Ngb-pt-0461-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧྭ་སན་དྷི་སྙོ་དྷི་ཙསྟི་ས༷་སྭ་ར་མྱུ་ལ་ཚེ་ད་མ་ཧྭ་ཨུ་ཀྭ་ཤ་ས་མན་ཏ་ཙྭ་ན་པྲ་བྷ་ཏན་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པ་ཡེ་ཤེས་འོད་ཀྱི་རྒྱུད། ཡེ་ཤེས་འོད་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། ཆོས་ཉིད་ཀྱི་མཁའ། ཡེ་ཤེས་ཀྱི་ཀློང་། འོག་མིན་རིག་པའི་གཞལ་ཡས་ནབཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་བཞུགས་སོ། །རང་བཞིན་གྱི་འཁོར་དང་། །རང་བཞིན་ལྟ་བའི་འཁོར་དང་། རང་བཞིན་གྱིས་རྟོགས་པའི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་ཐབས་ཅིག་གོ །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་དེས་འདི་སྐད་དུ་བསྐུལ་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །རྒྱུ་ཡི་ཆོས་རྣམས་མཐར་ཕྱུང་ནས། །འབྲས་བུའི་ཆོས་ནི་མི་གསུང་བ། །ཐུགས་རྗེ་ཆེན་པོས་ཡལ་ལམ་ཅི། །་དུལ་བྱ་སྐལ་ལྡན་ཡོད་པ་ན། །ལྷུན་གྲུབ་ཟབ་མོ་གསུང་དུ་གསོལ། །ཞེས་བསྐུལ་བ་དང་། ལྷའི་བུ་དེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཞུས་པ་ནི་འདི་ལྟར་རོ། ཁྲར་ཕྱོགས་མངོན་དགའི་ཞིང་ཁམས་སུ། །སངས་རྒྱས་མི་བསྐྱོད་པ་ལ་ཞུས། །སྐྱེ་བ་མེད་པའི་སེམས་ཉིད་ལ། །སྐྱེ་བ་འོང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་འོད་གསལ་སྐྱེ་མེད་ལ། །འཁྲུལ་རྟོག་བློ་ཡིས་ཀུན་ཀློང་སྐྱེ། །སྐྱེས་ཙམ་ཉིད་མ་ངོ་བོས་སྟོང་། །དེ་ཉིད་སྐྱེ་མེད་ཡེ་ཤེས་འོད། །ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་དེར། །སངས་རྒྱས་རིན་ཆེན་འོད་ལ་ཞུས། །གཟུང་འཛིན་བློ་ཡི་དྲ་བ་འདི། །རྩ་ནས་བཅད་ན་ཇི་ལྟར་བཅད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནམ་མཁའ་མཐའ་དང་མཉམ་པ་ཡིས། །གསང་རྫོགས་འོད་ཀྱི་རྒྱུད་རྣམས་ཀྱིས། ཁམས་གསུམ་འཁོར་བར་འཁྲུལ་པ་ཡི། །མ་རིག་པ་དེ་རྩ་ནས་བཅད། །ནུབ་ཕྱོགས་བདེ་བའི་ཞིང་ཁམས་དེར། །སངས་རྒྱས་འོད་དཔག་མེད་ལ་ཞུས། །རང་བཞིན་བདེ་བ་ཆེན་པོ་ལ། །སྡུག་བསྔལ་འོང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་འདི། །ཕན་པའི་དབང་བཅུ་ནུས་པའི་ལྔ། །ཟབ་མོའི་དབང་གསུམ་རྫོགས་པ་ཡིས། །སྡུག་བསྔལ་ཆོས་ཉིད་དབྱིངས་སུ་ཞི། །བྱང་ཕྱོགས་རྣམ་དག་ཞིང་ཁམས་དེར། །སངས་རྒྱས་དོན་རྣམས་གྲུབ་ལ་ཞུས། །ཆོས་ཉིད་འགྱུར་བ་མེད་པ་ལ། །རྣམ་རྟོག་རླུད་གི་རླབས་པ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ བེམས་པོའི་རླུད་དང་རིག་པའི་རླུད་། །རླུད་གི་གནད་གསུམ་ཤེས་པ་ཡིས། །དབུ་མར་རླུད་ནི་ཚུད་པ་དང་། །ལས་རླུད་ཡེ་ཤེས་རླུད་དུ་གྲོལ། །བྱང་ཤར་བསམ་གཏན་བརྒྱན་པ་དེར། །སངས་རྒྱས་ཏིང་འཛིན་རྒྱལ་ལ་ཞུས། །རྟོག་མེད་དོན་གྱི་ཡེ་ཤེས་ལ། །རྣམ་རྟོག་འོང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེང་གེ་གླང་ཆེན་འཐབ་པ་དེ། །ཝ་སྦེ་དག་གི་ཕྲ་མ་བཅུག །སྒམ་གཉིས་ཨེ་ལ་་འདུས།་ཙམ་ན། །ཕྲ་མ་མཁན་དེ་སྐྱར་ལ་འབྱིན། ཁྲར་ཕྱོགས་བྱང་ཆུབ་ཡིད་འོང་དེར། །སངས་རྒྱས་སྒྲོན་མ་འབྱུང་ལ་ཞུས། །སེམས་ཉིད་རང་བཞིན་འོད་གསལ་ལ། །མ་རིག་མུན་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་འོད་གསལ་ཆེན་པོ་ལ། །ལོག་རྟོག་མུན་པ་བསྒྲིབས་མེད་ཀྱང་། །སྤྲད་པ་གསུམ་གྱི་གདམ་ངག་གིས། །སྐུ་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ལྷོ་ནུབ་རྡུལ་དང་བྲལ་བ་དེར། །སངས་རྒྱས་སྣང་བ་བཀོད་ལ་ཞུས། །སྨྲ་བསམ་བརྗོད་དུ་མེད་པ་ལ། །སྣ་ཚོགས་འོང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །དཔེར་ན་རྨི་ལམ་ལྟ་བུ་སྟེ། །རྨི་ལམ་བདེ་སྡུག་སྣ་ཚོགས་ཀྱང་། །རྨི་ལམ་སད་དུས་རང་བཞིན་མེད། །ནུབ་བྱང་དབང་བསྒྱུར་ཞིང་ཁམས་དེར། །སངས་རྒྱས་གདུགས་མཛེས་དག་ལ་ཞུསླ། །ཨ་ཏི་ཐ་སྙད་བྲལ་བ་ལ། །རྟོག་གེ་སྨྲ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྫིངས་ལས་སྐྲུལགྱིབྱབཞིནདུ། །ཇིལྟར་བསྐོར་ཡང་དེ་རུ་འབབ། །ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང་། །ཨ་ཏིའི་ངང་དུ་ཐམས་ཅད་འབབ། །འོག་ཕྱོགས་པདྨ་བརྡལ་བ་སྲ །སངས་རྒྱས་རྒྱལ་བའི་དབང་པོར་ཞུས། །སྙིང་པོ་བློ་ལས་གྲོལ་པ་ལ། །བློ་བཏགས་འོང་བ་ཇི་ལྟར་ལགས། །རྣམ་རྟོག་བློ་ལས་ཞབྲུལ་བ་འབྱུང་། །བྱུང་ཙམ་ཉིད་ན་འགྲོ་འོང་མེད། །དེ་དོན་རྟོགས་པའི་རྣལ་འབྱོར་བ། །བློ་ཉིད་ཆོས་ཉིད་གྲོལ་བའོ། །སྟེང་ཕྱོགས་མདངས་དགའི་ཞིང་ཁམས་དེར། །སངས་རྒྱས་དགའ་བའི་དཔལ་ལ་ཞུསླ། །གཉིས་མེད་གཉིས་སུ་མེད་པ་ལ། །གཉིས་འཛིན་འོང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། །རྒྱུ་རྐྱེན་རྐྱེན་བཞིས་ཞབྲུལ་བ་ཡི། །འཁོར་འདས་སྣ་ཚོགས་སྣང་བ་འདི། །གང་ཤར་དེ་བཞིན་ཉིད་ཤེས་ན། །བདེན་པ་དབྱེར་མེད་བློ་ལས་འདས། །དབུས་ཕྱོགས་མཐའ་དབུས་མེད་པ་མྲ །སངས་རྒྱས་མངོན་རྫོགས་རྒྱལ་པོ་ལ། །སེམས་ལྷག་ཅན་གྱིས་འདི་ལྟར་ཞུས། །ངོ་བོ་རང་བཞིན་ཐུགས་རྗེ་ལས། །རྩ་བའི་རྒྱུད་དུ་གསང་བ་དང་། །ལ་ཟླེའི་རྒྱུད་དུ་རྫོགས་པ་ལ། །མན་ངག་རྒྱུད་དུ་འོད་འདི་བྱུང་། །འདི་ལ་ཟབ་མོའི་ཆོས་སུ་མཆི། །སྟོན་པས་བདག་ལ་བཤད་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཟབ་མོ་འོད་ཀྱི་རྒྱུད་འདི་ལ། །ཟབ་མོ་དོན་གྱི་ཆོས་དྲུག་སྟེ། །གནས་ལུགས་དང་ནི་མཚོན་པའི་དབང་། །ལྟ་སྒོམ་སྤྱོད་འབྲས་ཟབ་མོ་དྲུག །ཅེས་གསུངས་པ་དང་། །ཀྱེ་ཀྱེ་མངོན་རྫོགས་རྒྱལ་པོ་ལགས། །ཐུགས་རྗེ་ཐབས་ཀྱི་རོལ་བ་ལས། །སྟོན་པས་རྒྱས་པར་བཤད་དུ་གསོལ། །ཞེས་ཡང་ཞུས་པ་དང། མངོན་རྫོགས་རྒྱལ་པོས་ལན་བཏབ་པ། །ཡེ་ཤེས་གར་ཡང་རྒྱ་མ་ཆད། །ཕྱོགས་སུ་མ་ལྷུང་རིས་མེད་དེ། །ཐམས་ཅད་འབྱུང་བའི་གཞིར་འགྱུར་རོ། །གདོད་ནས་མ་སྐྱེས་སེམས་ཀྱི་དབང་། །སྲིད་པ་གསུམ་ནས་ཡེ་དབང་བསྐུར། །གང་གིས་དེ་རྟོགས་སེམས་ཀྱི་དབང་། །གཞི་ནས་དབང་ཐོབ་བསྐུར་མི་དགོས། །ཅིར་ཡང་མ་ཡིན་བྱང་ཆུབ་སེམས། །རྟོགས་པས་གཞན་གྱིས་བཅོས་སུ་མེད། །རྩིས་གདབ་བློ་དང་བྲལ་བས་ན། །ཕྱོགས་སུ་མ་ལྟུང་ལྟ་བའི་གདེང་། །ཡེ་ཤེས་རྒྱུན་ལ་བར་མ་ཆད། །འདི་ལས་གཞན་དུ་མ་བཀོལ་བར། །རིག་པའི་རྒྱལ་པོ་ཀུན་གསལ་པས། །དྲན་པ་ཐམས་ཅད་ཏིང་འཛིན་མཆོག །བྱ་བཙལ་བྲལ་བའི་ཆོས་ཉིད་དུ། །བླང་དོར་མེད་པའི་རིག་པ་ཤར། །ཐམས་ཅད་སྐྱེ་མེད་ཡེ་ཤེས་ཀློང་། །འདི་ལ་སྤྱད་བྱ་སྤྱོད་བྱེད་བྲལ། །ཡེ་ཤེས་དྲི་མ་མེད་པ་ལ། །རེ་དོགས་བློ་ལས་འདས་པས་ན། །འཁོར་བའི་གདར་ཤ་ཆོད་པ་དེ། །སངས་རྒྱས་ལག་ཏུ་གཏོད་པ་ཡིན། །ཞེས་གསུངས་སོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སེམས་ལྷག་ལྷ་ཡི་བུས། །གནས་ལུགས་མ་བཅོས་རིས་མེད་ཞུས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཐམས་ཅད་ང་ཡིས་བྱས་པ་ཡིན། །ང་ལས་བྱུང་ཞིང་ང་རུ་ཐིམ། །ང་ཡིརངབཞིནའོདགསལལོ། །འཆད་པ་པོ་ང་ཉན་པ་ང་། །ལྟ་བ་པོ་ང་སྒོམ་པ་ང་། །སྤྱོད་པ་པོ་ང་གྲུབ་པ་ང་། །དེ་བཞིན་དབང་གི་རང་བཞིན་ང་། །རྒྱལ་བ་ཀུན་གྱི་ངོ་བོ་ལ། །སེམས་ཅན་ཀུན་གྱི་རང་གཞིན་ཏེ། །འདིར་བསམ་འདིར་འབྱུང་ཐམས་ཅད་ངང་། །ཀུན་གསལ་སྒྲིབ་པ་མེད་པ་སྟེ། །ཡེ་ཤེས་དྲི་མེད་འོད་དུ་བཤད། །སྟོང་པ་ཀུན་འབྱུང་ནམ་མཁའི་བཞིན། །སེམས་ཉིད་ཡིད་བཞིན་རིན་པོ་ཆེ། །འཕེལ་འགྲིབ་མེད་པའི་གནས་ལུགས་ནི། །འབྱུང་གནས་རྒྱ་མཚོའི་དབྱིངས་དང་མཉམ། །སྟོང་ཞིང་གར་ཡང་རྒྱ་མ་ཆད། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །གསལ་ལ་འགག་པ་མེད་པ་ཡིས། །རིག་པ་རང་གསལ་སྒྲོན་མའི་འོད། །གཞན་སྐྱོན་སེལ་མ་ཞུགས་པ་ནི། །རིན་ཆེན་ས་ལེ་གསེར་གླིང་ཕྱིན། །མ་ནོར་མ་བཅོས་ཇི་བཞིན་ཉིད། །ཀུན་གཞི་རང་བྱུང་ཆེན་པོ་ལ། །མ་རིག་ཡེ་ཤེས་ཐ་དད་མེད། །འཁྲུལ་དང་མ་འཁྲུལ་སེམས་སུ་གཅིག །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །ཐོག་མ་དང་བྲལ་ཐ་མ་མེད། །ཐོགས་མེད་འཁོར་པའི་རང་བཞིན་འདི། །བྱང་ཆུབ་སེམས་སུ་ཡེ་ནས་དག །སེམས་ཉིད་འོད་གསལ་དྲི་མེད་ལ། །བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས། །ངོ་བོ་མ་ཡིན་རྐྱེན་གྱིས་སྣང་། །བསམ་པས་བཏགས་པ་སྣ་ཚོགས་པ། །བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་རྟོག་པ་གཞི་ནས་མ་འོང་སྟེ། །རང་བྱུང་མཐོང་བས་རྟོག་པ་ཟད། །དཔེར་ན་སྣང་བས་མུན་སེལ་བཞིན། །རིས་མེད་ནམ་མཁའ་ལྟ་བུར་གནས། །རྒྱལ་བའི་ཐུགས་དང་རང་བཞིན་ལྡན། །བསམ་གྱིས་མི་ཁྱབ་དགོངས་པའི་དོན། །ཕྱོགས་རིས་མི་མངའ་ཀུན་ལ་ཁྱབ། །རང་བྱུང་ག་་མ་ཀུན་གྱི་གཞི། །བཟོད་ནས་རང་བྱུང་འགྱུར་བ་མེད། །མ་བཅོས་ཀུན་ཁྱབ་རིག་པའི་ཐུགས། ཁྱབ་བརྡལ་ཞྭབྲ་ཆུབ་ཀུན་ལ་གནས། །རང་གནས་ཡེ་ཤེས་གདོད་ནས་གྲུབ། །དངོས་པོར་མི་མངའ་རང་བྱུང་སེམས། །ཡེ་ཤེས་ནམ་མཁའི་འོད་བཞིན་ཁྱབ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་གནས་ཡེ་ཤེས་འདོད་ནས་ལྡན། །འོད་གསལ་སྙིང་པོ་ཡེ་ཤེས་འདི། །རིན་ཆེན་གསུང་གི་རྟགས་ལ་ཤེས། །སེམས་ཉིད་རྣམ་དག་ལྷུན་གྱིས་གྲུབ། །ཀུན་བཟང་རྒྱལ་བའི་རིག་པ་བདེ། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་རང་ཆས་ལྡན། །བསམ་བྲལ་རང་ལུགས་ཅིར་མི་དགོངས། །གདོད་ནས་ནམ་མཁའི་མཐའ་དང་མཉམ། །ཡིད་ལ་མི་བྱེད་གཟའ་གཏད་བྲལ། །འཁོར་བ་མྱ་ངན་འདས་པ་ཡིས། །རྣམ་རྟོག་ཕྲ་རགས་ཅིར་སྣང་ཡང་། །རང་བཞིན་མ་བཅོས་ཉིད་དུ་བདེ། །ཇི་ལྟར་ཆུ་ཡིས་སྣང་བ་བཞིན། །རྣམ་རྟོག་ཕྲ་རགས་ཡེ་ཤེས་ཉིད། །རང་བཞིན་ག་་མ་དྭངས་པ་ལྟར། །འཁོར་བ་ཉིད་ན་གདོད་ནས་དག །མཚན་མའི་རྣམ་པ་ཅི་བྱུང་ཡང་། །ཆུ་ཤིང་ལྟ་བུར་སྙིང་པོ་མེད། །མ་རིག་འཐིབས་མུན་འཁོར་བ་ན། །ཡེ་ཤེས་སྒྲོན་མའི་འོད་ལྟར་གསལ། །རྣམ་རྟོག་མཚན་མ་ཅི་བྱུང་ཡང་། །གནས་ལུགས་ཉིད་ལས་གཡོས་པ་མེད། །ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། གཞི་གནས་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་ལྷག་ལྷ་ཡི་བུས། །རྡོ་རྗེ་ཟབ་པར་དབང་བསྐུར་ཞུས། །སྔོན་རྫོགས་རྒྱལ་པོས་བཀའ་སྩལ་བ། །གནས་དང་དཀྱིལ་འཁོར་དཔོན་དང་འཐེབ། །འཇུག་ཚུལ་དུས་དང་ཡོན་བདུན་བཤད། །མན་ངག་སྡོམ་དུ་ཤེས་བར་གྱིས། །གཞི་ཡེ་གནས་དང་རྟེན་པའི་གནས། །ཐམས་ཅད་རང་རིག་སེམས་ཉིད་དེ། །རྒྱུ་རྐྱེན་བྲལ་བའི་དངོས་གཞི་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། །བཞུགས་གནས་རང་བྱུང་ཁྱད་པར་ཅན། །རྟེ་གནས་རི་བོ་དེ་ཤན་ནམ། །རྒྱ་ཕུག་རྡོ་རྗེ་གདན་སྟེངས་སམ། །ལྷུ་རྭ་ནཱ་སེའི་གསིལ་ཁང་ངམ། །ཟ་མ་ཏོག་གི་རྒྱལ་མཚན་ནམ། །མ་ལ་ཡ་ཡི་རྩེ་མོའམ། །གྲུ་འཛིན་ཀ་ཤ་ལི་ཕུག་གོ །དཀྱིལ་ནི་རང་བྱུང་ཡེ་ཤེས་དེ། །མ་བཅོས་དངོས་གཞིའི་དཀྱིལ་འཁོར་ཉིད། །མཁའ་ལྟར་རང་རིག་ཡེ་ཤེས་གསལ། །སེམས་ཀྱི་དཀྱིལ་འཁོར་འོད་ཀུསལ་ལོ། །ཙིསྟ་རིན་ཆེན་དཀྱིལ་འཁོར་ནི། །འོག་མིན་རིག་པའི་གཞལ་ཡས་ཁང་། །ཟག་པ་མེད་པའི་མཚན་ཉིད་དེ། །དངས་མ་གསུམ་གྱི་རྩེ་མོར་སྒོམ། །མ་ནོར་དོན་གྱི་སློབ་དཔོན་ནི། །རང་སེམས་བླ་མ་ཀུན་གྱི་བདག །བརྡ་དོན་སྤྲོད་པའི་སློབ་དཔོན་ནི། ཁྲེས་རབ་མཆོག་ལྡན་ཏིང་འཛིན་ཐོབ། །དམན་པ་བློ་སྤངས་ཐམས་ཅད་མཁྱེན། །བསྟན་པའི་བཅུད་བསྡུས་བདེ་གཤེགས་སྲས། །སློབ་མ་རིན་ཆེན་སེམས་ལ་སློབ། །རྟོག་ལྡན་བློ་ཡི་ཁྱད་པར་གྱིས། །ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས། །སྣོད་ལྡན་སློབ་བུ་དད་པ་བསྟན། །རི་ས་རྒྱུད་དག་པ་བླ་མ་ཁུར། །མན་ངག་གཏེར་འཆང་ཐུགས་ཀྱི་སྲས། །དང་པོ་དངོས་གཞི་དཀྱིལ་འཁོར་བསྟན། །ཀུན་རྫོགས་དཀྱིལ་འཁོར་ལུས་ལ་དགོད། །འཕྲུལ་ཚིག་གདམས་ངག་རྣ་བར་གཞུག །སེམས་ལུང་འབོག་པའི་གདམས་ངག་སྦྱིན། །རྒྱ་བརྟགས་གདབ་པའི་ཆོ་ག་བྱ། །ལུས་ལ་བདེ་མཆོག་བདེ་བའི་དབང་། །ཡོན་ཏན་ལྡན་པའི་བུ་མོ་དེ། །ཐབས་ཀྱི་བསྙེན་པ་གསུམ་རྫོགས་ནས། །བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ། །རིན་ཆེན་གཏེར་གྱི་གདམ་ངག་སྤྱིན། །བདེ་བ་ལག་གི་འདུ་བྱེད་ཀྱིས། །དགའ་བདེ་རིགས་ཀྱི་བདེ་བ་དབབ། །རྒོད་མ་ཁ་དང་རིན་ཆེན་རྩི། །སྦྱར་ཞིང་རྩ་གསུམ་གྱེན་དུ་བརླབ། །འབར་བ་ཉུ་གུ་དྲིང་ཞིང་བཞིབ། །ཟག་མེད་བདེ་བ་པདྨར་རྒྱས། །ཙིསྟ་རྒྱས་ཤིང་འཁོར་ལོར་གང་། །ཐུང་གི་ཨ་ལ་ཅུང་ཟད་ཕོག །ལུས་འདར་མིག་མི་འཛམས་ཤིང་འབར། །འཁྱིལ་བའི་རྩིབས་བརྒྱད་བདེ་ཆེན་པོ། །རོལ་བར་བཅོས་མ་ལ་རྟེན་ནས། །རྣལ་བའི་དོན་ནི་རྟོགས་པའོ། །ངག་ལ་རང་གྲོལ་རླུད་གི་དབང་། །བེམས་པོའི་རླུད་དང་རིག་པའི་རླུད་། །དང་པོ་གྱེན་རྒྱུ་ཐུར་རྒྱུ་དང་། །སྲོག་འཛིན་ཁྱབ་བྱེད་མེ་དང་མཉམ། །རླུད་ལྔ་རྙུ་ཏིར་རིམ་གྱིས་གཟུང་། །རིག་པའི་རླུད་ནི་གཉིས་ཡིན་ཏེ། །ལས་ཀྱི་རླུད་གིས་ཐུར་དུ་ལྟུང་། །ཡེ་ཤེས་རླུད་གིས་གྱེན་དུ་འདྲེན། །རླུད་གི་འཐེམ་པས་ཐམས་ཅད་བྱེད། །བེམས་པོའི་རླུ་་ལ་རྟེན་ནས་སུ། །རིག་པའི་རླུད་ནི་ཟིན་གྱུར་ན། །རྟོགས་པའི་རླུད་ཆེན་དོན་རྟོགས་སོ། །སེམས་ལ་རིག་པ་དང་གྲོལ་དབང་། །རྟོགས་མེད་མཐོང་བའི་ལམ་དང་ཕྲད། །སྒོམ་མེད་དོན་གྱི་གཟེར་ཆེན་འཐེབས། །བགྲོད་མེད་གོ་བའི་རྫིངས་ལས་བསྒྲལ། །རྣ་བརྒྱུད་ལུང་གི་གཏེར་ཆེན་གྲོལ། །རེ་དོགས་མེད་པའི་བཙན་ས་ཐོབ། །འདི་དེ་རྡོ་རྗེ་ལམ་མཆོག་སྟེ། །སྐལ་ལྡན་འབད་པར་མེད་པར་གྲོལ། །རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང་། །སྤྱི་ལུགས་ཚངས་པའི་དབང་ཞེས་བྱ། །དང་པོ་བཅུ་བཞི་ཞག་གི་དུས། །ནུས་པའི་ཚོགས་བསག་བར་ཆད་བསྲུང་། །མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན། །བར་དོ་འབྱོངས་ཤིང་མཐར་ཕྱིན་འགྱུར། །དེ་ནས་སྲོག་འཛིན་བླ་མ་ལ། །ལུས་དང་བཅས་པའི་ལོངས་སྦྱོད་འབུལ། །བརྡ་ཙམ་དབང་གིས་མཚོན་ནས་སུ། །གནས་ལུགས་རྟོགས་པར་ཐེ་ཙོམ་མེད། །ཅེས་གསུངས་སོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། དབང་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སེམས་ལྷག་ལྷ་ཡིས་ནི། །ཕྱོགས་རིས་མེད་པའི་ལྟ་བ་ཞུས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །སྐྱེ་མེད་ནམ་མཁའ་རྡོ་རྗེའི་དོན། །ལྟ་མེད་རིག་པ་གདོད་ནས་ཨུ། །རང་བྱུང་ཡེ་ཤེས་འོད་གསལ་ཤར། །ཡེ་ཤེས་རང་གནས་བདེ་ཆེན་པོ། །ཉན་ཐོས་གང་ཟག་བདག་མེད་མཐོང་། །རང་རྒྱལ་ཆོས་ཀྱིས་ཕྱོགས་གཅིག་རྟོགས། །ཐེག་ཆེན་བདག་མེད་གཉིས་སུ་འདོད། །ཀྲི་ཡ་དག་པ་ཆོས་ཉིད་ལྟ། །ཨུ་པ་གོང་འོག་རྗེས་སུ་འཇུག །ཡོ་ག་ཕུང་པོ་བྱིན་གྱིས་རློབ། །རྩལ་དང་ཆོ་འཕྲུལ་རང་སྣང་གསུམ། །བསྐྱེད་རྫོགས་གསུམ་གྱི་ལྟ་བར་འདོད། །ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ། །ཕྱོགས་སུ་མ་ལྟུང་མཐས་མ་རེག །རྣམ་སྤྱོད་དགག་བྱ་མེད་པ་ལ། །ཡོངས་སྤྱོད་བསྒྲུབ་བྱ་མེད་པར་ཤར། །གཉིས་སྣང་དགག་སྒྲུབ་མེད་པ་ལ། །མཐོང་བྱེད་རྟོགས་པའི་ཡེ་ཤེས་ཉིད། །དངོས་པོ་མེད་པའི་རིག་པའི་གཏེར། །བླང་དོར་མི་འདའ་ལྟ་རུ་མེད། །རང་བཞིན་ལྟ་བའི་རྒྱལ་པོ་ཡིན། །སྙིང་པོ་བློ་འདས་ཡེ་ཤེས་འོད། །འོད་གསལ་རིག་པའི་གདེང་དང་ལྡན། །ཐམས་ཅད་རྟོགས་པའི་ངོ་བོ་ཉིད། །ཡེ་ཤེས་སྙིང་པོ་ཉིད་དུ་ཤར། །རང་བྱུང་རིག་པ་འོད་གསལ་ལ། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །སྒྲོ་སྐུར་སྤྲོས་པ་ངང་གིས་མེད། །གསང་སྔགས་གཏེར་གྱི་མཛོད་འཛིན་འདི། །དངོས་པོ་ཇི་ལྟར་སྣང་བ་ཀུན། །རྩི་གདབ་མེད་པ་ཉིད་དུ་ཤར། །ཐམས་ཅད་ཡེ་ཤེས་ཆེན་པོ་ལས། །ཡེ་ཤེས་མ་ཡིན་གང་ཡང་མེད། །བདེ་བ་རང་རིག་རྣམ་རྟོག་བྲལ། །རང་གནས་ཡེ་ཤེས་འོད་གསལ་ཀློང་། །རྟོགས་པས་ཐེ་ཚོམ་རྒྱུ་བ་བྲལ། །རང་ཤར་ཡེ་ཤེས་སྒྲིབ་པ་མེད །ཐེག་བརྒྱད་གསལ་བའི་མེ་ལོང་འདི། །སྙིང་པོ་དོན་ལ་གོལ་ས་མེད། །མཐར་ཐུག་རྟོགས་པའི་དུས་ན་མཐོང་། །མི་རྟོག་དོན་འཇལ་གོམས་ཤིང་རྟོགས། ཁུ།བ་མཐའ་ངན་པ་གནས་དུས་སུ། །འདི་ཡིས་དོན་ཀུན་རིག་པར་གྱིས། །འདི་ཡིས་རང་སེམས་མ་རིག་ན། །སྒྲ་དང་ཚད་མ་གང་གིས་ཀྱང་། །རིག་པའི་ཡེ་ཤེས་རྙེད་མི་འགྱུར། །སྙིང་པོ་ཡེ་ཤེས་རང་བཞིན་འོད། །སྐྱོན་དང་ཡོན་ཏན་གཉིས་སུ་མེད། །རྫོགས་ཆེན་ལྟ་ལ་དཔང་སྟོད་མེད། །མཐོ་དམན་མེད་པའི་ཡེ་ཤེས་དེ། །འགྲོ་དྲུག་ཇི་ལྟར་སྣང་བ་ཡང་། །མྱ་ངན་འདས་པའི་རང་བཞིན་ཉིད། །ནམ་མཁའ་ལྟ་བུར་བདག་མེད་པ། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །ཡོད་མེད་ཐམས་ཅད་བྱང་ཆུབ་སེམས། །སྣང་བ་རང་རིག་ཐ་དད་པ། །དོན་དང་རྟགས་ལ་སོགས་པ་རྣམས། །རྣམ་པ་སྣ་ཚོགས་བག་ཆགས་སྣང་། །ཡང་དག་མ་ཡིན་ཞབྲུལ་པའི་སེམས མ་བཅོས་བརྡ་བའི་ལྟ་བར་གོ །རྟོགས་པའི་གདེང་གིས་ཆོད་པར་བྱ། །དབང་པོའི་ངོ་ལ་ཤར་བར་བྱ། །ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་། །ཉོན་མོངས་ལྔ་ཡང་ཡེ་ཤེས་ལམ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཞིང་། །སངས་རྒྱས་ཉིད་ལས་གཞན་མི་མངའ། །རྟོགས་ལྡན་མཆོག་གི་ཡེ་ཤེས་སོ། །ཨེ་མ་མ་རྟོགས་སེམས་ཅན་ཀུན། །སྣ་ཚོགས་འཁྲུལ་བ་སྙིང་རེ་རྗེ། ཁྲེས་པ་སྐྱེ་ལུགས་གསུམ་ཡིན་ཏེ། །སོ་སོར་རྟོགས་པའི་ཤེས་པ་དང་། །ཐ་སྙད་བཏགསཔདེབཞིནཏེ། །ཞེནཔའིཤེས་པ་གསུམ་ཡིན་ནོ། །རྟོག་པ་དང་པོ་ཆོད་པ་ཡིས། །གཉིས་པོ་དབྱིངས་སུ་ཐིམ་པར་འགྱུར། །ཀུན་གཞིའི་རྣམ་ཤེས་སྤྱི་ཁྱབ་དེ། །ཚོགས་བརྒྱད་ཡུལ་དུ་སྨྲས་པ་ཡིན། །མཐོང་བ་སྣ་ཚོགས་རིག་པའི་ཉམས། །སྣང་སྲིད་བརྡ་རུ་ཤར་བ་གཅེས། །ཞེས་གསུངས་སོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། ལྟ་བའི་ལེའུ་སྟེ་བཞི་བའོ།། །།དེ་ནས་སེམས་ལྷག་ལྷ་ཡི་བུས། །ཏིང་འཛིན་སྒོམ་པའི་བསམ་གཏན་ཞུས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །འགྱུར་མེད་སེམས་དཔའི་ཏིང་འཛིན་ནི། །རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར། །ཞེན་མེད་ཚུལ་གྱིས་འཇུག་ན་བདེ། །དང་པོ་རང་སེམས་རྒྱུན་ལ་བརྟག །གཉིས་པ་བླ་མའི་གདམ་ངག་སྦྱིན། །གསུམ་པ་བརྡ་དོན་ངོ་བོ་སྤྲད། །དཀྱིལ་འཁོར་དྲུག་གི་ཡེ་ཤེས་ལ། །སྒྲ་ཡི་མཐའ་ལ་བཞག་པར་བྱ། །མྱོང་བ་མེད་པའི་རྣམ་པ་ཡིན། །ཚོར་བ་མེད་པའི་རེག་བྱའོ། །ཕྱི་རོལ་ཚུལ་བཞིན་ངེས་པར་འགྱུར། །ཐ་མ་དྲན་བསམ་འགྱུ་པ་བྲལ། །བཙལ་མེད་ཡེ་ཤེས་རིག་པའི་ངང་། །དེས་ན་རང་རིག་ཅོག་གེ་ཞོག །བསམ་མེད་རང་དངས་རིག་པའི་ངར། །བདེ་ཆེན་མི་རྟོག་འགྱུ་བ་བྲལ། །ཡིད་ལ་མི་བྱེད་སྣང་བདག །རིག་པ་མ་འགགས་ཡེ་ཤེས་གསལ། །ཡེ་ཤེས་རང་སྣང་རྒྱལ་པའི་ཐུགས། །འཁོར་བའི་རྣམ་པ་མེད་སེམས་དེ། །བཏང་བཞག་རང་བཞིན་བྱ་བ་བྲལ། །མི་རྩོལ་སྒོམ་མེད་དྲང་པོའི་ལམ། །སྤྲོ་བསྡུ་མེད་པའི་དགོངས་པར་གནས། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །བྱིང་རྒོད་སྤྲོས་པ་ངང་གིས་དག །ཡེ་གསལ་ནམ་མཁའི་རང་བཞིན་ལས། །རང་གསལ་རིག་པ་དྲི་མ་མེད། །རང་རིག་ཅིར་ཡང་མི་རྟོག་པས། །ཅིར་ཡང་མ་ཡིན་དམིགས་སུ་མེད། །སེམས་ལས་རྣམ་རྟོག་འགྱུ་བ་བྲལ། །རིག་པ་ཡེ་ཤེས་འཛིན་པ་ཟད། །ཉི་མའི་དཀྱིལ་ལྟར་གསལ་འགྲིབ་མེད། །རང་ཤར་དངོས་པོར་གྲུབ་པ་མེད། ཁེས་པ་རང་ལུགས་སོ་མ་ཉིད། །ཀུན་བཟངས་རྒྱལ་བའི་དགོངས་པའོ། །རང་བྱུང་རྫོགས་སངས་རྒྱས་སུ་གནས། །རང་གསལ་ཡེ་ཤེས་ངང་ལ་བཞུགས། །བཅོས་མེད་འཛིན་བྲལ་སྤྲོས་པ་མེད། །སྒོམ་མེད་རིག་པ་རྒྱུན་མི་འཆད། །དམིགས་མེད་ཡེ་ཤེས་འོད་གསལ་ངང་། །སྐྱེ་མེད་རིན་ཆེན་ཏིང་འཛིན་གཏེར། །རེ་ཞི་མཚོན་པའི་བརྡ་ཙམ་དུ། །གཞུ་ལྟར་དགུག་ཅིང་མདའ་ལྟར་སྲིང་། །སྒྱུགས་ཞུག་པ་ཡི་བརྡ་ཡིས་སུ། །འབྱུང་འཇུག་མི་མངའ་རང་བཞིན་དག །མི་བསམ་རང་བཞིན་ལྷུག་པར་བཞག །མི་གནས་ཚུལ་ལ་འདུག་པ་དང་། །བཞག་མེད་མཉམ་པར་བཞག་པ་དང་། །སྒོམ་མེད་དོན་ལ་གྱི་ན་བ། །ཆོས་ཉིད་བྱང་ཆུབ་སེམས་བཞག་ན། །དངོས་འཛིན་མེད་པའི་རང་ཤརངང་། །རིག་པ་དབྱིངས་ལ་ཡན་བཞག་ན། །ཅི་ཡང་མ་ཡིན་རང་དང་བཞག །རྩོལ་བའི་ནད་བྲལ་སྒོམ་པ་ཡིན། །དེས་ན་སྙིང་པོ་དྲི་མ་མེད། །རིག་པ་རྗེན་པ་ཉིད་དུ་སྒོམ། །འོད་གསལ་སེམས་ལ་གནས་གྱུར་ན་། །རྣམ་རྟོག་མཚན་མ་རང་བཞིན་ཞི། །བྱ་བ་ཐོགས་པའི་ཡེ་ཤེས་ནི། །བསམ་གཏན་ཉལ་བའི་འཁོར་ལོ་བདེ། །མ་ལུས་བྱང་ཆུབ་ཆེན་པོའི་ངང་། །དགོངས་པའི་ཀློང་ཆེན་རྡོལ་བ་འདི། །སྒོམ་མེད་དོན་གྱི་ངོ་བོ་ཡིན། །སྒོམ་མེད་དོན་གྱི་སྙིང་པོ་ནི། །རང་བཞག་སོ་མའི་རིག་པས་ཤེས། །ཆོས་ཉིད་རིག་པའི་རང་བྱུང་ལ། །འགྱུར་མེད་རིག་པའི་མཐའ་སངས་པས། །ཡིད་ལ་མི་བྱེད་སྙིང་པོའི་སྣང་། །སྒོམ་དུ་མེད་པར་སྙོམས་ཞུགས་ལ། །བདེ་བ་ཆེན་པོའི་བསམ་གཏན་ཡིན། །སྤྲོས་མེད་ཡེ་ཤེས་རང་གསལ་འདི། །གང་ཡང་བསམ་དུ་མེད་པའི་ངང་། །དྲན་རིག་གསལ་བའི་ཏིང་འཛིན་ཉིད། །བསམ་གཏན་ཉིད་ན་བསམ་དུ་མེད། །འདུ་ཤེས་མི་འཇུག་ལྷུག་པར་བཞག །སྒོམ་མེད་བཞག་པས་ལྷག་མཐོང་བྲལ། །མི་རྟོག་གསལ་བ་དོན་གྱིས་གོ །མཉམ་བཞག་རྗེས་ཐོབ་ཟུང་འཇུག་ལ། །ཞི་གནས་ལྷག་མཐོང་དབྱེར་མེད་དོ། །འོད་གསལ་སྒོམ་པའི་རྣལ་འབྱོར་པས། །རྩ་བདུད་ཙིསྟ་དྭངས་མའི་དབུས། །དཀར་དམར་ཁ་སྦྱོར་འོད་ཀྱི་སྦུབས། །གཞི་ཡི་རླུད་ལ་ཀུན་གཞི་གནས། །སྲོག་པ་རྩ་ནས་གཞུངས་པའི་བར། །གསེར་གྱི་བ་ཐག་བརྒྱུད་པ་ལ། །ལྟེ་བ་རླུད་དབང་འཁྱིལ་བ་སྲ །དྭངས་མ་གསུམ་དང་སྙིགས་མ་གསུམ། །དྲུག་འདུས་རྩ་ཡི་ཕོ་བྲང་དུ། །ཡེ་ཤེས་རླུད་ལ་འོད་གསལ་འཆར། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་གཞའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ནང་གི་བྲེང་ཐག་ཆོད་ཙམ་ན། །ཕྱི་ཡིས་སྟོབས་རྣམས་འཆོར་བ་ཡིན། །གསང་བའི་ཁམས་ལྔ་ཞིག་པ་དང་། །དབང་པོའི་སྒོ་ལྔ་འགག་པའོ། །རྩ་ཡི་དྭངས་མ་ཞིག་པ་ཡིས། །ལུས་ཟུངས་སྟན་དང་འབྱར་ནས་འགྲོ། ཁྲག་གི་དྭངས་མ་ཡལ་བ་སྲ །དབང་པོ་ལྡོག་བཞིན་ཉམས་པའོ། །དྲོད་ཀྱི་དྭངས་མ་ཡལ་བ་དང་། །ལུས་ཀྱི་དྲོད་ཀུན་མེད་ནས་འགྲོ། །ལུས་སེམས་བྲལ་བས་རིག་པ་བརྒྱལ། །བརྒྱལ་བ་སངས་པས་འོད་ལྔ་འཆར། །མ་རྟོགས་ཞབྲུལ་པའི་སྣང་བ་དང་། །རྟོགས་ལྡན་ཡེ་ཤེས་སྣང་བ་ནི། །དེ་ལྟར་འོད་ལ་ངོ་སྤྲད་པས། །སྤྲད་པ་གསུམ་གྱི་གདམས་ངག་གིས། །དཔེ་དང་དོན་དང་རྟགས་དང་གསུམ། །དེས་ན་འོད་གསལ་འོད་ཀྱིས་ཤེས། །འོད་ཀྱིས་འོད་ཤེས་འོད་ཀྱི་རྒྱུད། །མཐའ་ཡི་མུན་པ་ངང་གིས་སངས། །ཞེས་གསུངས་སོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། སྒོམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སེམས་ལྷག་ལྷ་ཡི་བུས། །བྱ་རྩལ་བྲལ་བའི་སྤྱོད་པ་ཞུས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་བ། ཡངས་བ་ཆེན་པོ་སྤྱོད་པ་ནི། །ཡིད་ཆེས་བླ་མ་དག་ལ་ཞུས། །རིན་ཆེན་གདམས་ངག་གཏེར་དུ་འཆར། །ལུང་གི་དགོངས་བའི་དོན་རྟོགས་ཏེ། །རིག་པ་རང་གསལ་གཏན་ལ་འབེབས། །ནམ་མཁའ་རྡོ་རྗེའི་སྤྱོད་པའོ། །གང་སྤྱོད་དུས་ན་ཡུལ་མི་སྤྱོད། །སྤྱོད་བྱ་བྲལ་པའི་དུས་ན་ཤེས། །ལུས་ནི་བདེ་ལ་ཟག་པ་མེད། །བཅོས་མའི་གྲོ་གར་ཕྱག་རྒྱ་མེད། །དཔེར་ན་སེང་གེ་རྩལ་རྫོགས་བཞིན། །རྣལ་འབྱོར་སྤྱོད་པ་དཔེ་དང་བྲལ། །ངག་གི་སྙིང་པོ་བཟླས་བརྗོད་མེད། །མ་བཅོས་རླུ་་གི་སྤྱོད་པ་ལ། །ཞེན་པའི་ངག་སོགས་བྱ་བཙལ་བྲལ། །རྟོགས་པའི་རླུད་ཆེན་སྦྱོད་པའོ། །སེམས་ཉིད་གདོད་ནས་བྱ་བཙལ་བྲལ། །བྱ་བྲལ་ངང་ལ་རྣལ་མར་རོལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་བཞིན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཡེ་ཤེས་སྤྱོད་པའི་རང་བཞིན་ནོ། །རྒྱལ་བའི་དམ་ཚིག་མ་བཅོས་པ། །བསྲུང་དུ་མེད་ལ་མེད་པར་བསྲུང་། །སྡོམ་པ་ཚུལ་ཁྲིམས་ཐམས་ཅད་རྫོགས། །འཆིང་གྲོལ་མེད་པའི་ཕྱག་རྒྱ་ལ། །འགྱུར་བ་མེད་པའི་རྒྱ་ཡིས་བཏབ། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འཕྲོ་འདུ་མེད་པར་སྤྱོད། །ལྟ་བ་མེད་པའི་ལྷ་བ་ལ། །ལྟ་རུ་མེད་པའི་རྟོགས་པ་སྤྱོད། །སྒོམ་དུ་མེད་པའི་དབྱིངས་ཉིད་དུ། །སྒོམ་དུ་མེད་པའི་བསམ་གཏན་སྤྱོད། །བླང་དོར་མེད་པའི་སྤྱོད་པ་ལ། །ངེས་པར་གཟུང་ན་བླང་དོར་བསྔལམེད། །ཡེ་དབང་སེམས་ལ་བསྐུར་བ་ལ། །བསྐུར་དུ་མེད་པའི་བརྡ་ཙམ་སྤྱོད། །སྒྲུབ་མེད་སྒྲུབ་བྱ་བྲལ་བ་འདི། །སྣ་ཚོགས་སྤྱོད་པ་རྒྱ་མཚོ་ཡང་། །གང་ཡང་མ་བཀག་ཀུན་ཏུ་བཟང་། །སྣང་བཀག་མེད་པའི་ཀློང་ཆེན་དུ། །བྱ་བཙལ་བྲལ་བ་ངོ་མཚར་ཆེ། །དུས་གསུམ་བདེ་གཤེགས་གང་ལ་ཡང་། །སྤྱོད་པ་འདི་ལས་ཡོང་༄༅ མི་མངའ། །ཐམས་ཅད་སྐྱེ་བ་མེད་པར་བསྒྲལ། །ལས་རྣམས་རྫོགས་པའི་སྤྱོད་པའོ། །རང་བྱུང་རིག་པ་རྟོགས་གྱུར་ཡང་། །ཐུགས་རྗེ་ཚོགས་ཀྱི་བསོད་ནམས་ནི། །མཐུན་འཇུག་འགྲོལ་འདུལ་ཐབས་ཀྱིས་སུ། །སེམས་ཅན་དྲང་ཕྱིར་རྒྱུན་མི་འཆད། །ཡིན་པ་གསུམ་གྱིས་གགས་གསལ་ཏེ། །གདེང་ཆེན་གསུམ་གྱི་དགོངས་པའི་གདེང་། །མན་ངག་གསུམ་གྱི་གཞི་བཟུང་ལ། །ཚད་མ་གསུམ་གྱི་གདར་ཤ་གཅད། །གཏན་ཚིགས་གསུམ་གྱི་གཏན་ལ་དབབ། །ཐུག་ཕྲད་གསུམ་གྱི་ངོ་སྤྲད་ལ། ཁེས་པ་གསུམ་གྱི་གནད་ནི་བཀྲོལ། །ཟབ་མོ་གསུམ་གྱི་འཕྲང་བསལ་ལ། །ལྷུན་གྲུབ་གསུམ་གྱིས་སྦྱི་བཅིང་ངོ་། །དགུ་རུ་སྦས་པའི་སྤྱོད་པ་དེ། །ཀློང་ཆེན་དགུ་རུ་རྫོགས་པའོ། །ཞེས་གསུངས་སོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སེམས་ལྷག་ལྷ་ཡི་བུས། །མཐར་ཕྱིན་སངས་རྒྱས་འབྲས་བུ་ཞུས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཡེ་ཤེས་གཉེན་པོ་མེད་པས་ཆེ། །རྟོགས་པའི་འབྲས་བུ་རིག་པའི་གཏེར། །སེམས་ཉིད་གྲུབ་པའི་འབྲས་བུ་སྟེ། །འདོད་པའི་རྩོལ་བས་བསྒྲུབ་མི་བྱེད། །མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། །སྒྲུབ་མེད་ཆོས་སྐུ་ཆེན་པོ་ལ། །མ་བཅོས་རང་བཞིན་གཟུང་འཛིན་བྲལ། །ཀུན་བཟང་རྒྱལ་བའི་དགོངས་པ་ཉིད། །དབྱིངས་ཀྱི་འབྲས་བུ་བསམ་མི་ཁྱབ། །མི་རྟོག་འབར་བའི་དཀྱིལ་འཁོར་ན། །ཆེ་བའི་སྐུ་གསུམ་མུ་མཐའ་མེད། ཁུ་མེད་འབྲས་བུ་མཐར་ཐུགས་ཡིན། །འབྱུང་འཇུག་མི་མངའ་རང་བཞིན་གནས། །དེ་ཉིད་གྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉི་ཤར་པས། །མཐའ་ཡི་མུན་པ་ངང་གིས་དག །སྐུ་གསུམ་ལྷུན་གྲུབ་བདེ་བའི་ལམ། །རྩོལ་བའི་འབྲས་བུ་མཐར་ཕྱུང་ནས། །འཇིག་རྟེན་ཆོས་ལ་དེ་བཞིན་ནོ། །སྤང་བྱའི་འབྲས་བུ་ཡིན་པས་ན། ཁྱོད་ལ་དག་པའི་ཡེ་ཤེས་གང་། །དེ་ལྟར་ཡིན་ན་རྟག་པར་འགྱུར། །དོན་བྱེད་ནུས་དང་མི་ནུས་པ། །རིམ་དང་ཅིག་ཆར་དག་གིས་སྟོང་། །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་འབྲས་བུ་ཉིད་དུ་འགྱུར། །འཛིན་མེད་ཧད་པོ་བྱང་ཆད་དེ། །གཉིས་འཛིན་ཤེས་པ་ཡོད་པའི་ཕྱིར། །རྟེན་ཅིང་འབྲེལ་པར་འབྱུང་བས་འགྲུབ། །དེས་ན་རང་བྱུང་རྫོགས་པའི་ལམ། །རྒྱུ་ལ་མི་གནས་རྩོལ་བ་མེད། །འབྲས་བུ་མཐར་ཕྱིན་རང་རིག་ཉིད། །རང་གནས་ཡེ་ཤེས་གདོད་ནས་གྲུབ། །རང་གསལ་དགོངས་བའི་ཐུགས་ལ་རེག །ཀུན་བཟང་ཡེ་ཤེས་འོད་ཤར་བས། །བསམ་བྲལ་ཡེ་ཤེས་རྫོགས་པ་ཡིན། །ཡེ་ཤེས་མ་བཅོས་བྱང་ཆུབ་སེམས། །མི་འགྱུར་ཆོས་ཉིད་དབྱིངས་ཀྱི་ས། །མི་འགག་ཡེ་ཤེས་རིག་པའི་གསུང་། །དབྱེར་མེད་ཡེ་ཤེས་གཟུང་འཛིན་བྲལ། །འགྱུར་མེད་ཆོས་སྐུ་སེམས་རིག་ན། ཁམས་གསུམ་སྐུ་གསུང་ཐུགས་སུ་གྲུབ། །སྒྲུབ་མེད་རང་བྱུང་གྲུབ་པ་འདི། །མ་བསྒྲུབས་འོད་གསལ་ཤུགས་ཀྱིས་འབྱུང་། །ཐུགས་རྗེ་རང་སྣང་སྤྲུལ་བའི་སྐུ། །རང་རིག་བདེ་བས་ལོངས་སྤྱོད་རྫོགས། །མཚན་དང་དཔེ་བྱད་རང་བཞིན་གྲུབ། །ཐུགས་རྗེ་རང་འདོད་ཅིར་ཡང་འབྱུང་། །ཐུགས་རྗེ་རང་བྱུང་ཡེ་ཤེས་དེ། །རྩོལ་བྲལ་རང་སྣང་བྱིན་རླབས་ཤར། །ཕྱོགས་རིས་མེད་དེ་ཀུན་ལ་ཁྱབ། །སྟོང་ཉིད་ཡེ་ཤེས་ཀུན་སྒྲོལ་མཛད། །རང་བྱུང་ཆེན་པོའི་བདག་ཉིད་སྐུ། །འོད་གསལ་གྲུབ་པས་མཐར་ཕྱིན་པ། །འགྲོ་དོན་མཛད་ལ་རྟོག་པ་གྲོལ། །འོད་གསལ་དབྱེར་མེད་གཅིག་གི་ངང་། །མ་རིག་མེད་པས་འཁོར་བ་སངས སེམས་ཅན་སྐྱེ་བའི་རྒྱུ་མ་མངའ། །ཐམས་ཅད་སྐྱེ་མེད་དབྱེར་མེད་དེ། །གདོད་ནས་དག་གོ་ངོ་ཉིད་སྐུ། །བསམ་དུ་མེད་དོ་སྒོམ་དང་བྲལ། །སྣང་བ་མ་བཅོས་ཆོས་སྐུར་ཤར། །རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་བའི་སྐུ་རུ་བྱུང་། །སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྐུ། །དྲང་བའི་དོན་ལ་སེམས་མི་འཇུག །ངེས་པ་དོན་གྱི་གཞུང་འདི་ལ། །རྟོགས་པ་སྙིང་གི་དཀྱིལ་དུ་སད། །ཐུགས་རྗེ་སེམས་ཅན་ཀུན་ཕན་དུ། །རྣམ་པ་ལྷུན་གྲུབ་སྒྱུ་མར་ནི། །རོལ་བ་ཤར་ལ་ངོས་བཟུང་མེད། །རང་བཞིན་མཚན་ཉིད་ལྷུན་གྲུབ་ལ། །གཟུང་འཛིན་བཏགས་པ་ངང་གིས་མེད། །རངབཞིནལྷུནགྲུབཆེན་པོ་ལ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་བཀའ་སྩལ་ཏོ། །ཡེ་ཤེས་འོད་ཀྱི་རྒྱུད་ལས། གྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷའི་བུ་ཀུན་དགའ་སྙིང་པོས། ཡོངས་སུ་རྫོགས་པའི་གདམ་ངག་ཞུསླ། །མངོན་རྫོགས་སྟོན་པས་བཀའ་སྩལ་པ། །གསང་རྫོགས་འོད་ཀྱི་རྒྱུད་གསུམ་འདི། །སྐུ་གསུང་ཐུགས་ཀྱི་རོལ་པ་ལས། །དུག་གསུམ་འཇོམས་པའི་དཔའ་བོ་ཡིན། ཁམས་གསུམ་འདུལ་བའི་གཉེན་པོ་ལ། །འཁོར་བའི་གཡང་ས་གཅོད་པའོ། །བཀའ་ཡི་བཅ་འདུས་སྙིང་པོ་འདི། །རྒྱལ་བ་རྣམས་ཀྱི་དགོངས་པ་སྟེ། །ཐེག་པ་ཀུན་གྱི་ཡང་རྩེ་བོ། །ཐམས་ཅད་ཡེ་ཤེས་ཆེན་པོར་ཤར། ཁྱབ་བརྡལ་ཆེན་པོ་རང་ལ་རྫོགས། །ཡེ་ཤེས་རོལ་བའི་ཀློང་དུ་ཆུད། །མཁའ་ལྟར་ཁྱབ་པས་མཐའ་དབུས་མེད། །མ་བཅོས་ཐིག་ལེ་མངོན་སངས་རྒྱས། །རང་བྱུང་ཡེ་ཤེས་སྙིང་པོའི་དོན། །བཀོད་པ་མེད་པར་ལྷུན་གྱིས་གྲུབ། །རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར། །མ་ལུས་འདུས་པའི་ཐིག་ལེར་ཆེ། །བླ་མའི་བརྡ་ཡིས་རྟོགས་པར་བྱོས། །དགྲ་གཉེན་མེད་པར་གོམས་གྱུར་ན། །འདི་དང་བར་མ་དོ་ལ་གྲོལ། །གྲོལ་ནས་གྲོལ་བའི་བརྡ་ཡང་སྟོན། །སྤྲད་པ་གསུམ་གྱི་དམས་ངག་གིས། །རྡོ་རྗེ་སེམས་དཔའི་ཁང་པ་བསྟན། །ཐིག་ལེ་ཁོང་དུ་བསྡམས་པས་ནི། །ཟག་མེད་ཡེ་ཤེས་བདེ་བ་བསྟན། །སྐུ་གསུང་ཐུགས་ཕྲད་ཉམས་མྱོང་གིས། །ནམ་མཁའ་རྒྱ་མཚོ་ནོར་བུ་བསྟན། །དམིགས་པ་སྤོ་བའི་བསམ་གཏན་ནི། ཁྲེས་པ་གྲིམས་པ་བརྡ་ཡིས་བསྟན། །ཚོར་བ་རྗེས་མེད་སྒོམ་པ་ནི། །ཕྱོགས་མེད་ལོག་པའི་བརྡ་ཡིས་བསྟན། །དུས་ཚོད་གཞི་ཆའི་རིག་པ་ནི། ཁྲེས་པ་བཟློག་བའི་བརྡ་ཡིས་བསྟན། །གཏི་མུག་ལ་མ་ཁྱེར་གདམས་ངག་ནི། །བཏང་སྙོམས་ཆེན་པོའི་གདམས་ངག་ནི། །མཁའ་འགྲོ་རྒྱུད་ཀྱི་བརྡ་ཡིས་བསྟན། །གཡོ་མེད་བུམ་ཆུའི་གདམ་ངག་ནི། །ཐིག་ལེ་དབུས་གནས་ལག་བརྡས་བསྟན། །དྲན་པ་རྒྱུན་གྱི་གདམས་ངག་ནི། །དགུ་གདམས་པ་ཡི་བརྡ་ཡིས་བསྟན། །གཏི་མུག་ལམ་ཁྱེར་གདམས་ངག་ནི། །དྲན་པ་མེ་ལོང་བརྡ་ཡིས་བསྟན། །ཚོགས་དྲུག་རང་སར་གྲོལ་བ་ནི། །སྣ་ཚོགས་ཅི་རུང་བརྡ་ཡིས་བསྟན། །དུག་ལྔ་རང་སར་གྲོལ་བ་ནི། །དངུལ་དཀར་མེ་ལོང་བརྡ་ཡིས་བསྟན། །བསྟེང་སྒོ་དག་ལ་བརྟེན་པ་ནི། །རླུད་དང་འཁོར་ལོ་བརྡ་ཡིས་བསྟན། །འོད་སྒོ་དག་ལ་བརྟེན་པ་ལ། །པོ་ལ་ཀ་ཀོ་བརྡ་ཡིས་བསྟན། །དཀྱིལ་འཁོར་དྲུག་གི་གདམ་ངག་ནི། །སྤྱོད་ཡུལ་དྲུག་གི་བརྡ་ཡིས་བསྟན། །སྐྱེས་པ་སྐྱེ་མེད་གདམས་ངག་ནི། །ཕྱག་རྒྱ་བསྒྲེང་བའི་བརྡ་ཡིན་བསྟན། །འགག་པ་མེད་པའི་གདམས་ངག་ནི། །རྡོ་རྗེ་གདན་གྱི་བརྡ་ཡིས་བསྟན། །གཉིས་སུ་མེད་པའི་གདམས་ངག་ནི། །ཡི་གེ་ཨ་ཡི་བརྡ་ཡིས་བསྟན། །མཁའ་ལྟར་ཡེ་ཤེས་འོད་ཀྱི་རྒྱུད། །སེམས་ཉིད་གྲུབ་པའི་ལམ་མཆོག་འདི། །དབྱེར་མེད་ཀུན་ལལྡནབཞིནདུ། །སྣངབའི་ལམ་མེད་འཁོར་བར་འ་ས། །སྡུག་རྩོལ་བའི་ནད་ཀྱིས་གདུངས། །དེ་ལ་བསྟན་པའི་སྒྲོན་མེ་འདིས། །སྣང་བའི་ཡེ་ཤེས་འཆར་བར་ཤོག །མཁའ་ལྟར་མཉམ་པ་འོད་ཀྱི་རྒྱུད། །ཡེ་ཤེས་འོད་དང་ལྡན་པར་ཤོག །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་དབང་པོ་འཁོར་དང་བཅས་པ་རྣམས་དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ཏེ།བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས་གསུངས་པ་ལ་མངོན་པར་བསྟོད་དོ། །ནམ་མཁའ་དང་མཉམ་པ་ཡེ་ཤེས་འོད་ཀྱི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་དྷརྨ་སན་ཏ་ཀྟ་པ་རྭ་ན་