པའི། །ཡོད་དང་མེད་པའི་བྱ་བ་དབྱིངས་སུ་གཅིག །མཉམ་ཉིད་གཅིག་ལ་ལྟས་སྒྱུར་དེ་ལྟར་སྣང་། །སྣང་འདོད་རྩོལ་སེམས་སྡུག་བསྔལ་ཆེ་བའི་ནད། །ཐེག་པའི་ཁྱད་པར་ཇི་སྙེད་སྒྲོགས་པ་ཡང་། །ཚུལ་ཁྲིམས་སྡོམ་དང་ཕྱི་ནང་དམ་ཚིག་དང་། །འགྲོ་ལ་འདུལ་བའི་ངོ་བོ་ཇི་སྲིད་འདོད་ལ་བསྟན། །ཐ་སྙད་ཙམ་དུ་འདུལ་ཞེས་བྱ་མོད་ཀྱི། །དམ་དུ་བཅས་པའི་ཡུལ་ཡང་རྡུལ་ཙམ་མེད། །དམ་བཅས་པ་ཡི་ཡུལ་མེད་རབ་རྟོགས་ན། །དམ་དུ་བཅས་དང་སྐྱོན་མེད་ནམ་མཁའ་འདྲ། །འདོད་དགུར་སྒྱུར་ཞིང་སྙིང་རྗེ་ཐབས་མི་སྤངས། །བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་པའི་གནས། །བསྒོམ་ཆགས་བདེ་བ་བདག་འཛིན་སྡུག་བསྔལ་ཡིན། །བསྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་འཁའ་འདྲ། །ཆོས་རྣམས་སྣ་ཚོགས་ཇི་སྙེད་སྣང་བ་ཡང་། །ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ། །སྙིང་པོ་བྱང་ཆུབ་མཆོག་ནི་ཡིན་ཤེས་ན། །བཟའ་ཞིང་བགྲོད་ཀྱང་ཡུལ་ནི་ག་ལ་ཡོད། །བྱ་བྱེད་རྫོགས་པའི་ངང་དུ་རབ་རྟོགས་ན། །གང་ལྟར་བཟའ་ཞིང་བགྲོད་དང་ཡུལ་ལས་འདས། །བསྐལ་པ་མེད་བཞིན་ཀུན་གྱི་རེ་སྐོང་བའོ། །མཉམ་ཉིད་དང་རྟོག་ཐེག་ཆེན་འདི་དག་ནི། །ཀུན་ལ་ཁྱབ་ཅིང་མ་རྫོགས་ཅོས་འགའ་འང་མེད། །ཆོས་དང་གར་མ་ཆད་པའི་རང་བཞིན་ལས། །ཐུགས་རྗེ་ཆེན་པོ་ནམ་མཁའི་དབྱིངས་ཕྱུགས་ནས། །ཐབས་ཀྱིས་རོལ་བས་འདོད་དགུར་བསྒྱུར་བའི་དཔལ། །དེ་ལ་དེ་བཞིན་བག་ཆགས་བཟང་བའང་མེད། །དེ་བཞིན་ཡེ་ནས་བདུད་རྩིས་ཟིན་པ་ལས། །བྱས་པས་ཟིན་པས་ཡོང་མི་འགྱུར་ཞེས་བཤད། །མ་ལུས་ཟིན་པར་གྱུར་ཏེ་དབྱིངས་རྟོགས་ན། །རྣམ་པ་ཀུན་བྱས་བྱང་ཆུབ་མཆོག་གི་ངང་། །དེ་དང་མཐུན་པའི་དགོངས་སྤྱོད་བདེ་བ་ལ། །ཞབྲུལ་དང་མ་འཁྲུལ་མཉམ་ཞེས་གསུངས་པའོ། །ཞེས་བཀའ་སྩལ་ཏོ། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ཁམས་གསུམ་ལས་འདས་ཡིད་བཞིནརིནཆེནདག །བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ། །གཞན་ནས་བཙལ་བས་རྙེད་པར་མི་འགྱུར་ཏེ། །ཐིག་ལེ་ཆེན་པོ་ཀུན་ཏུ་ཁྱབ་པས་ན། །རང་བྱུང་ཀུན་བཟང་ཡེ་ནས་འོད་གསལ་ལ། །རྩོལ་བས་བརྩལ་དུ་མེད་དེ་སྙིང་པོའི་དོན། །རྣམ་པར་སྣང་མཛད་རྟག་པ་ཀུན་ཏུ་བཟང་། །གཉིས་མེད་བདེ་བའི་མཆོག་སྟེ་ལྷུན་གྱི་གྲུབ། །དེ་བས་རྟག་ཆེན་དེ་ནི་འགྱུར་བ་མེད། །བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པ་ནི། །འདི་ལས་ཤིན་ཏུ་རྣལ་འབྱོར་རོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཐམས་ཅད་ཐིག་ལེ་གཅིག་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེས་རིག་པའི་སྟན་ལས་འཐོན་ཏེ་སེམས་ཀྱི་དྲི་མ་སྦྱངས་ནས་དངས་པའི་སེམས་ཀྱིས་འདུན་ནོ། །གཉིས་སུ་མེད་པའི་ཨུ་པ་ཧ་ར་ནས་ཞུས་པ། བཅོམ་ལྡན་ཀུན་བཟང་བདེ་ཆེན་པོ། །ཐུགས་རྗེའི་མངའ་བདག་ཡོངས་ཀྱི་དཔལ། །རང་བཞིན་རྫོགས་པའི་དོན་དེ་ཉིད། །ཡེ་ནས་གནས་པའི་ཆོས་ཆེན་པོ། །ཀུན་གྱི་བློ་ཡིས་མ་རིག་པ། །དམན་པའི་བློ་ལ་གསལ་བར་གནས། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་གསུངས་སོ། །ཆོས་རྣམས་ཀུན་གྱི་ལུས་ཆེན་པོ། །ཡེ་ནས་རྫོགས་ལ་སྣང་བ་མེད། །བརྗོད་དུ་ཚིག་གི་ཡུལ་དང་བྲལ། །སྣང་བ་མེད་པས་མཚོན་དུ་མེད། །རང་བཞིན་རྫོགས་པ་ཆེན་པོ་དོན། ཁྱེད་ལ་རབ་ཏུ་བསྟན་པར་དཀའ། །མ་རྟོགས་རྟོགས་པར་བྱ་བའི་ཕྱིར། །ཚིག་བྲལ་ཚིག་གིས་བརྗོད་བྱས་ན། །སྣང་ཞིང་སྲིད་པ་མ་ལུས་དང་། ཁམས་གསུམ་སྟོང་གསུམ་རྣམ་གྲངས་ཆོས། །མཐའ་ཡས་མུ་མེད་ཐམས་ཅད་དང་། །བདེ་གཤེགས་ཡོན་ཏན་ལྷུན་གྲུབ་དང་། །མི་ཟད་རྒྱན་གྱི་འཁོར་ལོ་རྣམས། །གཉིས་མེད་གཅིག་སྟེ་ཡེ་ཤེས་ཆེན་པོར་འཆར། །བདག་ཉིད་བྱང་སེམས་རྨད་དུ་བྱུང་བ་ལས། །དེ་དག་ཐམས་ཅད་དེ་ལས་བྱུང་བ་དང་། །དེ་ལས་བྱུང་བའི་དཀྱིལ་འཁོར་ཡང་། །རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་པའི་དོན། །སྐུ་རྨད་དུ་བྱུང་བ་སྐུ་ཡི་དཀྱིལ་འཁོར་དང་། །གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་དང་། །ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་དང་། །ཆོས་ཆེན་པོ་རྨད་དུ་བྱུང་བའི་དོན། །བདག་ཉིད་ཐམས་ཅད་ཡེ་ནས་ཤར་བ་དེ། །དོན་གསུམ་གྱི་རང་བཞིན་དུ་གནས་སོ། །ཞེས་གསུངས་སོ། །ཡེ་ནས་མི་དམིགས་པའི་དོན་དང་། །ཡེ་ནས་མི་གཉིས་པའི་དོན་དང་། །ཡེ་ནས་མ་འགགས་པའི་དོན་ནོ། །སེམས་དཔའ་ཆེན་པོས་འདི་སྐད་ཅེས་ཞུས་སོ། །ཡེ་ནས་གནས་པའི་དོན་གྱི་རང་བཞིན་ཅི། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ངོ་བོ་ནི། ངོ་བོ་ཉིད་ནི་དམིགས་སུ་མེད། །ང་ཡི་ལུས་ལ་སྦྱོར་བ་ལས། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ལུས་དང་ངག་སེམས་མཚན་ཉིད་ནི། །ཡེ་ཤེས་ལྔ་ཡི་བྱང་ཆུབ་སེམས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རངབཞིནདགཔདྲིམམེད། །ཐམས་ཅད་མ་སྐྱེས་ཟག་པ་མེད། །བྱང་ཆུབ་མེད་དེ་མངོན་རྟོགས་མེད། ཁམས་ཀྱང་མེད་དེ་འབྱུང་བ་མེད། །མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མན་ཞིང་། །སེམས་འདུ་བྱང་ཆུབ་རྒྱས་པའི་སྤྱན། །ཞེས་བཀའ་སྩལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་འདྲ་སྟེ། ངའི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རང་གི་རིག་པ་ལས་བྱུང་བའི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ཉིད་ཡིན་ནོ། །འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་རྨད་དུ་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བདེ་བར་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་གསང་བ་ཆེན་པོ་དང་། གསང་བ་དེ་ཁོ་ན་ཉིད་དང་།ལྟ་བ་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་ཡིན་ནོ། །དེ་ནས་སེམས་དཔའ་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །ཡིད་བཞིན་ནོར་ལྟར་སྣང་བའི་མཆོག །སངས་རྒྱས་དོན་དུ་མཛད་པ་ཡི། །རང་བཞིན་གནས་པས་རྫོགས་སངས་རྒྱས། །ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ། །ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། །རང་གི་རིག་པ་དོན་གསལ་འགྱུར། །ཐམས་ཅད་དོན་ནི་ཇི་ལྟ་བུ་ཉིད་ཡིན། །སོ་སོ་རིག་པ་སྣང་བྱས་ནས། །དོན་དེ་བདག་ལ་རིག་གྱུར་ནས། །སངས་རྒྱས་ཀུན་དང་སྐལ་མཉམ་ནས། །རྒྱལ་བ་ཀུན་པས་རྒྱལ་གྱུར་ཅིག །དུས་གསུམ་རྣལ་འབྱོར་གང་དག་གིས། །སྐལ་ལྡན་གང་ཞིག་འབྱུང་བ་ཡི། །དོན་དུ་བདག་གིས་བཤད་པར་འཚལ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །དངོས་པོ་ཐ་སྙད་ཀུན་བྲལ་ཡང་། །ཐུགས་རྗེ་གཟུགས་བརྙན་ལྟ་བུར་འཆང་། །མ་ལུས་དོན་ནི་གང་ཡིན་པ། །ངེས་པ་དོན་གྱི་ལུང་་བསྒོམ་པ་དོན་གྱི་ལུང་། ཤེས་བྱ་ངེས་པའི་ལུང་། །རྨད་དུ་བྱུང་བ་གསང་བ་ངེས་པའི་ལུང་ངོ་། །དེ་ལས་དོན་ནི་བཀྲི་བའི་དོན་མ་ཡིན་གྱིས། ངེས་པའི་དོན་གཏན་ལ་ཕབ་པའོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་འཇིག་རྟེན་ནམ་མཁས་བསྡུས་པ་རིལ་མ་མ་ལུས་པའིཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུས་སོ། །སྐུ་གསུང་ཐུགས་ཀྱི་དོན་ནི་དབྱེར་མེད་པ་སྟེ། མི་འགྱུར། མི་ཤིགས། མི་ཕྱེད་རྡོ་རྗེ་ལྟ་བུའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་འགྱུར་བའི་དངོས་པོ་འམ། །མ་འདུས་པའི་ཆོས་གངཡང་མེད་དེ། སྐུ་གསུང་ཐུགས་སླུན་གྱིས་གྲུབ་པར་གཏན་ལ་ཕབ་པའོ། །དེ་བས་ན་རྡོ་རྗེའི་ཆོས་ཞེས་བྱ། འབྲས་བུ་འགྱུར་མེད་ཅེས་ཀྱང་བྱ། རྡོ་རྗེ་ཐེག་པ་ཞེས་ཀྱང་བྱའོ། །བསྒོམ་པ་འི་ལུང་ནི་བསྒོམ་པ་ནི། རྟོགསཔའི་དོན་ལ་འབྱུང་འཇུག་མེད་པར་གསལ་བའོ། ཁྲེས་པར་བྱ་བའི་དོན་ནི། ཆོས་ཐམས་ཅད་མ་ནོར་བར་ཤེས་པ་དང་། བདག་ཉིད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བ་དང་། །ལྟ་བའི་དོན་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་ཐུགས་གསང་བ་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་རང་བཞིན་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་ཡོན་ཏན་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་རྣམ་པར་རོལ་པ་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་སྤྱོད་པ་མ་ནོར་བར་ཤེས་པར་བྱ་བ་དང་། ཆོས་ཉིད་ལ་ལོངས་སྤྱོད་ཆེན་པོར་མངའ་མཛད་པའི་དོན་ལམ་ནོརབར་ཤེས་པར་བྱ་བའོ། །ངེས་པའི་གསང་བའི་མན་ངག་རོལ་པ་ཆེན་པོ་རྨད་དུ་བྱུང་བ་དང་། དོན་རྨད་དུ་བྱུང་བའི་གསང་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་བདག་ཉིད་ལས་བྱུང་ཞིང་བདག་ཉིདཀྱིས་མཛད། བདག་ཉིད་ལས་འཕྲོས་ཤིང་བདག་ཉིད་ལས་རོལ། བདག་ཉིད་ལས་སྤྲུལ་ཞིང་བདག་ཉིད་དབྱིངས་སུ་སྡུད། བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་ལོངས་སྤྱོད་ཅིང་མཛདབདག་ཉིད་ཀྱི་ཡོན་ཏན་ལ་བདག་ཉིད་ཆེ་བར་སྒྲོགས་ཤིང་། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིདཆེན་པོར་སྟོན་པར་བྱེད། འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་ཉིད་ལས་བྱུང་། སླར་ཡང་བདག་ཉིད་ཀྱི་དབྱིངས་སུ་འདུས་ཏེ། བདག་ལས་མ་བྱུང་བ་འམ། བདག་ཉིད་དུ་མ་གྱུར་བའི་ཆོས་གང་ཡང་མེད་དོ། ཞེས་ཀུན་ཏུ་བཟང་པོས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐར་དང་མཉམ་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རིག་པའི་ཡེ་ཤེས་དེས་ལུང་གི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་ཀུན་ཏུ་བཟང་། ཁྱོད་ནི་གསུང་གི་སེང་གེ་སྟེ། །བརྗོད་བྱ་མ་ལུས་ཐུགས་ལ་རྫོགས། །སྐལ་ལྡན་འདུས་པའི་འཁོར་ཚོགས་ལ། །གསལ་བར་སྟོན་པ་ཐུགས་ལ་རྫོགས། །གདུལ་བྱ་བློ་ཡི་བྱེ་བྲག་ནི། །གོ་བ་རང་བཞིན་ཐ་དད་པས། །འདུས་པའི་རྡོ་རྗེ་ཚིག་ཏུ་གསུངས། །ཞེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འཛུམ་པའི་མདངས་ཀྱི་སེང་གེ་བསྤྱིངས་པ་དང་ཆས་ཏེ་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེ་ཉོན་ཅིག །སྐལ་ལྡན་བློ་མཆོག་འདུས་པའི་ཚོགས། །མ་རྟོགས་གསང་བ་རྡོ་རྗེའི་ཚིག །མཐའ་བྲལ་རྡོ་རྗེ་བྱང་ཆུབ་སེམས། །དངོས་བཞིན་ཀུན་འདུས་རྡོ་རྗེ་བྱང་ཆུབ་སེམས། །རྡོ་རྗེ་རྣམ་པ་བྱང་ཆུབ་སེམས། །ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས། ལྷུན་གྲུབ་མེད་པ་ཕྱལ་བ་གཅིག་པུ་རྡོ་རྗེ་བྱང་ཆུབ་སེམས། ཚིག་གི་རྡོ་རྗེ་རྩེ་ལྔ་པ། །རྡོ་རྗེ་ཚིག་སྟེ་རྟོགས་པར་དཀའ། །རྩོལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་མིན། །འདི་ནི་གཏིང་དཔགས་དཀར་བའོ། །ཐམས་ཅད་འདུས་པའི་རྡོ་རྗེ་ཡིན། །ཨ་ཧོ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྡོ་རྗེ་ཚིག་ལྔ་བའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་པོ་ཆེ། །དམིགས་པ་མེད་ཅིང་འགྱུར་བ་མེད་པའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེན་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པས་འབྱུང་བ་ཆེ། །མངོན་དུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ནང་ནས་མ་གཡོས་ནང་ནས་བཙལ་བའི་གནས་མེད་དེ། །ཡུལ་ཕྱིར་ཆགས་ལ་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འགྱུར་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ན། །གཞན་གྱི་ནོར་མེད་མི་འོང་ཡེ་ནས་གནས་པ་ཡིན། །བདེ་བ་འདོད་པས་བདེ་བ་རྒྱབ་ཀྱི་ཕྱོགས། །བདེ་བ་ཟིན་ཏེ་བདེ་བས་བདེ་ཚོལ་བ། །བྱང་ཆུབ་འཕྲུལ་པ་ཡེ་རྔམ་ཆོས་ལ་ཟ། །དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མེད། །མི་གནས་མི་དམིགས་མི་རྟོག་ཡུལ་མེད་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་མོ་ཡུལ་ལས་བྱུང་བ་སྟེ། །མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་བྱུང་སྟེ། །མངོན་སུམ་ཀུན་ཏུ་མི་རྟོག་སངས་པའི་སྙིང་པོ་ལ། །རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་ཐོབ ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །གང་ལའང་ཐོས་པར་མི་རིགས་བསྙད་པ་ཀུན་དང་བྲལ། །རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ཡེ་ནས་རྒྱས་པའི་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །མེ་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་པའི་སྟོང་པ་ཉིད་དེ་སྟོང་པའི་ཡུལ་ལ་གནས། །ནམ་མཁའི་རང་བཞིན་དེ་ལས་བྱུང་བའི་དྲན་པ་སྐྱེད། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །ཟིན་དང་ཆགས་དང་བྲལ་དང་ཞིང་། །དངོས་པོ་མེད་དང་རྣམ་པར་སྤོང་། །བདུད་རྩི་ཆེན་པོའིརངབཞིནལ། །ཟབའིཐབས་ལ་རག་པ་མེད། །ཡངས་སོ་གཅིག་གིས་ཆོས་ཆེན་པོ། །ཆུང་ངུ་ན་རྣམས་ཀྱི་གཉེན་པོ་ཡིན། །ཆེ་ལ་དམིགས་པའི་ཆ་བསྙམས་ནས། །ཆུང་ཆེད་དེ་རྣམས་དམིགས་དང་བྲལ། །གསུངས་དང་རྒྱས་པ་དམིགས་དང་སྣང་། །སྒྱུ་མཁན་རི་མོ་སྣང་བ་བཞིན། །འབྱུང་འཇུག་ཡེ་ཤེས་རྨུགས་པ་ཡིས། །དེ་ཡི་དབང་ལས་སྐྱེ་བར་འགྱུར། །གཏང་ངོ་བཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པ་མེད། །བྲོད་པ་རྡུལ་ཙམ་མི་བསྐྱེད་ཅིང་། ཁྱུང་ཆེན་མཁའ་ལ་ལྡིང་པ་བཞིན། །འཕྲོ་བ་མེད་ཅིང་འདུ་བ་མེད། །མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ། །དེ་བཞིན་གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །རྡུལ་ཕྲན་གཅིག་ལས་གསེ་ཤིང་ཕྱོགས་ཆ་གཅིག་ལ་བྲལ། །ཡན་ལག་ཚོགས་ཀྱི་དབང་གི་སྙིང་པོ་ཡུལ་ཚོལ་ཞིང་། །གཟའ་བའི་ཡུལ་མེད་དེ་ལས་ཡེ་ཤེས་འབྱུང་བ་ཚོལ། །སྔོན་གྱི་དྲང་སྲོང་རྗེས་སུ་བསྒོམ་པའི་ཡིད་ཀྱིས་འཇུག །རང་བཞིན་ལམ་དེར་འཁྲུལ་པས་ཐམས་ཅད་མཁྱེན་པ་མེད། །ཇི་བཞིན་པ་ཞེས་རྣམ་རྟོག་དེ་བཞིན་རྟགས་བསྒོམ་པ། །བདེ་བ་ཆེན་པོས་འདོད་པས་ཆགས་པའི་ལམ་ཡིན་ཏེ། །མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་སྒྱུ་སྙེག་པ་ལྟར། །རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་མི་འབྱུང་ཞིང་། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། ཁེན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །ཆོས་དང་ཆོས་མིན་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ། །དོན་དམ་ཆོས་ཤེས་བཤདཔ་རྟག་ཏུ་རྡུལ་ཙམ་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོགས་པ་ཐོབ་པ་མེད། །རང་བྱུང་ཡེ་ཤེས་ཉིད་དང་ཚིག་གི་ཐ་སྙད་བྲལ། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་རང་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །སྐུ་གཅིག་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །མཐའ་ལ་ཐུགས་པ་མེད་པས་དབྱིངས་ལ་བྲི་བ་མེད། །ཆོས་ཀྱི་རོལ་པས་ཉམ་ཐག་ལྷག་པའི་གནས་མེད་དེ། །སྟོར་བར་མི་དགོས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད །བྱང་ཆུབ་སྙིང་པོ་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོར་འབྱུང་། །སྣང་བ་རྒྱ་རྨསྐོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །མངོན་སུམ་ཐོབ་པར་འདོད་ནས་རྟག་ཏུ་རྒྱུ་ལ་བསྒོམ། །བསྒོམ་ཆགས་བདེ་བ་དེ་ལས་མཉམ་པའི་དོན་མི་འབྱུང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་བསྟོན། །འབྱུང་བ་ཆེན་པོ་ཅོམ་ལྡན་འདས། །ཆུབ་པར་གནས་པས་་བཅོམ་་ལྡན་འདས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། ཁྲེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལས་འདི་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་བྱུང་། །ཆོ་འཕྲུལ་ཆེན་པོ་དགའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལས་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་བཞིན་མཉམ་པར་གནས། ཁྱད་པར་ཅིར་ཡང་མཚུངས་པ་ལས ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཁུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པ་དབྱིངས་མི་སྐྱོད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་ཆོས་ཀུན་བཤད། །ཟིན་དང་ཆགས་དང་བྲལ་དང་ཞིང་། །དངོས་པོ་མེད་དང་རྣམ་པར་སྤོང་། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རག་པ་མེད། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕྲོ་བའི་གནས་མེད་དོ། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་སོ། །སྐུར་བ་བཏབ་པས་བཤད་པ་ཡིན། །འཕྲུལ་པ་རྣམས་ཀྱི་ངོ་ཙམ་དུ། །མཁས་པས་དེ་བཞིན་ཤེས་པར་གྱིས། །འགྲོ་ལ་རྒྱུད་དུ་སྣང་བ་ལ། །དད་པའི་ལམ་དུ་ཤེས་པར་བྱ། །འདོད་སྤྱོད་སྙིང་རྗེས་བརླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། ཁྲན་པ་སྨད་འཚོང་མཚམས་མེད་པ། ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པའི་ཆོས་ཀྱི་རྩིས། །བདེ་བ་ཆེ་ལས་གཞན་མེད་དོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྟ་བ་གོ་འཕང་གཅོད་པའི་ལེའུ་སྟེ་རྩ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། ཉེ་བའི་གནས་འཐོན་ཏེ་མོས་པའི་ལུས་དགའ་བའི་སེམས་ཀྱི་མདངས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། ཆོས་ཐམས་ཅད་ཀྱི་རང་བཞིན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་ལ་འདི་སྐད་ཅེས་ཞུས་སོ། །ཆོས་རྣམས་ཡེ་ནས་སྤྲོས་མེད་ལ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །མཚན་མའི་དངོས་པོ་ངང་གིས་དངས་པ་ལ། །རྣམ་གྲངས་བྱེ་བྲག་ཇི་ལྟར་འབྱུང་། །ཞེས་གླེངས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ནི་རང་བྱུང་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་ཆེན་པོ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་དུ་མེད། །སེམས་ཀྱི་བྱས་པའི་ཆོས་རྣམས་གང་བྱུང་ན། །དེ་དག་གང་བྱས་གང་དུ་སྣང་། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །གསལ་ལ་རིག་པའི་ངོ་བོ་དེ་ལ་ཤར། །དེ་ཉིད་མངོན་དུ་ཕྱུང་ནས་སྣང་བ་གང་། །ཆེན་པོ་ལྔ་ནི་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རྣམ་པ་དག་ཏུ་བྱུང་ནས་བསྟན། །ཅེས་གསུངས་སོ། །དེ་ནས་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གླེངས་སོ། །དང་པོ་བྱང་ཆུབ་སེམས་ལངས་ནས། །རང་དང་ཆོས་རྣམས་མ་ཤེས་ནས། །ཀུན་བཟང་ཁྱོད་ཀྱི་འཁོར་དུ་འདུས། །ཞུ་དམིགས་སྣང་དང་མི་མྱོང་བས། །ཀུན་བཟང་ཉིད་ཀྱིས་བཀའ་སྩལ་པ། །ཆོས་རྣམས་གཅིག་ཏུ་འདུས་པར་ནི། །སེམས་ལུང་ཆེན་པོ་འདི་ལ་སྣང་། །གཅིག་དང་གཉིས་སུ་བསྟན་པ་ནི། །རྣམ་གྲངས་མདོ་འདི་ཇི་ལྟར་ལགས། །ཞེས་ཞུས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ།ང་ནི་ཡེ་ནས་ལྷུན་གྱིས་གྲུབ། །ང་ནི་སངས་རྒྱས་ཐམས་ཅད་ཀྱི། །ལྷུན་གྱིས་གྲུབ་པའི་སྙིང་པོ་ཡིན། །ང་ནི་ཐུགས་རྗེའི་ངོ་བོ་སྟེ། །གང་དང་གང་ལ་དེ་མོས་པ། །གང་གི་དོན་དེ་བྱེད་པའི་ཕྱིར། །ང་ཡི་ལས་ཀྱི་དོན་བསྟན་གྱིས། །གང་ཞིག་གང་ལ་དེ་དབང་གིས། །གང་ལ་གང་མོས་དེ་ལ་ནི། །ཆོས་རྣམས་གཅིག་ཏུ་འདུས་པའི་ཕྱིར། །རང་བྱུང་བྱང་ཆུབ་སེམས་ཉིད་བསྟན། །མཚན་མའི་གྲངས་ལ་དེ་སྦྱོར་དགའ། །གང་ཞིག་དེ་ལ་གང་མེད་ན། །གང་ལ་དེ་མོས་དེ་དག་ལ། །ང་ཡིས་བྱས་པའི་སྣ་ཚོགས་གང་། །དེ་དང་དེ་དག་སྣ་ཚོགས་པ། །བརྗོད་ཀྱིས་མི་ལང་དེ་དག་བསྟན། །དེ་ཡང་ང་ཡི་རང་བཞིན་བསྟན། །གཅིག་ནི་ང་ཉིད་སྙིང་པོ་སྟེ། །གཉིས་བྱུང་སྣ་ཚོགས་ང་ཡིས་བྱས། །གྲངས་ཀྱི་མདོ་ན་ཀུན་བྲལ་ཡང་། །གཅིག་དང་གཉིས་དང་བསམ་ཡས་གྲུབ། །མཐའ་ནི་བརྗོད་མེད་བརྗོད་མི་ལང་། །བརྗོད་མེད་སྙིང་པོ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས། །བྱས་པའི་ཆོས་ནི་རྣམ་པ་གཉིས། ཁུ།་དང་འབྲས་བུའི་ངོ་བོ་བསྟན། །ཀུན་རྫོབ་དམ་པའི་དོན་གཉིས་ཀྱིས། །དཔེ་དོན་རྟགས་དང་གཏན་ཚིགས་གསུམ། །ངེས་དང་དྲང་དོན་སྒོ་གཉིས་བཤད། །རྒྱུ་ནི་འབྱུང་བ་ཆེན་པོ་ལྔ། །འབྲས་བུ་ཁམས་གསུམ་སེམས་ཅན་ཏེ། ཁམས་གསུམ་སེམས་ཅན་རྒྱུ་འབྲེལ་ནས། །འབྲས་བུ་སངས་རྒྱས་མིང་འདོགས་ཏེ། ཁུ།་འབྲས་དཔེ་དོན་དེ་རུ་བཏགས། །དེ་དག་དྲང་བའི་ལུང་བཤད་དེ། །རྣམ་པ་གཉིས་སུ་དབྱེ་བར་བྱ། །ཆེན་པོ་ལྔ་ནི་རྒྱུ་རྐྱེན་གྱིས། །བྱས་པའི་ཆོས་ནི་ཐམས་ཅད་ཀུན། །སེམས་ཉིད་རང་བྱུང་མངོན་གསལ་ཏེ། །དེ་བཞིན་ཉིད་དུ་མ་རྟོགས་ཏེ། །མ་རིག་ལོག་རྟོག་གཟུག་འཛིན་གྱིས། །ཡུལ་དྲུག་ཆོས་ལ་ངེས་བརྟགས་པ། །འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཡུལ་དྲུག་ཆགས་པ་དྲུག་རྟེན་ནས། །དམན་པའི་སྡུག་བསྔལ་ཡ་ང་ལ། །མྱ་ངན་མྱ་ངན་ཞེས་སུ་བཤད། །དེ་ཉིད་གང་དང་བྲལ་གྱུར་པ། །ཡུལ་དྲུག་དངོས་པོ་མི་རྟག་ཅིང་། །རྐྱེན་དྲུག་གནས་སུ་མི་གཤེགས་གསལ། །སྡུག་བསྔལ་དྲུག་ལས་འདས་པའི་ཕྱིར། །མྱ་ངན་འདས་པ་ཞེས་པར་བརྗོད། །ཇི་བཞིན་སྙིང་པོ་བྱང་ཆུབ་ལ། །མ་བཙལ་རང་བྱུང་ཤར་བ་ཡི། །ཆེན་པོ་ལྔ་དང་བྱས་་སྣང་ཀུན། །རང་གི་མཚན་ཉིད་འཛིན་ལྟར་སྣང་། །དེ་བཞིན་བྱང་ཆུབ་སྙིང་པོས་ཀྱང་། །དམིགས་མེད་ངོ་བོ་འབད་པ་མེད། །མཚན་ཉིད་རྗེས་སུ་འཛིན་ལྟར་སྣང་། །རང་ཤར་བ་ཡི་ཆེན་པོ་ལྔས། །ཆོས་ཀུན་སྐྱེད་པའི་སྙིང་པོ་བྱེད། །དེ་ཡིས་བསྐྱེད་པའི་སེམས་ཅན་རྣམས། །རང་བྱུང་ང་ཡིན་མི་རྟོག་པར། །སྤྱོད་པའི་ལམ་དེར་གྱུར་བལྟས་ནས། །རྒྱུ་འབྲས་འབྲས་བུ་བྱུང་བར་འདོད། །རྒྱུ་ཞེས་མིང་དུ་བཏགས་པ་ཡིན། །འབྲས་བུ་གང་ཐོབ་ཐེག་པར་བཤད། །སྤོང་བགེགས་སྦྱོང་བ་ལ་སོགས་པའི། །བྱེད་རྩོལ་དགག་བསྒྲུབ་མེད་པའི་རྒྱུ། །འབྲས་བུ་ཞེས་སུ་བཏགས་པ་ཡིན། །སྙིང་པོ་རྒྱུ་ལས་འབྲས་བུར་བཤད། །རང་བཞིན་སྙིང་པོ་དེ་ལས་ནི། །སྐྱེ་འཇིག་མེད་པའི་རང་བཞིན་ལས། །མི་འགྱུར་རྡོ་རྗེར་ཞུགས་པ་ཡིན། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ཕྱག་རྒྱ་རྟེན་དང་རྟེན་པར་འབར། །སྙིང་པོ་སྟོང་པ་ཉིད་ཡིན་ཏེ། །ཕྱག་རྒྱ་དེ་ཡི་ཀུན་རྫོབ་སྟེ། །བླང་དོར་བྱེད་རྩོལ་འདོད་སྦྱོང་གིས། །བདེན་པ་གཉིས་ཀྱི་རྟོག་པ་བྲལ། །སེམས་ཀྱི་རིམ་རྩལ་སྙིང་པོ་གྲུབ། །བདག་ཉིད་དབྱིངས་དང་ཡེ་ཤེས་ལྟ། །གང་ལ་མི་བརྟེན་གཞན་མི་ཚོལ། །སྐུལ་བའི་སྙིང་པོ་རང་ལས་བྱུང་། །མི་གཡོ་རྫོགས་པའི་ཏིང་འཛིན་གྱིས། །ངང་གི་བྱ་མེད་འཕྲིན་ལས་འདས། །མི་རྩོལ་བདེ་བའི་འཕྲིན་ལས་བཀོད། །བསྐལ་པ་གསུམ་དང་མི་ཚེ་བདུན། །ཟླ་དྲུག་ལོ་གཅིག་ཟླ་བཅུ་དྲུག །བསྟི་གནས་སྐབས་ཀྱིས་རྩོལ་བྱེད་པ། །བྱེད་རྩོལ་བཅོས་མའི་ཐེག་པ་ཡིན། །བྱ་མེད་རྣལ་མའི་དོན་བསྟན་པ། །མི་རྩོལ་ལྷུན་གྲུབ་བདེ་བར་གནས། །འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་ཀུན་རྫོགས་ཡོངས་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །རང་ཉིད་ཤར་བས་གཉིས་གཉིས་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །རང་ལ་ཐིག་ལེ་གཉིས་སྣང་པས། །ཡོངས་སུ་རྫོགས་པཆེནཔོསྟེ། །གཅིགལརྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །བྱ་མེད་འདི་ལ་གང་གནས་པ། །ལུས་ནི་ལྷ་མི་ལ་སོགས་པའི། །འགྲོ་བ་མ་ལུས་འཛིན་ན་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །གང་དེ་སེམས་ཅན་དོན་བྱས་ན། །བརྩོན་འགྲུས་མི་བྱེད་བདེ་བར་འགྱུར། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །ཐེག་པའི་རྣམ་གྲངས་བསྡུས་པ་བཀོདཔའི་ལེའུ་སྟེ་རྩ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སྐལ་ལྡན་འདུས་པའི་འཁོར་རྣམས་ལ་མདུན་བསུ་སྟེ་གསུངས་པ། ང་ལ་ལྟ་བ་རྣལ་འབྱོར་རྣམ་པ་བཞི་འདི་ལྟ་སྟེ། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་དང་། ཡོངས་སུ་རྣལ་འབྱོར་ཞེས་བྱ་བ་དང་། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་དང་། སེམས་དཔའི་རྣལ་འབྱོར་ཞེས་བྱ་བ་དང་བཞི་ཡིས། །སྙིང་པོ་དོན་གྱི་རྣལ་མ་བྱ་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་བཞི་སྟེ། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་སྣང་། །བྱང་ཆུབ་ཡན་ལག་ཆོ་འཕྲུལ་ལ་སོགས་བཞི། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་ཉིད་ལྟ། །སྙིང་པོ་ཡེ་ཤེས་ཆེན་པོ་མཐོང་བ་མིན། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱམེད་ལ། །ཆེན་པོ་སྦྱོར་ལྡན་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། ཁུ་ལས་འབྲས་བུའི་འཁོར་ལོ་རྩོལ་བ་སྟེ། །བསྙེན་བསྒྲུབ་བཞི་ཡིས་ཡན་ལག་རྫོགས་པ་བྱེད། །འཕྲོ་དང་འདུ་བ་བདག་ཉིད་ལྷུན་གྲུབ་བྱེད། །དོན་གྱི་ཡེ་ཤེས་ཆེན་པོ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོ་ཞོག །དོན་གྱི་ཡེ་ཤེས་ཆེན་པོ་བྱ་མེད་ལ། །ཡོངས་སུ་སྦྱོར་ལྡན་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ནི་རྣལ་མའི་རྒྱུ་རུ་མཐོང་བ་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། ཁུ་ལས་འདས་པའི་རྣལ་མ་མཐོང་བ་མིན། །མི་གཡོ་ཤུགས་ཀྱི་དབྱིངས་སུ་རྣལ་མར་ཞོག །དོན་གྱི་ཡེ་ཤེས་ཆེན་པོ་བྱ་མེད་ལ། ཁེན་ཏུ་རྫོགས་ཆེན་རྣལ་འབྱོར་ཉིད་ཀྱིས་མཐོང་། །བྱང་ཆུབ་སེམས་ནི་ཀུན་གྱི་ཡེ་ཤེས་གསལ། །དེ་ཉིད་མ་བཅོས་དོན་གྱི་རྣལ་མར་མཐོང་། །ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་བཞག །དམ་ཚིག་ཡེ་ནས་བསྲུང་མེད་འཕྲིན་ལས་བཙལ་དུ་མེད་པར་བཞག །བཞག་པའི་ཇི་བཞིན་དེ་ཉིད་རྣལ་དུ་འབྱོར། །རྣལ་འབྱོར་བཞི་ཡི་བྱེ་བྲག་དབྱེ་བ་ནི། །རེ་རེ་ལ་ཡང་བཞི་བཞི་དབྱེ་བྱ་སྟེ། །སེམས་དཔའི་རྣལ་འབྱོར་བྱེ་བྲག་བཞིར་ལྟ་བ། །ཡུལ་དང་དབང་པོ་རྣམ་པར་མི་རྟོག་སེམས། །དེས་ན་སེམས་དཔའི་རྣལ་འབྱོར་ཉིད་དུ་བཤད། །བྱང་ཆུབ་བྱིན་རླབས་ཆོ་འཕྲུལ་འབྱིན་པ་ནི། །དེ་ནི་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡེ་ཤེས་དམ་ཚིག་རང་བཞིན་མེད་ལྟ་བ། ཤེན་ཏུ་རྣལ་འབྱོར་དགོངས་པར་སེམས་དཔའ་བཞེད། །བླང་དོར་མེད་པའི་རྣལ་འབྱོར་དེ་མ་ཐོག །རྣལ་འབྱོར་ཆེན་པོ་བྱེ་བྲག་བཞིར་ཕྱེ་བའི། །དང་པོ་ཏིང་འཛིན་རྣམ་གསུམ་སེམས་དཔའ་ནི། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤང་པ་ཡིན། །རང་རྒྱུད་དག་པས་ཡེ་ཤེས་ལྷ་བྱེད་པ། །རྣལ་འབྱོར་ཆེན་པོ་ཞེས་སུ་བསྟན་པ་ཡིན། །བསྙེད་བསྒྲུབ་རྣམ་བཞི་ཡོངས་སུ་རྫོགས་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བསྟན་པ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོར་ལྟ་བ་ནི། ཁེན་ཏུ་རྣལ་འབྱོར་ཞེས་སུ་བསྟན་པ་ཡིན། །རྩོལ་བྲལ་རང་རིག་ཀླུངས་སུ་ཞུགས་པ་ཡིན། །ཡོངས་སུ་རྣལ་འབྱོར་བྱེ་བྲག་བཞིར་ལྟ་བ། །ཏིང་འཛིན་རིམ་པས་བདག་སྐུ་མི་སྐྱེད་པ། །ཆོས་རྣམས་རང་རྒྱུད་དག་པར་སེམས་པའི་ཕྱིར། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡབ་ཡུམ་ཐབས་དང་ཤེས་རབ་མི་ལྷོས་པར། །སྙིང་པོ་ཙམ་གྱིས་དཀྱིལ་འཁོར་རྫོགས་བྱེད་ཕྱིར། །རྣལ་འབྱོར་ཆེན་པོའི་དགོངས་པ་བཤད་པ་ཡིན། །སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་དུ། །སྦྱད་པས་ཡོངས་སུ་རྣལ་འབྱོར་ཉིད་དུ་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྒྱུ་དབྱིངས་འབྲས་བུ་ཡེ་ཤེས་ལྷ་བའི་ཕྱིར། ཁེན་ཏུ་རྣལ་འབྱོར་ཉིད་དུ་བཤད། ཁེན་ཏུ་རྣལ་འབྱོར་བྱེ་བྲག་བཞིར་ལྟ་བ། །བླང་དོར་མེད་པའི་བྱང་ཆུབ་སེམས་དེ་ཡིས། །སེམས་དཔའི་རྣལ་འབྱོར་རྗེས་སུ་བཞག་པ་ཡིན། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས་དེ་ཡིས། །རྩོལ་དང་བྲལ་བའི་བྱང་ཆུབ་ཆེན་པོར་བསྟན། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡེ་ནས་སྒྲོ་དང་སྐུར་པ་སྤངས་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། །ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱང་བར་བྱེད། །དམ་ཚིག་ཚུལ་བསྲུང་ལྟ་བ་སྒོམ་བྱེད་པས། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལོངས་སྦྱོད་ནི། །ཡེ་ནས་ཀུན་ཏུ་བཟང་པོས་བྱས་པའི་ཕྱིར། །ལམ་ནི་མི་བགྲོད་ས་ལ་སྦྱང་དུ་མེད། །དམ་ཚིག་མི་བསྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོ་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལས་བྱང་ཆུབ་ཉིད་མི་བགྲོད། །ཡེ་ཤེས་ཉིད་ཀྱིས་ཡེ་ཤེས་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལས་བྱང་ཆུབ་ཉིད་མི་སྲུན། །བསྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལས་བསྒོམ་དུ་མེད། །ལྟ་བའི་ཡུལ་ནི་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་ལྟར་མེད། ཁེན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱ་མེད་འདི། །རང་བྱུང་ཡེ་ཤེས་མ་བཙལ་དེ་ཉིད་ཡིན། །གང་ཞིག་གང་དང་གང་གི་དངོས་པོ་དེ། །རང་གི་མཚན་ཉིད་གཞན་དུ་རག་མ་ལུས། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྣལ་འབྱོར་བཞི་མདོར་བསྟན་པའི་ལེའུ་སྟེ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བརྐམ་ཆགས་ལྔ་ཡི་དྲི་མ་མ་སྤངས་བྲལ། །ཀུན་ཏུ་བཟང་པོ་མ་ལུས་མཆོག་གི་དོན། །སྙིང་པོ་བྱང་ཆུབ་གང་ཞིག་ཕྲད་འདོད་པས། །ཀུན་ཏུ་བཟང་པོ་ང་ཡི་ལུས་འདི་བཟུང་། །ཆོས་ནི་ཕྱི་ནང་སྣང་གྲགས་ཐམས་ཅད་ཀུན། །མི་རྟོག་རྙིང་པོ་རང་བྱུང་ཡེ་གནས་ཡིན། །རྒྱུ་འབྲས་ལུང་སྤྱིས་འདི་ལ་རྟོག་པ་བྱེད། །བདེན་པ་གཉིས་མེད་ཡེ་ནས་ལྷུན་གྲུབ་པས། །གཅིག་ལ་བླང་དོར་བྱས་ན་གཉིས་ཀ་སྤོང་ལེན་འབྱུང་། །དམན་པའི་བདེན་པ་དེ་བཞིན་གང་གནས་མེད། །རང་བྱུང་སྙིང་པོ་དེ་བཞིན་ཉིད་གང་ཡིན། །གཅིག་ཉིད་མ་གྲུབ་གཅིག་ལ་གཅིག་གིས་སྟོང་། །གཉིས་སུ་མ་གྲུབ་གཉིས་ལ་གཉིས་ཀྱིས་སྟོང་། །གསུམ་ལ་གསམ་མེད་བཞི་ལ་བཞི་ཡིས་སྟོང་། །ལྔ་རུ་མ་གྲུབ་དྲུག་ལ་དྲུག་གིས་སྟོང་། །བདུན་དུ་མ་གྲུབ་བརྒྱད་ལ་བརྒྱད་ཀྱིས་སྟོང་། །དགུ་ཡང་དེ་བཞིན་བཅུ་ལ་གྲངས་མཐའ་སོགས། །གྲངས་ཀྱི་དེ་བཞིན་གནས་གཞན་དེ་བཞིན་སྟོང་། །གྲངས་དབྱེ་དངོས་པོ་མ་གྲུབ་གྲངས་སོགས་དེ་བཞིན་ཏེ། །ཐམས་ཅད་ཀུན་སྟོང་རྣམ་པ་མ་ལུས་འདས། །དངོས་པོརངབཞིན རྟག པཀུནདང་བྲལ། །རང་བྱུང་རྫོགས་ཆེན་སྙིང་པོ་ང་ཉིད་ལས། །བློ་ཡི་རིམ་འཇུག་ཐེག་གཞན་ལས་ཁྱད་པར། །དངོས་པོར་གཟུང་ཞིང་རྟོག་དང་མི་རྟོག་བྱེད། །འདོད་འཛིན་བྱེད་རྩོལ་མ་ལུས་དེ་དག་སྟོང་། །ཐམས་ཅད་སྟོང་ཉིད་རྣམ་པ་ཀུན་རྫོགས་པས། །ཐམས་ཅད་ལྷུན་གྲུབ་བདེ་ཆེན་རང་རིག་སྣང་། །གང་ཡང་ཡིན་ནོ་རྣམ་པའི་དོན་ཀུན་རྫོགས། །དགུ་དང་བཅུ་དང་དེ་བཞིན་གྲངས་མཐའ་རྣམས། །མ་ལུས་ཀུན་རྫོགས་དེ་བཞིན་གྲངས་རྫོགས་པས། །ཐམས་ཅད་མ་ལུས་དེ་བཞིན་ཐིག་ལེར་ཆུབ། །ཐམས་ཅད་རྫོགས་སྤངས་གཞན་ནས་སྒྲུབ་ཏུ་མེད། །རྟག་འཛིན་ཆོས་ཀུན་སྟོང་པས་སེམས་ཉིད་དྲི་མ་མེད། །མ་གྲུབ་ངང་གིས་གསལ་བར་འབྱུང་བས་རང་བྱུང་ཡེ་ཤེས་ཤར། །བདག་ཉིད་ཡེ་ནས་དག་པས་ཞེན་པ་ཟློག་ཏུ་མེད། །འབྲས་བུ་ཡེ་ནས་ཆུབ་པས་འབྲས་བུ་བཙལ་མི་དགོས། །གཟུང་འཛིན་ཡེ་ནས་དག་པས་གཉེན་པོ་རྟེན་མི་དགོས། །སྒྲིབ་པ་ཡེ་ནས་བྱང་བས་ཡེ་ཤེས་སྐྱེད་དུ་མེད། །དངོས་པོའི་རང་བཞིན་སྟོང་པས་ཆགས་པའི་གཞི་དང་བྲལ། །རང་བྱུང་རང་གིས་གསལ་བས་ཆགས་མེད་ཡེ་ཤེས་ཤར། །ཆོས་རྣམས་མ་ལུས་དངོས་པོ་ཐམས་ཅད་ཀུན། །རང་སེམས་བྱང་ཆུབ་སྙིང་པོ་ཁོ་ན་བས། །ལས་ཀྱིས་མ་བཅོས་རྒྱལ་བས་མ་མཛད་དེ། །སྔ་རབས་འདས་པའི་རྒྱལ་བ་ཇི་སྙེད་པའི། །སྣང་བྱེད་ལ་སོགས་འདས་པ་གྲངས་མེད་པས། །མ་བྱུང་མ་སྐྱེས་མ་འགགས་སྔོན་རོལ་དུ། །རང་བྱུང་སྙིང་པོ་དེ་ཉིད་ཡེ་ནས་རྒྱས། །སྔ་རབས་འདས་པ་རྒྱུད་དྲུག་སེམས་ཅན་གང་། །ཚངས་དང་བདེ་བྱེད་ལ་སོགས་འདས་པ་རྣམས། །མ་བྱུང་མ་བསྐྱེད་མ་འགགས་སྔོན་རོལ་ཏུ། །རང་བྱུང་ང་ཉིད་གདོད་ནས་ཡེ་སངས་རྒྱས། །འདས་པའི་དུས་སོགས་ཡེ་ཕུང་ཆེན་པོ་ལྔ། །རང་བྱུང་མ་སྐྱེས་མ་འགགས་སྔོན་རོལ་དུ། །བདག་ཉིད་རང་བྱུང་སྙིང་པོ་གདོད་ནས་ཡེ་སངས་རྒྱས། །གདོད་ནས་སྒྲིབ་པ་བྲལ་བའི་ཡེ་སངས་རྒྱས། །རྩོལ་བྲལ་ཡེ་ནས་རྫོགས་པས་ཡེ་སངས་རྒྱས། །ཀུན་གྱི་ཐོག་མར་བྱུང་བས་ཆེན་པོ་ཡིན། ཡེ་ནས་རྫོགས་པ་ཆེན་པོ་སངས་རྒྱས་ཉིད་དུ་བཤད། །གང་ཡང་མ་འགགས་རིག་པ་རང་བྱུང་ལ། །རྣམ་པར་གང་སྣང་རྟོག་པར་ཅི་བྱུང་ཡང་། །རང་རིག་བདེ་བ་ཆེན་པོ་མངོན་སུམ་གསལ། །ཡེ་ཤེས་སྐུ་དང་རིག་པ་ཕྱག་རྒྱ་རྣམས། །མ་འགགས་བདེ་བའི་དོན་ཆེན་འཁོར་ལོ་རྣམས། །མངོན་དུ་གསལ་བའི་རིག་པའི་ཡེ་ཤེས་ཆེ། །འཁོར་བའི་རྒྱུད་དྲུག་རང་བྱུང་བདག་ཉིད་ལ། །ལོ་རྟོག་རོལ་པའི་བསམ་པས་སྐྱོད་པ་མེད། །མྱ་ངན་འདས་པའི་རོལ་པ་ཕྱག་རྒྱ་ཀུན། །མ་ལུས་ཇི་བཞིན་ཉིད་དེ་བདག་ཉིད་ལྡན། །ཀུན་གྱི་བདག་ཉིད་མཆོག་ཏུ་གྱུར་པས་ཆེ། །མ་ལུས་འབྱུང་བས་ཡོན་ཏན་ཀུན་རྫོགས་ཏེ། །རྣམ་པར་དག་པས་རྒྱུ་བ་མེད་པའི་དབྱིངས། །ཀུན་ཏུ་སྣང་བས་མཁའ་ལྟར་ཁྱབ་པའི་དབྱིངས། །གདོད་ནས་དག་པས་སྤྲོས་དང་བྲལ་བའི་དབྱིངས། །སྐྱེ་འཇིག་མེད་པས་འགྱུར་བ་མེད་པའི་དབྱིངས། །གདོད་ནས་གནས་པས་བཙལ་དུ་མེད་པའི་དབྱིངས། །མཆོག་ལྡན་རིག་པའི་ཕོ་བྲང་ཀུན་རྫོགས་པས། །བསམ་པ་མེད་པས་མ་ལུས་འདུས་པའི་དབྱིངས། །བསྐྱོད་མེད་རྣམ་དག་རིག་པའི་དབྱིངས་སུ་ཆེ། །ཡེ་ནས་གྲུབ་པས་རིག་པའི་འཁོར་ལོ་ཆེ། །བདག་དང་གཞན་མེད་བརྗོད་པའི་སངས་རྒྱས་མེད། །ང་ཡི་ངག་ཉིད་རིག་པའི་ཕྱག་རྒྱའི་གསུང་། །བརྗོད་པའི་སྒྲ་མེད་སངས་རྒྱས་གསུང་ཡང་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་ང་ཡི་ཐུགས། །སངས་རྒྱས་གསུང་མེད་རང་གསལ་ཐུགས་དང་བྲལ། །འཛིན་བྲལ་སྙིང་པོའི་མཆོག་སྟེ་བདེ་ཆེན་རོལ་པའི་སྐུ། །ཞེས་བརྗོད་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོར་ཤར་རོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཆེ་བ་བསྟན་པའི་ལེའུ་སྟེ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ཐིག་ལེ་ཆེན་པོ་ཡེ་ཤེས་མེ་ལོང་ལྟར་གསལ་བའི་དགོངས་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་སེམས་དཔའ་ཆེན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་ནི་ཀུན་གྱི་བདག །ཀུན་ཏུ་བཟང་པོ་བདེ་ཆེན་པོ། །བྱང་ཆུབ་སེམས་ཀྱི་རང་བཞིན་པས། །རང་བྱུང་སྙིང་པོ་དོན་གྱི་མཆོག །གྲོལ་བ་རང་བྱུང་དངོས་གྲུབ་ཐབས། །བྱེད་རྩོལ་འཇུག་དང་ལྡན་མིན་ལས། །ཅིར་ཡང་སྣང་བ་ཡེ་ཤེས་ཀྱིས། །རང་བྱུང་གྲོལ་བའི་དངོས་གྲུབ་འབྱུང་། །ཡེ་ནས་རྣམ་དག་དོན་ཉིད་ལས། །འགྱུར་མེད་རང་བྱུང་གང་གསལ་པ། །ལས་རྟོག་མ་ལུས་བྱེད་རྩོལ་གྱི། །དེ་བཞིན་འབྱུང་དང་ཉམས་འགྱུར་བ། །སྙིང་པོའི་དོན་ནི་ཇི་ལྟར་ལགས། །བདེ་བ་ཆེན་པོའི་ཡེ་ཤེས་གང་། །སྡུག་བསྔལ་དབེན་ཞིང་ལྡན་གྱུར་ཏེ། །དམིགས་པའི་ཡུལ་ནི་ཇི་ལྟར་རྐྱེན། །རང་བྱུང་ཡེ་ཤེས་ནུབ་མེད་པའི། །རིག་པའི་སྒྲོན་མ་རྒྱལ་མཚན་ལྟར། །བདེ་བའི་ཡེ་ཤེས་ཇི་ལྟར་སྣང་། །བློ་ཡི་ཁྱད་པར་མོས་པ་ཡི། །དམན་པའི་ཡེ་ཤེས་གང་སྣང་བ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བཅས། །གོལ་སྒྲིབ་གནས་ནི་ཇི་ལྟར་བྱེད། །སྙིང་པོ་རྡོ་རྗེ་སེམས་ཉིད་གནས། ཁྲར་བས་ཐབས་ནི་འགགས་ལྡན་ཞིང་། །རྣམ་པའི་བྱེ་བྲག་ཤར་བར་མཛོད། །ཅེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཀྱིས་གསུངས་སོ། །སེམས་དཔའ་ཆེན་པོ་དངས་པའི་ཡིད་ཀྱིས་སྒོ་ཕྱེ་ཞིག །རང་བྱུང་རྒྱལ་མཚན་ལྟར་གནས་པ། །དོན་གྱི་རིམ་པ་འདི་ལྟ་སྟེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགགས་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བའི་ཟབ་མོ་ཡིས། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་ཉིད་དེ། །རྣམ་རྟོག་ཉིད་ལ་ཡེ་ཤེས་སྐྱེ། །བྱུང་བའི་སྒོ་མོར་མིང་བཏགས་ཏེ། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཅིང་། །བཏགས་ན་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཏེ། །དགེ་སྡིག་གཉིས་ཀར་རྣམ་པར་སྤེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་སྐྱེ། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞིང་། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །འདོད་ཆགས་ཞེས་སྡང་གཏི་མུག་དང་། །བྱང་ཆུབ་སེམས་དཔའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱིས་རྒྱན་ཅེས་གསུངས། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་བ་ཡིས། །ཨུ་ལི་ཀྭ་ལི་ཟབ་ཏུ་བསྟན། །འདི་ནི་ཨི་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གིཆོསབཞིནཡུལམེདཔས། །སྟོང་པས་ནམ་མཁའ་སྙེགཔབཞིན། །གོངནས་གོང་དུ་ཚངས་པའི་ལམ བྱ་བྲལ་ཆོས་དང་འཐུན་པ་མེད། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐུགས་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ཡི་སྙིང་པོ་དེ་བས་ན། །དེ་ལས་དེ་་ཤུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟའི་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བར། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། །སྲིད་པ་གསུམ་ན་སྦྱོང་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མ་སྦྱོང་བའི་བསྟི་གནས་ཡིན། །རྣམ་སྦྱོང་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་རོ། །མ་བྲལ་སྨོན་པས་སྦྱོད་པས་ན། །སྟོང་པའི་མཚན་ཉིད་གསུང་བ་བཞིན། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོག་ཡུལ་མེད། །དེ་བས་ཏིང་འཛིན་མཉམ་དང་བྲལ། །འདི་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིགས་མིང་དུ་བཏགས་པ་མེད། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ནི་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གི་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །དེ་ལ་བརྟུལ་ཞུགས་དྲག་ཤུལ་གྱི། །གནས་སུ་བྱ་བ་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བཏགས་པ་དེ་ང་སྟེ། །སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་སྔོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཉོན་མོངས་པ་ཡི་དབང་གིས་ནི། །ཏ་ལའི་མགོ་བོ་བཅད་པ་དང་། །ས་བོན་མེ་རུ་བསྲེགས་པ་ཡང་། །དེ་ཡི་དབང་དུ་མི་འགྱུར་སྟོན། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པ། །གང་ལྟར་དཔྱད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །གླེང་བྲལ་འདི་ལ་གང་གནས་པ། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གནས་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱི། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །མཉམ་པས་རིག་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་དངོས་དང་བྲལ། །ཚོགས་ཀྱི་བརྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་བྱེད་བཅུ་གཉིས་ཁྱབ་པར་མྲ །ལྷག་པའི་བསམ་པས་གཟུང་བ་མེད། །ཡིད་ཀྱིས་བསམ་པས་ཡོན་བདག་སྟེ། །བལྟས་པའི་སྟོབས་ནི་བཀྲམ་པའོ། །མཐོང་པར་གྱུར་བས་དངོས་གྲུབ་ལ། །དེ་ཉིད་མཉམ་བཞག་རྫོགས་པའོ། །ཡུད་ཙམ་གཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་བས་དམ་ཚིག་སྟེ། །ཐབས་ཀྱིས་གར་ཐབས་སྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །མི་གཟུང་གཏོར་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཏེ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མིག་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལས་དེ་བྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །དེ་བས་དེ་ཉིད་དེ་རྒྱུར་བྱུང་། །དེ་ཕྱིར་དེ་གྲུབ་ཁོ་ནའོ། །ཞེས་གསུངས་པས། ཐམས་ཅད་ཀྱང་དབྱིངས་ཀྱི་རྡོ་རྗེ་ཆུང་སྟེ་སྙིང་པོ་དོན་ལས་མི་གཡོ་བར་གྱུར་ཏོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ནམ་མཁའ་མཐའ་དང་མཉམ་པའི་རྒྱུད་ལས། མི་ནུབ་རྒྱལ་མཚན་ལྟ་བ་ཤན་འབྱེད་གསལ་བ་དོན་གྱི་བཀྲལ་བའི་ལེའུ་སྟེ་རྩ་བརྒྱད་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་རྣམས་སྙིང་པོ་ལྷུན་གྲུབ་པས། །བཙལ་མེད་ཡེ་ཤེས་རང་བྱུང་ལ། །བགྲོད་ལམ་སྐས་ལྟར་སྣང་བ་ནི། །གཉིས་དང་བདུན་དང་བཅུ་ལ་སོགས། །གྲངས་ནི་དུ་མར་སྣང་བ་སྟེ། །འདུས་པའི་ཚོགས་ཀྱིས་རྨོངས་པའི་དབང་། །བདེ་བར་གཤེགས་པས་བཤད་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱུ་འབྲས་བྱེད་རྩོལ་བགྲོད་ལམ་རྣལ་བཅོས་རྗེས་འཛིན་རྟོག་པ་རྣམས། །རྫོགས་ཆེན་རྣལ་འབྱོར་གྱི་དོན་ཤེས་ཤིང་རིག་པ་ལས། །གོལ་ས་སྒྲིབ་པར་འགྱུར་འདི་འདུས་པའི་ཚོགས་ལ་བཤད་ཀྱིས་ནོས། །སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་གཅིག་གི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གནས་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་རང་བྱུང་ཐིག་ལེ་ལ། །རྒྱུ་ལས་བཙལ་ཞིང་སྤྲོས་པས་སྒྲིབ་པ་བྱུང་། །ཐམས་ཅད་བདག་ཉིད་རང་བྱུང་ཡེ་ཤེས་ལ། །གཞན་དུ་བཙལ་ཞིང་གྲངས་ཀྱིས་རྣམ་པས་བསླད། །དམན་པའི་བསླད་པས་གོལ་ས་སྒྲིབ་པ་བྱུང་། །རྒྱུ་འབྲས་དབྱེར་མེད་སྙིང་པོར་རོ་གཅིག་ལ། །རྟོག་པའི་དེ་ཉིད་རྣམ་པ་གཉིས་པོ་གཉིས། །བདག་ཉིད་བཙལ་བའི་སྙིང་པོ་གཞན་ཕྱིར་རྩོལ། །ས་དང་ཕ་རོལ་ཕྱིན་པས་བསྐལ་བ་དུ་མར་བསྒྲིབས། །དེ་བཞིན་ཕྱི་ནང་རྟོག་པའི་དག་པ་རྣམ་གསུམ་དང་། །བྱང་ཆུབ་རྐྱེན་དང་ཆོ་འཕྲུལ་ཡན་ལག་གིས། །བསྐྱེད་བདུན་ལ་སོགས་བསླད་པས་བྱིས་པ་བསྒྲིབས། །རྒྱུ་འབྲས་མཐོ་དམན་ལྟ་སྤྱོད་ཁུང་འོ་ང་སྟེ། །དེ་བཞིན་ལུང་གསུམ་གནས་ཀྱི་དུས་སོགས་རྐྱེན་གྱིས་ཉམས། །སྙིང་པོ་གཅིག་ལ་བདེ་སྡུག་བླང་དོར་གཉིས། །གཅིག་མ་མཐོང་བས་བླང་དོར་སྙིང་པོ་སྒྲིབས། །རང་བྱུང་སྙིང་པོ་ཀུན་གྱི་རང་བཞིན་ལ། །རྣམ་ཐར་ཕྱག་རྒྱ་རང་བཞིན་དག་པ་ཉིད། །རང་བྱུང་གཅིག་ལས་ཡིན་པ་གསུམ་སོགས་རྩོལ། །རྩོལ་བྲལ་ལུང་ལས་འོ་ག་ཅིང་རིག་པའི་མན་ངག །རང་རིག་གསལ་བའི་ཡེ་ཤེས་སྙིང་པོ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་དང་འབྲས་བུར་དམིགས། །རྒྱུ་ཡི་སྒྲོ་བཏགས་འབྲས་བུར་སྐུར་པ་བཏག །དེ་དག་བྲལ་བའི་ཡིད་ཆེས་རབ་ཏུ་བསྒྲིབས། །མེད་པའི་འབྲས་བུ་འདོད་པ་དྲུག་ལ་སོགས། །གཉིས་ཀྱི་བདེན་པས་སྟོང་ཞིང་སྒྲུབ་བྱེད་དང་། །དེ་བཞིན་དག་པའི་རིམ་པས་འདོད་པའི་དོན་རྩོལ་བྱེད། །ལྟ་སྤྱོད་ཡན་ལག་ཆ་ཉམས་དེ་བཞིན་ཏེ། །བདག་ལ་རིམ་པས་རྩོལ་བས་སྣ་འདོད་དང་། ་།་འབྲས་གཉིས་ཉེད་རང་བཞིན་སྟོང་པར་བལྟས། །དེ་དག་རིམ་གྱིས་འདོད་པའི་འབྲས་བུ་འབྱུང་། །གོལ་ས་དྲུག་དང་སྒྲིབ་པ་དྲུག་དྲུག་སྟེ། །བྱང་ཆུབ་སེམས་ལ་གོལ་སྒྲིབ་སྐྱོན་ཡིན་པས། །ངེས་ཐོབ་དྲུག་གིས་སྐྱོན་ཡོན་བསལ་བར་གསུངས། །བསླད་པའི་གོལ་སྒྲིབ་རྟོག་ལ་བསམ་ཡས་ཀྱང་། །ཉེ་བའི་གནས་པས་བརྟེན་པའི་གནས་བྱེད་ལྟར། །རྗེས་མཐུན་ཉེ་བའི་གགས་གསལ་བྱ། །རྟོག་སྦྱོད་གཉིས་ལ་སྒྲིབ་པ་ཡང་། །གཟུང་འཛིན་གཉིས་རྟེན་ལྟ་སྤྱོད་གོལ་སྒྲིབ་ཡིན། །བླང་དོར་བྱེད་རྩོལ་རྒྱུ་འབྲས་རྣམ་དེ་བཞིན། །མི་རྩོལ་བདེ་བའི་ཆ་ལས་ཀུན་རྩོལ་རང་བྱུང་ཡེ་ཤེས་ནམ་མཁའ་ལྟ་བུ་ལ། །ལྟ་བའི་དམིགས་དང་དམ་ཚིག་བསྲུང་མཚམས་དང་། །བྱེད་རྩོལ་སྤྱོད་དང་འདོད་དམིགས་འཕྲིན་ལས་དང་། །གང་ཞིག་དམིགས་འཛིན་སྤྱོད་རྩོལ་འདོད་པས་སྒྲུབ། །མ་ལུས་ཀུན་བྲལ་དེ་དག་མ་ལུས་སྟོང་། །སེམས་ལ་ལུང་མེད་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་མེད་པས་མན་ངག་ཟླ་བ་མེད། །ལྟ་མེད་ལྟ་བའི་མཆོག་ནི་རྫོགས་པ་ཆེན་པོ་ཡིན། །བལྟ་བྱ་ལྟ་བྱེད་མེད་པའི་རང་བྱུང་ཡེ་ཤེས་ལ། །སྒྲོ་བཏགས་རྟོག་པ་མཐོང་བ་གསུམ་གཉིས་སོགས། །ལ་གོལ་ལ་སྒྲིབ་ལྟ་བའི་གོལ་སྒྲིབ་བྱུང་། །བསྒོམ་མེད་གཅིག་ལ་བསྒོམ་པ་དྲུག་སོགས་བསྒོམ། །མངོན་དུ་མ་སྨིན་བསྒོམ་པའི་གོལ་སྒྲིབ་བྱུང་། །བསྲུང་མེད་གཅིག་ལ་དྲུག་སོགས་སྡོམ་བསྲུངས་པས། །ལ་ཉམས་ལ་འཆལ་དམ་ཚིག་གོལ་སྒྲིབ་བྱུང་། །རྩོལ་མེད་གཅིག་ལ་དེ་བཞིན་དྲུག་སོགས་བྱས། །ལ་ཆད་ལ་ལྷག་འཕྲིན་ལས་གོལ་སྒྲིབ་བྱུང་། །ཡེ་ཤེས་གཅིག་སྟེ་བཙལ་བའི་ཡེ་ཤེས་སྣ་ཚོགས་པས། །ལ་བཏགས་ལ་འགགས་ཡེ་ཤེས་གོལ་སྒྲིབ་བྱུང་། །བདེན་པ་གཅིག་ལ་དེ་བཞིན་དྲུག་སོགས་པས། །ལ་བདེན་ལ་བརྫུན་ལུང་གི་གོལ་སྒྲིབ་བྱུང་། །མངོན་མཚོན་གཅིག་ལ་བརྗོད་པ་སྣ་ཚོགས་པས། །ལ་བདེན་ལ་བརླན་མན་ངག་གོལ་སྒྲིབ་བྱུང་། །གང་ཞིག་གང་ལ་དེ་ཉམས་དེ་མེད་པས། །སྒྲོ་སྐུར་ལོག་བསླད་བཅོས་མའི་བློ་བསླད་དང་། །དེ་ལ་དེ་མེད་གང་ལ་དེ་མ་བསགས། །དེ་བས་སྣ་ཚོགས་ཞེན་པའི་རྟོག་བསམ་ཡས། །སྒྲོ་སྐུར་གཉིས་ལོག་རང་བྱུང་བདེན་གཉིས་སྒྲིབ། །གོལ་སྒྲིབ་ལ་སོགས་དེ་བཞིན་རྟོག་མཐའ་ཡས། །ཞེས་གཞན་གྱི་སྒྲོ་སྐུར་གསལ་བའི་དོན་དེ་ཁོ་ན་ཉིད་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གོལ་སྒྲིབ་བླང་དོར་བསྟན་པའི་ལེའུ་སྟེ་རྩ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེས། འདུས་པའི་ཚོགས་ལ་འདི་སྐད་ཅེས་གསུངས་སོ། །ང་ཡི་དེ་ཉིད་མ་བཅོས་མ་ཡིན་པས། །ཀུན་གྱི་རང་བཞིན་བྱང་ཆུབ་སེམས་འདི་ནི། །ཡེ་ནས་ང་ཡིན་ཐམས་ཅད་ལྷུན་གྲུབ་པས། །བཅུ་སོགས་རང་བཞིན་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་གང་དེ་ནམ་མཁའ་འདྲ། །ནམ་མཁའ་དག་ལས་ཀུན་ཀྱང་བཙལ་མི་བྱེད། །རྩོལ་སྒྲུབ་བྱས་པས་ནམ་མཁའ་ཀུན་ལས་འདས། །དེ་བཞིན་ང་ཉིད་ཀུན་རྫོབ་ལྷུན་གྲུབ་པས། །ང་ལ་གཞན་གྱིས་བལྟ་ཞིང་བསྒོམ་བྱ་སྒོམ་བྱེད་མེད། །གང་ཞིག་རྩོལ་བའི་རྒྱུ་འབྲས་ཐེག་པ་ཡིས། །རང་བཞིན་ཡན་ལག་བཅུ་ལ་སོགས་པ་ཡིས། །དུས་གསུམ་ཀུན་ཏུ་རང་བྱུང་ལ་བཙལ་ཀྱང་། །ང་ཡི་རང་བཞིན་མངོན་དུ་གྱུར་པ་བས། །མཐོང་ཞིང་ཐོས་པ་ཙམ་དུ་ག་ལ་འགྱུར། །མཁའ་ལ་དོར་ཞིང་པེ་ག་ཨུ་ཏ་ཡ། །རང་ཉིད་ས་ལ་ལྷུང་ཞིང་ཉམས་པར་འགྱུར། །ང་ཡི་རང་བཞིན་ངེས་པར་ལུང་བསྟན་གྱིས། །རང་མིན་བལྟས་པས་མཐོང་མིན་དེ་བཞིན་མིན། །བཙལ་བའི་རང་བཞིན་ཡན་ལག་དོན་མེད་ཀྱིས། །དེ་བཞིན་པ་ལ་དེ་བཞིན་ཉིད་དུ་རྩོལ། །དངོས་གྲུབ་འདོད་པ་ཐམས་ཅད་རང་ལ་རྫོགས། །མི་འགྱུར་ཇི་བཞིན་གོང་དུ་ཡེངས་མེད་ཞོག །རྩོལ་དང་བཅས་པའི་ལྟ་བ་འདིར་མི་དགོས། །རྟོག་དང་བཅས་པའི་སྡོམ་བསྲུང་འདིར་མི་དགོས། །བརྟུལ་ཞུགས་སྤྱད་པའི་སྤྱོད་པ་དེ་བཞིན་ཏེ། །བྱེད་རྩོལ་མ་ལུས་འདོད་པ་སྦྱོང་བ་མེད། །དེ་ལ་དེ་མེད་དེ་ཡིན་དེ་ཡི་སྙིང་པོ་མཆོག །གང་དང་མ་ལུས་དེ་དག་དེ་ཉིད་དེ། །དེ་ཉིད་དེ་ཡིན་མཆོག་སྟེ་གང་དེ་གཟུང་། །ཞེས་གསུངས་སོ། །དེ་ཉིད་མདུད་འགྲོལ་གྱི་དོན་གསུངས་པ། །སེམས་དཔའ་ཆེན་པོ་ཉོན་ཅིག །མདུད་པ་འགྲོལ་བར་བྱའོ། །ཡེ་ཤེས་གསལ་ཅིང་ཤར་བར་བྱའོ། །རྫོགས་ཤིང་ལྷུན་པར་བྱའོ། །སྙིང་པོ་ཀུན་གྱི་ཡེ་ཤེས་རང་གསལ་བདག་རྫོགས་པས། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །རྟེན་དང་གནས་ཀུན་མ་ལུས་ཀུན་ཆུབ་པས། །སྦྱངས་ནས་བརྟེན་པའི་ས་གཞི་གཞན་ཡོད་མིན། །བྱེད་རྩོལ་མ་ལུས་བདག་ཉིད་ལམ་ཡིན་པས། །ང་ལས་གཞན་པའི་བགྲོད་བྱེད་ཡོད་མ་ཡིན། །ང་ནི་ཡེ་ནས་གཉིས་སྣང་བྲལ་བའི་ཕྱིར། །གཟུང་འཛིན་གཉིས་སུ་སྣང་བ་ཡེ་ནས་མེད། །ང་ལས་གཞན་ནི་གཏན་ལ་དབབ་ཏུ་མེད། །ང་ནི་ཀུན་གྱི་བྱང་ཆུབ་སྙིང་པོ་བས། །གསང་བའི་མན་ངག་གཞན་ལ་ཡོད་མ་ཡིན། །སྒྲོ་དང་སྐུར་པ་ཀུན་ལས་འདས་པའི་ཕྱིར། །ཆོས་ཀུན་སྙིང་པོ་ལ་ནི་ང་ཡིས་བཟླས། །ང་མེད་ཡུལ་ན་གཞན་ནི་མི་དམིགས་པས། །ལྟ་བ་བསྒོམ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་ན་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླ། །བཙལ་བའི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱིར། །འཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླ། །རང་བཞིན་ང་ཡིས་གཏན་ལ་ཕེབས་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླ། །ཆོས་ལ་ང་ལས་གཞན་པ་མེད་པའི་ཕྱིར། །ཀུན་བཟང་ང་ཉིད་ཡིན་པར་ལ་ཡང་བཟླ། །ང་མ་མཐོང་བས་སྒྲིབ་པ་ཡིན་པར་བཤད། །ང་དང་ང་ཡི་སྒྲིབ་པ་གཉིས་ཡིན་ཏེ། །མ་མཐོང་བ་ཉིད་ལས་ཀྱི་སྒྲིབ་པ་ཡིན། །མ་ཤེས་པས་ནི་ཤེས་བྱའིསྒྲིབ་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་བས། །མ་ཤེས་མ་རིག་སྒྲིབ་པའི་ངོ་བོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །རང་ཡིན་གཞན་མིན་དེ་ལ་རང་རྟོག་ན། །དེ་ཡིན་སྙམ་པས་རང་ལ་རང་གིས་བསྒྲིབས། །རང་གིས་རང་བཞིན་དེ་ཡིས་ཤེས་པ་མིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་དཔའ་ཉིད་ཡིན་ཉིད་ལས་གཞན་མེད་ཀྱིས། །གོལ་སའི་གནས་ཀྱང་རང་ངམ་གཞན་གཉིས་ཡིན། །རང་གོལ་རང་དུ་དངོས་འཛིན་དང་། །གཞན་གོལ་གཞེན་དུ་བདེན་འཛིན་ན། །གོལ་ས་གནས་ནི་བསྡུ་ན་གཉིས། །རྣམ་པར་གཡེང་ན་ལོག་རྟོག་སྣ་ཚོགས་བཞིན། །དེ་ཉིད་དེ་དག་རིག་ན་བདེ་བ་ཡིན། །རྣམ་པ་མ་ལུས་བདེ་བའི་མཆོག་ཏུ་གསལ། །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གཞན་མ་ཡིན་པའི་དེ་ཁོ་ན་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ངེས་པ་ཐོབ་པའི་ཐེག་པ་དྲུག་གིས་རང་བཞིན་བཅུ་ལ་བལྟས་པས། །སྙིང་པོའི་དོན་ལ་བལྟས་པ་དང་། །མ་མཐོང་བའི་དོན་གྱིས་གོལ་ས་དང་སྒྲིབ་པ་བྱུང་སྟེ། །ཐེག་པ་གཅིག་གིས་ལྟ་བ་ལ། །གོལ་སྒྲིབ་ལྟ་བ་བཅུ་ཡོད་དེ། །ལྟ་བ་དག་གི་གོལ་སྒྲིབ་དང་། །དམ་ཚིག་དག་གི་གོལ་སྒྲིབ་དང་། །འཕྲིན་ལས་དག་གི་གོལ་སྒྲིབ་དང་། །ཡེ་ཤེས་དག་གི་གོལ་སྒྲིབ་དང་། །ས་དང་ཕ་རོལ་ཕྱིན་པ་དག་གིས་གོལ་སྒྲིབ་དང་། །ལམ་ལ་གནས་པའི་གོལ་སྒྲིབ་དང་། །ཕྲ་བདག་གིས་ནི་གོལ་སྒྲིབ་དང་། ་།ད་ཀྱི་གོལ་ས་སྒྲིབ་པ་དང་། །ལུང་གི་གོལ་ས་སྒྲིབ་པ་དང་། མན་ངག་གོལ་ས་སྒྲིབ་པ་བཅུའོ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་ལ། །སྒྲིབ་པ་ཡོད་བར་མ་གསུངས་སོ། །རྣལ་འབྱོར་རྣམ་པ་དྲུག་པོ་ཡིས། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །བལྟས་པས་སྒྲིབ་པའི་གོལ་ས་བྱུང་། །སྟོན་པའི་ལུང་ལ་གོལ་ས་མེད། །གང་ཟག་བློ་ལ་གོལ་སྒྲིབ་བྱུང་། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །ལུང་ཆེན་རྣམ་པ་བཅུ་སྣང་སྟེ། །ལྟ་བ་བསྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཡེ་ཤེས་རང་བྱུང་སྒྲིབ་མེད་ཡིན། །ས་ལམ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕྲ་བ་གཟུང་འཛིན་མེད་པ་ཡིན། །རྒྱུད་ཀྱིརངབཞིནའབྲེལབཡིན། །ལུང་གི་ཡེ་ནས་ཐོག་ཏུ་ཕེབས། །མན་ངག་དག་གི་ལ་ཡང་ཟློ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །རང་བཞིན་བཅུ་ནི་དེ་ལྟར་རོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་ལྟ་བ་འདི་ལྟ་སྟེ། རྒྱུ་ནི་དགེ་བའི་དབྱིངས་ལ་ལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །རྒྱུ་འབྲས་གཉིས་སུ་བལྟས་པས་གོལ། །སྙིང་པོ་དོན་མ་མཐོང་བས་སྒྲིབ། །སྙིང་པོ་བྱང་ཆུབ་སེམས་དེ་ལས། །གཞན་དུ་ལྟ་བའི་ཡུལ་མེད་དེ། །དབྱེར་མེད་པ་ནི་ཆོས་ཉིད་དབྱིངས། །ལྟ་བ་མེད་པར་ལྟ་བ་ནི། །ལྷ་བའི་དམ་པ་ཁོ་ནའོ། །ལྟ་བར་བྱེད་པ་ལྟ་བ་མེད། །དེ་ནས་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཆེན་པོ་མ་ཧྭ་ཡི། །རང་བཞིན་ལྟ་བ་འདི་ལྟ་སྟེ། །ལྟ་བ་དག་གི་རང་བཞིན་ནི། །ལྷ་དང་ལྷ་མོ་སྐུ་གསུང་ཐུགས། །རང་རྒྱུད་དག་པའི་ངོ་བོ་སྟེ། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལྟ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །མ་སྤངས་བཞིན་དུ་ལྷུན་གྱིས་རྫོགས། །རྫོགས་ཀྱང་ལྟ་བའི་ཡུལ་མེད་པས། །བལྟ་བྱ་ལྟ་བྱེད་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཡང་ན་སེམས་དཔའི་རྣལ་འབྱོར་གྱིས། །རང་བཞིན་ལྟ་བ་འདི་ལྟ་སྟེ། །ལྷ་བ་དག་གི་རང་བཞིན་ནི། །བྱིན་རླབས་དག་ལས་བྱུང་བ་ཡི། །སྤྱན་དྲངས་གྲོགས་སུ་ལྷ་བ་སྟེ། །ཆོས་ལ་མཚན་མ་མེད་པར་ལྟ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །གཞན་དུ་ལྟ་བའི་ཡུལ་མེད་པས། །ལྟ་བ་བྱེད་པ་མེད་པ་ཡིན། །དེ་ན་གོལ་ས་སྒྲིབ་པ་བྱུང་། །ཡང་ན་གཉིས་ཀ་རྒྱུ་འདི་ལ། །རང་བཞིན་ལྟ་བ་འདི་ལྟ་སྟེ། །ལྟ་བ་དག་གི་རང་བཞིན་ནི། །དམིགས་པ་བདག་གི་ཏིང་འཛིན་གྱིས། །རང་བཞིན་ཆོས་ལ་བལྟ་བྱས་ནས། །ལྷ་དཔོན་བདག་གཡོག་ལྟ་བར་བྱེད། །ཀུན་ཏུ་བཟང་པོའི་བདེ་ཆེན་ནི། །བདེན་པ་གཉིས་མེད་རིག་པར་གསལ། །བལྟ་བྱ་ལྟ་བྱེད་ངང་གིས་མེད། །དེས་ན་རྣམ་པར་མཐོང་བས་གོལ། །ཀུན་བཟང་མ་མཐོང་སྒྲིབ་པར་འགྱུར། །ཞེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ངེས་ཐོབ་དྲུག་གིས་བཟླ་བ་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འདུས་པའི་ཚོགས་ལ་དམ་ཚིག་གི་གོལ་སྒྲིབ་བསྟན་པའི་ཕྱིར་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ། དབྱིངས་ལ་ལྟ་བའི་སྡོམ་པ་ཡི། །དམ་ཚིག་དག་གི་རང་བཞིན་ནི། །ཆོས་དང་ཡུལ་ལ་སྙིང་རྗེ་སྐུ་གསུང་ཐུགས། །སྦྱོར་བ་རྣམ་པ་བཞི་རུ་བསྲུང་། །རྫོགས་པ་ཆེན་པོའི་དམ་ཚིག་ནི། །གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་འབྱུང་། །རྣལ་འབྱོར་ཆེན་པོ་དམ་ཚིག་བསྟན་པ་ནི། །རྩ་བ་སྐུ་གསུང་ཐུགས་ཏེ་ཡན་ལག་ལྔ། །བཅོ་ལྔ་བཅོ་བརྒྱད་དྲུག་ཅུ་དང་། །ས་མ་ཡ་སྟེ་དུ་མར་སྲུང་། །ཀུན་བཟང་བདེ་ཆེན་དམ་ཚིག་ནི། །གཟུང་འཛིན་མེད་པས་བསྲུང་དུ་མེད། །དེས་ན་གོལ་ས་སྒྲིབ་པ་འབྱུང་། །ཡོ་ག་རྒྱུད་ཀྱི་དམ་ཚིག་ནི། །རྩ་བ་བདུན་དང་དགེ་སྡིག་བཅུ། །སྤོང་ཞིང་དང་དུ་ལེན་པར་བྱེད། །ཀུན་བཟང་རྫོགས་ཆེན་དམ་ཚིག་ནི། །གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་འབྱུང་། །ཡོ་ག་རྒྱུད་ཀྱི་དམ་ཚིག་ནི། །རྩ་བ་བདུན་དང་དགེ་སྡིག་བཅུ། །སྤོང་ཞིང་དང་དུ་ལེན་པར་བྱེད། །ཀུན་བཟང་རྫོགས་ཆེན་དམ་ཚིག་ནི། །གཟུང་འཛིན་མེད་པས་བསྲུང་དུ་མེད། །དེས་ན་གོལ་ས་སྒྲིབ་པར་འབྱུང་། །གཉིས་ཀ་རྒྱུད་ཀྱི་དམ་ཚིག་དྲུག་གི་རང་བཞིན་ནི། །རྩ་བ་བདུན་གྱི་ཡན་ལག་སྟེ། །ཉམས་པ་མེད་པར་སྲུང་བར་བྱེད། །ཀུན་བཟང་རྫོགས་ཆེན་དམ་ཚིག་ནི། །གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །དེ་ན་གོལ་ས་སྒྲིབ་པ་འབྱུང་། །བྱ་བ་རྒྱུད་ཀྱི་དམ་ཚིག་ནི། །རྩ་བ་ལྔ་དང་ཡན་ལག་བདུན། །མི་ཉམས་བསྲུང་བ་དམ་ཚིག་གོ །ཀུན་བཟང་རྫོགས་ཆེན་དེ་ལ་ནི། །དགག་སྒྲུབ་གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་འབྱུང་། །ས་དང་ཕ་རོལ་ཕྱིན་པ་ཡི། །དམ་ཚིག་རང་བཞིན་སྡོམ་པ་སྟེ། །སྤྱོད་པ་འཇུག་དང་སྡོམ་པ་ནི། །གྲངས་མཐའ་ཡས་ཏེ་རྒྱ་མཚོ་འདྲ། །ཀུན་བཟང་རྫོགས་པ་ཆེན་པོ་ལ། །གཟུང་འཛིན་བྲལ་བའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པར་འབྱུང་། །ཞེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། དམ་ཚིག་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །རྫོགས་པ་ཡོངས་སུ་རྣལ་འབྱོར་གྱིས། །རང་བཞིན་འཕྲིན་ལས་འདི་ལྟ་སྟེ། །འཕྲིན་ལས་དག་གི་རང་བཞིན་ནི། །ཞི་རྒྱས་དབང་དང་མངོན་སྤྱོད་བཞི། །མ་འདྲེས་སོ་སོར་གསལ་བར་ལྟ། །ཀུན་བཟང་རྫོགས་ཆེན་རང་བཞིན་ལ། །ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས། །འཕྲིན་ལས་བཙལ་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བསྐྱེད་པ་མ་ཧྭ་ཡོ་ག་ནི། །རང་བཞིན་འཕྲིན་ལས་འདི་ལྟ་སྟེ། །འཕྲིན་ལས་དག་གི་རང་བཞིན་ནི། །ཏ་ན་དང་ནི་འགའ་ན་དང་། །དམ་རྫས་ལྔ་ལ་སྦྱོད་པར་བྱེད། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །འཕྲིན་ལས་བཙལ་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཡོ་ག་སེམས་དཔའི་རྣལ་འབྱོར་ནི། །རང་བཞིན་འཕྲིན་ལས་འདི་ལྟ་སྟེ། །སེམས་དང་ཏིང་འཛིན་ལས་ལ་སྤྱོད། །ཀུན་ཏུ་བཟང་པོའི་བདེ་ཆེན་ལ། །ཡེ་ཤེས་རང་སྣང་རྩོལ་བ་མེད། །ཏིང་འཛིན་ཆེན་དུ་རྩོལ་བ་མེད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །གཉིས་ཀ་རྒྱུད་ཀྱི་ཐིག་པ་ནི། །རངབཞིན འཕྲིན ལསའདི་ལྟ་སྟེ། །འཕྲིན་ལས་དག་གི རངབཞིནནི། །ལསསུ་ཁྲུས་དང་མཆོད་པ་བྱེད། །ལྟ་སྤྱོད་གཉིས་ལ་བརྟེན་པའི་ལས། །ཀུན་ཏུ་བཟང་པོ་བདེ་ཆེན་ལ། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བྱ་བ་ཀྲི་ཡའི་ཨ་ནུ་ནི། །རང་བཞིན་འཕྲིན་ལས་ལྟ་བ་སྟེ། །འཕྲིན་ལས་དག་གི་རང་བཞིན་ནི། །གཟའ་དང་རྒྱུ་སྐར་དུས་བཟང་ཚིག ཁྲུས་དང་གཙང་སྦྲ་བྱེ་བྲག་ཚོགས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འཕྲིན་ལས་ཡེ་ནས་ལྷུན་གྲུབ་པས། །འཕྲིན་ལས་བཙལ་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །མཚན་ཉིད་བྱང་ཆུབ་སེམས་དཔའ་ཡི། །རང་བཞིན་འཕྲིན་ལས་འདི་ལྟ་སྟེ། །འཕྲིན་ལས་དག་གི་རང་བཞིན་ནི། །སྤྱོད་པའི་འཕྲིན་ལས་རྣམ་གྲངས་ནི། །ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས། །འཕྲིན་ལས་བཙལ་དུ་མེད་པ་ཡིན། །ཞེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། འཕྲིན་ལས་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་སུམ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་རང་བྱུང་གི་ཡེ་ཤེས་སྒྲིབ་པ་མེད་པར་གསལ་བ་ལས། ངེས་པ་དྲུག་གི་ཐེག་པའི་ཡེ་ཤེས་ཀྱི་གོལ་ས་དང་སྒྲིབ་པར་གྱུར་པ་འདི་འདུས་པའི་ཆེད་དུ་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཡོངས་སུ་རྣལ་འབྱོར་རྗེས་འཇུག་གི །རང་བཞིན་ཡེ་ཤེས་འདི་ལྟ་སྟེ། །ཡེ་ཤེས་དག་གི་རང་བཞིན་ནི། །གཉིས་སུ་མེད་པའི་རང་བཞིན་ཡིན། །ཀུན་བཟང་བདེ་ཆེན་འདི་ལ་ནི། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །དེས་ན་སོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཡེ་ཤེས་རང་བཞིན་ནི། །རིགས་ཆེན་དག་གི་ཡེ་ཤེས་བཞི། །ཀུན་ཏུ་བཟང་པོ་བདེ་ཆེན་འདི། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །དེས་ན་གོལ་ས་སྒྲིབ་པ་འབྱུང་། །ལྟ་སྤྱོད་འབྲེལ་མེད་གཉིས་ཀ་རྒྱུད། །རང་བཞིན་ཡེ་ཤེས་འདི་ལྟ་སྟེ། །ཡེ་ཤེས་དག་གི་རང་བཞིན་ནི། །རིགས་བཞི་ཕྱག་རྒྱ་བཞི་རུ་གསལ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ཤེས་རང་བྱུང་ཡེ་ཤེས་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ལས་དང་བྱ་བ་རྣལ་འབྱོར་གྱི། །རང་བཞིན་ཡེ་ཤེས་འདི་ལྟ་སྟེ། །ཡེ་ཤེས་རང་བཞིན་བསྟན་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ནི། །རིགས་གསུམ་སོ་སོར་འབྱེད་པར་གསལ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ཤེས་རང་བྱུང་ཡེ་ཤེས་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི། །ཡེ་ཤེས་རང་བཞིན་འདི་ལྷ་སྟེ། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །ཞེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཀྱི་གོལ་ས་དང་སྒྲིབ་པ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ས་ཡི་རིམ་པའི་གོལ་ས་དང་སྒྲིབ་པར་གྱུར་པ་འདི་གསུངས་སོ། །སེམས་དཔའ་རྡོ་རྗེ་དངས་པས་འཐུད། །ཡོངས་སུ་རྣལ་འབྱོར་རྗེས་འཇུག་གི །ས་ཡི་རང་བཞིན་འདི་ལྟ་སྟེ། །ཀུན་བཟང་དབྱེ་བ་མེད་པའི་ས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འདི་ལ་ཐམས་ཅད་གནས་པའི་ཕྱིར། །ས་ཞེས་སྦྱང་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཆེན་པོ་བསྐྱེད་པ་ཡི། །ས་ཡི་རང་བཞིན་བསྟན་པ་ནི། །ལུས་དང་ངག་དང་ཡིད་དང་གསུམ། །སྐུ་གསུམ་རྡོ་རྗེ་འཆང་གི་ས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འདི་ལ་ཐམས་ཅད་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །གཉིས་ཀ་རྒྱུད་ཀྱི་རྣལ་འབྱོར་གྱི། །ས་ཡི་རང་བཞིན་བསྟན་པ་ནི། །ལྟ་སྤྱོད་སོ་སོར་སྤྱོད་པའི་ས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འདི་ལ་ཐམས་ཅད་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བྱ་བ་ལས་ཀྱི་ཀྲི་ཡ་ཡི། །ས་ཡིརངབཞིནབསྟནཔནི། །ཐུགས་ནི་ཡེ་ཤེས་ལྔ་ལྡན་པའི། །ཏིང་འཛིན་རྡོ་རྗེ་འཛིན་པའི་ས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འདི་ལ་ཐམས་ཅད་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བྱང་ཆུབ་སེམས་དཔའི་ཐེག་པ་ཡི། །ས་ཡི་རང་བཞིན་བསྟན་པ་ནི། །དང་པོས་ས་ནས་རིམ་གྱི་བཅུ། །ཀུན་ཏུ་འོད་ཀྱི་ས་ལ་གནས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །འདི་ལ་ཐམས་ཅད་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཞེས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ས་སྦྱང་དུ་མེད་པ་ལ་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།དེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། འདུས་པའི་ཚིགས་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡོངས་སུ་རྣལ་འབྱོར་གྱི་ལམ་གྱི་རང་བཞིན་འདི་ལྟ་སྟེ། ལམ་གྱི་རང་བཞིན་བསྟན་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་ལམ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཆེན་པོ་བསྐྱེད་པ་ཡི། །ལམ་གྱི་རང་བཞིན་བསྟན་པ་ནི། །ཐབས་དང་ཤེས་རབ་ལམ་སྒོ་དང་། །ཏིང་འཛིན་རྣམ་གསུམ་སྐུ་གསུམ་ལམ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ལམ་ལ་བགྲོད་དུ་མེད་པའི་ཕྱིར། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་བགྲོད་ལམརངབཞིནནི། །མཚན་མ་མེད་པའི་ལམ་དུ་འཇུག །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བྱ་བ་ཀྲི་ཡ་བ་དག་ནི། །ལམ་གྱི་རིམ་པ་བསྟན་པ་ནི། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །དག་པ་རྣམ་གསུམ་ལམ་དུ་ལྷ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །མཚན་ཉིད་བྱང་ཆུབ་སེམས་དཔའ་ཡི། །ལམ་གྱི་རང་བཞིན་ངེས་པ་བྱུང་། །ཚོགས་དང་སྦྱོར་བ་མཐོང་བ་དང་། །ས་བཅུ་བསྒོམ་པ་རྣམ་པ་ལྔའོ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལམ་ལ་བགྲོད་དུ་མེད་པའི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེས། །ཆོས་ཉིད་ཕྲ་བའི་གོལ་སྒྲིབ་བསྟན་པའི་ཕྱིར་འདུས་པའི་ཚོགས་ལ་འདི་སྐད་ཅེས་གསུངས་སོ། །ཡོངས་སུ་རྣལ་འབྱོར་ཆེན་པོ་ཡི། །རང་བཞིན་ཕྲ་བ་འདི་ལྟ་སྟེ། །ཕྲ་བ་ཟབ་མོའི་རང་བཞིན་ནི། །སྣང་ལ་རང་བཞིནམེདཔཡིན། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གིརངབཞིནཡིན། །དེས་ནགོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་མ་ཧྭ་ཡོ་ག་ཡི། །རངབཞིནཕྲབའདིལྷསྟེ། །ཕྲ་བ་ཆོས་ཀྱི་རང་བཞིན་ནི། །ཐབས་དང་ཤེས་རབ་མ་སྐྱེས་པ། །སྐྱེས་པ་མེད་པའི་ཕྲ་བར་བཤད། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་རྣལ་འབྱོར་ཡོ་ག་ཡི། །རང་བཞིན་ཕྲ་བ་འདི་ལྟ་སྟེ། །ཕྲ་བ་ཆོས་ཀྱི་ཟབ་མོ་ནི། །མཚན་མ་མེད་པའི་ཆོས་ཀྱི་དབྱིངས། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །གཉིས་ཀ་རྒྱུད་གྱི་ཨུ་པ་ཡ། །རང་བཞིན་ཕྲ་བ་འདི་ལྟ་སྟེ། །ཕྲ་བ་ཆོས་ཀྱི་རང་བཞིན་ནི། །རྣམ་པར་མི་རྟོག་སྟོང་ལས་ཕྲ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་རྒྱུང་། །ལས་དང་བྱ་བའི་རྣལ་འབྱོར་གྱི། །རང་བཞིན་ཕྲ་བའི་ད་ལྟ་སྟེ། །ཆོས་ཉིད་རྣམ་པར་མི་རྟོག་ལ། །གཟུང་ཞིང་ཤིན་ཏུ་ཕྲ་བ་ལྟ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །མཚན་ཉིད་ཐེག་པ་ཆེན་པོ་ཡི། །རང་བཞིན་ལྟ་བ་འདི་ལྟ་སྟེ། །ཆོས་ཀྱི་རང་བཞིན་ཕྲ་བ་ནི། །ཆོས་སྐུ་གཟུང་འཛིན་བྲལ་བར་འཛིན། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གིརངབཞིནཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཆོས་ཉིད་ཕྲ་བའི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཡོངས་སུ་རྣལ་འབྱོར་ཆེན་པོ་ཡི། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །རྒྱུ་དང་འབྲས་བུ་གཉིས་མེད་འབྲེལ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་བས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང། །བསྐྱེད་པ་མ་ཧྭ་ཡོ་ག་ཡི། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས། །བདག་ཉིད་ཆེན་པོར་གཟུགས་ཀྱིས་འབྲེལ། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་བས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་རྣལ་འབྱོར་ཡོ་ག་ཡི། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །ཡུལ་དང་དབང་པོ་གཉིས་སུ་འབྲེལ། །ཀུན་བཟང་བདེ་ཆེན་རྫོགས་པ་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་བས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །གཉིས་ལྟ་སྤྱོད་ཀྱི་ཨུ་བ་ཡ། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །གཉིས་ཀ་སྤྱོད་པའི་འབྲེལ་བ་མེད། །ཀུན་བཟང་རྫོགས་པ་བདེ་ཆེན་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་པས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ལས་དང་བྱ་བའི་ཀྲི་ཡ་ཡི། ཁུད་ཀྱི་རང་བཞིན་འདི་ལྟ་སྟེ། །ཡན་ལག་བཅུ་གཉིས་རིམ་པར་འབྲེལ། །ཀུན་བཟང་རྫོགས་པ་བདེ་ཆེན་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་བས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ས་དང་ཕ་རོལ་ཕྱིན་པ་ཡི། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ནི། །ལས་དང་ཐུགས་རྗེ་བདེན་གཉིས་འབྲེལ། །ཀུན་བཟང་རྫོགས་པ་བདེ་ཆེན་ནི། །སངས་རྒྱས་སེམས་ཅན་གཉིས་སྣང་བས། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཞེས་གསུངས་སོ། ཁ་ས་མན་ཏེ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། འབྲེལ་བ་རྒྱུད་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། ལུང་གིས་ཐོག་ཏུ་ཕེབས་པའི་གོལ་སྒྲིབ་འདུས་པའི་ཚོགས་ལ་བཀའ་སྩལ་པ། ཡོངས་སུ་རྣལ་འབྱོར་བྱ་བ་ཡི། །རང་བཞིན་ལུང་ནི་འདི་ལྟ་སྟེ། །ལུང་གི་རང་བཞིན་བསྟན་པ་ནི། །དབྱིངས་ནི་རྒྱུ་ཡི་ལུང་ཡིན་ལ། །འབྲས་བུ་ཡེ་ཤེས་ལུང་དུ་བསྟན། །ཀུན་བཟང་རྫོགས་པ་བདེ་ཆེན་ནི། །ཆོས་ཀུན་གཏན་ལ་ཕབ་པའི་ཕྱིར། །ལུང་གིས་ཐོག་ཏུ་ཕེབས་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཆེན་པོ་བསྐྱེད་པ་ཡི། །ལུང་ཆེན་ཐོག་ཏུ་ཕེབས་པ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ།ཁམས་དང་སྐྱེ་མཆེད་སེམས་ཆོས་རྣམས། །བདག་ཉིད་ཆེན་པོའི་ཐོག་ཏུ་འབེབས། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །ཆོས་ཀུན་གཏན་ལ་ཕབ་པའི་ཕྱིར། །ལུང་གིས་གཏན་ལ་ཕབ་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །རྣལ་འབྱོར་ཏིང་འཛིན་གཙོར་བྱེད་ཀྱི། །ལུང་ཆེན་ཐོག་ཏུ་ཕེབས་པ་ནི། །ཆགས་པ་མེད་པར་ཐོག་ཏུ་འབེབས། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །ཆོས་ཀུན་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་གཏན་ལ་ཕེབས་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ལྟ་སྤྱོད་འབྲེལ་མེད་རྣལ་འབྱོར་གྱི། །ཐོག་ཏུ་འབེབས་པའི་ལུང་ཆེན་ནི། །ངེས་པ་མེད་པར་བསྟན་པ་ཡིན། །ཀུན་ཏུ་བཟང་པོ་བདེ་ཆེན་ནི། ། ཆོས་ཀུན་གཏན་ལ་ཕབ་པའི་ཕྱིར། །ལུང་གི་ཐོག་ཏུ་ཕེབས་བ་ཡིས། །དེས་ན་གོལ་ས་སྒྲིབ་བ་བྱུང་། །བྱ་བ་ལས་ཀྱི་ཐེག་པ་ཡི། །ལུང་ཆེན་ཐོག་ཏུ་ཕེབས་པ་ནི། །ཏིང་འཛིན་གཟུང་འཛིན་བྱེད་པ་ཡི། །ཐོག་ཏུ་ཕེབས་པར་ངས་མ་བསྟན། །ཀུན་བཟང་རྫོགས་ཆེན་བདེ་བ་ཡིས། །ཆོས་ཀུན་གཏན་ལ་ཕེབས་པའི་ཕྱིར། །ལུང་གི་ཐོག་ཏུ་ཕེབས་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །མཚན་ཉིད་བྱང་ཆུབ་སེམས་དཔའ་ཡི། །ལུང་ཆེན་ཐོག་ཏུ་འབེབས་པ་ནི། །དོན་དམ་ཀུན་རྫོབ་བདེན་པས་འབེབས། །ཀུན་བཟང་རྫོགས་ཆེན་བདེ་བ་ཡིས། །ཆོས་ཀུན་གཏན་ལ་ཕབ་པའི་ཕྱིར། །ལུང་གི་ཐོག་ཏུ་ཕེབས་པ་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལུང་ཆེན་ཐོག་ཏུ་འབེབས་པའི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོ་དེས།འདུས་པའི་ཚོགས་ལ་འདི་སྐད་ཅེས་གསུངས་སོ། །རྗེས་སུ་འཇུག་པའི་རྣལ་འབྱོར་གྱིས། །མན་ངག་དག་གི་རང་བཞིན་ནི། ཁུ།་ནི་དབྱིངས་སུ་དག་པར་བཟླས། །འབྲས་བུ་ཡེ་ཤེས་ལ་ཡང་བཟླས། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །རང་བྱུང་ཡེ་ཤེས་ཆེན་པོ་འདི། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་བཟླས་པ་ཡི་མན་ངག་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །བསྐྱེད་པ་མ་ཧ་ཡོ་ག་ནི། །ལ་བཟློ་བ་ཡི་མན་ངག་ནི། །སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །བདག་ཡིན་གཞན་དུ་རག་མ་ལུས། །ལྟོས་པ་མ་མཆིས་ལ་བཟློ་བའི། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །རང་བྱུང་ཡེ་ཤེས་སྙིང་པོ་འདིས། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་བཟློ་བ་ཡི་མན་ངག་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཡང་ན་སེམས་དཔའི་རྣལ་འབྱོར་གྱི། །ལ་བཟློ་བ་ཡི་མན་ངག་ནི། །ཆུ་ཟླ་ལྟ་བུའི་རང་བཞིན་དུ། །གཟུང་དུ་མེད་པར་ལ་བཟློ་བའོ། །ཀུན་བཟང་རྫོགས་ཆེན་བདེ་ཆེན་ནི། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་བཟློ་བ་ཡི་མན་ངག་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ཡང་ན་གཉིས་ཀ་རྒྱུ་འདི་ཡི། །ལ་བཟློ་བ་ཡི་མན་ངག་ནི། །འདི་སྤྱོད་ཉེས་པ་མ་མཆིས་པས། །སེམས་དཔའ་ང་ཡིས་ལུང་མ་བསྟན། །ཀུན་བཟང་བདེ་ཆེན་རྫོགས་པ་ནི། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་བཟློ་བ་ཡི་མན་ངག་ཡིན། །དེས་ན་གོལ་ས་སྒྲིབ་པ་བྱུང་། །ལས་དང་བྱ་བ་ཡ་ན་ཡི། །ལ་བཟློ་བ་ཡི་མན་ངག་ནི། །ཆོས་ལ་གཟུང་དང་འཛིན་བྱད་པས། །ཏིང་འཛིན་རྟག་པ་ལ་མ་བཟློས། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་བཟློ་བ་ཡི་མན་ངག་ཡིན། །ཞེས་ཀུན་ཏུ་བཟང་པོས་གསུངས་སོ། །ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གེགས་སྤོང་འཁོར་བ་ལས་འདས་པའི། །རང་བཞིན་བཅུ་ནི་ཇི་ལྟར་ལགས། །ཞེས་གསོལ་ཏོ། །བཀའ་སྩལ་བ། །སྤོང་ཞིང་འགེགས་པ་རྣམ་གཉིས་ལ། །རང་བཅུ་ཡིས་ནི་ལུང་མ་བསྟན། །ངེས་པ་ཐོབ་པའི་ཐེག་པ་གསུམ། །རྣལ་འབྱོར་བཞི་ཡི་གོལ་སར་བསྟན། །ཞེས་གསུངས་སོ། །རྣལ་འབྱོར་བཞི་ལས་ཕྱེ་བ་ཡི། །རང་བཞིན་བཅུ་ཡི་གོལ་སར་ནི། །གོལ་ས་བརྒྱ་ནི་བརྒྱད་ཅུ་ལ། །བཅུ་ཕྲག་དྲུག་གིས་སྒྲིབ་པ་ཡིན། །བསྡོམས་པས་བརྒྱ་གཉིས་བཅུ་ཚན་བཞི། །ཐེག་པ་བདུན་གྱིས་ཕྱེ་བའི་ཚེ། །རྣམ་པ་བཅུ་ཡི་རང་བཞིན་ལ། །བཞི་བརྒྱ་དང་ནི་བཅུ་ཚན་གཉིས། །རངབཞིནབཅུཡིངོབོནི། །ཀུན་བཟང་རྫོགས་པ་བདེ་བ་ཆེ། །ཞེས་གསུངས་པའོ། །ངེས་པར་བྱེད་པའི་དོན་བསྟན་པ། །རྗེས་འཇུག་ལ་སོགས་ཐེག་བདུན་གྱིས། །རང་གི་རང་བཞིན་མ་ཤེས་ནས། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །རང་གི་རང་བཞིན་མ་ཤེས་ནས། །གོང་མས་འོག་མའི་དོན་འཛིན་ན། །གོལ་ས་གོལ་ས་ཞེས་སུ་བཤད། །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལ་བཟློ་བའི་མན་ངག་གི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེ་ཉོན་ཅིག །སྒྲོ་སྐུར་བྲལ་བའི་སྙིང་པོའི་དོན། །སྒྲ་རུ་ཕྱུང་ལ་བཤད་པར་བྱའོ། །ཞེས་གསུངས་སོ། །ང་ནི་ཀུན་བཟང་ཉིད་ཀྱི་དངོས། །དེས་ན་ཀུན་གྱི་ངོ་བོར་ཤར། །གོལ་ས་སྒྲིབ་པ་ངང་གིས་མེད། །ཉི་མའི་སྙིང་པོ་ལྟ་བུའོ། །དེ་ཉིད་ཀུན་གྱི་ངོ་བོར་གསལ། །སྐུ་གསུམ་སྟོན་པ་རྣམ་གསུམ་དང་། །དུས་གསུམ་སངས་རྒྱས་ཁམས་གསུམ་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ང་ཡི་རྣམ་པ་མ་འགགས་ཤར། །དེ་ཡང་ཇི་ལྟར་ཤར་ཅེ་ན། །མི་རྟོག་མཉམ་པ་དེ་ཉིད་ལ། །འཁོར་འདས་ཐམས་ཅད་ངོ་བོས་ལྡན། །དེས་ན་ཆོས་སྐུ་ཆེན་པོའོ། །དེ་ཉིད་ཆུ་དང་ཟླ་བ་ལྟར། །གཟུགས་སྐུ་རྣམ་གཉིས་སྣང་བ་ཡང་། །གདུལ་བྱ་རིམ་པའི་ངོ་ལ་སྣང་། །སྣང་བ་ཉིད་ན་ཆོས་སྐུ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཡེ་ཤེས་སྙིང་པོའི་ངོ་བོ་སྟེ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །རང་བྱུང་ཡེ་ཤེས་སེམས་ཉིད་དོ། །སེམས་ཉིད་མི་རྟོག་རྟོགས་ན་རྒྱས །དེ་ལྟར་སངས་རྒྱས་མི་རྟོག་དང་། །མི་རྟོག་པར་ནི་འགྲོ་དོན་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ། །ལུང་དོན་འགྲོ་དོན་མཛད་པ་ངས། །ས་པ་རིགས་འཛིན་བྱང་ཆུབ་སེམས། །བལྟས་པས་མ་མཐོང་མ་ཡིན་ན། །རང་བྱུང་ཡེ་ཤེས་དེ་རུ་ཕྲད། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་བཀག་མེད་པས། །དབང་པོ་ཡུལ་ལ་རིག་པས་གསལ། །ཀུན་བཟང་བདེ་བ་ཆེན་པོ་ཉིད། །སྣང་སྲིད་སྣོད་བབ་ཐམས་ཅད་ཀྱང་། །ང་ཡི་རྣམ་པ་མ་འགགས་ཤར། ཁྲར་བ་ཉིད་ན་གཉིས་སུ་མེད། །དེས་ན་ཀུན་གྱི་སྙིང་པོར་བཤད། །ང་ནི་ཀུན་ཏུ་ཤར་བ་སྟེ། །སྐུ་གསུང་ཐུགས་སུ་ང་ཉིད་ཤར། །རིགས་འཛིན་བྱང་ཆུབ་སེམས་དཔའ་དང་། ཁམས་གསུམ་གནས་པའི་སེམས་ཅན་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ང་ཉིད་ཀུན་བཟང་རྡོ་རྗེ་ཡི། །ཐམས་ཅད་རིག་པར་རང་གསལ་ལོ། །ང་ནི་ཀུན་བཟང་རྡོ་རྗེ་སྟེ། །འཁོར་འདས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་བཙལ་མེད་བྱས་ཟིན་ཕྱིར། །ཆོས་ལ་བྱ་རུ་མེད་པའི་ཕྱིར། །བཙལ་བ་མེད་པའི་སྒོ་ནས་འཇུག །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །སེམས་ཀྱིས་བསྒོམ་དུ་མེད་པའོ། །གཟུགས་མེད་འདས་པའི་ཆོས་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པའོ། །ཡེ་ནས་ལྷུན་གྱིས་གྲུབ་པས་ན། །འཕྲིན་ལས་བཙལ་དུ་མེད་པའོ། །བྱང་ཆུབ་སེམས་ལ་ཀུན་འགྲུབ་པས། །ས་ལ་སྦྱང་དུ་མེད་པའོ། །བྱང་ཆུབ་སེམས་ནི་བགྲོད་ཟིན་པས། །ལམ་ལ་འགྲོད་དུ་མེད་པའོ། །བྱང་ཆུབ་སེམས་ནི་སྦྱངས་ཟིན་པས། །ཡོན་ཏན་ལྷུན་གྱིས་གྲུབ་པའོ། །རང་བྱུང་ཡེ་ཤེས་ཡེ་གསལ་ཁྱབ། ཁྲེས་བྱ་ཤེས་བྱེད་གཉིས་མེད་པའོ། །བྱང་ཆུབ་སེམས་ནི་ཀུན་གྱི་དངོས། །བྱང་ཆུབ་སེམས་ནི་སྙིང་པོའི་མཆོག །དྲི་བྲལ་སྙིང་པོའི་རང་བཞིན་ཏེ། །ཡིད་བཞིན་ནོར་ལྟར་ཡེ་ནས་གནས། །ཨ་ཨ་ཞེས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྒྲོ་སྐུར་བྲལ་བའི་སྙིང་པོའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ང་ཡི་བསྟན་པ་རྒྱ་མཚོ་འདྲ། །ཀུན་དང་ཐུན་མོང་མ་ཡིན་ནོ། །ང་ཡི་བསྟན་པ་ནམ་མཁའ་འདྲ། །ཀུན་གྱི་ཐུན་མོང་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། །ང་ཡི་རང་བཞིན་རྟོགས་དཀའ་སྟེ། །ལྷ་དང་སྒོམ་དང་དམ་ཚིག་དང་། །འཕྲིན་ལས་དང་ནི་བགྲོད་ལམ་གནས། །ཡེ་ཤེས་ཆོས་ཉིད་བཞི་གཉིས་དོན། །ངེས་པ་ཐོབ་པའི་ཐེག་དྲུག་དང་། །ལྟ་སྒོམ་ལ་སོགས་བྱི་དོར་ཐ། །བཙལ་མེད་སྒོ་ནི་གཞན་ལ་འགགས། །ལྟ་བ་མེད་པའི་ལྟ་བ་འདི། །ཐེག་པ་གཞན་དང་མཐུན་པ་མེད། །མེད་པ་ཕྱལ་པ་ལྷུན་གྲུབ་ཅིག །བསྲུང་མཚམས་གཞན་དུ་མཐུན་པ་མིན། །བཙལ་བ་མེད་པའི་འཕྲིན་ལས་འདི། །གཞན་མ་སེམས་ཀྱིས་རྩོལ་བ་ཡིན། །ལམ་ལ་བགྲོད་དུ་མེད་པ་ལ། །ཏེག་གཞན་ལམ་ལ་བགྲོད་བྱེད་པ། །མཁའ་ལ་ཐེམ་སྐས་འཚོལ་བ་འདྲ། །གནས་པ་སྦྱང་མེད་བསྟན་པ་ཡིན། །རིམ་པར་གནས་ལ་སྦྱོང་བ་ནི། །མཁའ་ལ་བི་ཏ་ར་ཧི་ར། །ཡེ་ཤེསཅིར་ཡང་ཤར་བ་ཡིན། །གཞན་གྱི་གཟུགས་བརྙན་ངོས་གཅིག་གསལ། །ཆོས་ཉིད་ཇི་བཞིན་སྐྱེ་འགག་མེད། །མེད་ཅིང་ཅིར་ཡང་མི་གནས་ཡིན། །གཞན་གྱི་ཆོས་ཉིད་དེ་དང་མཐུན་པ་མིན། ཀྱེ། སེམས་དཔའ་ཆེན་པོ་དོན་འདི་ཡི། །འབྲས་བུ་ཐེག་པ་ཅན་ལ་བསྟན་འགྱུར་ན། །འཇིག་རྟེན་རྒྱུ་དང་འབྲས་བུ་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བར་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལ་བསྒྲུབས་པས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པས་བྱ་བ་ཡིན། །གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། །བསྒོམ་པ་དེ་ཡི་འབྲས་བུ་ཐོབ་པ་མེད། །ཐམས་ཅད་ཇི་བཞིན་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་སླུ་བ་སྙིང་རེ་རྗེ། །ལྟ་བསྒོམ་དམ་ཚིག་ལ་སོགས་རྩོལ་བསྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡངས་པ་ཕྲལ་ནས་ནི། །དབེན་པའི་ས་ལ་ཐབས་ཀྱི་ཁྲིད་བྱས་ནས། །རྟོག་མེད་མཉམ་པར་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཆོས་ཉིད་གཞན་གྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། །སེང་གེ་བསྤྱིངས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཨ། སྐྱེ་མེད་རྡོ་རྗེ་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །རྒྱལ་བ་ཀུན་གྱི་མཛད་པ་ཤར། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །སྐྱེ་མེད་རྡོ་རྗེ་ཚིག་འདི་གསུངས། །ཞེས་གླེངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་ཚིག་འདི་རྡོ་རྗེ་སྟེ། །ཕལ་གྱིས་རྟོགས་པར་དཀའ་བའོ། །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པའི་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པའི་བཞག་པ་ཡིན། །ཞེས་རྡོ་རྗེ་གསང་བའི་ཚིག་གོཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །ངེས་ཐོབ་ཀྱི་ཐེག་པ་ཟིལ་གྱིས་གནན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེ་མདངས་ཕྱུང་ཞིག །ང་ཡི་རིག་པའི་ངོ་བོ་ནི། །བལྟས་པས་མི་མཐོང་བལྟས་མེད་གསལ། ཁྱོད་ཀྱིས་རང་སེམས་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་རྩོལ་བྲལ་ཡང་། །ལས་དང་སྐལ་ལྡན་གང་དག་ལ། །ཐ་དད་མ་འདྲེས་གསལ་ཞིང་འདྲེན་པར་མཛད། །ཉོན་མོངས་སྐྱོན་གྱིས་མ་གོས་པདྨ་འདྲ། ཞེས་གསུངས་སོ། །དེ་ནས་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་རང་རིག་རྐྱེན་དང་བྲལ། །སྣང་བའི་ཆོས་སུ་བརྟགས་པ་རྣམས། །དེ་ལ་དེ་དག་ཡོད་མ་ཡིན། །མཉམ་པའི་དོན་ལ་ཅིར་མི་མཐོང་། །ཐ་དད་གཞི་ལ་ངོ་བོར་འགྲུབ། །མ་བཅོས་རང་སྣང་ཆུ་ཟླ་འདྲ། །དངོས་གཞི་མ་གྲུབ་བཟུང་དུ་མེད། །རྣམ་པ་ཐམས་ཅད་སེམས་ཀྱི་ལུང་། །རྟོག་པ་ཆོས་ཉིད་ཆུ་ཟླ་འདྲ། །ནམ་མཁའ་ལྟ་བུའི་ཚུལ་དུ་གནས། །མ་བགྲོད་ཅིར་ཡང་འཇུག་པའི་ས། །གང་ལྷར་སྤྱོད་ཀྱང་ཉམས་པ་མེད། །རྟོག་པ་སེམས་སུ་ཤེས་པ་ལ། །ཡེ་ཤེས་བྱེ་བྲག་བསམ་མི་ཁྱབ། །རིག་པའི་ཤེས་པ་རིག་པའི་ཉམས། །དང་པོ་གཉིས་པ་གསུམ་པ་བཞི། །རྒྱ་མཚོ་དཔེ་ཡི་ཚུལ་དུ་བསྟན། །རྣམ་རྟོག་ཅིར་ཡང་མི་ལྟ་དྲང་པོའི་དོན། །ཟིན་པས་རྩོལ་དང་བྲལ་བར་ལྷུན་གྱིས་གྲུབ། །ཡོན་ཏན་དཔག་ཏུ་མེད་པར་ཤར། །ཤར་བ་ཉིད་ན་ངོ་བོར་ཆུབ། །མཚན་ཉིད་མཐའ་རྣམས་ཀུན་བྲལ་བའོ། །ཞེས་གསུངས་པས། །རིག་པ་རང་འབར་གྱི་འོད་གསལ་བར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིག་པ་བྱང་ཆུབ་ཀྱི་སེམས་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས་འདི་སྐད་ཅེས་ཞུས་སོ། །སྐྱེ་མེད་ཆོས་རྣམས་རྩོལ་བྲལ་ནས། །གདུལ་བྱ་སྐལ་ལྡན་ངོ་དག་ཏུ། །སྐུ་གསུམ་གྲངས་སྣང་དོན་གང་ལགས་།དེ་ཉིད་དངོས་སམ་བློ་ལ་སྣང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །ཆོས་རྣམས་ཐམས་ཅད་རྐྱེན་མེད་རྩོལ་བྲལ་ཡང་། །ལས་དང་སྐལ་བར་ལྡན་པ་གང་དག་་ཐ། །ཐ་དད་མ་འདྲེས་གསལ་བར་བསྟན་པར་མཛད། །རྐྱེན་བྲལ་སྐྱོན་གྱི་མ་གོས་ཆུ་ཡི་མེ་ཏོག་འདྲ། །སྣང་བ་མ་བཅོས་ཆོས་སྐུ་ལ། །རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་ཤར། །ཞིང་ཁམས་སྣང་སྲིད་ཐམས་ཅད་ཡིན། །འཁོར་འདས་སྣོད་བཅུད་མ་ལུས་པ། །སྐྱེ་མེད་བྱིན་རླབས་ཐམས་ཅད་འཁོར། །རིན་ཆེན་འཕྲེང་པ་རིག་པ་སྒྲོགས། །མི་རྟོག་སྤྲོས་མེད་སེམས་སུ་ཤར། །འཕེལ་ཞིང་འདུས་པས་དེ་ཡི་འཁོར། །སྐྱེ་མེད་འགྱུར་མེད་རྟག་པའི་སྐུ། །རང་བྱུང་སྤྲོས་མེད་བྱིན་རླབས་ཤར། །རང་རིག་གཟུགས་སུ་སྣང་བ་དང་། །བདེ་བ་མ་ལུས་རང་རིག་ཀྱང་། །རིག་པ་ཉིད་ལ་གདོད་ནས་རྫོགས། ཁྱད་པར་བདེ་བ་ལྷ་ཡི་ཡིན། །ལྷག་པར་བདེ་བའང་ལྷ་ཡི་ཡིན། །རང་བྱུང་སྤྲོས་མེད་སེམས་ལ་རྫོགས། ཁེན་ཏུ་བདེ་བ་ཐམས་ཅད་ཀྱང་། །རང་བྱུང་སྤྲོས་མེད་སེམས་ལ་ཤར། །བདེ་བ་ཆེན་པོ་ཐམས་ཅད་ཀྱང་། །རང་བྱུང་སྤྲོས་མེད་སེམས་ལ་རྫོགས། །ལོངས་སྤྱོད་མ་ཆགས་ཞིང་ཁམས་ཡིན། །རིག་པའི་འཁོར་ལོ་དགོངས་པ་འཆར། །ཏིང་འཛིན་རིག་པ་གདེང་གིས་གོ །གནས་དང་འཁོར་དང་བསྟན་པ་དང། །རིག་པའི་ངང་ལ་གསལ་བར་སྟོན། །མ་བཅོས་ས་ལ་དགོད་པར་མཛད། །མཚོན་བྱེད་ཐབས་དང་སྤྲད་པ་དང་། །དབང་གི་མན་ངག་སྟོན་པར་མཛད། །མཚོན་བྱ་མཚོན་བྱེད་ངོ་བོ་གཅིག །ཐུགས་རྗེ་རང་བཞིན་སྤྲུལ་པར་ཤར།ཁམས་གསུམ་ཐམས་ཅད་ཐུགས་རྗེའི་གནས། །ཞེན་པའི་བསམ་པས་བརྟགས་པ་རྣམས། །བཀག་ཏུ་རང་སྣང་འབྲས་བུར་ཤར། །སྟོན་པ་དྲུག་གི་མཛད་པར་ཤར། །གང་ཟག་བློ་ལ་འཐུན་ཕྱོགས་སུ། །དེ་དང་འཐུན་པའི་སྒོ་ནས་བསྟན། །ཞེས་གསུངས་སོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྐུ་གསུམ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཀུན་བཟང་རྫོགས་ཆེན་ང་ཉིད་ལ། །རྡོ་རྗེ་ཚིག་ཏུ་ཐིག་ལེ་དགུ། །སེམས་དཔའི་ཚོགས་ལ་བསྟན་པར་བྱ། །ཞེས་གསུངས་སོ། །ཨེ་མ་ཧོ། རྡོ་རྗེ་གསང་ཚིག་རྟོགས་དཀའ་བ། ཁྱེད་ཀྱི་ཙིསྟར་གསལ་གྱུར་ཅིག །ཚིག་དགུ་བྱང་ཆུབ་སེམས་བཅུ་ནི། །ཚིག་དགུ་སྨྲས་པས་དོན་ཚིག་སྦྱར། །སེམས་དེ་བསྟན་ཕྱིར་ཚིག་དགུ་བྱུང་། །སེམས་ཀྱི་ཆོས་ཉིད་ང་ཉིད་ཡིན། །ཆོས་ཉིད་ཡེ་ནས་རྒྱུ་རྐྱེན་བྲལ། །དེ་ནས་ཀུན་བཟང་བྱང་ཆུབ་སེམས། །ཡིན་པར་བདེ་གཤེགས་ཀུན་གྱིས་བཤད། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །རང་བྱུང་རྒྱུ་རྐྱེན་གཉེན་པོ་མེད། །བཙལ་དུ་མེད་པའི་བྱང་ཆུབ་སེམས། །སྦྱང་དུ་མེད་པས་བྱང་ཆུབ་སེམས། །བསམ་དུ་མེད་པས་བྱང་ཆུབ་སེམས། །དངོས་པོ་བྲལ་བའི་བྱང་ཆུབ་སེམས། །བསྟན་དུ་མེད་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །རྟག་ཏུ་མེད་པའི་བྱང་ཆུབ་སེམས། །སྒྲོ་སྐུར་མེད་པའི་བྱང་ཆུབ་སེམས། །ཀུན་ལས་འདས་པའི་སེམས་ཉིད་འདིར། །ཆོས་ཀུན་ཡེ་ནས་འདུས་ཤིང་གནས། །སེམས་ཉིད་ནམ་མཁའ་ལྟ་བུར་གནས། །ནམ་མཁའ་ཅི་ལའང་མི་གནས་བཞིན། །སེམས་ཉིད་ཅི་ལའང་གནས་པ་མེད། །སེམས་དཔའ་ཆེན་པོ་ང་ཡིས་ནི། །ང་ཡིན་རང་བཞིན་འདས་པའི་རྒྱུད། ཁྱོད་ལ་རྡོ་རྗེའི་ཚིག་དགུ་བསྟན། །རྟོགས་པར་ཤིན་ཏུ་དཀའ་བའོ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྡོ་རྗེ་ཚིག་དགུ་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། རིག་པ་འགག་པ་མེད་པ་ནམ་མཁའ་རྡོ་རྗེའི་སྤྱོད་པ་འདི་གསུངས་སོ། །ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང་། །རང་བྱུང་རྡོ་རྗེ་ནམ་མཁའ་འདྲ། །ཅི་ལ་སྤྱོད་ཀྱང་ཟིན་ཆགས་མེད། །སྒོ་གསུམ་བག་ཡངས་ལྷུན་པ་མེད། །ལོག་སྣང་བྲལ་བས་ཡེ་ཤེས་གསལ། །སྣང་བཞག་ཡེ་ཤེས་སྤྱོད་པ་ལ། །བདེ་ཆེན་བླང་དོར་གཉིས་སུ་མེད། །མཁའ་མཉམ་ཡེ་ཤེས་རང་བྱུང་དུ། །དུས་གསུམ་འདའ་བ་མེད་པར་གནས། །ཡེ་ཤེས་དཀྱིལ་འཁོར་རང་གསལ་བར། །དངོས་གྲུབ་ཡེ་ཤེས་འོད་ལྟར་འབྱུང་། །ཡེ་ཤེས་རྣམ་པ་ཅིར་ཡང་གསལ། །མ་འགགས་འོད་གསལ་རིག་པའི་གདེང་། །མཚོན་པའི་ལམ་གྱིས་རྒྱུ་དང་བྲལ། །རང་བྱུང་ཡེ་ཤེས་ལུང་གི་དོན། །ལུང་ཆེན་ཚད་མ་ཀུན་གྱི་བདག །རིག་པའི་ཡེ་ཤེས་བརྗོད་བྲལ་བའི། །ཡང་དག་བརྗོད་པའི་ལུང་དང་བྲལ། །སེམས་ཉིད་རིགས་པའི་སྒྲོན་མ་ཡིས། །སྣ་ཚོགས་ཀུན་ཏུ་རང་འབར་ཤར། །ཀུན་གྱིས་གསལ་བའི་མེ་ལོང་མཐོང་ཐོས་པས། །རྣ་རྒྱུད་སྒ་ལ་རག་མ་ལུས། །ཆོས་ཉིད་ནམ་མཁའ་ལྟ་བུ་ལས། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡི་དྲི་མ་དག །འདོད་རྩོལ་འཇུག་པའི་རིམ་པ་བྲལ། །བསམ་མེད་རག་བཞག་སྤྱོད་པར་གྲགས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ལྟར་ཤར། །གདུལ་བྱའི་བློ་ལ་འཚམས་ཚད་ཀྱིས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིག་པ་རང་ཤར་ནས། །ཡེ་ཤེས་གསལ་བའི་འགྲོ་དོན་མཛད། །རང་བྱུང་ཡེ་ཤེས་འདྲེན་པའི་སྐུ། །སྤྲུལ་སྐུ་སྣ་ཚོགས་རིན་ཆེན་འཕྲོ། །སྐལ་ལྡན་བློ་དམན་འཁོར་དག་ལ། །བློ་དང་འཐུན་པའི་བསྟན་པ་བཀོད། །འདོད་པའི་བློ་ཡིས་དཔག་མེད་ཀྱང་། །ཡེ་ཤེས་ཆེན་པོའི་ངོ་བོ་ལ། །ཐིག་ལེ་གཅིག་ལས་འདའ་བ་མེད། །རིམ་པ་བློ་ཡི་ཐེག་པ་རྣམས། །ཡེ་ཤེས་ཐུགས་རྗེའི་རྒྱུར་བྱུང་ནས། །རང་བྱུང་ཡེ་ཤེས་བསྟན་པར་ཟད། །རིམ་འཇུག་བློ་ཡི་ཐེག་པ་རྣམས། །འདྲེན་པའི་སྐུ་ཡི་དྲང་དོན་མཛད། །ཐེག་པ་གཅིག་གི་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་ལྡན་པ་ཀུན། །ཀུན་བཟང་བདེ་ཆེན་རོལ་པར་རྫོགས། །གདུལ་བྱ་ངོ་ལ་ཅིར་སྣང་ཡང་། །འགྲོ་འདུལ་ཐབ་ཀྱིས་སྤྱོད་པས་སོ། །ནམ་མཁའ་རྡོ་རྗེ་འཛིན་སྤྱོད་བྲལ། །ཞེས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀུན་བཟང་རྫོགས་ཆེན་ལྷུན་གྲུབ་ལ། །མ་བཙལ་གྲུབ་པ་ཇི་ལྟར་ལགས། །སྐལ་ལྡན་རྣམས་ལ་བཤད་དུ་གསོལ། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལས་བྱུང་བའི་སྐུ་རྫོགས་སྟོན། །རྩོལ་བྱས་རྒྱུ་ཡི་ཆོས་ཀྱང་སྣ་ཚོགས་བསྟན། །སྐུལ་བས་རྒྱུ་འབྲས་རྫོགས་པའི་ཆོས་ཀྱང་སྣ་ཚོགས་བསྟན། །རྒྱུ་འབྲས་ཐུན་པའི་ཆོས་ཀྱང་སྣ་ཚོགས་བསྟན། །རྒྱུ་འབྲས་འགལ་བའི་ཆོས་ཀྱང་སྣ་ཚོགས་བསྟན། །རྒྱུ་ཉམས་ཡན་ལག་འབྲས་བུའི་ཆོས་ཀྱང་སྣ་ཚོགས་བསྟན། །འབྲས་བུ་རྒྱུ་གཅིག་ཆོས་ཀྱང་སྣ་ཚོགས་བསྟན། །འགལ་མེད་རྒྱུ་རྩོལ་ཆོས་ཀྱང་སྣ་ཚོགས་བསྟན། །མེད་པ་བྱེད་པའི་ཆོས་ཀྱང་སྣ་ཚོགས་བསྟན། །ཡོངས་རྫོགས་ཕུན་སུམ་ཚོགས་པ་གཅིག་གི་ཀྱང་། །མྱ་ངན་འདས་དང་འཁོར་བའི་ཆོས། །མ་ལུས་ཐམས་ཅད་དུས་གཅིག་ཏུ། །བཙལ་བ་མེད་པར་རང་བྱུང་རྫོགས་པར་བཤད། །དུས་དང་སྦྱོར་བ་བློ་ཡི་ཁྱད་པར་གྱིས། །ཇི་བཞིན་མ་བཅོས་བློ་ཡི་རང་བཞིན་ནི། །བསྟན་པའི་སྙིང་པོའི་བློ་ནི་སྐབས་ཀྱིས་འཇུག །གཞན་གྱི་འདོད་པ་མ་སྤངས་བྲལ་བ་ང་ཉིད་ཡིན། །གདོད་ནས་ང་ཉིད་རང་བཞིན་ལྷུན་གྱིས་གྲུབ། །རྩོལ་དང་བྲལ་བས་བདག་ཉིད་ཀུན་གྱི་ངང་། །འདས་པའི་སངས་རྒྱས་མ་ལུས་ང་། །ད་ལྟར་མ་འོངས་དེ་ཉིན་དོན། །ཡེ་ནས་རང་ལ་རྫོགས་པས་བྱེད་རྩོལ་བྲལ། །ང་ཉིད་རང་བྱུང་ཀུན་བཟང་སྙིང་པོའི་མཆོག །འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་དང་། །ང་རྒྱལ་ཁེངས་པའི་མཚན་མ་ཡེ་ཤེས་གསལ། །ས་ཆུ་མེ་རླུད་འབྱུང་བ་ཆེན་པོ་ལྔ། །རིག་པ་མ་འགགས་ལོངས་སྦྱོད་ལྷུན་གྱིས་གྲུབ། །ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་ཀྱང་། །ང་ཡི་སྤྲུལ་པ་འགག་པ་མེད་པར་ཤར། །སྤོང་འགེགས་རྒྱུ་ཡིས་རྩོལ་ན་ང་ཡི་ལུང་དང་འགལ། །མན་ངག་ལ་མ་བཟླས་པར་བཙལ་ན་འགལ། །ལུས་ཀྱིས་བཙལ་བས་ཕྲད་པ་མེད། །ངག་གིས་བཙལ་བས་བརྡ་འཇལ་མེད། །སེམས་ཀྱི་བཙལ་དུ་ཡུལ་དང་བྲལ། །ལམ་གྱིས་བགྲོད་པས་བགྲོད་གཞི་མེད། །ལྟ་བས་བཙལ་བས་རྟོགས་པ་མེད། །སྤྱོད་པས་བཙལ་དུ་བྱ་བྱེད་མེད། །དཀྱིལ་འཁོར་བཙལ་དུ་འཇུག་པ་མེད། །དམ་ཚིག་བཙལ་དུ་བསྲུང་རྒྱུ་མེད། །དབང་ལ་ཐོབ་བྱ་ཐོབ་བྱེད་བྲལ། །བསྙེན་བསྒྲུབ་རྩོལ་བ་འཇུག་རིམ་མེད། །ལས་ཀྱིས་བཙལ་བས་སྨིན་བྱ་མེད། །བཙལ་མེད་ལྷུན་གྲུབ་ཡེ་ནས་རྫོགས། །འདི་ལས་བཅོམ་བར་སུས་ཀྱང་མི་ནུས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྷུན་གྲུབ་བཙལ་བ་མེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ལྟ་བ་ནམ་མཁའི་མཐའ་དང་མཉམ་པར་བཤད་པར་བྱའོ། ཞེས་གསུངས་སོ། །སེམས་དཔའ་རྡོ་རྗེས་མདངས་ཕྱུང་སྟེ་འདུན་སྟོན་ནོ། །སེམས་དཔའ་ཆེན་པོ། བྱ་བ་མེད་པའི་དོན་འདི་ནི། །ཀུན་བཟང་ང་ཡི་རང་བཞིན་ཏེ། །ང་ཉིད་ཡེ་ནས་བྱས་ཟིན་པས། །བྱ་བ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་རང་བཞིན་ང་ཡིན་པས། །ཆོས་ཉིད་དེ་ལ་བྱ་རུ་མེད། །རང་བཞིན་ངོ་བོ་སེམས་ཉིད་དེ། །སེམས་ཉིད་ངོ་བོ་བཅོས་སུ་མེད། །བཅོས་མེད་བྱང་ཆུབ་དེ་ལ་ནི། །སུ་ཡང་འཆོས་པར་མ་བྱེད་ཅིག །སེམས་དཔའ་རྡོ་རྗེ་ཁྱོད་མ་འཆོས། །འཆོས་ན་ཀུན་བཟང་ང་ལ་འཆོས། །སྣ་ཚོགས་སྣང་བ་ཀུན་ཏུ་བཟང་། །ཀུན་བཟང་ང་ཡི་རང་བཞིན་ཡིན། །ཀུན་བཟང་ང་ཡི་ངོ་བོ་ཡིན། །ཀུན་བཟང་ང་ཡི་རྣམ་པ་ཡིན། །སེམས་ཅན་སྐལ་ལྡན་འདུས་པའི་ཚོགས། །ང་ཡིརངབཞིནམིའགྱུརརྡོརྗེ་ལ། །བསྒོམས་ན་བཅོས་ཤིང་བསྒྱུར་བ་ཡིན། །ང་ནི་ཡེ་ནས་ལྷུན་གྲུབ་ལ། །བསྙེན་སྒྲུབ་ང་ལ་འཆོས་པ་ཡིན། །ང་ལ་བཙལ་བས་འགྲུབ་པ་མེད། །ང་ལ་བགྲོད་པས་ཕྱིན་པ་མེད། །ང་ལ་སྦྱངས་པས་བྱང་བ་མེད། །ང་ལ་བལྟ་བྱ་ལྟ་བྱེད་མེད། །ང་ལ་བགྲོད་པའི་ལམ་མ་གྲུབ། །སྦྱང་དུ་སྒྲིབ་པ་ཡེ་ནས་དག །མི་དམིགས་དམིགས་པའི་ཡུལ་དང་བྲལ། །ཡུལ་ལས་གྲོལ་བས་སྤྲོ་བསྡུ་མེད། །འཛིན་ཞིང་ཞེན་པའི་ཆོས་རྣམས་ནི། །ང་ཡི་རྣམ་པ་མ་འགགས་ཤར། །དེ་ལ་སྤོང་འགེགས་སུ་བྱེད་པ། །ཀུན་བཟང་ང་དང་ཕྲད་མི་འགྱུར། །ང་ནི་ཀུན་གྱི་བདག་ཉིད་དོ། །སྤང་བར་བྱ་བའི་ཆོས་ཉིད་དེ། །ང་ཡི་ངོ་བོ་རྣམ་པར་ཤར། །ཀྱེ་སེམས་དཔའ་ཆེན་པོ། སེམས་ཉིད་ཀུན་ཏུ་བཟང་པོ་ལ། །དོར་བ་མེད་པས་ཀུན་ཏུ་བཟང་། །དོག་པ་མེད་པས་ཀུན་ཏུ་བཟང་། །གང་ཡང་ཡིན་པས་ཀུན་ཏུ་བཟང་། །གང་ཡང་གསལ་བས་ཀུན་ཏུ་བཟང་། །ནོར་བ་མེད་པས་ཀུན་ཏུ་བཟང་། །བདེན་བརྫུན་སྒྲོ་བཏགས་མེད་པས་ཀུན་ཏུ་བཟང་། ཁུ་རྐྱེན་བྲལ་བས་ཀུན་ཏུ་བཟང་། །ཞེས་བཀའ་སྩལ་ཏོ།ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །ཀུན་བཟང་རྫོགས་ཆེན་སྐལ་མེད་དོན་མིན་ཀུན་བཟང་མཐའ་དང་མཉམ་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བདག་ཉིད་དེས། ཀུན་ཏུ་བཟང་པོ་རྫོགས་ཆེན་ལ་ལྟ་བ་སྒོམ་མེད་འདི་ཉིད་ལ་ཉིད་ཀྱིས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བཟང་རྫོགས་ཆེན་ང་ནི་མ་བཅོས་ཀུན་གྱིརངབཞིནཡིན། །ཀུནབཟང་ང་ཉི་ང་ལ་བསྒོམ་དུ་མེད། །རྫོགས་ཆེན་ང་ནི་བསྒོམ་པའི་ཡུལ་མ་ཡིན། །ཡེ་ནས་རྫོགས་པ་བསྒོམ་དུ་མེད་པ་དེ། །ང་ཡི་བདག་ཉིད་སྟོན་པ་རྣམ་གསུམ་གྱིས། །ང་ཉིད་ཤར་བས་གསལ་བའི་ཆོས་ཉིད་ལ། །༢དོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོགས་དང་། །ང་རྒྱལ་ཁེངས་པའི་བརྐམ་ཆགས་སྐྱེས་ཟེར་ནས། །མི་འཛིན་བཅོམ་མེད་སྤོང་འགེགས་བརྟུལ་ཞུགས་བསྒོམ། །དེ་ལུང་བསྟན་པས་བཅོས་དོན་ང་དང་བེ་རོ་ཐ། །ལོག་པ་གསུམ་ལ་སྤྲུལ་པའི་ཐུགས་རྗེ་ཡིས། །འཁོར་དུ་བཀོད་ནས་བྱིན་བརླབས་ལུང་དུ་བསྟན། །ལྷུན་གྲུབ་རྫོགས་ཆེན་དེ་ཉིད་ཐོབ་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ། ང་ལས་མངོན་དུ་བྱུང་བའི་ཆོས་ཉིད་ལ། །ཉོན་མོངས་སྡུག་བསྔལ་བརྐམ་ཆགས་སྐྱེས་ཟེར་ནས། །ལམ་ལྔ་ཕ་རོལ་ཕྱིན་བཅུ་ས་བཅུ་སྦྱང་། །དང་པོ་ས་དང་བཅུ་པར་སེམས་པ་ལ། །དོན་དམ་ཀུན་རྫོབ་གཉིས་ཀྱི་རྟོག་སྤྱོད་ཀྱིས། །དོན་དམ་མི་དམིགས་ཀུན་རྫོབ་སྒྱུ་མ་ཙམ། །སྤྲུལ་པའི་སྐུ་ཡིས་འཁོར་ལ་ལུང་བསྟན་ནས། །རྟོག་དབྱོད་བསྒོམ་པ་མཉམ་བཞག་རྗེས་ཐོབ་སྐྱེས། །མ་བཅོས་ཇི་བཞིན་དོན་དང་བེ་རོ་ཐ། །ཀྱེ་སེམས་དཔའ་ཆེན་པོ། །ཀུན་བཟང་རྫོགས་ཆེན་ཆོས་ཉིད་དེ། །མ་བཅོསཇིབཞིནཆོསཉིདཡིན། །ལོངས་སྤྱོད་རྫོགས་པས་འཁོར་ལ་ལུང་བསྟནཔ། །ཇིབཞིནམབཅོསངོབོ་རྟོགས་པ་མེད། །དག་པ་གསུམ་གྱིས་ཕྱི་ནང་སྣོད་བཅུད་རློབ། །ཡན་ལག་བཅུ་གཅིག་བྱང་ཆུབ་ཀུན་སྒོ་ནས། །ཡེ་ཤེས་ལྷ་ཡི་བསྒོམ་པ་སྣོང་བ་མེད། །རྗེ་ཁོལ་སྤྱན་དྲངས་མཆོད་ནས་ཏིང་འཛིན་བཤིག །ཡང་བསྒོམས་ཡང་བཤིག་པི་ཏིའི་དག་ཁང་འདྲ། །ཀུན་བཟང་ང་ཡི་དོན་དང་བེ་རོ་ཐ། །ཀྱེ་སེམས་དཔའ་ཆེན་པོ། གཙང་མའི་རིགས་དག་སྤངས་ནས་འོག་མིན་ཆེན་པོ་སྲ །དབང་ཕྱུག་ཆེན་པོ་ལུང་སྟོན་ཆེན་པོ་དེས། །ང་ལས་ཤར་བའི་ཆོས་ཉིད་མངོན་ཕྱུང་ལ། །དེ་བཞིན་ཉིད་དང་རྒྱུ་དང་ཀུན་ཏུ་སྣང་། །ཡེ་ནས་འབྲས་བུ་གྲུབ་པའི་དོན་ཉིད་ཡིན། །བཟོད་སྒྲུབ་དཀྱིལ་འཁོར་ཆེན་པོའི་རང་བཞིན་ལ། །ཏིང་འཛིན་རིམ་པར་བགྲོད་ནས་རང་གསལ་བ། ཁྲུབ་པའི་གནས་ནས་སྤྱིན་འདྲེན་གྲོགས་པོ་ཙམ། །གཅིག་ལ་གཉིས་སུ་བལྟས་པས་བསྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱིས་ཐོབ་བ་མེད། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་མངོན་ཕྱུང་རང་ཤར་ལ། །དབང་པོ་ཡུལ་དང་རྣམ་ཤེས་ཕུང་པོ་འབྱུང་བ་སོགས། །རང་རྒྱུད་དག་པའི་རྡོ་རྗེ་ལྷར་བྱས་ནས། །བློ་ཡི་རིམ་པའི་ཏིང་འཛིན་ཡིག་འབྲུ་གསལ་ཙམ་གྱིས། །བསྙེན་བསྒྲུབ་རྣམ་བཞི་ཆོ་ག་བསྒོམ་བྱས་ནས། །སེམས་ཀྱི་འཕྲོ་འདུ་འཕགས་མཆོད་འགྲོ་དོན་མཛད། །འཕྲོ་འདུ་བསྡུས་ནས་དངོས་གྲུབ་ཐོབ་བྱེད་པ། །རང་ལ་རང་གིས་དངོས་གྲུབ་ཐོབ་པར་བསྒོམ། །དེ་ཡང་སེམས་ཀྱི་ཏིང་འཛིན་ཚི་ཆད་འགྱུར། །ཀུན་བཟང་རྫོགས་ཆེན་ལྟ་བ་སྒོམ་མེད་ནི། །ཀུན་བཟང་རྫོགས་ཆེན་ཆེ་བའི་ཡོན་ཏན་གྱིས། །རྩོལ་སྒྲུབ་བྱར་མེད་ཡེ་ནས་རང་ལ་རྫོགས། །རྒྱུ་རྐྱེན་མེད་པས་རྩོལ་བའི་ལས་དང་བྲལ། །འབྲས་བུ་རང་ལ་རྫོགས་པས་བསྒྲུབ་ཏུ་མེད། །ཡེ་ནས་གྲུབ་པས་ཆོས་ཉིད་བསྒོམ་མི་དགོས། །བསྐྱེད་པ་མེད་པས་རྐྱེན་གྱིས་འཇིག་པ་མེད། །ལྟོས་པའི་ཆོས་དང་བྲལ་བས་བསྒོམས་ནས་རྩོལ་མི་བྱེད། །གང་ཞིག་ཀུན་བཟང་རྫོགས་ཆེན་བསྒོམ་པ་དེས། །བསྒོམས་པས་ཉིད་ཀྱིས་ང་དང་ཕྲད་མི་འགྱུར། །ཆོས་ཉིད་མངོན་དུ་ཕྱུང་བས་ཀུན་བཟང་རྫོགས་ཆེན་ང་ཡིན་པས། །བརྐམ་ཆགས་མི་སྐྱེད་རྣམ་པ་སྤང་མི་དགོས། །སྐྱེ་འཇིག་མེད་པས་རང་བྱུང་རྡོ་རྗེ་སྟེ། །མ་རིག་རྟེན་འབྲེལ་དབང་པོ་དགག་མི་དགོས། །རང་བྱུང་རྣམས་དང་ཆོས་ཉིད་སྦྱོང་མི་དགོས། །གཙང་སྤྲ་མི་བྱེད་ཡེ་ནས་རྣམ་དག་པས། །ཡེ་ནས་དག་པས་རྩོལ་སྒྲིབ་ཚི་ཆད་པས། །གཉིས་སྣང་བྲལ་བས་ལྟས་པས་མཐོང་བ་མེད། །དེ་བཞིན་ཉིད་དང་རྣམ་སྦྱང་ཀུན་ཏུ་བཟང་། །ཡུལ་དྲུག་དབང་པོ་དྲུག་ལ་བསྣན་པ་དང་། །རང་བྱུང་ཡེ་ཤེས་ཤར་བ་རྡོ་རྗེའོ། །དེ་ལ་གང་ཞིག་སྒོམ་དང་སྒྲུབ་བྱེད་པ། །དེ་ནི་མཁའ་ལ་ཐེམ་སྐས་ཚོལ་བ་འདྲ། །ཀུན་བཟང་རྫོགས་ཆེན་ང་ཡི་རང་བཞིན་ནི། །ཐམས་ཅད་འགག་པ་མེད་པ་མ་འགགས་གསལ། །ཡེ་ནས་དེ་ཡིན་དེ་ལས་གཞན་པ་མེད། །སྣ་ཚོགས་དབང་པོ་ངོ་ལ་བསྟན་པ་ནི། །དེ་ལས་ང་ཡིརངབཞིནགནསནམེད། །དེ་ལས་ཀུན་བཟང་རྫོགས་ཆེན་མ་མཐོང་ན། །སྦྱངས་མེད་སྐལ་མེད་ང་དང་འགལ་བ་ཡིན། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང་། །ཀུན་བཟང་རྫོགས་ཆེན་སྤྱོད་ཡུལ་ཡེ་ནས་འདས་པའི་ཕྱིར། །རྒྱུ་འབྲས་འདས་པའི་སྐལ་བ་མེད་པ་རྣམས། །བསྟན་ན་སྒྲོ་འདོགས་སྐུར་པ་འདེབས་པའི་ཕྱིར། །བསྟན་ན་རང་གིས་སེམས་ལ་སྐུར་བཏབ་པས། །འགྲོ་དྲུག་སྐྱེ་ཞིང་ཁམས་གསུམ་འཁོར་བར་གནས། །ཀྱེ་སེམས་དཔའ་ཆེན་པོ། ང་ནི་རྟོག་དང་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ཚིག་གིས་མཚོན་དུ་མེད་ཅིང་དབང་པོ་ཡུལ་དང་བྲལ། །ང་ཡི་རང་བཞིན་སྤྲོས་མེད་ཐིག་ལེ་ཆུབ། །གཉིས་མེད་སྤྲོས་པ་མེད་དེ་གཅིག་གི་ངང་། །དམ་ཚིག་བརྟེན་བསྲུངས་མཚམས་དང་བྲལ་བ་ཡིན། །འཕྲིན་ལས་ཞི་རྒྱས་དབང་དྲག་བཙལ་མི་དགོས། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ། །རང་ལ་ལྷུན་གྲུབ་གཞན་ལ་བཙལ་མི་དགོས། །རང་བྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད། །གཞན་གྱི་ལུང་མིན་ཀུན་བཟང་ང་ཡི་ལུང་། །རྒྱུ་དང་འབྲས་བུ་རྩོལ་དང་སྒྲུབ་མེད་པས། །རང་བྱུང་པས་ན་དངོས་པོ་བསྒོམ་མི་བྱ། །སྐྱེ་བ་མེད་པས་དངོས་པོར་འཛིན་དང་བྲལ། །དམིགས་པ་མེད་པས་དངོས་པོ་བསྒོམ་དང་བྲལ། །ཀུན་བཟང་བདེ་ཆེན་ཡངས་པའི་ཀློང་དཀྱིལ་ནི། །མི་རྟོག་མཉམ་པ་ཆེན་པོའི་རང་བཞིན་གནས། །སྣང་བ་མེད་པའི་ཆོས་ཉིད་རང་བཞིན་གནས། །རིག་པ་མི་རྟོག་ཏིང་འཛིན་བྱ་བ་མེད། །གང་དག་ཇི་ལྟར་སྒོམ་ཡང་སྒོམ་པའི་སྐྱོན། །ཀུན་གྱི་སྙིང་པོ་ཀུན་བཟང་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་གཟུང་འཛིན་བྲལ་བའི་ཕྱིར། །རྡུལ་ཙམ་སྒོམ་པ་བྱར་ནི་ངེས་པམེད། །གོང་དུ་བསྟན་པའི་བསྒོམཔས་འབྲས་བུ་ཐོབ་པ་མེད། །ང་ནི་ཡེ་ནས་ཀུན་བཟང་རྫོགས་པ་ཆེ། །ཐམསཅད་འདོར་བ་མེད་པར་ཀུན་ཏུ་བཟང་། །བཙལ་མེད་གྲུབ་པས་རྫོགས་པཆེན་པོ་སྟེ། །གོང་ན་གཞནམ་མེད་པས་ཆེན་པོའོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྟ་བ་ནམ་མཁའ་མཐའ་དང་མཉམ་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཀུན་བཟང་རྫོགས་པ་ཆེ། ཁྱེད་ཀྱི་དགོངས་པ་ནམ་མཁའ་འདྲ། །བསྲུངབ་མེད་པའི་སྡོམ་པཅན་། །འདུས་པའིཚོགས་ལབཤད་དུགསོལ། །དེ་ནས་བཅོམལྡན་འདས་དཔལཀུན་ཏུ་བཟང་པོ་དེསའདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །རང་བཞིནསྤྲོས་དང་བྲལ་བམ་སྐྱེས་པ། །སྐྱེ་བའི་ཆོའཕྲུལ་སྣ་ཚོགས་ཡུལ་བྱུང་ནས། །རང་གི་རང་བཞིན་ཡུལ་དེ་ཡིན་ཞེས་པས། །དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། །སྤོངལེན་མེད་པས་ཡུལ་ལ་འཛིན་པམེད། །དེས་ན་ཕྱལ་བ་མེད་པ་གཅིག་པུ་འགྲུབ། །སྡོམ་པ་ཚུལ་ཁྲིམས་དམ་ཚིག་བསྲུང་བ་མེད། །ཀུན་བཟངཐུགས་ལས་བྱུང་བའི་སྟོན་གསུམ་གྱིས། །སུམ་བརྒྱདྲུག་བཅུ་ལ་སོགསལུང་བསྟན་ནས། །བསྡུས་པས་ལོག་པརྩ་བ་བཞི་དང་ཡནལག་གཉིས། །བྱིན་རླབས་བསྲུང་བ་ཕོབ་ཅིག་ལུང་བསྟན་པ། །བསྲུང་བ་བྱ་བའི་ཁྲིམས་ནི་འདི་ལྟ་སྟེ། །རྩ་བ་ཡན་ལག་བསྲུང་བའི་རྣམ་གྲངས་ནི། །ཉིས་བརྒྱ་ལྔ་བཅུ་ལྔ་བརྒྱད་བཅུ་མཐའ་ཡས། །བསྲུང་བའི་དུས་ན་གྲངས་གང་དུས་མི་ཤེས། །དེས་ན་ཁྲིམས་དང་སྡོམ་པ་བསྲུང་མཐའ་ཡས། །རྫོགས་ཆེན་སྤྱི་སྤྱོད་མཚན་མ་ཀུན་ལས་འདས། །འདུལ་ཁྲིམས་རྒྱ་མཚོ་རྣམ་གྲངས་མཐའ་ཡས་པ། །ལུས་ངག་ཡིད་ལ་བསྡུས་པས་རྣམ་པ་གསུམ། །དབང་པོ་ཡུལ་ལ་སྡུག་བསྔལ་བྱུང་ནས་ནི། །འགྲོ་འདུག་ལུས་ཀྱི་དུ་ལི་ཁ། །ཚིག་བརྗོད་དོན་གྱི་བདེན་པ་དཀའ། །ཡིད་ཀྱིས་ཅི་བསམ་རྟོག་པའི་འདུ་ཤེས་སྐྱེད། །ལུས་ངག་སྤྱོད་པ་རྒྱ་མདུད་དམ་པོ་དེས། །མ་ནོར་བསམ་པ་དང་བ་སྒྲུབ་ཏུ་མེད། །དོན་དམ་ཀུན་རྫོབ་དོན་དམ་ཕྲད་མི་འགྱུར། །བདེན་གཉིས་དབྱེར་མེད་དོན་དང་བེ་རོ་ཐ། །ཀུན་བཟང་རྫོགས་ཆེན་བསྲུང་བྱ་སྲུང་བྱེད་མེད། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །འདུལ་ཁྲིམས་སྡོམ་པ་རྒྱ་མཚོ་ལས། །བཅུ་པ་གཉིས་པོ་བསྡུས་ཏེ་དཀའ་བ་སྤྱོད། །བདེན་པ་གཉིས་དང་ངོ་བོ་འགལ། །ལྷུན་གྲུབ་རྫོགས་ཆེན་དོན་དམ་སྣང་བ་མུན་པ་བཞིན། །སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པས་ལུང་ཕོག་པ། །བཟང་པོ་གཟའ་དང་རྒྱུ་སྐར་དུས་ཚིགས་དང་། །ཕྱི་ནང་གཙང་མའི་ཁྲུས་ཀྱིས་དག་བྱས་ཏེ། །འདུལ་ཁྲིམས་སྡོམ་པ་འགྲོ་དོན་ཞལ་འཆེས་པ། །དམ་བཅས་ཚུལ་བཞིན་གང་ཡང་མི་འགྲུབ་སྟེ། །ཕྱི་ནང་དམ་བཅས་བཤགས་སེམས་མི་འདག་པར། །ཀུན་བཟང་རྫོགས་ཆེན་དོན་དང་ཤིན་ཏུ་དབེན། །ཀྱེ་སེམས་དཔའ་ཆེན་པོ། བླ་མེད་གསུམ་དང་རྡོ་རྗེ་སྤུན། །དེ་བཞིན་སྔགས་དང་ཕྱག་རྒྱ་རྣམས། །དྲི་མ་རྩ་བའི་དམ་པར་ལྟ། །ཀུན་བཟང་ལྷུན་གྲུབ་རྫོགས་ཆེན་ལ། །དག་དང་མ་དག་ངང་གིས་མེད། །དེ་བས་ང་ཡི་དོན་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ། རྣལ་འབྱོར་རྣལ་འབྱོར་དམ་ཚིག་ནི། །བྱང་ཆུབ་སེམས་ནི་མི་སྤོང་ཞིང་། །བླ་མེད་གསུམ་དང་སློབ་དཔོན་གསུམ། །རྡོ་རྗེ་མཆེད་ལྕམ་ལྷ་ལྟར་དམིགས། །བདག་ཉིད་རྡོ་རྗེ་དྲིལ་འཆང་ཞིང་། །ཏིང་ངེ་འཛིན་གྱིས་ལས་རྣམས་བྱེད། །ང་ནི་བྱ་བཙལ་ཀུན་དང་བྲལ། །ཀྱེ་སེམས་དཔའ་ཆེན་པོ། རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །སུམ་བརྒྱ་དྲུག་བཅུ་འབུམ་སྡེ་སྟེ། །བསྡུས་ན་རྩ་བ་ཡན་ལག་གཉིས། །རྩ་བ་གསུམ་དང་བཅུ་གཉིས་ལྔ། །མི་རྐུ་མི་རྡེག་རྔན་མི་སེམས། །སྔགས་དང་ཕྱག་རྒྱ་གསལ་བར་འདའ་མི་བྱེད། །ལུས་དང་ངག་ཡིད་སྡོམ་ལས་འདའ་མི་བྱེད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །དངོས་པོ་སྣང་བ་མཚན་མ་ངང་གིས་མེད། །དེ་ལ་རྐུ་རྡེག་སྡོམ་དང་བྲལ། །གསལ་དང་གསལ་བྱེད་སྔགས་དང་རྒྱ། །སྤྱད་བྱ་རྟེན་བྱེད་མི་སྤང་དང་། ཁྲེས་དང་བསྒྲུབ་པ་མི་འདའ་བསྲུན། །ངོ་བོ་ཉིད་ལ་ཀ་ནས་དག །དེ་དག་འཛིན་པའི་ཤེས་པ་མེད། །ཡོངས་སུ་རྣལ་འབྱོར་དམ་ཚིག་ནི། །རང་གི་ལྟ་བ་དམ་ཚིག་སྟེ། །དབྱིངས་ནི་རྒྱུ་ལས་ཡེ་ཤེས་འབྲས། །འདའ་བ་མེད་པ་ས་ཡ་སྟེ། །ཀུན་བཟང་རྫོགས་ཆེན་བདེ་བ་ཡིས། །མེད་ཕྱལ་ལྷུན་ཅིག་དོན་དུ་ཤེས། །ཀུན་བཟང་རྫོགས་ཆེན་བདེ་བ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་དུ། །འཛིན་ཞིང་སྡོམ་པ་ས་ཡ་མེད། །ཅེས་ཀུན་ཏུ་བཟང་པོས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །དམ་ཚིག་བསྲུང་དུ་མེད་པ་ནམ་མཁའ་དང་མཉམ་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། རྫོགས་པ་ཆེན་པོ་ལ་འཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་སྐལ་ལྡན་འདུས་པའི་ཚོགས། །རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར། །ཡེ་ཤེས་འཕྲིན་ལས་བཙལ་དུ་མེད་པས་མེད། །བཙལ་དུ་མེད་པས་སྟོང་པའི་འཕྲིན་ལས་ཡིན། །ང་ལས་ཤར་བའི་སྟོན་པ་རྣམ་གསུམ་གྱིས། །སོ་སོའི་འཁོར་ལ་བྱ་བའི་ལས་ཕོག་པ། །བྱ་བའི་ལས་ནི་གདུལ་བྱ་སོ་སོ་སྟེ། །དམན་པའི་འཁོར་ལ་སྤྲུལ་བའི་ལུང་ཕོག་པ། །ཚད་མེད་སྒོ་རུ་ལུས་ངག་ཡིད་གསུམ་ཞུགས། བརྫུན་དང་ཕྲ་མ་འཁྱལ་པ་རྩུབ་བ་ངག །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ཡིད། །སྲོག་གཅོད་རྐུ་གཡེམ་ལུས་ཀྱི་སྡོམ་པའི་ལས། །དགེ་བཅུ་སྤྱོད་པའི་ལས་ཏེ་རྒྱུར་བཀོད་ནས། །ལམ་ལྔ་ཕ་རོལ་ཕྱིན་བཅུ་སྤྱད་བྱས་ནས། །ས་བཅུ་རིམ་དང་རིམ་གྱིས་བགྲོད་བྱས་ཏེ། །ཀུན་ཏུ་འོད་ཀྱི་ས་ལ་གནས་པར་འདོད། །ཚི་ཆད་ལས་ནི་བསྐལ་པ་གསུམ་དུ་སྤྱོད། །ཀུན་བཟང་རྫོགས་ཆེན་ང་ཡི་ལུང་བསྟན་མེན། ་རྫོགས་ལོངས་སྤྱོད་པས་འཁོར་ལ་ལུང་བསྟན་པ། ཁུ་དང་འབྲས་བུའི་སྒོ་ནས་ལུང་བསྟན་ཏེ། །ལས་དང་བྱ་བའི་སྒོ་ནི་འདི་ལྟ་སྟེ། །གཙང་སྤྲ་ཁྲུས་ཀྱིས་ཕྱི་ནང་དག་བྱེད་ཅིང་། །བྱིན་གྱིས་བརླབས་དང་ཆོ་འཕྲུལ་ནི། །དམ་ཚིག་སེམས་དཔས་ཡེ་ཤེས་སྤྱན་དྲངས་ཏེ། །ཏིང་འཛིན་ལས་ཀྱིས་སྤྱན་དྲངས་མཆོད་བསྟོད་གཤེགས་གསོལ་བྱེད། །ལས་དེ་ཚེ་བདུན་བར་དུ་ཚི་ཆད་འགྱུར། །གཙང་མའི་རིགས་དག་རྣམ་སྤྲས་ཏེ། །ལོངས་སྐུ་ཆེན་པོས་ལུང་བསྟན་པ། །བདག་ཉིད་ཆེན་པོ་ཡིན་པར་ལུང་བསྟན་ནས། །རང་རྒྱུད་ཡེ་ནས་དག་པའི་དཀྱིལ་འཁོར་ལ། །རིགས་དང་ཁ་དོག་སྦྱར་བའི་ལྷ་བསྒོམ་འདི་ལྟ་སྟེ། ཁ་དོག་དཀར་པོ་ཞི་བའི་ལས་བྱེད་པ། །གསེར་འོད་རྒྱལ་པོའི་ལས་ལ་འཇུག་པ་བྱེད། །དམར་པོའི་སྐུ་ཡིས་དབང་གི་ལས་བྱེད་པ། །སྐུ་མདོག་ནག་པོ་དྲག་པོའི་ལས་བྱེད་ཅིང་། །ཚེ་ལ་གནས་དང་ཕྱག་རྒྱའི་རིགས་གྲུབ་པས། །འཕྲིན་ལས་རྣམ་བཞི་ཚི་ཆད་གྲུབ་པར་བྱེད། །རྩོལ་མེད་བྱ་མེད་ལས་ནི་དེ་མི་འགྲུབ། །རྒྱུ་མེད་ཡེ་ནས་ལྷུན་གྱིས་རྫོགས་པའི་ཕྱིར། །བྱ་མེད་འགྲུབ་པ་མེད་པ་བཙལ་བ་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །བསྐྱེད་པའི་ལས་ལས་བྱུང་བའི་སྒྲོ་མི་གདགས། །རང་འབྱུང་རྒྱུ་འབྲས་འདས་པ་མ་རྟོགས་པར། །ཚད་མས་འཇིག་རྟེན་ཆོས་ལ་ཚད་བཙུགས་ནས། །རྒྱུ་ཡིས་ཚོགས་ལས་འབྲས་བུ་བསྐྱེད་འདོད་པ། །རྒྱུ་ཡིས་སྐྱེད་ལ་མ་བྱུང་འབྱུང་མེད་དེ། །ཐམས་ཅད་རང་ལས་སྐྱེས་པས་གཞན་ལས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚད་བཙུགས་ཀྱང་། །བཙལ་བ་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུད་རྐྱེན་རང་མ་ལས། །སྐྱེ་འགག་འཇིག་རྟེན་ཆོས་ལ་ཚད་མི་གཟུགས། །རྒྱུ་དང་རྐྱེན་གྱིས་བྱང་ཆུབ་སེམས་མི་བསྐྱེད། །འཇིག་རྟེན་སྐྱེ་མཆེད་ཆོས་ལ་དཔེ་མ་ལེན། །བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་གཉེན་པོ་མེད་པས་ཡེ་ནས་ཆེ་བ་ལ། །རྩོལ་སྒྲུབ་བྱེད་པས་ཆེ་འདོད་གྲུབ་པ་མེད། །སྒོམ་སྒྲུབ་བཙལ་བས་ཆེ་བ་དེ་མི་འགྲུབ། །ཡེ་ནས་ཆེ་བ་རང་བྱུང་ཡེ་ཤེས་ཡིན། །བསྒོམས་པས་ཀུན་བཟང་དགོངས་པ་བཅོས་པ་ཡིན། །ཀུན་བཟང་རྒྱལ་བ་ཀུན་གྱི་དགོངས་ཡིན་པས། །དེ་ཡང་འཆོས་ན་རྒྱལ་བ་ཐམས་ཅད་སྤངས། །དེ་ཡི་རྣམ་པ་སྤངས་པ་མ་ཡིན་ཏེ། །དེ་ཡི་སེམས་ཀྱི་རང་བཞིན་དེ་སྤངས་པ། །བདག་ཉིད་ཆེན་པོ་ཕྲད་པར་མི་འགྱུར་རོ། །ཀུན་ཏུ་བཟང་པོས་གདམས་ངག་ཏུ་གསུངས་པ། །ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱིས་ཏིང་འཛིན་རྩོལ་བར་མ་བྱེད་ཅིག །ངག་གི་འཛབ་དང་སྙིང་པོ་བཟླ་བ་དང་། །ལག་གི་ཕྱག་རྒྱ་བཅའ་བར་དགོས་མི་འགྱུར། །སེམས་ཀྱི་ཏིང་འཛིན་འཕྲོ་འདུ་སྤོང་མ་བྱེད། །གདོད་ནས་གནས་པས་བཙལ་མེད་ལྷུན་གྱིས་གྲུབ། །ཡེ་ནས་གནས་པས་སུས་ཀྱང་བཅོས་སུ་མེད། །བཙལ་མེད་ཇི་བཞིན་པ་རུ་འགག་པ་མེད། །བྱ་བ་མེད་པའི་འབྲས་བུ་མཆོག་ཏུ་གསུངས། །དོན་དེ་རྟོགས་ན་རྩོལ་བའི་ལས་མི་བྱེད། །ལས་མ་བྱས་པ་དེ་བཞིན་ཉིད་དུ་འགྱུར། །དེ་བཞིན་ཉིད་ལ་སུ་ཞིག་གནས་པ་དེ། །དེ་ཡིས་ཀུན་བཟང་རྫོགས་ཆེན་དེ་ཡི་ཞལ་མཐོང་ངོ་། །ཀུན་ནི་ཁྱབ་པ་ཆེན་པོ་ཡིན། །བཟང་བས་དོར་བ་མེད་པ་སྟེ། །རྫོགས་པའི་ཡོན་ཏན་བཙལ་བ་མེད་པར་འགྲུབ། །ཅེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། འཕྲིན་ལས་བཙལ་དུ་མེད་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སྔགས་མེད་ཡོན་ཏན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཀུན་བཟང་རྫོགས་པ་ཆེ། །སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །ཡེ་རྫོགས་གསལ་བར་རྫོགས་པའི་བདག །ངེས་པ་དྲུག་གིས་ཐེག་པའི་འབྲས། །སྐས་ཀྱི་རིམཔབཞིནདགཏུ། །འདུས་པའི་ཚོགས་ལ་བསྟན་དུ་གསོལ། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངེས་པའི་དོན་ལ་སྒྲུབ་བྱེད་པའི། །བྱང་ཆུབ་ས་ལ་སེམས་དཔའ་ཆེ། །བཙལ་བའི་འབྲས་བུ་འདི་ལྟ་སྟེ། །ལམ་ལ་རིམ་གྱིས་སྒོམ་བྱེད་ཅིང་། །ཕ་རོལ་ཕྱིན་པ་བཅུ་སྤྱད་ནས། །ས་བཅུ་རིམ་གྱི་བགྲོད་པའི་མཐའ། །ཀུན་ཏུ་འོད་ཀྱི་ས་ལ་བསྔགས། །ཀུན་བཟང་རྫོགས་ཆེན་བདེ་བ་ཡི། །འབྲས་བུ་ཅིར་ཡང་བསྔགས་པ་མེད། །ཅིར་ཡང་ཤར་བས་འབྲས་བུའི་དོན། །ཞེས་གསུངས་སོ། །ཡང་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ལས་དང་བྱ་བའི་འབྲས་བུ་སྟེ། །ཆོ་གའི་ཡན་ལག་བཅུ་གཅིག་དང་། །མཐོ་དམན་འཇམ་རྩུབ་རིགས་ཀྱི་བདག །དེ་བ་དྲུག་གིས་ཕྱག་རྒྱ་གསལ། །རིགས་ཀྱི་བྱེ་བྲག་མ་འདྲེས་འཛིན། །རྡོ་རྗེ་འཛིན་པའི་ས་རུ་གནས། །མཐར་ཕྱིན་དོན་ཉིད་ཅེས་བྱའོ། །ཨ་ཏི་ཡོ་གའི་མཐར་ཕྱིར་ཏེ། །རིགས་ལ་མི་བསྔགས་གྲངས་ངེས་མེད། ཁྲར་བ་རྡོ་རྗེ་ཞེས་སུ་བཤད། །དེ་ཉིད་འབྲས་བུ་ཞེས་སུ་གདགས། །ཞེས་གསུངས་སོ། །ངེས་པ་མེད་པའི་རྣལ་འབྱོར་པས། །ལྟ་སྤྱོད་འབྲེལ་མེད་སོ་སོ་བས། །སྟུག་པོར་སྦྱོར་ཡང་གྲུབ་པ་མེད། །རང་བྱུང་ཡེ་ཤེས་ཆེན་པོ་ནི། །སོ་སོ་མེད་ཅིང་གཅིག་པ་མེད། །ཀུན་ཏུ་གསལ་བ་སྔགས་བ་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྣལ་འབྱོར་རྣལ་འབྱོར་འབྲས་བུ་ནི། །སྐྱེ་འགག་མེད་པའི་ལྟ་བ་ཡིས། །མཚན་མའི་དངོས་པོ་དབྱིངས་སུ་གནན། །གསལ་བའི་བྱང་ཆུབ་གཉིས་གཉིས་གཅིག །ཆོས་ཉིད་སྟོང་པ་ཟླ་བར་གསལ། །ཡིག་འབྲུ་ཐུགས་མཚན་ཕྱག་རྒྱ་ཡི། །ཕྱག་རྒྱ་གཞི་ཡི་རང་བཞིན་གྱིས། །དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །སྐྱེ་མེད་རང་རིག་རྡོ་རྗེ་ཡིས། །སྟུག་པོ་བཀོད་པའི་ཞིང་དུ་སྣང་། །སྔགས་པ་མེད་དེ་དེ་མ་ཡིན། །ཀུན་བཟང་རྫོགས་ཆེན་བདེ་བའི་ས། །འབྲས་བུ་ཀུན་གསལ་གཟུང་བ་མེད། །ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །རྣལ་འབྱོར་ཆེན་པོའི་འབྲས་བུ་ནི། ཁུབ་པའི་བློ་ཡིས་ཐ་དད་དེ། །འབྲས་བུ་སྐུ་དང་གསུང་དང་ཐུགས། །ཡོན་ཏན་འཕྲིན་ལས་དབྱིངས་ཡེ་ཤེས། །རང་སྣང་རྡོ་རྗེ་དོན་དུ་ཤར། །འཕགས་པའི་ནོར་བདུན་འབྲས་བུའི་མཆོག །ཀུན་བཟང་བདེ་ཆེན་རོལ་པ་ཡི། །འབྲས་བུ་བརྟགས་པའི་དོན་ཉིད་ནི། །སྣ་ཚོགས་ཅིར་ཡང་སྣང་བ་ལ། །བཙལ་མེད་ཤར་བས་རྡོ་རྗེའི་བདག །མ་ཤར་ཤར་བས་འབྲས་བུར་གདགས། །ཨ་ཧོ་ཞེས་གསུངས་སོ། །སེམས་དཔའ་ཆེན་པོ་ཉོན་ཅིག །རྗེས་སུ་རྣལ་འབྱོར་འབྲས་བུའི་དོན། །ང་དང་རང་བཞིན་དོན་ཉིད་དང་། །བདག་ཉིད་ཆེན་པོའི་གཏན་ཚིགས་དང་། །དབྱིངས་ནི་སྐྱེད་པའི་རྒྱུ་ཡིན་ཏེ། །འབྲས་བུ་ཡེ་ཤེས་ཤ་བའོ། །འདུ་འབྲལ་མེད་པའི་མཐར་ཐུག་དོན། །དེ་ནི་བཙལ་བའི་འབྲས་བུའོ། །ཀུན་བཟང་རྫོགས་ཆེན་བདེ་བ་ཡི། །ཡོན་ཏན་བཙལ་བ་མེད་པར་ཤར། ཁྲར་བ་ཉིད་ན་སྐྱེ་བ་མེད། །ཡེ་ནས་ཟིན་པའི་དོན་ཡིན་ནོ། །འགག་པ་མེད་པས་འདུས་པ་མེད། །འདུས་མེད་སེམས་ཀྱི་ངོ་བོའོ། །རུ་ཀ་ལན་ཀའི་སྐད་དང་འདྲའོ། །ཞེས་གསུངས་སོ། །འདུས་པའི་ཚོགས་ཁོ་ཐག་ཆད་པར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་བསྔགས་པ་ནམ་མཁའ་མཐའ་དང་མཉམ་པའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། །འཁོར་སྐལ་ལྡན་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཀུན་ཏུ་བཟང་པོ་བདེ་ཆེན་གྱིས། །ལྷུན་གྱིས་གྲུབ་པ་རྫོགས་པ་ཡི། །ཚུལ་གྱི་རིམ་པ་འདི་སྟ་སྟེ། །རྒྱ་མཚོ་ཆེན་པོ་དྭངས་པ་ལ། །ནམ་མཁའི་གཟུགས་བརྙན་སྣང་བ་ལྟར། །ཐ་དད་རྣམ་པར་མ་འདྲེས་པར། །ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུའོ། །རྒྱུ་རྐྱེན་ལས་འདས་བྱ་བྱེད་མེད། །རང་བྱུང་གྲུབ་བའི་གཟུགས་ཅན་ཏེ། །མཁའ་ལ་རི་མོ་སྣང་བ་ལྟར། །ཆོ་འཕྲུལ་ཆེན་པོ་ཡོངས་སུ་རྫོགས། །དེ་ཉིད་ཆོས་སྐུ་བདེ་བའོ། །མཐུས་གཟུང་ཡོངས་རྫོགས་སྐོངས་པར་ཤར། །མཆོག་གི་ཐབས་ཆེན་གྲུབ་པའོ། །དེ་ལ་ཆགས་བྲལ་འདོད་དང་བྲལ། །ཉེས་པའི་སྐྱོན་མེད་ཡོན་ཏན་བྲལ། །འཇིགས་པ་མེད་དང་སྐྲག་དང་བྲལ། །དུས་གསུམ་རྟག་ཏུ་གནས་པ་ནི། །ཡེངས་པ་མེད་པར་བྲལ་བ་མེད། །རྣམ་པར་གསལ་བས་འཐུན་པའི་གྲོགས། །ཐམས་ཅད་རང་བྱུང་གཉེན་པོ་མེད། །ཟིལ་གྱིས་མནན་པས་མི་མཐུན་རང་བཞིན་མེད། །སྨོན་ལམ་བྲལ་བས་རེ་དོགས་མེད། །སྒྲིབ་པ་མེད་པར་འོད་གསལ་བས། །ཡོངས་སུ་རྫོགས་པས་ཆེ་བར་གནས་པའོ། །ལམ་རིགས་རྫོགས་པས་བགྲོད་མེད་ཡོངས་སུ་རྫོགས། །སྨིན་པ་བཞིན་པས་འབྲས་བུ་ཡེ་ཤེས་རྫོགས། །རྫོགས་པ་སྐུ་ཡི་རང་བཞིན་ལྷུན་གྲུབ་པས། །མཁས་པའི་ཐབས་ཀྱིས་ཐེག་པ་ཀུན་གྱི་གང་། །དེས་ན་ཐམས་ཅད་ཀུན་གྱི་བདག་ཉིད་བྱང་སེམས་ཀུན་ཏུ་བཟང་། །དེ་ནས་སེམས་དཔའ་ཆེན་པོ་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །ཀུན་བཟང་རྫོགས་ཆེན་བདེ་བ་ཆེ། །ཐམས་ཅད་སེམས་སུ་ཡོངས་རྫོགས་ན། །སྤྲོས་པའི་མཚན་མ་ཇི་ལྟར་རྫོགས། །ཞེས་གླེངས་སོ། །བཀའ་སྩལ་པ། ཇི་ལྟར་སྣང་བའི་མཚན་མ་ཐམས་ཅད་ནམ་མཁའི་གོན་དུ་ཤར། །རྨི་ལམ་ལྟ་བུར་སྣང་བའི་སྣང་བ་ལ། །ངེས་པར་འཇུག་པའི་རྟེན་པ་མེད། །སྒྱུ་མ་ལྟ་བུའི་སྣང་བ་ལ། །ཡིད་ལ་ངེས་པའི་ཞེན་པ་མེད། །མཁའ་ལ་གླུ་ལེན་རྒྱན་འདོགས་དང་། །ཉལ་དང་འཆག་རྡོང་འགྲོ་བ་དང་། །ཟ་བ་ལ་སོགས་སྣང་བ་ལ། །ཡིད་ལ་འཇུག་པའི་རྟེན་མེད་པས། །དེས་དེ་གཟུགས་ལ་ཆགས་པ་མེད། །སྒྲ་ལ་དམིགས་པའི་ཆགས་པ་མེད། །དྲི་ལ་དམིགས་པའི་ཆགས་པ་མེད། །རོ་ལ་དམིགས་པའི་ཆགས་པ་མེད། །རེག་ལ་དམིགས་པའི་ཆགས་པ་མེད། །ཆོས་ལ་དམིགས་པའི་ཆགས་པ་མེད། །ཅེས་གསུངས་སོ། །དེས་ན་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སྣ་ཚོགས་སྣང་དང་སྟོང་པ་གཉིས། །ཟུང་དུ་འབྲེལ་བའི་ཚུལ་ཅི་ལགས། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་ཆེན་པོ། གཟུགས་ལ་བརྟེན་པའི་ཤེས་པ་ནི། །འགྲོ་བ་རིགས་དྲུག་གི་ཤེས་པ་གཟུགས་ལ་བརྟེན་པ་སྟེ་མཐར་དབྱུང་བར་བྱའོ། །རྨི་ལམ་ལྟ་བུའི་ཤེས་པ་ནི། །རང་བཞིན་མེད་པ་སྣང་བ་སྟེ། །ནམ་མཁའ་ལྟ་བུར་ཐུགས་གསལ་བ། །རྣལ་འབྱོར་ཤིན་ཏུ་འོང་བའོ། །ནམ་མཁའ་ལྟ་བུར་ཤེས་པ་ནི། །གཉིས་སུ་དམིགས་སུ་མེད་པའི་སྣང་བ་སྟེ། །རང་བཞིན་རྫོགས་པ་ཆེན་པོ་དང་། །མཐུན་པར་སྣང་ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གླེངས་སོ། །འདི་ལྟ་སྟེ། ཀུན་གྱི་རང་བཞིན་ཀུན་གྱི་དངོས། །ཡོངས་སུ་རྫོགས་དང་མ་རྫོགས་གཉིས་མེད་དོན། །ཕྱིན་ཅི་ལོག་དང་མ་ལོག་མངོན་གྱུར་ཇི་ལྟ་བུ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ཐམས་ཅད་རྟག་པ་དང་། །མི་རྟག་མ་ངེས་སྒྱུ་མ་དང་། །ཡང་དག་པ་དང་ཡང་དག་མིན། །མ་ངེས་སྒྱུ་མ་ལྷུན་གྱིས་གྲུབ། །གསང་བའི་བསྔགས་པ་ཐེག་པའི་རྒྱུད་དུ་བསྟན། །ལྷུན་གྲུབ་ཡོད་པར་བརྟགས་པ་དང་། །རྟག་པའི་དངོས་པོར་འཛིན་པར་དང་། །ལྟ་བ་རྟོགས་བྱེད་མཐོང་བ་མེད་པ་དང་གླུ་བ་བྱའོ། །ལྷུན་་་༄༅ པའོ མཛེས་པའི་རང་བཞིན་བཀོད་པའི་འབྲས་བུའོ། །ལོག་པའི་ཡུལ་མེད་དེ་སྒྱུ་མ་ལྷུན་གྲུབ་ཏུ་རིག་པ་རང་ལ་ཤར་བས་དུག་ལྔ་འོད་དུ་འབར། སྣང་བ་ཆོས་ཉིད་དུ་ཤར། ཡོན་ཏན་དཔག་གིས་མི་ལང་སྟེ་རིན་པོ་ཆེ་དགོས་འདོད་སྐོང་བའི་དཔེས་མཚོན་ཏོ། །འགྱུར་བ་མེད་པ་རྡོ་རྗེ་དཔེས་མཚོན་ཏོ། །བཙལ་བ་མེད་པ་རྡོ་རྗེའི་དཔེས་མཚོན་ཏོ། །འདུས་མ་བྱས་པ་རྡོ་རྗེའི་དཔེས་མཚོན་ཏོ། །ཉོན་མོངས་པ་འཇོམས་པ་རྡོ་རྗེའི་དཔེས་མཚོན་ཏོ། །ཐ་དད་མེད་པ་རྡོ་རྗེའི་དཔེས་མཚོན་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གཉིས་མེད་སྒྱུ་མ་ལྷུན་གྱིས་གྲུབ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། འདུས་པའི་སྐལ་ལྡན་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདམས་ངག་སྒྲུབ་རྒྱུད་དུ་གསུངས་པ་འདི་བཀའ་སྩལ་ཏོ། །སྐལ་ལྡན་འདུས་པའི་ཚོགས་ཉོན་ཅིག །དྭངས་པའི་སེམས་ཀྱིས་འདུན་བར་གྱིས། །ཞེས་གསུངས་སོ། །གསལ་བའི་ཡེ་ཤེས་གོམས་བྱའི་ཕྱིར་གདམས་པའི་དོན་ལ་མོས་པར་འདུད། །གཟུང་བའི་ཉམས་བླང་བསམ་པའི་བློ། །སྤང་མེད་དེ་ཉིད་ཡེ་ཤེས་གསལ། །འགྱུར་མེད་རང་གསལ་གྱི་ན་བདེ། །ལྟ་བ་ལུང་ནོད་ཐག་གཅདབཞིན། །བསམམེད་དྲན་པ་མ་ཤོར་ཏོ། །ལུས་སེམས་ཁོད་གློད་ལྷུན་པར་བཞག །དེ་ཉིད་དོན་ལས་མི་གཡོ་བར། །ཆ་ཤས་སྲེས་དོན་ངང་གིས་བྲལ། །མི་སྡུ་མི་སྤྲོ་མི་རྟོག་གསལ། །དྲི་བྲལ་རིག་པ་དེ་ཉིད་ཙམ། །ལྷུག་པའི་སེམས་ཉིད་གླང་ཆེན་འདྲ། །རིག་པ་བཅོས་མེད་གླང་ཆེན་བཞག ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན། །རི་བྲག་གྱེན་ཏུར་ཉམ་མིང་། །དེ་ཉིད་རྣལ་འབྱོར་མཉམ་བཞག་བློ། །འཁོར་བའི་ཆོས་ལ་ཉམ་མི་ང་། །བསྐྱོད་པ་མེད་པས་རྒྱ་མཚོ་འདྲ། །མཐའ་དང་བྲལ་བས་ནམ་མཁའ་བཞིན། །དགོས་འདོད་སྐོངས་བ་ནོར་བུ་བཞིན། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །ཐར་པར་ནུས་པས་གྲུ་ཞེས་གྲགས། །འཁོར་བའི་ནད་ལས་ཐར་པས་སྨན། །ཡེ་ཟིན་ཡེ་གསལ་ཡེ་ནས་གྲུབ། །མི་བསྡུ་ཆེན་དུ་ཡན་པ་མེད། །འཛིན་པའི་རྟོག་བ་རྗེས་དྲན་ཚེ། །དེ་ཉིད་ཡིན་པས་བཅོས་སུ་མེད། །དེ་དྲན་དེ་ཉིད་དེ་གསལ་མེད། །བཅོས་མེད་བཅོས་པའི་ཐབས་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་འདི་སྐད་ཅེས་གསོལ་ཏོ། །རང་བྱུང་ཡེ་ཤེས་དེ་ཉིད་ལ། །ཡེ་ཤེས་ལྔཉིད་ཇི་ལྟར་སྣང་། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེ་མེད་སྒྱུ་མ་ལྷུན་གྲུབ་ལ། །འབྲས་བུ་ཡོན་ཏན་ལྷུན་གྲུབ་གནས། །བཙལ་མེད་རིག་པའི་ཡེ་ཤེས་ལ། །བཙལ་བ་མེད་པར་ཀུན་ཏུ་ཤར། །མི་གནས་ཐུགས་ལ་ཕྱི་ནང་མེད། །སྟོང་བའི་ཡེ་ཤེས་རྒྱུ་རྐྱེན་བྲལ། །གསལ་བའི་ཡེ་ཤེས་ཆེན་པོ་ནི། ཁྲེས་བྱ་ཐམས་ཅད་བཙལ་མེད་གནས། །རྟོག་པ་ཡེ་ཤེས་རང་༄༅ འབར་བས། །བཟང་ངན་ཆེ་ཆུང་བླང་དོར་མེད། ཁྲེས་བྱའི་དོན་ལ་མ་འདྲེས་གསལ། །ཐུགས་རྗེ་མཛད་པས་ཀུན་ཏུ་ཤར། །བཅོས་མེད་ཡེ་ཤེས་ཆེན་པོ་ལ། །ཆོས་ཚུལ་ཟད་མེད་བརྗོད་ལས་འདས། །རང་རིག་ཡུལ་གྱིས་བསྐྱེད་པ་མིན། ཁུ་རྐྱེན་སྐྱེད་པའི་ཡེ་ཤེས་མིན། །བཙལ་བ་མེད་པས་རྒྱུ་དང་བྲལ། །ནམ་མཁའ་ལྟ་བུའི་ཡེ་ཤེས་ལ། །བརྡལ་བ་ཆེན་པོས་སྤྲོས་བ་མེད། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །བཙལ་མེད་ཡེ་ཤེས་རང་འབར་ཡིན། །ཞེས་གསུངས་སོ། །འཁོར་རྣམས་ཡེ་ཤེས་ཆེན་པོ་ལ་ལྷུན་གྱིས་གནས་པར་གྱུར་ཏོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་འདི་སྐད་ཅེས་གསོལ་ཏོ། །རང་བྱུང་ཡེ་ཤེས་བདེ་ཆེན་འོད། །ཐེག་པ་ཀུན་ལས་ཇི་ལྟར་འཕགས། །བདེ་གཤེགས་སྙིང་པོ་ཀུན་ལ་གསལ། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ཇི་ལྟར་སྙིང་པོ་རང་བཞིན་ནི། །ཟླ་བའི་དཀྱིལ་འཁོར་མ་སྤྲོས་ལྟར། །མ་འདྲེས་གསལ་ཕྱིར་དེ་དང་འདྲ། །ཀུན་གྱི་རང་བཞིན་དེ་རུ་གནས། །དེ་ལས་སྤྲོས་པ་ཐ་དད་སྣང་། །ཨེ་མ་ཧོ་ཡེ་ཤེས་རང་སྣང་བ། །ངོ་མཚར་ཆེན་པོ་འབྱུང་བའི་དོན། །དེ་ཕྱིར་དོན་ལ་ངོ་མཚར་ཆེ། །ཡེ་ཤེས་རིག་པ་རང་སྣང་བས། །ཐིག་ལེ་མཚན་ཉིད་ཡེ་ནས་ཆུབ། །ཆེ་བའི་རྒྱན་གྱིས་རྣམ་པར་བརྒྱན། །གཉེན་པོ་མེད་པས་ཡེ་ནས་ཆེ། །སྤང་བྱ་མེད་པས་ཡེ་ནས་གསལ། །གཉིས་མེད་བྲལ་བས་ཐ་དད་མེད། །འདུ་འབྲལ་མེད་པའི་ཡེ་ཤེས་ནི། །མཚན་མའི་དངོས་པོ་ཀུན་ལས་འདས། །བློ་ཡི་ཡུལ་དུ་དེ་མ་གྲུབ། །དེ་ལ་དམིགས་ནས་དེ་དོན་སྐྱེ། །དེ་ཕྱིར་དེ་ལ་ཨེ་མ་ཧོ། །དེ་ཉིད་ཡུལ་དེ་མ་ཡིན་ན། །དེ་དོན་ཐབས་དང་བྲལ་བའི་ཕྱིར། །མཚོན་བྱེད་ཐབས་ཀྱི་མན་ངག་བསྟན། །རྟོགས་པའི་རིག་པ་བློ་ལ་སྐྱེ། །དེ་ཕྱིར་གཞི་ལས་མ་གཡོས་པས། །མཐར་ཕྱིན་གཞི་ལས་གཡོས་པ་མེད། །དེས་ན་ཀུན་གྱི་ཡང་རྩེ་སྟེ། །ཐེག་པ་ཀུན་གྱི་ཡང་རྩེའོ། །ལྟ་བ་ཀུན་གྱི་ཡང་རབ་བོ། །ཐབས་རྒྱལ་རྣམས་ཀྱི་རྒྱལ་པོ་འོ། །གོང་ན་མེད་པའི་འབྲས་བུའོ། །ཞེས་བཀའ་སྩལ་ཏོ། །སྐལ་ལྡན་རྣམས་ཁོ་ཐག་ཆོད་པར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྟོགས་པ་ཡེ་ཤེས་སུ་གསལ་བའི་ཡེ་ཤེས་ལྔ་ཀུན་གྱི་ཡང་རྩེར་བསྟན་པའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཀུན་བཟང་རྫོགས་པ་ཆེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཡོན་ཏན་ཀུན་གྱི་དཔལ་དུ་ཤར། །གསལ་ལ་མི་གཡོ་སྣ་ཚོགས་ལྷུན་གྱིས་གྲུབ། །ཆགས་པ་མེད་པ་པདྨའི་སྦྱན། །བརྩལ་བ་མེད་པ་རྫོགས་སངས་རྒྱས། །སྐལ་ལྡན་རྣམས་ལ་བཤད་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་དགོངས་པ་སློང་བའི་ཏིང་ངེ་འཛིན་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདམས་ངག་སྒྲུབས་རྒྱུད་དུ་གསུངས་པ། །ལུང་ཕོག་པ་གསུངས་སོ། །རྟོག་དབྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །རྟོག་པའི་བློ་ལ་པི་ཏ་ཅི་ཞིག་བསླུས། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་པ། །འཁྲུལ་པས་ནོར་བའི་ལམ་དུ་བརྟགས་པ་ཡང་། །གང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་ཉམས་པས། །མཉམ་པ་ཆེན་པོར་ཤེས་ལ་སངས་རྒྱས་ཀུན་གྱི་རྗེ། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱི་བཅོས་སུ་ག་ལ་ཡོད། །བུས་པ་བསླུས་པ་ཆོས་སྤྱོད་རྟོག་པའི་ལམ་ལ་བཙུད་པ་ནི། །ཕྱིན་པའི་ལམ་མེད་རྟོག་པའི་དུས་ཀྱང་མེད། །ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ང་དང་བདག་ཏུ་བརྟགས་པས་མུ་སྟེགས་འཁྲུལ་པའི་ལམ། །སྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱ་མེད་ལྷུན་རྫོགས་གུ་པི་པ་ག་ལ། །ཞེས་གསུངས་སོ། །དཔེར་ན་གཅན་གཟན་གྱི་རྒྱལ་བོས་ནམ་མཁའི་དཀྱིལ་དུ་མཆོངས་པས། གླང་ཆེན་ལ་སོགས་པ་སྟོབས་ཅན་ཐམས་ཅད་ཟིལ་གྱི་གནོན་ཅིང་བརྒྱལ་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་བའི་གདམས་ངག་རྫོགས་པ་ཆེན་པོའི་ལུང་ཕོག་པས། དམན་པའི་ཐེག་པས་ལྟ་བ་སྤྱི་རྒྱ་བརླབས་ཀྱིས་བཅད། ཅེས་བཀའ་སྩལ་ཏོ། །དེ་ནས་སྐལ་བ་དང་ལྡན་པའི་འཁོར་རྣམས་མཚན་མ་རང་གྲོལ་དུ་གྱུར་ཏོ། །བསྔགས་པ་མེད་པའི་འབྲས་བུར་ཤར་ཏོ། །བགྲོད་བ་མེད་པའི་ལམ་བྱང་ངོ་། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ལྟ་བསྒོམ་འབྲས་བུ་རྫོགས་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། མཉམ་པ་རྫོགས་པ་ཆེན་པོ་ལ་གནས་པར་གྱུར་ཏོ། །སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཀུན་བཟང་རྫོགས་པ་ཆེ། །སྒོམ་དུ་མེད་པའི་དོན་དེ་ལ། །མཉམ་པར་བཞག་པ་ཇི་ལྟ་བུ། །ཞེས་གླེངས་སོ། །ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེ་ལྟ་བ་སྒོམ་དུ་མེད་པ་ནི། །ཀུན་བཟངས་རྫོགས་ཆེན་ང་ཡི་སྒོམ་པ་ནི། །ང་ནི་བསྒོམ་པའི་ཡུལ་དང་ཡུལ་ཅན་མིན། །ང་ཡིས་མ་བཅོས་ཡེ་ནས་ཀུན་ལ་གསལ་བར་ཁྱབ། །འོ་ན་བསྒོམ་པར་བྱ་བའི་ལུང་བསྟན་པ། །ང་ལ་ཐོས་པའི་སྟོན་པ་རྣམ་གསུམ་གྱིས། །ང་ལས་ཤར་བའི་ཆོས་ཉིད་ལ། །ཉོན་མོངས་ལྔ་ཡི་དྲི་མ་རང་ལ་གཟུང་འཛིན་བྱེད་ཟེར་ནས། །མ་བཅོས་མི་འཇིགས་སྤོང་འགེགས་བརྟུལ་ཞུགས་བསྒོམས། །ལུང་བསྟན་དེ་ཡིས་བཅོས་མེད་དོན་དང་འགལ། །ལོག་པ་བཞི་ལ་སྤྲུལ་པའི་ཐུགས་རྗེ་ཡིས། །འཁོར་དུ་བཀོད་ནས་བྱིན་རླབས་ལུང་བསྟན་པས། །གཉིས་མེད་རྩོལ་བྲལ་བདེ་བ་ཐོབ་མི་འགྱུར། །ཨེ་མ་ཧོ། ང་ལས་མངོན་དུ་ཤར་བའི་ཆོས་ཉིད་ལ། །བདེན་གཉིས་ལྟ་བས་དོན་སྤྱོད་རྣལ་འབྱོར་པས། །ཉོན་མོངས་ལྔ་ཡི་དྲི་མ་སྐྱེ་ཟེར་ནས། །ས་རྣམས་རིམ་པར་སྦྱོང་ཞིང་བགྲོད་པ་ལས། །དོན་དམ་ཀུན་རྫོབ་ཕྱེ་བའི་རྟོག་སྤྱོད་ཀྱིས། །མེད་ལས་སྒྱུ་མ་ཙམ་དུ་ཡོད་འཛིན་ཅིང་། །སྤྲུལ་བའི་སྐུ་ཡིས་ལུང་བསྟན་རྟོག་དབྱོད་བྱེད། །མ་བཅོས་ཇི་བཞིན་དོན་དང་བེ་རོ་ཐ། །སེམས་དཔའ་རྡོ་རྗེ། ང་ལས་མངོན་དུ་ཤར་བའི་ཆོས་ཉིད་དེ། །རང་གསལ་བཅོས་པ་མེད་པའི་ཆོས་ཉིད་ལ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ལུང་བསྟན་པ། །སྣོད་བཅུད་ཕྱི་ནང་དག་པར་བྱིན་བརླབས་ཏེ། །ཡན་ལག་བཅུ་གཅིག་བྱང་ཆུབ་ལྔ་པོ་ཀུན་བསྒོམས་ནས། །བསྒོམ་པའི་ཡེ་ཤེས་ལྷ་ནི་སྣང་བ་མེད། །སྤྱན་དྲངས་མཆོད་ནས་གཤེགས་གསོལ་ཏིང་འཛིན་བཤིག །ཡང་བཤིག་ཡང་བསྒོམ་པི་ཏ་ར་ཏི་འདྲ། །མ་བཅོས་ཇི་བཞིན་དོན་དང་བེ་རོ་ཐ། །སེམས་དཔའ་རྡོ་རྗེ་ཨེ་མ་ཧོ། །ང་ལས་འཐོན་པའི་སྟོན་པའི་ལུང་བསྟན་པ། །རང་གསལ་བཅོས་པ་མེད་པའི་ཆོས་ཉིད་ལ། །ཡོད་པ་མེད་པའི་ཏིང་འཛིན་སྒོར་ཞུགས་ནས། །གཅིག་ལ་བླང་དོར་བྱས་ནས་དམ་ཚིག་སོ་སོར་བསྒོམ། །གྲོགས་པོ་དག་གིས་དངོས་གྲུབ་གསོལ་བར་བསམ། །རང་བྱུང་གཅིག་ལ་གཉིས་སུ་བལྟས་པས་ནོར། །ངོ་བོ་གཅིག་ལ་གཉིས་ཀྱི་ཐོབ་བྱ་ཐོབ་བྱེད་མེད། །སེམས་དཔའ་རྡོ་རྗེ་ཨེ་མ་ཧོ། །ང་ལས་མངོན་དུ་ཤར་བའི་ཆོས་ཉིད་ལ། །རྣམ་ཤེས་དབང་པོ་ཕུང་པོ་འབྱུང་བ་ཡུལ། །རང་རྒྱུད་རྡོ་རྗེ་ལྟར་བྱས་དག་པ་ཡི། །བསྙེན་པ་དང་ནི་ཉེ་བའི་བསྙེན་པ་དང་། །སྒྲུབ་དང་སྒྲུབ་པ་ཆེན་པོ་བསྒོམ་བྱས་ནས། །འཕགས་མཆོད་འགྲོ་དོན་སེམས་ཀྱི་འཕྲོ་འདུ་བྱེད། །འཕྲོ་ཞིང་འདུ་བའི་དངོས་གྲུབ་ཐོབ་པ་དེ། །བདག་གིས་བདག་གི་དངོས་གྲུབ་ཐོབ་པར་སྒོམ། །དེ་ཡང་ཏིང་འཛིན་ཚི་ཆད་གྱུར་བའོ། །ལྷུན་གྲུབ་ལྟ་བ་བསྒོམ་དུ་མེད་པ་ནི། །ཀུན་བཟང་རྫོགས་ཆེན་ཡེ་ཤེས་གདགས་པའི་ཆོས། །རང་བྱུང་ཡེ་ཤེས་ཆེ་བའི་ཡོན་ཏན་གྱིས། །སྒྲུབ་ཅིང་རྩོལ་བའི་སྤྱོད་པ་བྱ་མི་དགོས། །རྒྱུ་རྒྱེན་བྲལ་བས་བཙལ་བའི་བྱ་བ་མེད། །ཡེ་ནས་གྲུབ་པས་རྩོལ་བས་བསྒྲུབ་མི་དགོས། །ཆོས་ཉིད་ཉིད་དུ་གྲུབ་པས་བསྒོམ་བྱ་སྒོམ་བྱེད་མེད། །གཉེན་པོ་མེད་པས་འཇིགས་པས་འཇིགས་པ་མེད། །སྒོམ་གནས་གཞན་ལ་མ་བལྟོས་ཚོལ་མི་བྱེད། །ངང་ལ་གང་ཞིག་སྒོམ་པ་བྱེད་པ་དེས། །སྒོམ་པ་ཉིད་ཀྱི་ང་དང་ཕྲད་མི་འགྱུར། །ཡེ་ཤེས་མངོན་དུ་ཤར་བ་ང་ཡིན་པས། །སྡུག་བསྔལ་སྐྱེ་མེད་རྣམ་པར་སྤང་མི་དགོས། །སྐྱེ་འཇིག་མེད་པས་རང་བྱུང་རྡོ་རྗེ་སྟེ། །མ་རིག་རྟེན་འབྲལ་དབང་པོ་འགག་མི་དགོས། །རང་བྱུང་རྣམས་དང་ཆོས་ཉིད་སྦྱང་མི་དགོས། །ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས། །ལྷུན་གྱིས་གྲུབ་པས་རྩོལ་སྒྲུབ་བྱ་མི་དགོས། །རིག་པ་གསལ་བས་ཐམས་ཅད་ཡེ་ཤེས་ཤར། །དེ་བཞིན་རྣམ་སྣང་ཀུན་ཏུ་བཟང་པོ་ལས། །དབང་པོ་དྲུག་ལ་སྣང་བའི་ཆོས་རྣམས་བྱང་། །ཡེ་ནས་དེ་ཡིན་དེ་ལས་གཞན་པ་མེད། །དེ་ལས་གང་ཞིག་བསྒོམ་དང་བསྒོམ་བྱ་བ། །དེ་ནི་འཁྲུལ་ཏེ་མཁའ་ལ་ཐེམ་སྐས་ཚོལ། །ཀུན་བཟང་རྡོ་རྗེ་སེམས་དཔའི་སྤྱོད་ཡུལ་ཀུན་ལས་འདས། །མངོན་དུ་རིག་པ་ཤར་བའི་ཆོས་རྣམས་ནི། །ངོ་བོ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །རྣམ་པ་སྣ་ཚོགས་དབང་པོ་ཀུན་ གྱི་ངོ་བོ་བསྟན་པ་ཡིན། །དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བཟང་རྫོགས་ཆེན་སྐལ་མེད་པས། །དྲང་ལུང་དགུ་ཡི་ཐེག་པ་བསྟན། །ཀུན་བཟང་རྫོགས་ཆེན་ཡེ་ནས་སྤྱོད་ཡུལ་བྲལ། །རྒྱུ་འབྲས་ལྷུན་གྲུབ་མཐོང་བའི་སྐལ་བ་མེད། །རྣམས་ལ་བསྟན་ན་སྒྲོ་དང་སྐུར་བཏབ་སྟེ། ཁུད་དྲུག་ངན་འགྲོའི་གནས་སུ་ལྟུང་བར་འགྱུར། །སེམས་ལ་སྐུར་པ་བཏབ་པས་བསྲེག་ཅིང་སྒྲེབས། །ལྷུན་གྲུབ་དེ་དོན་རྟོགས་ཤིང་སེམས་དཔའ་ཆེའོ། །ཀུན་བཟང་ང་ནི་སྤྱོད་ཡུལ་ལས་འདས་ཕྱིར། །ཚིག་གི་མི་ཕེབས་ཐ་སྙད་ཀུན་དང་བྲལ། །དབང་པོའི་སྤྱོད་ཡུལ་མ་ཡིན་བརྗོད་པའི་ཐ་སྙད་བྲལ། །ང་ཡི་རང་བཞིན་བསྡུས་ཏེ་ཐིག་ལེར་ཆུབ། །སྤྲོས་མེད་ཡེ་ནས་གཉིས་མེད་གཅིག་ཏུ་བསྟན། །སྡོམ་པ་མ་བསྲུང་འཕྲིན་ལས་བཙལ་མི་དགོས། །ལམ་གནས་མི་བགྲོད་ས་ལ་མི་སྦྱོང་སྟེ། །ཆོས་ཉིད་རང་བཞིན་ངང་ལས་གཞན་དུ་བཙལ་མི་དགོས། །རང་བྱུང་ཡེ་ཤེས་ཆེན་པོ་མི་རྟོག་གཡོས་པ་མེད། །ཀུན་བཟང་ང་ཡི་ལུས་འདི་ཀུན་གྱི་གཏེར། །རྒྱུ་ཡིས་མ་བསྐྱེད་རྩོལ་དང་སྒྲུབ་མི་དགོས། །དངོས་པོ་མ་བྱུང་པས་ན་སྒོམ་མི་བྱེད། །དངོས་པོར་མ་སྐྱེས་པས་ན་འཇིག་པ་མེད། །ང་མི་སྣང་བས་དམིགས་པའི་སྒོ་དང་བྲལ། །བརྡལ་བ་ཆེན་པོ་བདེ་བའི་ཀློང་དཀྱིལ་ན། །མཉམ་པ་ཆེན་པོར་མི་རྟོག་རང་བཞིན་གནས། །རིག་པས་མི་རྟོག་ཏིང་འཛིན་ཕྱེ་བ་མེད། །སྒོམ་ན་གང་བསྒོམས་བསྒོམ་པའི་ནད་ཡིན་ཏེ། །ཀུན་བཟང་སྙིང་པོ་རང་རིག་བྱང་ཆུབ་སེམས་ནི་གཟུང་འཛིན་བྲལ་བའི་ཕྱིར། །བསྒོམ་པར་བྱ་བ་རྡུལ་ཙམ་ཡོད་པ་མིན། །ངེས་ཐོབ་ཐེག་པའི་འབྲས་བུ་མ་ཐོབ་བཞིན། །བསྒོམས་པས་ཐོབ་པར་ང་ཡང་ལུང་མི་སྟོན། །སེམས་དཔའ་ཆེན་པོ་ཀུན་བཟང་ང་ལ་ཉོན། །ཀུན་ནི་ཀུན་བྱས་ཉིད་དུ་བྱས། །གོང་ན་མེད་པས་བཟང་པོ་སྟེ། །མ་ཤོང་མེད་པས་ཡངས་པ་ཡིན། །ཟུག་རྔུ་མེད་པས་བདེ་བ་ཆེ། །ཞེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྣམ་པ་ལྷུན་གྲུབ་བསྟན་པའི་དགོངས་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་དྭངས་བའི་སེམས་ཀྱིས་འདུས་ཅིག །ཡེ་ཤེས་ཡེ་ཤེས་ཤེས་བྱ་བ། །ཡེ་ནས་ཡིན་པའི་དོན་ཤེས་ན། །རང་བྱུང་ཡེ་ཤེས་ཉིད་ཡེ་ཤེས། །སྤྲུལ་པ་ལྟ་རྟོག་ཡེ་ཤེས་དེ། །ཡུལ་ལས་སྐྱེས་པས་རང་བྱུང་མིན། །ཡུལ་ལས་མ་སྐྱེས་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་ཏེ། །ཡེ་ནས་ཤེས་པས་ཡེ་ཤེས་ཡིན། །དེ་ལ་ཡེ་ཤེས་ཞེས་ནི་གདགས། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པས་ཡེ་ཤེས་ཏེ། །སུ་གང་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་མིན། །རང་རིག་བྱ་བའི་ཡུལ་དེ་ནི། །སེམས་ཉིད་རིག་པར་ཤར་བའོ། །ཆུ་ཡིན་ནང་གི་ཟླ་བ་བཞིན། །གསལ་བས་རང་བྱུང་ཡེ་ཤེས་སོ། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་བསྒོམ་པ་མེད། །ཏིང་འཛིན་བསྒོམ་པ་མི་བྱེད་པས། །བག་ཆགས་བསག་བྱ་བསག་བྱེད་མེད། །བག་ཆག་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་དང་ཡུལ་ཅན་གྱི། །མཉམ་ཉིད་ཡེ་ཤེས་རང་གསལ་བའོ། །སེམས་དཔའ་རྡོ་རྗེ་ཉོན་ཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །མཉམ་པ་ཉིད་དུ་ཡེ་ནས་གནས། །སེམས་དཔའ་རྡོ་རྗེ་ཉོན་ཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །བདེ་གཤེགས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། ཁེན་ཏུ་རྣལ་འབྱོར་སྐལ་ལྡན་གང་། །སུ་ཡང་རུང་བ་དེ་ཉིད་ནི། །རྟོག་པ་མེད་ལས་རང་གསལ་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །སེམས་དཔའ་རྡོ་རྗེ་ཉོན་ཅིག །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །དེ་བས་ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན། །རྟོག་པ་བྲལ་བས་བག་ཆགས་ཡོད་པ་མེན། །རྟོག་བྲ་་གསལ་བའི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །སྣ་ཚོགས་ཀུན་གྱི་ངོ་བོ་བྱང་སེམས་སྣང་། །རང་བཞིན་ཡེ་ཤེས་མི་འགོག་ངོ་བོ་སོ་སོར་གསལ། །རང་གི་རྐྱེན་གྱིས་སྣང་བས་དེར་མི་སྤོང་། །མི་རྟོག་ཏིང་འཛིན་བག་ཆགས་ཡེ་ཤེས་གསལ། །དེ་ནི་དུས་གསུམ་སངས་རྒྱས་དགོངས་པ་སྟེ། །སུ་ཡང་དགོངས་པ་འདི་ལ་གང་གནས་པ། །ས་ལ་མི་གནས་འགྲོ་དོན་བཙལ་མི་གནས། །ཆོས་ཉིད་བདེ་བ་ཆེ་ལ་འདི་གནས་ཏེ། །རྒྱལ་བ་མ་ལུས་ཀུན་གྱི་ཐུགས་ཀྱི་བཅུད། །སེམས་དཔའ་རྡོ་རྗེ་ཚིག་གི་དོན་འདི་རིག་པས་ཉམས་སུ་ལེན། །རང་སེམས་ཡེ་ཤེས་ཡུལ་ལྔར་རང་གསལ་བ། །ཡེ་ཤེསལྔ་ཡི་ཡུལ་ལ་འདོད་མི་བྱེད། །ཡུལ་ལྔ་ཡེ་ཤེས་ལྔ་རུ་རང་ཤར་ཏེ། །ཡུལ་དེ་ཡེ་ན་ཡེ་ཤེས་ཡིན་པའི་ཕྱིར། །ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན། །དེས་ན་ཡུལ་ཡང་རང་བྱུང་ཡེ་ཤེས་བཤད། །རང་བྱུང་ཡེ་ཤེས་དངོས་མེད་རང་ཤར་བའོ། །ང་ལས་འཐོན་པའི་སྟོན་པ་རྣམ་གསུམ་ནི། །མ་འགགས་གསལ་བའི་ཡུལ་ལ་རྟེན་ནས་ནི། །ཡེ་ཤེས་གསལ་ཞིང་ཐ་སྙད་མིང་བཏགས་ལ། །ཡེ་ཤེས་གྲངས་ཀྱི་རྣམ་པ་བྱུང་བ་ནི། །རྣམ་རྟོག་ཡུལ་ཤེས་ཡེ་ཤེས་གཅིག་ལ་ནི། །གཅིག་གིརངབཞིནསོསོརསྣངབ་ལ། །ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་ཏེ། །དེ་ནི་ངེས་པ་མ་ཡིན་འཁྲུལ་པས་བཏགས། །ཀུན་བཟང་ང་ཡི་རང་བྱུང་ཡེ་ཤེས་མིན། །ཀུན་བཟང་རྫོགས་ཆེན་རང་བྱུང་་ཡེ་ཤེས་གཅིག་ཤར་ལ། །འཁོར་གྱི་འདོད་པ་རྣམས་སུ་མིང་བཏགས་པ། །འཁོར་གྱི་འདོད་པའི་བྱེ་བྲག་གིས། །བྱང་ཆུབ་སེམས་དང་ཆོས་ཀྱིས་དབྱིངས། །རང་བྱུང་ཡེ་ཤེས་ནམ་མཁའི་ཁམས། །ཆོས་སྐུ་ལོངས་སྐུ་རྫོགས་པའི་སྐུ། །སྐུ་གསུང་ཐུགས་དང་ཐམས་ཅད་མཁྱེན། །ཡེ་ཤེས་བཞི་དང་གསུམ་དང་གཉིས། །ཡེ་ཤེས་ལྔ་དང་དབྱིངས་དང་ཡེ་ཤེས་སོགས། །རང་བྱུང་ཡེ་ཤེས་གཅིག་ལ་ཁྱབ་པར་གནང་བའི་ཆོས། །ཡོན་ཏན་དཔག་མེད་སྣང་བར་ཟད། །ཅེས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ་ཀུན་བཟང་རྡོ་རྗེ་སེམས། །ཐམས་ཅད་གནས་པའི་ཕོ་བྲང་མཆོག །ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །སྐལ་ལྡན་རྣམས་ལ་བསྟན་པར་གྱིས། །ཞེས་གླེངས་སོ། །དེ་ནས་ཀུན་ཏུ་བཟང་པོས་གསུངས་པ། སེམས་དཔའ་རྡོ་རྗེ་སྐལ་ལྡན་ཚོགས། །ཀུན་བཟང་རྡོ་རྗེ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནི།་།བྱང་ཆུབ་སེམས་ཀྱིརངབཞིནཏེ། ཁམསགསུམ་སེམས་ཅན་ཐམས་ཅད་དང་། །བདེ་གཤེགས་མ་ལུས་ཐམས་ཅད་ཀྱི། །སེམས་ཀྱི་ཀློང་ཆེན་གནས་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་ས་དང་གནས་ཡིན་ཏེ། །འདུ་འབྲལ་མེད་པ་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་པ་མེད། །དེ་ལ་རིམ་པར་སྦྱང་བགྲོད་ན། །རང་སེམས་བཅོས་ཏེ་འབྱོངས་མི་འགྱུར། །གོང་དུ་བསྟན་པའི་སྤྱི་ས་ཡིན། །སེམས་དཔའ་ཆེན་པོ། ང་ལས་འཐོན་པའི་སྐུ་གསུམ་གྱིས། ཁྱད་པར་མངོན་དུ་བྱུང་བ་ཡི། །རྒྱུ་འབྲས་དག་པའི་འཁོར་རྣམས་ལ། །ས་མདོ་རྣམ་པ་གསུམ་བསྟན་ཏེ། །སེམས་བསྐྱེད་ས་དང་རྩོལ་བསྒྲུབ་ས། །སྤྱོད་པའི་ཡན་ལག་རྫོགས་པའི་ས། །སེམས་བཞིན་བསྐྱེད་པའི་སར་བསྐྱེད་དེ། །སྤྱོད་པའི་ས་རུ་སེམས་སྤྱོད་བཅུ། །སྒྲུབ་པའི་ས་རུ་རྩོལ་ཞིང་བསྒྲུབ། །དེ་ནི་དམན་པ་དྲང་བའི་ལུང་སྟོན་ཏོ། །ཡང་དག་ངེས་པའི་ལུང་དོན་མིན། །ཨེ་མཧོ་སེམས་དཔའ་རྡོ་རྗེ་ཁྱོད། །ཡང་དག་ངེས་པའི་ལུང་འདི་ཉོན། །སེམས་ལ་རྒྱུ་རྐྱེན་མེད་པའི་ཕྱིར། །བསྐྱེད་པའི་ས་རུ་སེམས་མི་བསྐྱེད། །བསྐྱེད་པའི་ས་རུ་སེམས་བསྐྱེད་ན། །ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མི་ཤོང་། །དགེ་སྡིག་ལས་ལ་དྲན་པ་དབང་སྒྱུར་བས། །སྤྱོད་ཡུལ་ཆོས་ཀྱི་ངེས་པ་མ་རྙེད་དེ། །རང་བྱུང་ཡེ་ཤེས་མི་ཁེགས་བཞིན་དུ་འགེགས། །ཡེ་ཤེས་ཡུལ་ལ་མི་རྟོག་རང་བྱུང་བཞིན། །གཟུང་དང་འཛིན་པ་ཡོད་ཅེས་འཇོམས་པར་བྱེད། །དེས་ན་བྱང་ཆུབ་སེམས་ལ་སྐྱེས་པ་མེད། །སྤྱོད་པའི་ས་རུ་སེམས་བཅུ་སྤྱད་པའི་ས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་ནི། །ནམ་མཁའ་ལྟ་བུ་ཆོས་ཉིད་སྣང་བར་ཟད། །ནམ་མཁའི་ངང་ལས་གཡོས་པ་རྡུལ་ཙམ་མེད། །འགྲུབ་པའི་ས་རུ་བྱང་ཆུབ་སེམས་དཔའ་འདོད། །ཀུན་ཏུ་འོད་དང་མ་ཆགས་པདྨའི་སྤྱན། །རྡོ་རྗེ་འཛིན་དང་སྟུག་པོ་བཀོག་པ་དང་། །ཡི་གེ་འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་། །རྒྱུ་འབྲས་ཀུན་བཟང་དབྱེ་བ་མེད་ས་དྲུག །བསྒྲུབ་བྱ་བྱང་ཆུབ་ས་རུ་མིང་བཏགས་པས། །རྒྱུ་རྐྱེན་བྲལ་བའི་སེམས་ཀྱི་རང་བཞིན་དེ། །བསྒྲུབ་པས་འགྲུབ་པའི་འབྲས་བུའི་ས་མ་བསྟན། །སེམས་ཀྱི་རང་བཞིན་དྲུག་ཏུ་སྣང་བ་བསྟན། །སེམས་ཀྱི་རང་བཞིན་བསྟན་པས་འདི་ལྟ་སྟེ། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ནི། །རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དེ་ལ་ཀུན་ཏུ་འོད་ཅེས་བཏགས་པའོ། །ཡུལ་དུ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨའི་སྤྱན་དུ་བཏགས་པའོ། །སྐྱེ་དང་འཇིག་པ་མེད་པ་རྡོ་རྗེ་འཛིན། །རང་བཞིན་ཆོས་དབྱིངས་དཔག་ཏུ་མེད་པ་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པ་ཞེས་སུ་བཏགས་པའོ། །སྣ་ཚོགས་སྣང་བས་སེམས་ཀྱི་དཀྱིལ་འཁོར་ཏེ། །རང་ལ་ཡེ་ནས་རྫོགས་པས་ཆོས་རྣམས་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ལྷ་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །དེ་ལ་རྡོ་རྗེ་འཆང་གི་ས་ཞེས་བཏགས། །རིག་པ་རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །སེམས་ལ་རྒྱུ་དང་འབྲས་བུ་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་དེ། །ཡེ་ནས་བླང་དོར་བཟང་ངན་དབྱེ་བ་མེད། །དེ་ལ་ཀུན་བཟང་དབྱེར་མེད་ས་ཞེས་བཏགས། །དེ་བས་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ནི། །བདེ་གཤེགས་ཀུན་དང་རྒྱུད་དྲུག་གནས་རྣམས་ཀུན། །དེ་ལས་བྱུང་བའི་ཆོས་རྣམས་གནས་པའི་ཕྱིར། །ཆོས་ཉིད་བྱང་ཆུབ་སེམས་ནི་ཀུན་སྤྱོད་ས། །སངས་རྒྱས་ཡེ་ནས་གྲུབ་པའི་ས་ཞེས་བྱ། །ཞེས་ཀུན་ཏུ་བཟང་པོ་ས་གསུངས་སོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །སྦྱང་དུ་མེད་པའི་བསྟན་པའི་ལེའུ་སྟེ་དྲུག་བཅུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། རྒྱུད་དང་སྟོན་པ་ལ་བསྟོད་པ་འདི་གསུངས་སོ། །ཨེ་མཧོ་ཀུན་བཟང་རྫོགས་པ་ཆེ། །ཡོན་ཏན་ལྷུན་གྲུབ་ཀུན་གྱི་བདག །ཀུན་གྱི་རྩེ་མོ་བྱུང་རྒྱལ་ལོ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །རིན་ཆེན་ཐུགས་ཀྱི་དཀྱིའ།་འཁོར་སྒོ་ཕྱེ་ནས། །བདེ་གཤེགས་དཔལ་གྱི་མགུར་ནས་གསུང་བསྒྲགས་པ། །གསང་སྔགས་དབང་ཕྱུག་རྣལ་འབྱོར་རྒྱལ་པོ་ཡིས །མཉམ་སྦྱོར་ཀུན་ཏུ་བཟང་པོ་ཉིད་ཀྱི་དབྱིངས། །ལུང་གི་བོལ་པོ་བསྟན་པའི་ཡང་རྩེར་བཤད། །རྣམ་དག་ལམ་ཆེན་ཀུན་སྒྲོལ་དགོངས་པའི་ཐུགས། །བགྲོད་མེད་རྣམ་གྲོལ་རྫོགས་པ་ཆེན་པོའི་ལམ། །ལྷུན་རྫོགས་སྐྱེ་མེད་བྱ་མེད་ཉིད་ཀྱི་དབྱིངས། །ལུང་གི་རྒྱལ་་པོ་ལམ་གྱི་རྩེ་མོ་བྱུང་རྒྱལ་འདིས། །ཐེག་པའི་རྣམ་གྲངས་གྲོལ་ཐབས་ཆ་བསྙམས་པ། །ཡོངས་སུ་རྫོགས་པ་མ་འདྲེས་ཆོས་རྣམས་ཀུན་གྱི་རྒྱུན། །ཀླུང་ཡངས་རྒྱ་མཚོའི་ཆུ་བོ་འཕྲོ་འདུ་བཞིན། །རྒྱལ་ཐབས་སྤྱི་ཟླུགས་དབང་ཕྱུག་རྣམས་ཀྱི་མཛོད། །བསྟན་པ་ཀུན་གྱི་འབྱུང་གནས་སྙིང་པོ་སྟེ། །ཐེག་པ་ཀུན་གྱི་རྩེ་མོ་བྱུང་རྒྱལ་ཡིན། །ཡེ་བྱ་ཤེས་བྱེད་ཀུན་གྱི་གཞིར་གྱུར་པ། །ཀུན་གཞི་གནས་གྱུར་རྫོགས་པའི་དཀྱིལ་འཁོར་ནི། །ནམ་མཁའི་མཐའ་དང་མཉམ་པའི་མཁའ་ཀློང་ནས། །དེ་སྙེད་རྣམ་ཤེས་གདེངས་ཀའི་རྒྱ་མཉམ་པ། །བདེ་བ་ཆེན་པོ་རྩེ་མོ་བྱུང་རྒྱལ་དབྱིངས། །བླ་ན་མེད་པའི་ཡང་ཐོག་སྡེ་རྒྱུད་ས། །ཐེག་པ་ཀུན་གྱི་ཡང་རྩེ་ཡེ་ཤེས་རྒྱས། །དོན་ཐམས་ཅད་ཀྱི་རྩེ་མོ་བྱུང་རྒྱལ་འདི། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཆེ་མཆོག་རབ་ཏུ་ཆེ་བའི་ལྷ། །ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །བླ་ན་མེད་པའི་གོ་འཕང་མཆོག་ལགས་ན། །མན་ངག་ཀུན་གྱི་རྩ་བར་ངེས་པ་སྟེ། །སངས་རྒྱས་ཀུན་གྱི་རྩེ་མོ་བྱུང་རྒྱལ་ལོ། །ཨ་ཧོ། ཆོས་དབྱིངས་མ་སྐྱེས་གདོད་ནས་དག་པའི་ཕྱིར། །སེམས་སྐྱེ་བ་ཡི་རྒྱུ་ནི་ཡེ་ནས་མེད། །དེ་ཕྱིར་སྲིད་པའི་ཆོས་རྣམས་ཡེ་ནས་ལྷུན་གྱིས་གྲུབ། ཁུ་ནས་ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་ངང་། །མྱ་ངན་འདས་པར་མི་གནས་འབྲས་བུ་ལྷུན་གྱིས་གྲུབ། །དོན་རྣམས་ཀུན་གྱི་འཇུག་སྡུད་ཉིད་ཡིན་པས། །འབྲས་བུ་མ་ལུས་པ་ཡི་རྩེ་མོ་བྱུང་རྒྱལ་ལོ། །ཐམས་ཅད་སེམས་ཀྱི་ངང་དུ་ཆུབ་པའི་ཕྱིར། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཡེ་ནས་རྒྱ་མཚོ་འཁྱིལ་བའི་དབྱིངས་དང་མཚུངས། །སྤྲོས་དང་དེ་བཞིན་བསྡུས་དང་དེ་བཞིན་པ། །བསོད་ནམས་ཚོགས་ཀུན་སྐུ་གསུང་ཐུགས་ལ་རྫོགས། །ཚོགས་གཉིས་རྣམས་ཀྱི་རྩེ་མོ་བྱུང་རྒྱལ་ལོ། །ནམ་མཁའི་རྒྱལ་པོ་ལྟ་བས་འཕངས་གཅོད་པ། །ལྷུན་རྫོགས་བཏང་སྙོམས་ཆེན་པོའི་ངང་ཉིད་ལས། །གང་ཡང་མ་གཡོས་ཆོས་རྣམས་ཀུན་གྱི་དབྱིངས། །མ་སྐྱེས་མི་གནས་ནམ་མཁའི་རང་བཞིན་ལ། །ཐུགས་རྗེ་ཆོ་འཕྲུལ་ཡ་མཚན་ཆེན་པོར་སྟོན། །ལྟ་སྤྱོད་ཀུན་གྱི་རྩེ་མོ་བྱུང་རྒྱལ་ལོ། ཁྱུང་ཆེན་གཤོགས་རྫོགས་མཁའ་ལ་ལྡིངས་བ་བཞིན། །ངམ་འགྲོགས་གཡང་ས་ཆུ་ཀླུང་གྱེན་ཐུར་ཉམ་མི་ང་། །ནམ་མཁའི་ཁམས་ཀུན་བར་སྣང་ལམ་དུ་བདེ། །མི་རློབ་ཤུགས་ལྡན་ཁེབས་འོག་ཆུད་པ་ལྟར། །གང་དུ་དམིགས་པའི་ས་ཀུན་ཡེ་ནས་ཆོད། །སྒྲུབ་པ་ཀུན་གྱི་རྩེ་མོ་བྱུང་རྒྱལ་ལོ། །རང་བྱུང་ཡེ་ཤེས་བདེ་བ་ཆེན་པོ་དེས། །སྣང་ཞིང་སྲིད་པ་མ་ལུས་རིག་པའི་ངང་དུ་བཅོམ། །འཁོར་དང་མྱ་ངན་འདས་པ་ཡེ་ནས་ལྡན། །མཚན་ཉིད་མཐའ་ལ་མི་གནས་ཡེ་ནས་འདས། །བདག་གཞན་ཀུན་གྱི་ཡོན་ཏན་རྒྱ་མཚོ་ཤར། །ཐམས་ཅད་དོར་བ་མེད་ཅིང་དོགས་བ་མེད་ལས་འདས། །ཐམས་ཅད་བསྡུས་ཤིང་འཕྲོ་བས་དབྱིངས་སུ་བཤད། །ཡོན་ཏན་མཆོག་སྟེ་ངེས་པའི་དོན་དང་ལྡན། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བསྟོད་དོ། །ཨེ་མ་ཀུན་བཟང་རྫོགས་པ་ཆེ། །བདེ་བ་ཆེན་པོ་ཡེ་ཤེས་ཀློང་། །ཀུན་གྱི་ངོ་བོ་ཡེ་ཤེས་ཡེ་ནས་ཤར། །དམ་པའི་དོན་གྱི་བདག་ཉིད་དོ། །མཁའ་ལྟར་བྱེད་པ་མེད་པར་གསལ། །ལྟ་བ་ཀུན་གྱི་དམ་པའི་དབྱིངས། །མ་ཆགས་སྦྱོད་པས་ཡེ་ཤེས་ཆེན་པོར་རོ། །སྦྱོད་པ་ཀུན་གྱི་དམ་པའི་དབྱིངས། །ལས་རྣམས་ཐམས་ཅད་ཡེ་ནས་ལྷུན་གྲུབ་པས། །རང་བྱུང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རྫོགས། །ལས་རྣམས་ཐམས་ཅད་ཀུན་གྱི་དམ་པའི་དབྱིངས། །མ་བཅོས་པ་ཡི་རིག་པའི་ཐིག་ལེ་ནི། །ཀུན་ཏུ་བཟང་པོའི་མཁའ་ལ་ཡེ་ནས་འཁྱིལ། །དཀྱིལ་འཁོར་ཀུན་གྱི་དམ་པའི་དབྱིངས། །ཆོས་རྣམས་ཀུན་གྱི་རྒྱུ་འབྲས་རོ་གཅིག་པ། །བྱང་ཆུབ་སྙིང་པོ་ཉིད་དུ་ཡེ་ནས་ཐིམ། །སྒྲུབ་པ་ཀུན་གྱི་དམ་པའི་དབྱིངས། །ལོག་རྟོག་རང་བྱུང་ཡེ་ཤེས་རང་གསལ་བས། །ཡེ་ཤེས་ཀུན་གྱི་དམ་པའི་དབྱིངས། །བདེ་ཆེན་ལོངས་སྤྱོད་འདུ་འབྲལ་མེད་པར་རོལ། །ལོངས་སྤྱོད་ཀུན་གྱི་དམ་པའི་དབྱིངས། །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་དུ་རང་གནས་པས། །གནས་རྣམས་ཀུན་གྱི་དམ་པའི་དབྱིངས། །ཀུན་ཏུ་བཟང་པོའི་ཀློང་དབྱིངས་ན། །རྒྱུ་དྲུག་ངར་འཛིན་ལོག་རྟོག་རྣམས། །ཡེ་ཤེས་ཆེན་པོའི་འཕྲོ་འདུར་གསལ། །འཁོར་རྣམས་ཀུན་གྱི་དམ་པའི་དབྱིངས། །དེས་ན་ཀུན་གྲོལ་རྫོགས་པའི་སྐུ། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །ཞེས་དོན་རྟགས་ཀྱི་སྒོ་ནས་བསྟོད་པས། །ཀུན་ཏུ་བཟང་པོ་ཐུགས་རྗེ་གཡོས་པ་མེད་པས་གསལ་ཞིང་དགེས་པར་གྱུར་ཏོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྟོད་དོ། །ཨེ་མ་སེམས་དཔའ་རྡོ་རྗེ་ཆེ། །སྨྲ་བའི་སེང་གེ་རྫོགས་པ་ཆེ། །དེ་བཞིན་གསང་བ་ཀུན་གྱི་ཐུགས། །ཆེ་མཆོག་ཆེ་བཙན་ཀུན་གྱི་རྒྱལ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཀུན་གྱི་འབྱུང་གནས་རང་བྱུང་སྟེ། །མེ་ལོང་ལྟ་བུ་གསལ་བའི་མཆོག །ཕྱོགས་བཅུ་ཐམས་ཅད་མ་འདྲེས་གསལ། །ཐེག་ཆེན་རྨད་གྲགས་གོང་ན་མེད། །ཡེ་ཤེས་ཆེན་པོ་མ་འགགས་ཤར། །བ་ཨ་ཧོ། བྷ། དྷ། ཧྲི། གྲ། ལིང་། དེ་ནས་ཀུན་ཏུ་བཟང་པོས་བརྟན་ཞིང་འགྱུར་མེད་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །མ་འདྲེས་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། །གསང་བ་འདི་ལ་གཞན་མི་སྤྲོ། །སྒྲོ་སྐུར་བྲལ་བའི་སྙིང་པོ་འདི། །འདི་ནི་ངེས་ལུང་དམ་པར་བསྟན། །ཐུགས་ལས་སྐྱེས་པའི་སྲས་མཆོག་ནི། །སེམས་དཔའ་རྡོ་རྗེ་ཀུན་གྱི་ཐུགས། །བསྡུ་ཞིང་སྤྲོ་བ་དམ་པའི་མཆོག །བུ། ཧི། ཏྭ། ལྟ། སྐལ་ལྡན་ཡོན་ཏན་མཆོག་གྱུར་པ། །བསྟན་པ་རང་བྱུང་ཡེ་ཤེས་འདི། །གསང་བ་ཆེན་པོ་འདི་ཡོད་པར། །ར་བུ་ལ་སྐྲུ་གྲི་སོ་ལ་འཛེགས་ཏེ་དོན་ལ་ལྷུན་པར་གྱིས། ཁོང་ན་གནས་པའི་ཡང་ཁོང་དུ། །སྦས་པས་བམ་གྱི་ཁ་བཞིན་ནོ། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་སྣང་མི་འགྱུར། །ཡེ་ཤེས་འཕྲུལ་གྱི་གསང་ཚིག་ནི། །འབྱེད་པར་བྱེད་པའི་ཐ་རམ་འདྲ། །ཡིད་བཞིན་རིན་ཆེན་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡི་སྟོན་པ་རྣམས་ཀྱིས། །བསྟན་པ་ཡོངས་སུ་རྒྱས་བྱའི་ཕྱིར། །འབྲས་བུ་ལྔ་ལྔ་ཐ་མར་བརྒྱད། །དམ་བཅས་ཚུལ་ལས་འདའ་མ་བྱེད། ཁྱད་པར་གཏེར་སྒོ་སྲུང་བྱེད་པ། །བཀའ་ཡི་རལ་ཅན་ཨེ་ཀ་ཏི། །ཞེས་བཀའ་སྩལ་ཏོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཀུན་གྱི་འབྱུང་གནས། །རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ། །མན་ངག་ཐམས་ཅད་ཀྱི་རྩ་བ། རྩ་བའི་རྒྱུད་ཆེན་པོ། ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས་པ་སྟེ་ལེའུ་དྲུག་ཅུ་རྩ་གཉིས་པའོ།། །།མ་ཧ་ཨ་ཏི་ཡོ་ག་སྙུ་རྒྱ་པྲ་དེ་ཤ ཁ་ས་མན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སེང་གེའི་འོད་ཅན་གྱི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་གན་འཇགས་སྣམ་པར་སྣང་མཛད་ཀྱི་ཞལ་གཟིགས་པ་དེས། ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ