Ngb-pt-0391-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཀརྨ་མ་ཧྭ་ཀྭ་ལ་ཁྲ་དྲ་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་ལས་མགོན་བྱ་རོག་གདོང་གི་རྒྱུད། དཔལ་ཁྲག་འཐུང་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་སྟོན་པའི་ཚེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཉིད་མ་ཧྭ་ཀྭ་ལ་བྱ་རོག་གདོང་ཅན་དུ་སྤྲུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དུས་ངན་བསྟན་པ་འབྱུང་བའི་ཚེ། །སངས་རྒྱས་བསྟན་པ་འཇིག་པར་འགྱུར། །མ་ཧྭ་ཀྭ་ལ་ནག་པོ་ཆེ། །དེ་ཡིས་བསྟན་པ་སྲུང་བར་བྱེད། །ལྷ་ཆེན་དཔལ་འབར་ཁྲོས་པ་ཡི། །ཐུགས་མགོན་ནག་པོ་ཆེན་པོ་སྟེ། །དེ་ཡི་ལས་མགོན་བྱ་རོག་གདོང་། །ང་ཡིས་སངས་རྒྱས་བསྟན་པ་བསྲུང་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་བཞིའི་འཁོར་རྣམས་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པར་གྱིས། །སྔགས་འཆང་བསྟན་པ་ཁྱོད་ཀྱིས་སྲུངས། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །དུས་ངན་རྩོད་པ་དར་བའི་ཚེ། །སངས་རྒྱས་བསྟན་པ་རང་གིས་འཇིག །དེ་དུས་ཁྱོད་ཀྱི་ལས་སྒྲུབས་ཤིག །ཅེས་སྩལ་ཏོ། །བྱ་རོག་གདོང་གིས་སླར་ཞུས་པ། ང་ཡི་ལས་མཁན་དམར་མོ་རྩ་འཇིབ་ཁྲག་འཇིབ་མ། །འདི་ཡིས་ང་ཡི་ལས་རྣམས་་སྒྲུབ། །འཇིགས་བྱེད་དཔའ་བོའི་བཀའ་ལས་ཉན། །ཅེས་གསོལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གིས་སླར་བཅོམ་ལྡན་འདས་ལ་ཞུས་པ། ང་ཡི་ལས་རྣམས་མཚོན་ཆ་འདྲ། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་གླེང་གཞིའི་ལེའུ་དང་པོའོ།། །།དེ་ནས་བསྒྲུབ་བསྙེན་ལས་ཀྱི་རིམ་པ་ཡང་། གསད་དང་བཟློག་དང་གནན་པ་དང་། །བསྲེག་དང་གཏོར་མ་ཏིང་ངེ་འཛིན། །གནད་ལ་དབབ་དང་གཟིར་བ་དང་། །ལྟས་ངན་ཆོ་འཕྲུལ་ཚ་བའི་རིམས། །ཡུམ་གྱིས་གསད་དང་བ་ལི་བཞིས་གསད་དང་། །ཕྱི་ནང་གསང་བའི་རྟེན་བཅའོ། །གའུ་ཐོད་པའི་གཞལ་ཡས་ཁང་། །དེ་ལྟར་རྡོ་རྗེ་འཆང་ལ་སྨྲས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་གཉིས་པའོ།། །།དེ་ནས་བསྙེན་པའི་རིམ་པ་ཡང་། །དུར་ཁྲོད་ས་ནག་བླངས་ནས་ནི། །རོལ་ཆ་སྣ་ཚོགས་དཀྲོལ་ནས་ནི། །དེ་ལ་མཎྜལ་བྱ་བར་གསུངས། །གྲུ་གསུམ་ནག་པོ་ཁ་ཁྱེར་ཅན། །ཁྱི་མོ་ནག་མོའི་གཡང་གཞི་དགྲམ་པར་བྱ། །དེ་སྟེང་བུ་མོ་གཙང་མའི་ཀ་བཱ་ལ། །དེ་སྟེང་གའུ་ཁ་སྟོར་ནང་། །གྲི་རྒོད་སྙིང་ལ་འབེན་བྱ་ལ། །དེ་སྟེང་གྲི་གུག་གཞག་པར་བྱ། །སྟེང་ནས་དར་ནག་གུར་ཡང་ཕུབ། །ཕྱི་ནང་གསང་བའི་རྟེན་གཟུག་ལ། ཁྲ་ཁྲག་སྣ་ཚོགས་གཏོར་མ་བཤམ། །ཧྭ༷། །ལས་ཀྱི་མགོན་པོ་ནརྒི་པོ་ནི། །ཡན་ལག་ཐུང་ཞིང་གེལ་པ་ཡི། །ཁྲོས་པའི་མདོག་ཅན་བྱ་རོག་གདོང་། །གཡས་ཀྱིས་གྲི་གུག་ནག་པོ་ཐོགས། །གཡོན་པ་བྷན་དམར་ཁྲག་གིས་བཀང་། །ཨཱོཾ༷་མ་ཧྭ་ཀྭ་ལ་གྱ་ནི་ཧྲི་ད་་ཧྭ༷་ཕཊ། བསྙེན་པ་གྲངས་ལ་ཐེམ་པར་བསྐྱལ། །བསྟོད་པ་གཏང་ཞིང་མཆོད་པར་བྱ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་གསུམ་པའོ།། །།དེ་ནས་གཏོར་མ་བྱ་བ་ནི། ཤ་སྣ་ཚོགས་པའི་གཏོརྗ་མ་ཤར་སྡུ་དགོད། །ཁྲག་སྣ་ཚོགས་པའི་གཏོར་མ་ལྷོ་རུ་དགོད། །སྙིང་སྣ་ཚོགས་པའི་གཏོར་མ་ནུབ་ཏུ་གཞག །རུས་སྣ་ཚོགས་པའི་གཏོར་མ་བྱང་དུ་གཞག །དེ་ལ་དམིགས་པ་བྱིན་གྱིས་བརླབ། །ཨོ་ཨུ༷༷ཧྭ༷། སྦྱང་དང་སྤེལ་དང་བདུད་རྩིར་བསྒྱུར། །ཨཱོཾ༷་མ་ཧྭ་ཀྭ་ལ་བཛྲ། སྙུ་ནཙྭ་དང་། གྲོཎྜ་གྲོཎྜ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མྱ་ར་ཡ་ནཱ་ར་ཡ། ཆེ་གེ་མོའི་བཱང་ས། རཀྟ་ཙིཏི་གོ་རོ་ཙ་ན། བ་སུ་ཏ་ཁ་ཁ་ཁུ་ཧི་ཁུ་ཧི། ནོས་དབུལ་བར་བྱའོ །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཞི་པའོ།། །།ཕྱི་ནང་གསང་བའི་རྟེན་རྣམས་ནི། །ཕྱི་སྲོག་ལུག་ནག་གཡག་ནག་ལ། །སྙིང་པོ་བྲིས་ལ་རྟེན་དུ་གཟུང་། །ནང་གི་རྟེན་ནི་མདའ་དང་དར་ནག་གསོབ། །སྙིང་པོ་སྔགས་དང་བཅས་པར་བཅིངས། །གསང་བའི་རྟེན་ནི་གྲི་རྒོད་དུ། །གཡུལ་དུ་ཤི་བའི་སྙིང་ནང་དུ། །སྲོག་གི་འཁོར་ལོ་བྲིས་བྱས་ལ། །དར་ནག་གྲིལ་ལ་ལུས་ལ་བཅིངས། །དེ་ཡིས་ལུས་དང་གྲིབ་མར་འགྱུར། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་ལྔ་པའོ།། །།དེ་ནས་གསད་པར་བྱ་བ་ནི། །ཚ་བ་གསུམ་དང་ནིམ་པ་ཁྲག །ཡུངས་ཀར་ཡུངས་ནག་དུག་དང་ཁྲག །སྐེ་ཚེ་བ་ཡི་རྫས་དང་ཕུ་བརྒོད་རྣམས། །སྐྱེར་པའི་ཤིང་ལ་མེ་སྤར་ནས། །ལས་ཀྱི་མགོན་པོའི་གསད་པ་བྱ། །ཏིང་ངེ་འཛིན་དང་གཏོར་མ་ཡང་། །རྣལ་འབྱོར་པ་ཡིས་རབ་ཏུ་འབད། །ཡུགས་སའི་ཁྱིམ་ནས་མེ་བླངས་ལ། །སྔགས་འདི་བཟླས་པས་བསྲེག་པར་བྱ། །ཨོ་མ་ཧྭ་ཀྭ་ལ་ལྷུ་ན་ཧྲི་ད་ཧུ༷་ཕཊ། གྲོཎྜ་གྲོཎྜ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མྱ་ར་ཡ་བཱ་ར་ཡ། ཆེ་གེ་མོ་དོམ་དྲ་རྨི་དང་ཀུ་རུ་ཧུ༷་ཕཊ། ཅེས་པས་བསྲེག་པར་བྱའོ། །ལས་ཀྱི་མགོན་པོ་བྱ་རོག་གི་རྒྱུད་ལས་ལེའུ་དྲུག་པའོ།། །།ཧུ༷་ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ཏུ་ཐོགས། །དམིགས་པའི་ནང་ཁྲོལ་འདྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་སྟོབ་ཅིང་འཆའ། །ཡུམ་ནི་གསོད་བྱེད་ཁྲག་འཇིབ་མ། །ཕྱག་བཞིས་རྐང་དང་སྙིང་དང་ཁྲག །མ་མོ་རྣམས་ཀྱིས་ཤ་ལ་རོལ། །དུར་ཁྲོད་ཆེ་སྦྱར་ལེན་འདུ་རྣམས། །དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱིས་ཤ་ལ་སྤྱོད། །མཆོད་པ་བསྟོད་པ་སྔགས་རྣམས་དྲང་། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བདུན་པའོ།། །།དེ་ནས་ངག་ནི་མནན་པ་ནི། །ས་ནག་དུར་ཁྲོད་སོལ་བ་ལ། །དུག་དང་ཁྲག་གིས་བྱུག་པར་བྱ། །མར་ནག་བྱུག་ལ་འབི་འབི་བྱ། །སྐོལ་ཕོར་ནང་དུ་བཅུག་ནས་ནི། །མ་ཕྱུང་སྐྱེར་པའི་ཕུར་པས་ནི། །བུམ་པ་སླེབས་པར་ཕུག་བྱས་ན། །དེ་ཁུང་ལིདྷ་གཞུག་པར་བྱ། །ཨོ་མ་ཧྭ་ཀྭ་ལ་དོམ་དྲ་དྲག་ཤ །ཀིང་ཀ་ར། སྟམ་བ་ལ༷་ཀུ་རུ་ལ༷། རྒྱུག་རྒྱུག །བྲེང་བྲེང་། ཐུམ་ཐུམ། སྨྱོ་སྨྱོ། ཁྲག་ལ་ལྕིབ་ལྕིབ། ཆོད་ཆོད། ཐུམ་ཐུམ་སྟུསྟ་ནན། ལ་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བརྒྱད་པའོ།། །།ཨོ་མ་ཧྭ་ཀྭ་ལ་གྲོཎྜ་གྲོཎྜ་ཆེ་གེ་མོའི་མྱང་ས་ལ་ཁ་ཁ་ཁུ་ཧི་ཁུ་ཧི། ཨོ་མ་ཧྭ་ཀྭ་ལ་ཧ་ན་ཧ་ན་ཆེ་གེ་མོའི་རཀྟ་ལ་ཁ་ཁ་ཁུ་ཧི་ཁུ་ཧི། ཨོ་མ་ཧྭ་ཀྭ་ལ་ད་ཧ་ད་ཧ་ཆེ་གེ་མོའི་ཙིསྟ་ལ་ཁ་ཁ་ཁྱ་ཧི་ཁུ་ཧི། ཨོ་མ་ཧྭ་ཀྭ་ལ་པ་ཙ་པ་ཙ་ཆེ་གེ་མོའི་ཀོ་རོ་ཙ་ན་ལ་ཁ་ཁ་ཁུ་ཧི་ཁུ་ཧི། ཨོ་མ་ཧྭ་ཀྭ་ལ་མྱ་ར་ཡ་ཆེ་གེ་མོའི་བ་སུ་ཏ་ལ་ཁ་ཁ་ཁུ་ཧི་ཁུ་ཧི། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་དགུ་པའོ།། །།དེ་ནས་ཟློག་པར་འདོད་གྱུར་ན། །དུག་དང་ཁྲག་དང་སྐེ་ཚེ་དང་། ཡུངས་ཀར་ཉུང་ནག་བྲ་བོ་དང་། །སྲན་མ་ཤ་ནི་གཆོར་ཆེན་བྱ། །ལས་མཁན་ཡབ་ཡུམ་ཁ་སྦྱར་ནས། །དམ་ཚིག་མགོན་པོ་བསྐྱེད་ནས་ནི། །ཡེ་ཤེ་མགོན་པོ་བསྟིམ་པར་བྱ། །འཇིག་རྟེན་མགོན་པོ་མཆོད་པར་བྱ། །ལས་ཀྱི་མགོན་པོ་རྦད་པར་བྱ། །མ་ཧྭ་ཀྭ་ལ་དྲག་ཤ །དོམ་ཏྲ་་ག་ལིང་། མ་མ་ལིང་ལིང་། ལྕིབ་ལྕིབ། ཆོད་ཆོད། ཐུམ་ཐུམ་ཤཱ་ར་ཡ་བཟློག །གཙུར་ཏོར་འོག་ཏུ་སྦ། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་པའོ།། །།དེ་ནས་ལས་བྱེད་མ་འདོད་ན། །རང་ཉིད་དམ་ཚིག་མགོན་པོར་བསྒོམ། །ཡེ་ཤེས་མགོན་པོ་སྤྱན་དྲངས་ལ། །འཇིག་རྟེན་མགོན་ལ་བ་ལི་འབུལ། །ལས་ཀྱི་མགོན་པོ་དཀྲུག་པར་བྱ། །ཕཊ་ཧུ༷་ཏ་ཧྲི་ན་སྒུ་ལ་ཀྭ་ཧྭ་མ་ཨོ། དྲག་ཤད་མ་མ་ལྕིབ་ལྕིབ་ཆོད་ཆོད་ཐུམ་ཐུམ་གིང་ཀ་ར། །ཐུན་རྫས་མགོན་པོའི་གཟུགས་ལ་བརྡེག་ཅིང་ལིདྨ་ལ་བྲབ་པོ། །ཡུལ་ལ་རྦད་དོ། །དེས་རང་དབང་མེད་པར་ལས་བྱེད་དོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གཅིག་པའོ།། །།དེ་ནས་ཐུན་གྱི་བསྒྲུབ་པ་ཡང་། །ཡུངས་ཀར་ཉུང་ནག་དུདང་ཁྲག །ལུག་ནག་སྙིང་དང་གཡག་ནག་སྙིང་། །ཕོ་རོག་མི་ཕོའི་སྙིང་དག་དང་། །ཁྲག་སྐམ་བྲེ་གང་གཡག་རུར་བླུག །ཡང་ན་སུ་སྟི་ནང་དག་ཏུ། །རབས་ཆད་ཕོ་མོའི་ཐོད་ནང་དུ། །སེར་བའི་ཐུན་རྣམས་སྦྲེང་བར་བྱ། །ཡུལ་མི་སྲོག་དང་ཡུལ་སྲུང་མི། །ཐུན་གྱི་ནང་དུ་བཅུག་པར་བྱ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །འཇིག་རྟེན་མགོན་པོ་རྣམས། ལྷ་མ་སྲིན་སྡེ་བརྒྱད་སྟེ། །གསེར་གྱི་རི་བདུན་ནས། གསེརགྱི་ཟོར་བ་ཐོགས། །མེ་ཏོག་འཇོམས་པར་བྱེད། ཨོ་མ་ཧྭ་ཀྭ་ལ་དོམ་ཏྲ་་ག་ཤད། བདུད་ཁྲོམ། མ་ཧྭ་ལ་སེར་ཕྲེམ། ཤུན་ཏིང་སྨིན་ཕྲོམ། ཤར་ཤར་དྲགཏུ་ཕོག །ནལ་ནལ་ཆེམ་ཆེམ། ཕྲོམ་ཕྲོམ།ཤར་ཤར་ནག་ནགབདུད་ཕྲོམ་ལྷུ་ན་སྙི་ད་་ག་ཤད། ལིང་ལིང་འུར་འུར། ལྷོགས་ལྷོགས། འཁུག་མ་ལམ། ཕུ་ཕུ་ནཱ་ག་བུར་ཐུམས། ཆེམ་ཆེམ་ཕྲོམ་ནལ་ཕྲོམ་ནལ། སརྦ་ཤ་སྐྲུ༷་ཨ་མུ་ཀའི་ལོ་ཏོག་སྣ་ཚོགས་མ་ཧྭ་ཀྭ་ལ་དུ་པེཤཤ་ཤུ་ཤུ་གིང་ཀ་ར། མ་རུ་ཙེ་མར་གུ་ལམ། ཕྲོམ་ཕྲོམ། ན་ག་ཤུ་བོ་ཧོ་ལམ། མ་མ་རག་མོ་ཛ་ཛ་ཕོབ། ཅེས་རྟགས་ལ་ཐུག་གི་བར་དུ་བཟླས་སོ། །གཟའ་བདུད་རྭ་ཧུ་ལདང་སྦྱར་རོ། །ཐུན་འོད་འབྱུང་གློག་གིས་བར་སྣང་ཁེངས། འབྲུག་གིས་ས་གཞི་གཡོས། ཐུན་ལ་སེར་བ་དངོསསུ་འོང་། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གཉིས་པའོ།། །།ཡེ་ཤེས་མགོན་པོ་ནི་ས་བ་་བྱང་ཆུབ་སེམས་དཔའོ། །འཇིག་རྟེན་མགོན་པོ་ནི་ལྷ་མ་སྲིན་སྡེ་བརྒྱད་དོ། །ལས་ཀྱི་མགོན་པོ་ནི་བྱ་རོག་གདོང་ཅན་ཡིན། །མ་མོ་རྩ་སྲོག་ཁྲག་འཇིབ་མས་ལས་བྱེད་དོ། །ཆོས་འཁོར་བགྲུང་ནཁོ་ལ་གཉེར་གཏད་དོ། །ནོར་བསྲུང་ན་རྟེན་གསུམ་རྟག་ཏུ་བཅད། གང་འདོད་རྦོད་ནགསང་རྟེན་ལུས་ལ་འཆང་། མི་སྙིང་བསྒུལ་ན་གཏོར་མ་དུས་གསུམ་གཏང་། དངོས་གྲུབ་འདོདནམཆོདཔརྟགཏུའབར་རོ། །དང་པོ་བསྙེན་པའི་ལས་ནི་ཤིན་ཏུ་གཅེས། །བྱ་ནག་མི་ནག་གཡག་ནག་དང་། །མ་མོ་གླུ་ལེན་གར་བྱེད་དང་། །རྩམ་ཙམ་རང་ཡང་ལྔ་དང་ཤྭ་འུད་དང་། །གྲངས་དང་སེར་བ་དངོས་སུ་འབྱུང་། །ཐོག་དང་འུར་སྒྲ་ཆེན་པོ་དང་། །དར་ནག་ཐོགས་དང་དུང་དཀར་འབུད། །ལྕེ་ལ་མེ་ཏོག་སྐྱེས་པ་དང་། །རྒྱལ་པོའི་ཚུལ་དུ་དབང་བསྐུར་བའོ། །ལུང་བསྟན་འབྱུང་དང་སྐད་སྙན་འབོད། །རྨི་ལྟས་གསལ་བོར་སྟོན་པ་ནི། །ལས་མགོན་བྱ་རོག་གདོང་གི་ལྟས། །དངོས་སུ་བྱུང་ན་མ་མོའི་རྟགས། །དེས་ལས་གང་ཡང་ཐོགས་པ་མེད་དོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གསུམ་པའོ།། །།མཛེ་ཐོད་སྐྱ་བོ་ཤ་མེད་ལ། །ལས་ཀྱི་མགོན་པོ་ཡབ་ཡུམ་སྦྱར། །དུག་དང་ཚ་བ་སྐེ་ཚེ་དང་། །ཉ་སྦྲུལ་སྦལ་པ་ལྕོང་མོའི་ཤ །ལིདྷ་ག་་ན་སྦལ་པའི་གཟུགས། །འོ་མ་མར་དང་སྦྲང་རྩིས་མཆོད། །ཨོ་མ་ཧྭ་ཀྭ་ལ་ཡ། ནཱ་ག་བཱ་ར་ན་ཏྲག་ཤད། ཐུམ་ཐུམ་ཆོད་ཆོད། རྩ་ཁྲོལ་ནཱ་ག་གུང་ལིང་ལིང་ འཇིབ་འཇིབ། སྒག་རག་ཤ་མུ་ར་ཡ་ནཱ་ག་རྩད་ནས་ཆོད། སྒག་ཤད་ཆེ་གེ་མོའི་ཙིསྟ་ཧུར་ཐུམ་རྦད་སོད། ཅེས་ཐུན་དུ་བྲབ་བོ། །བསྐྱེད་ཅིང་བསྟིམ་པ་དང་། མཆོད་ཅིང་བཅིང་པའོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་བཞི་པའོ།། །།འབྲས་དང་ཞོ་དང་འོ་མ་དང་། ཏིལ་དང་ཁྲེ་དང་སྲན་མའི་ཆན། །དེ་ལགཏོརཆེན་རབ་ཏུ་བྱ། །ཆང་གིས་བཀང་ལ་མར་མེ་བལྟམ། །རོལ་ཆདཀྲོལ་ཞིང་དུང་ཡང་འབུད། །དགེ་འདུན་རྣམས་ཀྱིས་སྣ་དྲངས་ལ། །དམོད་དང་བཅོལ་བའི་ལས་རྣམས་ལ། །བསྐོར་བ་བྱ་ཞིང་ལས་མགོན་རྦད། །ཡུལ་ཁམས་བསྐོར་ཞིང་གཙང་སར་སྐྱོལ། །རིམས་དང་འཁྲུག་པ་ཞི་བར་འགྱུར། །ལས་ཀྱི་མགོན་པོ་བྱ་རོག་གདོང་དེ། རྒྱལ་པོ་རྣམ་ཐོས་ཀྱི་ཐུགས་ཀར་ཐིམ་མོ། །རྣམ་ཐོས་སྲས་ཀྱིས་སླར་བཅོམ་ལྡན་འདས་ལ་གསོལ་པ། ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །དགེ་འདུན་མི་བཙུན་ཆོས་མི་དར། །དུས་ངན་སྡེ་ཞབྲུགས་མཚོན་གྱིས་གསོད། །སེར་ཆགས་རྣམས་ནི་མཚོན་གྱིས་གསོད། །སྐྱེ་བོ་རྣམས་ནི་དུག་གིས་གསོད། །གསང་སྔགས་རྒྱུད་སྡེ་ནུབ་ནས་ནི། །མུ་སྟེགས་ལོག་ཆོས་དར་བའི་དུས། །དེ་དུས་བསྟན་པ་འདི་ཡིས་སྲུང་། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་གནོད་སྤྱིན་གདུག་པ་ཅན། ངའི་འཁོར་རྣམ་བཞི་ཁྱོད་ཀྱིས་སྐྱོངས་ཤིག །དགེ་བདུན་གྱི་བསྟན་པ་ཁྱོད་ལ་གཏད་དོ། །བྱ་རོག་གདོང་ཅན་ཁྱོད་ཀྱིས་ཟུང་། །སྦས་པ་ཡུམ་གྱིས་རྒྱུན་དུ་ཟུང་། །གསང་བར་སྦས་སོ་རྒྱུན་དུ་ཟུང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་རྒྱལ་པོ་རྣམ་ཐོས་རྗེས་སུ་ཡི་རང་ངོ་། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས། ཡོངས་སུ་བཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་རྫོགས་སོ། །སྣ་ནམ་གྱི་འགྱུར།། །།