Ngb-pt-0284-vol-03-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བཞི་ལས་མི་གསུངས་ཏེ་ལེའུ་དྲུག་ཙམ་མ་འདུས་སོ།། །། རྒྱ་གར་སྐད་དུ། སརྦ་ཏ་ཐུ་ག་ཏྭ་ཤ་ཡ་བྱུ་ཀ་ར་ཎ། མ་ཧྭ་ཡོ་ག་གུ་རྒྱ་ས༷་སྙོ་ད། ཡོ་ཀ་ཙརུ་བྷ་མི་ཤི་བཛྲ་མུ་ལ་ཨ་སྙི་དྷ་ན་པྲ་ཧ་ལ་ལི་དྷ་ག་མ་ཏནྟྲ་སརྦ་ཧྲི་ད་ཡ་མ་ཧེ་ཤ་ས་མུ་དྭ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ། རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་བྱེ་བ་རྣལ་འབྱོར་སྤྱོད་པའི་ས། །དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ། རྟ་མཆོག་རོལ་བའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དབང་ཆེན་འདུས་པའི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་དུ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ཉིད་ཀྱི་ཁྱད་པར་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་ཕྱོགས་པ་ནི། །དེ་བཞིན་གཤེགས་པ་རྡོ་རྗེ་རྟག་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཞེ་སྡང་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཡེ་ཤེས་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཆགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དམ་ཚིག་དང་བཅས་པ་དང་། གཞན་ཡང་རིགས་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དམ་ཚིག་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཕྱག་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཀུན་ཏུ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་རྒྱལ་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ལོངས་སྤྱོད་དང་བཅས་པ་དང་། གཞན་ཡང་གདུག་པ་འདུལ་བ་ལ་ཕྱོགས་པ་ནི། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་།ཆོས་མཐར་བྱེད་དང་། བགེགས་མཐར་བྱེད་དང་བཅས་པ་དང་། གཞན་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། འདུས་པ་རྣམས་ལྷན་ཅིག་ཏུ་བཞུགས་པ་ནི། དཔེར་ན་ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་དུ་བཞུགས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡི་བྱིན་གྱིས་བརླབས་ལས། །བ་སྐྲུའི་བུ་ག་ནས་འོད་ཟེར་བརྒྱ་སྟོང་དུ་མ་འཕྲོས་པ་ས་རྡ་རྗེ་སྙིང་པོ་ལ་ཕོག་པར་གྱུར་ཏོ། དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལྟ་རྫས་ཀྱི་མཆོད་པ་མང་པོས་མཆོད་ནས། འདི་སྐད་ཅེས་བསྐུལ་ཏོ། །རྣམ་པར་རྟོག་བྲལ་གདོད་ནས་སྐྱེ་མེད་དབྱིངས། །མ་བཅོས་མཐའ་ཡས་ཡེ་ཤེས་ཆེན་པོར་གསལ། །སྨྲ་བསམ་ཡུལ་འདས་མཐའ་དག་འོད་གསལ་ཞིང་། །དམིགས་མེད་ཡུལ་བྲལ་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་དང་སྟོང་པའི་ཆོ་འཕྲུལ་གསལ་མཛད་ཅིང་། །དྲི་མེད་ཐུགས་རྗེའི་འོད་མདངས་གསལ་བ་ཡིས། །ཐུགས་ཀྱི་རྟགས་སྟོན་འོད་ཟེར་རྒྱལ་བའི་སྐུ། །རྣམ་གསུམ་སེམས་དཔའ་གསང་སྔགས་འོད་ཕྲེང་ཚོགས། །ཆགས་པའི་སྐྱོན་བྲལ་ཡེ་ཤེས་ལྔ་ཡི་མདངས། །སྐུ་གསུང་ཡེ་ཤེས་རྣམ་ལྔའི་དགོངས་པ་རྣམས། །བདག་གཞན་འབྲས་བུ་ཐོབ་ཕྱིར་བཤད་དུ་གསོལ། །ཞེས་གླུས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་འབྱིན་པ་ཞེས་བྱ་བའི་དགོངས་པ་སྟོན་པ་ནི། གཟུངས་ཀྱི་རྒྱལ་མོ་ནམ་མཁའི་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་དང་། ཆུ་རྡོ་རྗེ་མ་དང་། མེ་རྡོ་རྗེ་མ་དང་། རླུད་རྡོ་རྗེ་མ་ལ་འཁྲིལ་བར་གྱུར་ཏེ། གཟུངས་ཀྱི་བྱང་ཆུབ་ཆེན་མོ། འདས་པའི་རྡོ་རྗེ་དང་། མ་འོངས་པའི་རྡོ་རྗེ་དང་། ད་ལྟར་བྱུང་བའི་རྡོ་རྗེ་དང་། མ་བྱོན་པའི་རྡོ་རྗེ་དང་། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། གཞན་གཟུགས་ཀྱི་ལས་མཛད་མ། འཛིན་བྱེད་རྡོ་རྗེ་མ་དང་། འཆིང་བྱེད་རྡོ་རྗེ་མ་དང་། སྡོམ་མཛད་རྡོ་རྗེ་མ་དང་། དགྱེས་པའི་རྡོ་རྗེ་མ་རྣམས་བཏོན་ཏེ།ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོ་བདེ་བ་ཆེན་པོས་རྒྱས་པར་མཛད་ནས། ཉིད་ཀྱི་ཐུགས་ལས་གར་གྱི་དབང་ཕྱུག་བདེ་ཆེན་བྱུང་སྟེ། ཞལ་གསུམ་ནི་སྔོན་པོ་དང་། སེར་པོ་དང་། དཀར་དམར་པདྨའི་མདངས་ཅན།ཕྱག་དྲུག་པདྨའི་སྡོང་བུ་དང་། བུམ་པ་དང་། རྡོ་རྗེ་རྩེ་གསུམ་དང་། དཔལ་བེའུ་དང་། མདའ་དང་། གཞུ་འཛིན་པར་གྱུར་ཏེ། འདི་སྐད་ཅེས་གསུངས་སོ། །ཆོས་དང་ལོངས་སྦྱོད་སྤྲུལ་པ་དང་། ཆོས་དབྱིངས་མེ་ལོང་མཉམ་ཉིད་དང་། །སོ་སོར་ཀུན་རྟོག་བྱ་བ་གྲུབ། །བདག་དང་གཞན་གྱི་ཕྱིར་སྤྱོད་པ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་བསྒྲུབ་མཆོད་དང་ཏིང་འཛིན་རྒྱ། །གཞི་ལམ་འབྲས་བུ་རྡོ་རྗེའི་བདག །གསང་སྔགས་པ་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་སོ། །དབངཆེནའདུསཔའིརྒྱུད་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་རྡོ་རྗེ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཉིད་ལས་སྐུའི་ཚོགས་ཡོངས་སུ་གསལ་བ་ཞེས་བྱ་བའི་འདི་ཆེད་དུ་བརྗོད་དོ། །སྤྱི་གཙུག་འཁོར་ལོ་རྩིབས་བརྒྱད་ལ། །སངས་རྒྱས་རྣམ་སྣང་རང་བྱུང་སྐུ། །ཀང་ཀ་རི་ཤ་ཤེལ་ལྟར་དག །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །གཉིས་མེད་དམ་ཚིག་རྡོ་རྗེའི་སྐུ། །ཏིང་ངེ་འཛིན་གྱིས་འདི་སྐད་གསུངས། །དག་པ་དེ་བཞིན་གཤེགས་ཀུན་གྱིས། །ཕུང་པོ་ཁམས་སོགས་རྣམ་སྤང་ཤིང་། །གཟུང་དང་འཛིན་པ་ལས་སྒྲོལ་ཞིང་། །ཆོས་བདག་མེད་པའི་སྟོང་ཉིད་ཅན། །ཞེས་གསུངས་སོ། །ཐུགས་ཀར་ཉི་མའི་གདན་སྟེང་སུ། །སངས་རྒྱས་མི་བསྐྱོད་རང་བྱུང་སྐུ། །མཐིང་ག་ས་གནོན་ཕྱག་རྒྱ་ཅན། །ཀུན་གྱི་གཉིས་མེད་མི་ཟད་པའི། །ཡེ་ཤེས་ཏིང་འཛིན་སྙོམས་ཞུགས་ཏེ། །བྱང་ཆུབ་སེམས་ནི་འདི་གསུངས་སོ། །དངོས་པོ་འདི་དག་མ་སྐྱེས་པས། །ཕུང་པོར་གྲགས་པའི་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་བརྟག་དཀའ་བའི། །བདག་མེད་བྱང་ཆུབ་སེམས་ཞེས་བྱ། །ཞེས་གསུངས་སོ། །མགྲིན་པ་པདྨ་འདབ་བརྒྱད་ལས། །སངས་རྒྱས་སྣང་མཐའ་རང་བྱུང་སྐུ། །པདྨ་རྭ་ག་མཉམ་བཞག་རྒྱ། །ཡེ་ཤེས་སྒྲོན་འབར་ངང་ནས་གསུངས། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམས་པའང་མེད། །ནམ་མཁའི་གནས་སུ་སྦྱོར་བ་ཡིས། །ངོ་བོ་ཞེས་ནི་རབ་ཏུ་བཤད། །ཅེས་གསུངས་སོ། །ལྟེ་བ་རིན་ཆེན་ཟུར་བརྒྱད་ལས། །སངས་རྒྱས་རིན་འབྱུང་རང་བྱུང་སྐུ། །འཛམ་བུ་ན་དའི་གསེར་འོད་འདྲ། །སྤྱིན་པ་གཏོང་བའི་ཕྱག་རྒྱ་ཅན། །བདག་མེད་རྡོ་རྗེའི་ཏིང་འཛིན་ལ། །སྙོམས་པར་ཞུགས་ནས་འདི་དག་གསུངས། །ཆོས་རྣམས་ཐམས་ཅད་དགོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཡང་དག་བྱུང་། །བྱང་ཆུབ་ཚུལ་ནི་བསྟན་པའོ།། །།ཞེས་གསུངས་སོ། །གསང་གནས་རྡོ་རྗེ་རྒྱ་གྲམ་ལ། །སངས་རྒྱས་དོན་གྲུབ་རང་བྱུང་སྐུ། །སྤྱིན་གཏོང་ཨིནྟྲ་ནི་ལིའི་མདོག །ཟིལ་གནོན་རྡོ་རྗེའི་ངང་ནས་གསུངས། །ཆོས་འདི་རང་བཞིན་འོད་གསལ་ཞིང་། །གདོད་ནས་དག་པས་མཁའ་དང་མཉམ། །བྱང་ཆུབ་མེད་ཅིང་མངོན་རྟོག་མེད། །བྱང་ཆུབ་སེམས་ནི་ཡིན་པར་བཤད། །ཅེས་གསུངས་སོ། །ཨེ་མ་ཧོ། །ཞེས་གསུངས་པས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཕྱུག་མས་འདི་གསུངས་སོ། །སྣོད་བཅུད་སྣང་བའི་རང་བཞིན་འདི། ་།་རྐྱེན་འབྲས་བུ་ངང་གིས་སྟོང་། །དེ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས། །ཆོས་རྣམས་ཡོངས་ཀྱི་འབྱུང་གནས་སོ། །དེ་ནས་སངས་རྒྱས་སྤྱན་གྱིས་འདི་གསུངས་སོ། །རང་བཞིན་འོད་གསལ་སེམས་ཉིད་འདི། །མེད་ལས་ཡོད་སྣང་སྒྱུ་མར་སྣང་། །མེ་ལོང་ལྟ་བུར་རང་གསལ་བས། །ཡོངས་ལ་ཁྱབ་པར་དེ་འགྱུར་རོ། །དེ་ནས་མྱ་མ་ཀི་ས་འདི་གསུངས་སོ། །འཁོར་བ་མྱ་ངན་འདས་པའི་ཆོས། །སྤྱི་དང་རང་གི་མཚ་ན་ཉིད་རྣམས། །མ་འདྲེས་ཡོངས་སུ་རྫོགས་པའི་དོན། །རང་བཞིན་བང་གིས་མཉམ་པ་ཉིད། །དེ་ནས་གོས་དཀར་མོས་འདི་གསུངས་སོ། །སྟོང་ཉིད་ཡེ་ཤེས་སྙིང་པོ་ནི །ཕྱོགས་གཞན་རང་སར་རྟོགས་པའི་བློས། །སོ་སོའི་རང་གཞུད་ངེས་རྟོགས་ནས། །ཀུན་ཏུ་རྟོགས་པར་རབ་ཤེས་བྱོས། །དེ་ནས་དམ་ཚིག་སྒྲོལ་མས་འདི་གསུངས་སོ། །ཆོས་རྣམས་ཡོངས་སུ་རྫོགས་པའི་དོན། །དབྱར་མེད་ངང་དུ་གནས་པ་ནི། །བྱ་བ་ཐམས་ཅད་་གྲུབ་པ་སྟེ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །ཨ་ཧོ་ཞེས་བརྗོད་པས། །འཆད་པའི་སྐྱེས་བུ་ཉིད་དགྱེས་པར་གྱུར་ཏོ། །དབང་ཆེན་འདུས་པའི་རྒྱུད་ལས། །བྱང་ཆུབ་མཆོག་ཏུ་སེམས་ངེས་པར་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཐེག་པ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འདི་སྐད་ཅེས་གསུངས་སོ། །ཡེ་ཉིད་ཇི་བཞིན་ལྷུན་གྲུབ་ནི། །ནམ་མཁའ་དང་ནི་ཉི་མ་བཞིན། །ཡངས་ཤིང་རྒྱ་ཆེ་འོད་གསལ་བ། །འཁོར་འདས་འབྱུང་བའི་རང་བཞིན་ཅན། །སྲིད་རྩ་བདག་ལ་ ས་ལྷན་ཅིག་བྱུང་། །ཀུན་ཏུ་བརྟགས་པའི་རྟོག་པས་བསླད། །དགེ་སྡིག་ལས་གསུམ་བག་ཆགས་ཅན། །ཉོན་མོངས་ལྔ་ཡིས་རྣམ་པར་བསྐྱེད། །སྣོད་བཅུད་གཉིས་ལས་མ་གཏོགས་པའི། །འགྲོ་བ་གཞན་ན་མི་མངའ་སྟེ། །ལས་དང་ལོངས་སྤྱོད་སོ་སོར་སྣང་། །གཅིག་ལས་དྲུག་རིགས་བསམ་ལས་འདས། །ཐོག་མཐའི་དོན་ལས་གོལ་ནས་སུ། །ཕྱི་ནང་རྟེན་ཅིང་འབྲེལ་འབྱུང་འཁོར། །བྱང་ཆུབ་སེམས་ཀྱི་སྣང་བ་འདི། །དེ་ཡང་སྣང་ཡང་སངས་རྒྱས་ཡིན། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་ཀྱི་མཁྱེན་པས་གཟིགས་ནས་ཐུགས་རྗེའི་ཡེ་ཤེས་ཆེན་པོར་བསྐྱེད་པའི་གཞི་འདི་སྐད་དུ་ཅེས་གསུངས་སོ། །རྫོགས་སངས་རྒྱས་དང་དམྱལ་བ་ཡང་། །སེམས་ཉིད་རང་བཞིན་འོད་གསལ་ཏེ། །དེ་ལ་གཞི་དང་རྩ་བ་མེད། །ཆོས་སྐུ་ཉིད་པས་གཞན་མི་མངའ། །ཇི་ལྟར་ཐ་དད་སྣང་གྱུར་པ། །ཐམས་ཅད་མཁྱེན་པའི་སྦྱན་གྱི་གཟིགས། །མངོན་ཤེས་དྲུག་གི་ཡུལ་དུ་སྣང་། །ལས་དང་ཐུགས་རྗེས་འབྲེལ་བའི་སྟོབས། །མུན་པའི་ནང་དུ་འཁོར་བ་ཀུན། །མ་རྟོགས་འཆལ་བ་རྒྱང་འཕེན་པ། །དམངས་རིགས་དང་ནི་རིགས་མ་དེས། །རིགས་ཆད་པ་དང་འདུ་ཤེས་ཅན། །ལོག་པར་རྟོག་པའི་མུ་སྟེགས་པ། །རང་བཞིན་དབང་ཕྱུག་རྒྱུར་འདོད་དང་། །རྡུལ་ཕྲན་ངོ་བོ་ཉིད་གྱུར་སྨྲ། །བྱེད་པ་རིག་བྱེད་རྟག་པར་བལྟ། །ཚེ་ལ་སྔ་ཕྱི་མེད་འདོད་ཅིང་། །ཡོན་ཏན་ལས་འབྲས་ཆད་པར་འདོད། །ཆོས་དང་གང་ཟག་བདག་ཏུ་འཛིན། །རྡུལ་ཕྲན་སྨྲ་བ་ཉན་ཐོས་ཅན། །ཕྱི་ནང་རྟེན་ཅིང་འབྲེལ་བ་དང་། །ལུགས་འབྱུང་དེ་ལྡོག་རང་སངས་རྒྱས། །དོན་དམ་བློ་ཡི་དང་སྟོང་ཞིང་། །ཀུན་༄༅ ཨ། །འཕེལ་འགྲིབ་མེད་པར་གནས་པ་ལས། །གཉིས་མེད་དགྱེས་པའི་འཕྲོ་འདུ་ལས། །བཞི་བཅུ་རྩ་གཉིས་འོད་དུ་འབར། །གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས། །སྤྲོ་བསྡུ་གསལ་བར་གྱུར་པ་ལས། །ཐུགས་མཆོག་བཞི་བཅུ་རྩ་གཉིས་འབར། །དེ་ལས་མངོན་རྫོགས་སྐུར་གསལ་ལོ། །གཟུ་ས་དང་རྣམ་ཤེས་ཚོར་བ་དང་། །འདུ་ཤེས་འདུ་བྱེད་ཕུང་པོའི་སྐུ། །ནམ་མཁའ་ས་ཆུ་མེ་རླུད་དབྱིངས། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ས་དང་ནམ་མཁའ་སྤྱན་རས་ཕྱག །སྒེག་མོ་ཕྲེང་བ་དབྱངས་དང་གར། །བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ། །མེ་ཏོག་སྤོས་དང་མར་མེ་དྲི། །ཕྱི་ནང་སེམས་དཔའི་ངོ་བོ་སྟེ། །རང་གི་རིགས་སུ་ངེས་པར་གསལ། །སྲིད་ཐུབ་འཛིན་དང་རྣམ་པར་རྒྱལ། ཁུཀྱ་སེརྙེ་རྣམ་པར་གནོན། །རྣམ་པར་སྣང་བྱེད་ཆོས་ཀྱི་རྒྱལ། །ཀུན་ཏུ་བཟང་པོ་བཟང་མོ་དང་། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་དང་། །བདུད་རྩི་ལྕགས་ཀྱུ་ཞགས་པ་དང་། །སྒྲོག་དང་དྲིལ་བུ་འཛིན་པ་ཉིད། །བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ། །དཀར་སེར་དམར་ལྗང་མཐིང་གའི་མདོག །འོད་ཟེར་བྱེ་བ་ཕྲག་རྣམས་འགྱེད། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རབ་ཏུ་འདུས་པ་འདི་གསུངས་སོ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །ཐིག་བཞི་བཏབ་པའི་ཕོ་བྲང་དུ། །དབུས་སུ་མི་བསྐྱོད་ཡབ་ཡུམ་འཁྲིལ། །དེ་ཡི་ཕྱག་ན་རྡོ་རྗེ་བསྣམས། །བརྒྱ་བྱིན་ཕྱོགས་སུ་རྣམ་སྣང་མཛད། །དེ་ཡི་ཕྱག་ན་འཁོར་ལོ་བསྣམས། །གཤིན་རྗེལ་ནི་དཀོན་མཆོག་དཔལ། །དེ་ཡི་ཕྱག་ན་རིན་ཆེན་བསྣམས། །ནུབ་ཏུ་འོད་དཔག་མེད་པ་བྲི། །དེ་ཡི་ཕྱག་ན་པདྨ་བསྣམས། །གནོད་སྦྱིན་ཕྱོགས་སུ་གདོན་མི་ཟ། །དེ་ཡི་ཕྱག་ན་རྒྱ་གྲམ་འཛིན། །མེ་ཡི་ཕྱོགས་སུ་དབྱིངས་ཕྱུག་མ། །བདེན་བྲལ་ཕྱོགས་སུ་མྱ་མ་ཀི། །རླུད་གི་ཕྱོགས་སུ་གོས་དཀར་མོ། །དབང་ལྡན་མཚམས་སུ་སྒྲོལ་མ་ཉིད། ཁྲར་གྱི་སྒོར་ནི་གཤིན་རྗེ་ལ། །ལྷོར་ནི་སྟོབས་ཆེན་ནུབ་ཏུ་རྟ། །བྱང་ཆུབ་བདུད་རྩི་འཁྱིལ་བ་སྟེ། །ཞལ་གསུམ་ཕྱག་དྲུག་རྣམ་པར་བསམ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཤིན་ཏུ་བསྡུས་པ་ཞེས་བྱ་བ་འདི་གསུངས་སོ། །དུས་གསུམ་བདེ་གཤེགས་སྐུ་འདུས་པ། བཅོམ་ལྡན་རྣམ་པར་སྣང་མཛད་བསྒོམ། །གསུང་ནི་ཐམས་ཅད་མཚོན་པས་ན། །བཅོམ་ལྡན་སྣང་བ་མཐའ་ཡས་བསྒོམ། །ཐམས་ཅད་མ་ལུས་ཀུན་འདུས་པ། །རྡོ་རྗེ་སེམས་དཔའ་ཐུགས་སུ་བསྒོམ། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། །སྐུ་ཡོངས་སུ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༷ས་གསུངས་འདི་དག་ཆེད་དུ་བརྗོད་དོ །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྟོ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་རྟེ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ། ཨ་ཨུ། ཨི་ཨི། ཨུ་སྤུ། རི་༣། ལི་སྙི། ཨེ་ཨེ། ཨོ་ཨོ། ཨ༷་ཨ༷༷། ཨཱོཾ་མ་ཧྭ་ཤཱརྒྱ་ཏྭ་ཙྭ་ན་བཛྲ་གྲྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་རྙརྨ་དྷ་ཏུ་བཛྲསྭ་བྷ་ཝ་ཨུཏྣ་ཀོཉཧ༷། སྒྲོ༷་སྙི་ཤ་སྙི་ཤུསྟེ་ཙྭ་ན་མཎྜལ་རྒྱུ༷། ཨོ་ཛི་ན་ཛིཀ མུ༷་དྷ་ཏི་ཤྭ་རི། ཧཱུཾ༷་བཛྲ་དྷི་ཀ ལ༷་དེ་ཥ་ར་ཏི། སྙི་རཏྣལྷོཀ མུ༷མོ་ཧ་ར་ཏི། ཨུ༷་ཨ་རོ་ལི་ཀ །པྱ༷་རྭ་ག་ར་ཏི། ཧ་བྲ་རྙོལྷོ་ཀ ཏྭ༷་བཛྲ་ར་ཏི། ལྟོ་ཉི་རྭ༷་ཛ་ཡ། ཧཱུཾ་ལྭ་༷པྱེ། ཏྲི་ཨ་གསྒྲོ་་ཡ། ཧྭ༷་མུ་ལེ༷། ཧྲི་ཧ་ཧཱུཾ༷་པ༷དྨ་བཱསྡ་མ། སྙི་གི་རྟི། རྙི་ཀུ་རུ་བཱ༷་ཎ་ཧྲི། ཨུ༷་ནིར་ཏི། མི་དྷ་ར་ཁེ༷་གྲྭ་ཧྭ། ཛ་དྷ་པ། སྙི་ནི་སྒ་ར༷་བྷ་ཡ། ཧཱུཾ༷་པུལྒ ཧཱུཾ༷་ས་རྭ་ཛ་ཡ། བ༷་དི་པ། ཧཱུཾ་ཤི་ཨ༷་རྭ་གྭ་ལ། ཧོ་གརྙེ། ཨཱོཾ་མུ༷་ནི་ཀྲི། ཨཱོཾ་མུ་ནི་ཧཱུཾ༷། ཨོ་མུ་ནི་སྲུ༷། ཨཱོཾ་མུ་ནི་བྲ༷། ཨཱོཾ་མུ་ནི་ཀྟ༷།༷ཨཱོཾ་མུ་ནེ་ཡེ་གྲྭ་ཧྭ། ཨཱོཾ་བཛྲ་ཙིསྟ་ཧཱུཾ༷། ཨོ་བཛྲ་བྷ་དྲུ་ཨཱོཾ། ཧཱུཾ༷་ཡ་མུ་ན་ཏ་ཀྲི་ཧ་ཧཱུཾ༷་ཕཊ། ཛ་བཛྲ་ཀྲོ་དྷི། ཧཱུཾ༷་པྲ་ཙྭ་ན་ཏ་ཀྲི་ཏ་ཕཊ། ཧཱུཾ༷་རཏྣ་ཀྲོ་དྷི། ཧཱུཾ༷༷་པདྷན་ཏ་ཀྲི་ཏ་ཕཊ། པ༷་པདྨ་ཀྲོ་དྷི། ཧཱུཾ༷་བིསྣྲུ༷་ཏ་ཀྲོ་ཏ་ཕཊ། ཧོ་ཀརྨ་ཀྲོ་དྷི། ཨཱོཾ་མ་ཧྭ་ཤཱ་རྒྱ་ཏ་བཛྲ་གྲྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་མ་ཧྭ་ཨུ་དརྙ་ཙྭ་ན་བཛྲ་སྭ་སྒྱུ་ཝ་ཨུཏྭ་ཀོ྅ཧ༷།ཨོ་མ་ཧྭ་ས་མི་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཉེ། ཨཱོཾ་མ་ཧྭ་པྲ་ཏུ་བེ་ཀྟ་ཎ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུ་ཏུ་ཀོ྅ཧ༷། ཨོ་མ་ཧྭ་ཀྲི་ནུཛི་ན་ཙྭ་ན་བཛྲ་སྭབྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུ་ཏྭ་རྐ྅ཧ༷། ཨོ་སརྦ་ཐུ་ག་ ཏ་ ལྷུ་ ཀླ་ བཛྲ་ སྭ་ བྷ་ ཨུཏྣ་ ཀོ྅ཧ༷། ཨོ་ སརྦ་ ཏ་ ཐུ་ ག་ ཏ་ ཙིསྟ་ བཛྲ་ སྭ་ བྷ་ ཝས་ ཨུཏྣ་ ཀོ྅ཧ༷། ཨོ་ མ་ ཧྭ་ སུ་ ཁ་་བོ་་ དྷི་ ཙིསྟ་ ཙྭ་ ན་ སྒྲི་ ཏུ་ ཨ། ཞེས་ གསུངས་ སོ། དབང་ཆེན་འདུས་པའི་ཏན་ཏྲ་ལས།གསུང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཉི་ཟླ་འབྲུ་ལྔའི་འོད་ཟེར་ལས། །སྒྱུར་བའི་ཕྱག་རྒྱ་རྣམས་པར་བསྒྱུར། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུར་བཅས། །རིན་ཆེན་མྱུ་གུ་རལ་གྲི་དང་། །པདྨ་དཀར་པོ་རྡོ་རྗེ་དང་། །ཀླུ་ཤིང་ཆོས་ཀྱི་འཁོར་ལོ་དང་། །ཨུཏུལ་རིན་ཆེན་སྙེ་མ་འཛིན། །མེ་ལོང་ཕྲེང་བ་པི་ཝང་གར། །མེ་ཏོག་བདུག་པ་མར་མེ་དང་། །དྲི་ཆབ་འཐོར་བས་དགྱེས་པར་རོལ །པི་ཝང་གོ་ཆ་གསེག་པར་དང་། །ཆོས་ཀྱི་པོ་ཏི་རིན་ཆེན་སྒྲོམ། །མེ་ཆུ་མཉམ་གཞག་འོད་ཟེར་འཕྲོ། །ཐོད་དབྱུག་རྡོ་རྗེ་སྤྲུལ་ཞགས་རྒྱ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དམ་ཚིག་རང་གི་ཡོན་ཏན་དངོས། །རྒྱལ་སྲས་རྣམས་ཀྱིས་རྒྱས་བཏབ་པ། །ལས་ཀྱི་རྣམ་སྨིན་ངེས་པ་ཡིས། །ཀུན་ནས་རྒྱས་བཏབ་ལྟ་བུར་གནས། །གང་ཡང་འདི་ནི་ལས་གང་གིས། །དེ་འབྲས་ཇི་ལྟ་བཞིན་དུ་འགྱུར། །ཆོས་མེད་རང་བཞིན་མེད་པ་ཉིད། །རང་བཞིན་གྱིས་ནི་རྒྱས་བཏབ་ནས། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །སངས་རྒྱས་ཞིང་ནི་རྣམ་སྦྱོང་བ། །དེ་བཞིན་གཤེགས་པའི་ཕྲིན་ལས་ནི། །ཡོངས་སུ་དག་པར་མཛད་པའི་ལས། །དེའི་རང་བཞིན་རང་བཞིན་མེད། །ཕྱག་རྒྱ་ཆེན་མོ་ཞེས་ནི་བརྗོད། །བདེ་གཤེགས་རྣམས་ཀྱི་ཐུགས་འཛིན་པ། །སྲོག་ཤིང་དབང་པོ་མྱོང་བ་དང་། །ཟ་བྱེད་ཀུན་ཏུ་རྒྱུ་བ་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྤྱིན་དང་ནི་གཞུ་ལས་རྒྱལ། །ཕུང་པོ་རྣམ་ཤེས་མ་ལུས་ཀུན། །འདི་དོན་ཤེས་ནས་གཟུང་བར་བྱ། །བྱེད་པ་ཅན་གྱི་རླུ་་འདི་ཡང་། །རྣམ་ཤེས་ཁམས་དང་འདྲེས་ནས་སུ། །དབང་པོའི་སྲང་ནས་ཐོན་འགྱུར་ཏེ། །ཡུལ་རྣམས་ཀུན་ལ་འཇུག་པས་ན། །སྣང་དང་མཆེད་དང་ཐོབ་པ་དང་། །ཉེ་བར་ཐོབ་པར་བྱེད་པ་དང་། །ཡུལ་ཅན་གཞན་ལ་ལོག་པ་ན། །ཡུལ་ལ་དངོས་པོར་སུ་ཞིག་འཛིན། །རྣམ་ཤེས་ནང་དུ་འཇུག་པ་ཡང་། །རླུད་ལ་དངོས་པོར་མ་གྲུབ་པས། །སེམས་ལ་དངོས་པོར་སུ་ཞིག་འཛིན། །ཡུལ་སེམས་རབ་ཏུ་རྟོགས་གྱུར་ན། །གདབ་ལྟས་པདྨ་དབང་གི་ལྷ། །ཇི་ལྟར་སྤྲད་ཀྱང་སྐྱོན་མེད་པས། །ང།བང་ཆེན་ཞེས་ཀྱང་དེ་ལ་བྱ། །གང་ཟག་ཉེ་ལམ་བསྒྲུབ་འདོད་པས། །གནས་ཁང་ཤིན་ཏུ་མུན་ནག་སར། །རྡོ་རྗེ་གཙུག་ཏོར་ལྟ་སྟངས་ཀྱི། །ངེས་པ་ཁོ་ན་འགྲུབ་པ་སྟེ། །དེ་ལྟར་ཇི་ལྟར་བསྒོམ་ཞེ་ན། །ཞབས་ཀྱིས་རྡོ་རྗེ་བཅའ་བ་དང་། །ཕྱག་གཉིས་ཁུ་ཚུར་སྟ་ཟུར་མནན། །སྤྱན་གཉིས་རི་རབ་ནང་དུ་སྦ། །ལྕེ་རྩེ་གྱེན་གཏད་ཞལ་ཡང་གདངས། །སྲོག་གི་རྩ་ནས་ཡེ་ཤེས་རླུད་། །སྤྱི་བོ་ཚངས་པའི་བུ་གར་འདོན། །འཇའ་ཚོན་སྣ་ལྔའི་འོད་ལ་བལྟ། །ངེས་པར་ཐོག་འགྱུར་ཐེ་ཚོམ་མེད། །ཅེས་གསུངས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཐུགས་ཡོངས་སུ་རྣམ་པར་དག་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཡོངས་སུ་གསལ་བ་འདི་གསུངས་སོ། །དམིགས་པ་ཕྲ་བའི་རིག་པ་ནི། །གཙོ་བོའི་བསྙེན་པ་འབུམ་དུ་བྱ། །འཁོར་རྣམས་ལ་ནི་ཁྲི་ཡིན་ཏེ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །དུར་ཁྲོད་དང་ནི་ཁང་ཁྱིམ་དང་། །རི་བོ་དབེན་གནས་ས་ཕྱོགས་སུ། །ས་དང་བར་སྣང་ནམ་མཁའ་བརྟབ། །འབྲུ་ལྔ་ཕྲ་བཀོད་སོར་མོ་ཡིས། །དབང་གི་ཕུང་བ་སོར་བཞི་པས༷། །གདབ་པར་བྱ་ཞིང་མེ་ཡིས་སྦྱང་། །ལས་དང་བྱ་བ་ཏིང་འཛིན་སྦྱང་། །དེ་ན་གནས་པའི་འབྱུང་པོ་ལ། །འཚོ་བྱེད་བསྐྲད་ལ་ཐལ་མོ་བརྡབ། །ས་ལ་ལན་གསུམ་སྔགས་ཀྱིས་སྦྱང་། །ཨོ་བཛྲ་ཀྲོ་དྷ་ཛ་ལ་ཨ་ན་ལྭརྐ་ཧཱུཾ་ཕཊ། ཨོ་ཨུརྙ་སྣྲོ་ཏ། ཨོ་ཨུདྨ་སྣྲོ་ཏ། སརྦ་སྟུ་ཏ་གྲ་ཧ་ཨུཏྣ། ཨོ་ཨུ༷༷ཧཱུཾ༷། བཛྲ་ས་ཏྭ་ཨུ་བེ་ཤ་ཏེ་ཧཱུཾ༷་ཕཊ། གསེག་མ་མགལ་དུམ་སྐྲུན་པ་དང་། །བ་ཚ་གྱོ་མོ་སྤང་པ་ཡི། །མཉམ་ཞིང་མེ་ལོང་ལྟར་འཇམ་པ། །རྣམ་པ་ལྔ་ཡིས་བྱུག་པར་བྱ། །ཕྱི་ནང་གསང་བའི་སྒུད་པ་ཡིས།༷།རབ་ཏུ་མཉམ་གྱུར་གྲུ་བཞི་པ། །སྐུ་གདུང་ཉི་ཤུ་ལྔ་ཡང་སྦ། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དཔའ་བོ་འབྲུ་ལྔས་བསྐྲད་པར་བྱ། །ཚངས་ཐིག་བཏབ་ནས་ཐིག་སྐུད་ལ། །ཞལ་བསིལ་ཆུ་ཡིས་གསང་བར་བྱ། །ཨཱོཾ་ཨ་མོ་བྷ་པདྨ་བ་སུ་དྷ་ར་དྷ་ར། དྷ་ར་ཁེ་མཎྜལ་ཧཱུཾ༷། ཤར་ལྷོ་ནུབ་བྱང་ལ་སོགས་པ། །ཇི་ལྟར་འདོད་པའི་ཆ་ཕྱེད་ནས། །ནོར་འཁྲུལ་མེད་པའི་དགོངས་ལྡན་གདབ། །རིན་ཆེན་འབྲུ་དང་རྡུལ་ཚོན་དང་། །དུར་ཁྲོད་རྫས་ཀྱིས་བྲི་བར་བྱ། །སྐུ་གསུང་ཐུགས་རྟེན་དགོད་པ་དག །རོལ་མོ་རྒྱན་རྣམས་དྲི་བར་བྱ། །རབ་ཏུ་མཛེས་པ་ཁོ་ནར་བྱ། །ཕྱོགས་མཚམས་ཕུར་བུས་གདབ་པར་བྱ། །ཁྲོ་བོའི་རྐང་སྟབས་བསྐོར་བ་དང་། །དྲ་བ་ར་བས་བཅིངས་སོགས་པ། །མཚམས་ཀྱི་རིམ་པས་བསྲུང་བར་བྱ། །བུམ་པ་རྒྱུད་དབྱིབས་ཚད་ལྡན་དུ། །བྱུག་བདུག་བསྐྲད་རླབས་རྫས་ཀྱིས་དགང་། །སྨན་འབྲུ་སྙིང་པོ་རིན་ཆེན་ལྔ། །དྲི་དང་མེ་ཏོག་དཔག་བསམ་ཤིང་། །བྱིན་བརླབ་ལས་བུམ་རྣམས་རྒྱལ་དང་། །ལྷ་གྲངས་མཉམ་པར་དགོད་པར་བྱ། །རང་གནས་དྲི་ཡི་ཐིག་ལེ་ལས། །བསྐྱེད་དྲང་མཆོད་སོགས་ལྷག་གནས་བྱ། །སྔགས་བརྗོད་མེ་ཏོག་དོར་ནས་ནི། །ལྷ་གནས་དོང་ནས་རང་བཞིན་མཐོང་། །སྐུ་ཁྲུལ་རབ་ཏུ་གསོལ་བར་བྱ༷། །མེ་དང་ཉུང་དཀར་ཁྲོ་བོ་ཡིས། །རབ་ཏུ་སྦྱར་ཞིག་ཉོན་མོངས་སེལ། །ཨཱོཾ༷་སརྦ་ཨ་བར་ཎ་ཤུརྙ་སརྦ་བཱ་པ༷་བི་ཤུད་དྷ་བཛྲ་ཧཱུཾ༷་ཕཊ་གྲྭ་ཧྭ། ཕྱི་ནང་གསང་བའི་རྫས་མཆོད་དེ། །རང་གི་མིང་སྔགས་དག་གིས་དབུལ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་བུ་གི་བྱུ་ཛ་མེ་བྷ་ས་མུ་དྲ་སྦ་ར་ཎ་ས་མ་ཡ་ཕྲི་ཡེ་ཨུ༷༷ཧཱུཾ༷། ཆོས་དང་ལྡན་པའི་སློབ་དཔོན་གྱིས། །ཆོ་ག་ཇི་བཞིན་རབ་ཏུ་གནས། །ཨོ་སུ་པྲ་ཏིཇི་བཛྲ་གྲྭ་ཧྭ། ལས་རྣམས་བྱ་བ་མང་པོ་དག །གཏོར་མའི་རྫས་མཆོག་སྣོད་བཟང་པོར། །བཤམས་ཏེ་ཀུན་ལ་དབུལ་བར་བྱ། །ཨཱོཾ༷་པྲཏྣ་དྷི་པ་ཏྭ་སབོ་ཨིནྟྲ་ད་ཤ་ལོ་ཀ་རཀྟ་ཀ་ནཱ་ག་ག་ན་དྷ་རྦ་ཀུསྟུ་ཎྜ། ཡཀྟ་དྷ་ཏ་ག་ཎའ༷༷། ཏ་ཐུ་པྲེ་ཏ་ཨུདྨ་ད་ཏ་པི་ཤཱ་ཙི་ཨ་པ་སྨྱུ་ར་ཌའ་ཀི་ནི་གྲཧ་བི་ལྷུ༷་མརྟ་ག་ཎའ༷༷ སརྦ་ཏ་ཐུ་ཨ་ནུ་ནེ་མ་ར་བེ་སྨྲ་ཧ། ཨོ་ཛོ་བྷ་ཀྟ་མ་ཧྭ་ཏེ་ཛ་མ་ནུ་སྒྱུ་ནཱ༷་བི་ཧི་ས་ཀ་མུ་དྲུ་མ་ནྟྲ་ཨ་དྷི་དོ་བྷ་ཤུ། པྲ་ཧྭ་ན་ཀྟ་ཏྲ་མ་ཞུཚི་ཨི་རྨོ་བ་ལི་པྲ་ཏི་གྲོ་ཎྜསྐྱི། སིརྙི་སྨེ་པྲ་ཡ་ཙུནྟྲ་མེས་དྭ་ས་མ་ནེ་ཁུ་ཀ་ར་མེ་ཁུ ས་ཏས་ཧ་ལ་བྷ་བནྟྲ་ཙ། དྷ་ན་དྷ་ན་སུ་བ་སུ་པ་ར་ནལྒ ད་དན་ཏུ་མ་མ་ཏོ་ཁི་ཏ་ཨི་ཏི་ཨུ་པ་ཏྭ་ཎ་རོ་ཥ་ཁི། ས་དྭ་ནཱ་མ་ནཱ་ཤ་ཡསྐྱི་ཙ་ཨུ༷༷ཧཱུཾ༷་ཕཊ་སྲུ་ཧྭ། རྡོ་རྗེའི་སྣོད་དང་ལྡན་པ་རྣམས། །དད་ཆུས་སེམས་ཀྱི་དྲི་མ་བཀྲུ། །གོས་གཙང་གོན་ལ་གཙང་ཁང་བྱུང་། །རས་ཀྱི་ཡོལ་པས་གཅད་པར་བྱ། །གདོང་བསལ་སྦྱན་རས་དགབ་པར་བྱ། །ཨོ་ཙཀླུ་ཙཀུ་ས་མརྙ་ཙསྩུ་མི་ཏྲི་སིདྷ་ལོ་ཙ་ནེ་སརྦ་ཨཐོ་སྭ་དྷ་ནི་གྲྭ་ཧྭ། སྐུད་པ་ལེགས་པ་ཚད་ལྡན་ལ། །བསང་དང་རྡོ་རྗེའི་མདུད་པ་གསུམ། །མེ་ཏོག་གཏོར་ཞིང་དཔུང་གཡོན་བཅིངས། །ཨོ་ལོ་ཙ་ནི་ཡ་ཐ་ཏྭད་ཏ༷་སེ་པྲ་ཏ༷་མི་བྷ་བི་ཤུད་དྷི་ར༷་རཏྣ་ཏྲ་ཡུ་ཡ་སིརྙི་ན་ནི་ད་ད་ཤཱ་ཡ་གྲྭ་ཧྭ། སོ་ཤིང་བཟང་པའི་ཕུར་བུ་དེ། །བྱིན་བརླབ་ལག་གཏད་སློབ་མས་དོར། ཨོ་པྲ་ཏི་བཛྲ་ས་མནྟྲ་ཨི་གྭ་རི་ཨུ༷༷ཧཱུཾ༷་གྲྭ་ཧྭ། ཕྱོགས་བལྟས་དུར་བའི་སྔས་གདན་གྱིས། །ཉལ་ནས་ཇི་ལྟར་མཐོང་བ་སྨྲ། །གོ་བདེའི་རྣམ་པ་བླ་མས་བཤད། །ཞི་བའི་ལས་ཀྱི་སྡིག་སྒྲིབ་རྣམས། བགེགས་རྣམས་ཞི་བ་དོན་དུ་བསྲེག །གོས་བཟང་བགོས་པའི༷་ཤིཀྟ་ཡིས། །ཐལ་སྦྱར་འཇུག་པར་གསོལ་བ་བཏབ། །གནང་བ་སྦྱིན་ཞིང་ཡི་དམ་ལྷས། །ཐུགས་རྗེས་གཟུང་བར་གསོལ་བ་གདབ། །དམ་ཚིག་ཆུ་བྱིན་གསང་བ་བསྒྲག །ཡེ་ཤེས་ལྷ་ཡི་བྱིན་རླབས་དབབ། །ཨཱོཾ་ཏེཁྱི་མ་ཧྭ་ཀྲོ་དྷ་ཨུ་བེ་ཤྭ་ཡ་ཧཱུཾ༷། བཛྲ་ས་ཏྭ་ཧི་མ་ཧེའི་བྱུ་རྭ་ཛུ་ཡ་སྨྱོ་མ་ཧེ་ཕཊ། དཀྱིལ་འཁོར་མཆོད་ནི་བསྟན་པར་བྱ།༷།རང་བཞིན་དཀྱིལ་འཁོར་རང་གནས་མཐོང་། །སླར་ཡང་དབང་བསྐུར་གསོལ་གདབ་བསྐུར། །བུམ་པ་མི་བསྐྱོད་རྡོ་རྗེ་ཆུ། །མགོ༷་ཐོག་རྣམ་ཤེས་ཕུང་པོར་བསྐུར། །ཨོ་མ་ཧྭ་ས་མ་ཡ་སྙི་ཤཱར་ཏ༷་ཨ་སྟི་ཁི་་ ་གྲྭ་ཧྭ། ཨཱོཾ་སརྦ་ཏ་ཐུ་ག་ཏ་ཨ་སྟི་ཁེ་ཀ་ས་མ་ཡ་ཐྲི་ཡེ་ཨུ༷༷ཧཱུཾ༷། དབུ་རྒྱན་ཅོད་པཎ་བཟང་པོ་ཡིས། །ཡོན་ཏན་རིན་ཆེན་འབྱུང་ལྡན་བསྒོམ། །ཨཱོཾ་སརྦ་ཏ་ཐ་ག་ཏ་རཏྣ་མུ་ཀུ་ཊ་པུ་ཛུ་ཡ་ཨ་དྷི་རྫི་ལྭ་མི་ཨུ༷༷ཧཱུཾ༷། རྡོ་རྗེ་ཡེ་ཤེས་ལྔ་རྫོགས་པའི། །༷འོད་དཔག་མེད་པ་ལག་གཡས་སྤྱིན། །ཀུན་བཟང་བརྟུལ་ཞུགས་རྡོ་རྗེ་ལོངས། །དངོས་གྲུབ་བཟང་པོ་ཟ་བར་གྱིས། །ཨུ་བཛྲ་བཱ་ཁེ་ཨ་སྟི་ཁིའ྅་ཧཱུཾ༷། དྲིལ་བུ་རལ་གྲི་དོན་གྲྭབ་ནི། །ལག་པ་གཡོན་པ་དོན་ཡོད་གྲུབ། །ཨཱོཾ་དྷ་ཏུ་ཨ་སྟི་ཤིརྩི་ཧཱུཾ༷། རྣམ་པར་སྣང་མཛད་ངོ་བོ་དེ། །རང་བཞིན་སལ་བར་གྱུར་པ་དང་། །རྡོ་རྗེའི་མིང་གི་དབང་ཡང་བསྐུར། །གཟུགས་ཀྱི་ཕུང་པོ་རྣམ་པར་བསྒོམ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་ཆེ་གེ་མོ་བཛྲ་སཧཱུཾཨ སྟིཁི྅མིགྲྭཧྭ། དེཡིས་རྡོ་རྗེ་སློབ་དཔོན་དང་། །ཉན་དང་འཆད་དང་ཕྲིན་ལས་དང་། །རྡོ་རྗེ་རྒྱལ་པོ་འགྲུབ་པ་ཡི། །དབང་མཆོག་འདོད་ལ་ཚིམ་པར་བྱ། །གཟུངས་མ་བསྟན་པ་ཞུ་བའི་ཕྱིར། །གདོལ་བ་མོ་དང་ཁྲུས་མཁན་འོང་། །སྨེ་ཤ་ཅན་དང་གར་མཁན་མ། །རོ་སྲེག་མོ་དང་བྲམ་ཟེ་མོ། །འགྲུབ་འགྱུར་དོན་དུ་རྣལ་འབྱོར་བས། །བདག་ཉིད་རོ་གཅིག་གནས་པར་བྱ། །རིན་ཆེན་པདྨ་དེ་བཞིན་ལས། །འཁོར་ལོའི་རིགས་སུ་ཤེས་པར་བྱ། །རྡོ་རྗེའི་རིགས་སུ་བརྗོད་པ་དེའོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་མནའ་མའམ་སྒྱུག་མོ་དང་། །ལུགས་ལས་ལྡོག་པར་ཤེས་པ་ཡིན། །སེམས་དང་ངག་ལུས་སྲོག་དང་ནི། །ཐུར་སེལ་དབུ་མའི་རླུད་ཞེས་བྱ། །ས་ཆུ་མེ་རླུད་ནམ་མཁའ་དང་། །ནམ་མཁའ་ཆེན་པོར་རབ་ཤེས་ནས། །མངར་སྒྱུར་ཁ་བ་ལན་ཚྭ་རོ། །བསྐ་བ་ཚ་བ་དངོས་གྲུབ་སྟེ། །དེ་དག་ཤེས་ནས་རང་བཞིན་མེད། །དེ་ལ་དངོས་གྲུབ་བླང་བར་བྱ། །དགའ་བ་མཆོག་དགའ་དགའ་བྲལ་དང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །བ་དང་བེའུ་བྱ་དང་བྱིལྭ །བུང་བ་མེ་ཏོག་ལས་ཤེས་ཏེ། །རང་བཞིན་བདེ་བ་བླང་བྱ་ཞིང་། །སངས་རྒྱས་རྣམས་ལ་མཆོད་པ་འབུལ། ཤེན་ཏུ་ཆགས་བྲལ་ཆགས་ཆེན་པོས། །བདེ་བ་ཆེན་པོ་བླང་བར་བྱ། །རང་ལུས་སྲོག་དང་རྒྱལ་སྲིད་དང་། །གཅེས་པའི་རྣམ་པས་མནེས་པར་བྱ། །འདི་དང་ཕྱི་མར་བདེ་ལྡན་པའི། །ཡོན་ཏན་བརྗོད་ལས་འདས་པར་འགྱུར། །གང་ཡིན་བགེགས་ལ་གཏོར་མས་མཆོད། །རྟག་ཏུ་དམ་ཚིག་ལ་གནས་བྱ། །ཨུསྨྲིགི་སྟེ་ཏྲ་ལྭ་ལ་ཡེ་ཧྲེ་ཧི་ཙཀྲ་ཨུསྦྱིགི་སུ་སྙོ་ཛ་ན༷་བི་བ་པི་བ་བྷ་ཀྟ་བྷ་ཀྟ་སརྦ་སིརྙི་སྨེ་ཕྲ་ཡསྣྲོ་མེ་ཨུ༷༷ཧཱུཾ༷་ཕཊ་གྲྭ་ཧྭ། །ཞེས་སུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། །དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཉེས་་པ་ཆེན་པོ་འདི་གསུངས་སོ། །ཨོ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་སྐུ། །རྡོ་རྗེའི་གསུང་དབྱངས་དྲུག་ཅུར་སྒྲོབ། །མི་རྟོག་ཐམས་ཅད་མཁྱེན་པའི་ཐུགས། །ཡོན་ཏན་མ་ལུས་རེ་བ་སྐོང་། །ཞི་རྒྱས་དབང་དྲག་ལྷུན་གྲུབ་པ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །ཨ་ཧོ། །ཧཱུཾ༷་དྲི་མེད་རྣམ་དག་ཞི་བ་ལས། །སྤྲོས་པ་ཐམས་ཅད་རབ་ཞི་བའི། །ཡེ་ཤེས་ཚོགས་མཆོག་མངའ་བརྙེས་པ། །རང་བཞིན་དག་པས་ཆོས་ཀྱི་སྐུ། །ཐུགས་རྗེས་སྡུག་བསྔལ་སེལ་མཛད་པ། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ། །ལས་དང་ཉོན་མོངས་ཤེས་བྱ་ཡི། །དྲི་མ་སྤངས་པའི་སྐུར་སྤྲུལ་པ། །གསུང་མཆོག་སྐུ་གསུམ་དག་པ་ལ། །ལུས་ངག་སེམས་ཀྱིས་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོས་གཟུང་བ་དང་། །ཡེ་ཤེས་སྣང་བ་གསལ་བར་མཛོད། །ཨ་ཧོ། །ཨོ་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་དབང་གིས་སྐུར་བཞེངས་པ། །དབང་མཆོག་རྡོ་རྗེ་སེམས་དཔའ་ནི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །རབ་ཏུ་མི་རྟོག་དངོས་མེད་པ། །ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་ཆེན་འདུས་པའི་ཏན་ཏྲ་ལས། །བསྟོད་ཅིང་ལས་བཅོལ་བའི་གུས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ལས་མ་དག་བའི་སྣང་བ་ཞེས་བྱ་བ་འདི་གསུངས་སོ། །ཀུན་ཏུ་བཀོད་པའི་བསྐལ་བ་ལ། །མངོན་པར་དགའ་བའི་ཞིང་ཁམས་སུ། །དགེ་སློང་ཐུབ་དཀའ་གཤོན་ནུ་ལ ཐར་པ་ནག་པོ་དན་ཕག་གཉིས། །གསང་དོན་ཡན་ལག་རབ་ཞུས་པ། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །རྣལ་འབྱོར་དེ་ཉིད་དམ་པའི་ལམ། །དེ་ཉིད་ལ་ནི་སོ་སོར་གོལ། །གཏམ་ཚིག་ཞེ་གཅོད་དེ་ཉིད་ཉམས། །དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །རྡོ་རྗེའི་སྔགས་ཀྱི་རྣམ་སྨིན་ཕོག །སྲུལ་ནས་སྨད་འཚོང་མ་ཡི་བུ། །དུག་ཤིང་རལ་གྱི་གདོང་ནག་ཏུ། ཁྲ་ཟ་མ་ཡི་དུར་ཁྲོད་བདག །ལྷ་སྲིན་ཡོངས་ཀྱི་འཁོར་གྱིས་བསྐོར། །ལྷ་ཡི་སྡེ་དཔོན་ཀ་རུ་དང་། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །ལྷ་ཀླུ་མི་རྣམས་ལམ་ལོག་སྤྱོད། །ངན་སོང་གསུམ་དུ་འཁོར་བ་ལས། །ཐུགས་རྗེའི་ཞིང་དུ་དེ་གཟིགསཏེ། །བདེགཤེགསབཀའ་བགྲོས་བཅང་པ་ཡིས། །ཞི་བས་ཕན་པར་མ་གྱུརཏེ། །དེབཞིནགཤེགསཀུནཁྲོ་བོར་གྱུར། ་་རུས་ཁྲག་ལ་ལོངས་སྤྱོད་ཅིང་། །དུག་གསུམ་མ་ལུས་ཁོང་དུ་ཟོས། །ཨོ་སརྦ་བཱ་བ་ཀ་ར་ཧེ་ཏ་པ་བི་ཤྭ་མ་ཏྲ་རུ་ཏྲ་ཧཱུཾ༷་ཕཊ། ཨོ་སརྦ་བཱ་པ་ཀ་ར་ཧེ་ཏ་ས་བྱི་་ཤྭ་ཁ་ཏོང་ཁ་རུ་ཏྲ་ཧཱུཾ༷་ཕཊ། ཨོ་སརྦ་བཱ་པ་ཀ་ར་ཧེ་ཏ་པ་བྱི་ཤྭ་ཨ་ཤ་རུ་དྲ་ཧཱུཾ༷་ཕཊ། ཧྲི་པདྷརྙ་ཀྲི་ཏ་བཛྲ་མ་ཧྭ་ཀྲོ་དྷ་ཧ་རྒི་པ་ཧཱུཾ༷་ཕཊ། ཏྲི་ཐུམ་བྷ༷་ཛ། ཏེ་ཛ། བ་ཏྲི་ཡ༷་བུ་ཛ། ཡ་ད་ཤོ་ཛ། ག་ན་ཛ། ག་ག་ན་གྲ་ཙི་ཏི་ཙི་ཏི་ཛ། མ་མ་ཆུ་ག་ཛ། བཱ་ར་ཡ་ཧཱུཾ༷་ཕཊ། དེ་དག་སྣམ་ནས་བཏོན་ནས་ནི། །སྒྲིབ་སྦྱང་བཤགས་ཏེ་སྲོག་སྙིང་ཕུལ། །འཁོར་རྣམས་བྲན་དུ་འཁོལ་ནས་ནི། །དཀྱིལ་འཁོར་སྐྱོང་བར་ཁས་བླངས་ཏེ། །ཐལ་བའི་དབང་པོར་ལུང་བསྟན་ནས། །འདིར་ནི་བསྟན་པ་བསྲུང་༷བའི་ཕྱིར། །སྲོག་སྔགས་འདི་དག་དངོས་པོར་ཕུལ།ཤོག་ཧེར་ནི་ཤོག ཧེ་མ་དུ་མ་རིལ་ཤོག དེར་ཤོག་འདིར་ཤོག འདིར་དུ༷་འདིར་དུ༷། ཙི་ཏ་བ༷་ཙི་རྦད། ཏྲག་ར་ཀ་ཐུན་སྨྱོ། །ཏྲ་ག་རསྒ་ཁ༷་ཁ༷། པུ༷་བུ༷་ག་ན་ཏི་ཏ་ཤག ཨཱོཾ་རསྒ་ཤ་ར་ཏི། མ་ཧྭ་ཀྭ་ལ་ཀྭ་ལ་ཡ་སྟོ་ཡ་ཕཊ། ཡ་སྟོ་ཡ་ཁུག་ཁུག་ནི་ག་ཏ་ཡ་ག་ཏ་ཡ་བེ་ཛེ་བེ་ཛེ་བྲུངས་ཕྱུང་རྩད་ཆོད། ཏྲག་རསྒ་ཐུམས། ཁ་དུམ་རྦད་རྦད་ཛ་ཛ། ཅེས་སྲོག་ལས་དང་བཅས་པ་ཕུལ་ལོ། །དེ་ཡི་ཆོ་ག་འདི་ཡིན་ནོ། །བྲུག་ཁུང་ནག་པོ་གྲུ་གསུམ་ནང་། །བར་བུ་ལྕགས་ཀྱི་ཁད་སྒྲོམ་འབར། །མདའ་དང་གསིལ་བྱེད་མཚོན་ཆ་ལ། །ཕུ་རུང་ཆས་གོས་ནག་པོར་ཤེས། །རུ་ཏྲ་ཀྭ་ལ་གྲི་གུག་ཐོད། །བེང་དང་བཅས་པ་བཟླས་པ་བརྩམ། སློབ་དཔོན་ཆོས་གྲོགས་ཕ་བུ་དང་། །ཡུལ་དཔོན་བཙུན་ཆེན་ཉེ་བ་དང་། །མིག་དང་དོན་སྙིང་ཟ་ན་འགྲུབ། །སྤྲང་པོ་དབྱུག་པ་ཐོགས་པ་ངན། །བླང་བྱེད་ཁྲི་ཚོས་འབྲེལ་བ་དང་། །ལུས་ངག་སེམས་ཀྱི་ལས་སུ་ནི། །བསྐོར་བ་བཟླས་བརྗོད་ཏིང་འཛིན་ཡིན། །བསྙེན་པ་ཐབས་ཀྱིས་བསྐོར་བར་བྱ། །རྦད་བསང་ཤེས་རབ་མེ་དང་མཚུངས། །སྦྱིན་བསྲེག་ཐལ་བ་ཕྱར་རམ་ནན། །དམ་ཚིག་ལ་སྡང་སྨོས་ཅི་དགོས། །དབང་ཆེན་འདུས་པའི་ཏན་ཏྲར་ལས། །རུ་ཏྲ་བསྒྲུབ་པ་ཁྲོ་བོའི་གླེང་གཞི་བཅས་པ་སྟེ་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་དོ། །བདེ་བ་ཆེན་པོ་གར་དབང་ཕྱུག །པདྨ་རྭ་ག་ཀུན་ཏུ་ཞལ། །དབུ་ལྔ་མགོ་ལྔ་གཤོག་པ་བཞ། ཁྲར་དུ་རོལ་པའི་ཕྱག་མཚན་ནི། །ཁྲོ་ཆེན་སྙིང་འབྱིན་ཁ་ཊ༷་ག །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །ལྷོ་རུ་རོལ་པའི་ཕྱག་མཚན་ནི། །ཐོད་ཁྲག་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་བེ་ཅོན་རྡེའུ་ཆུང་། །ནུབ་ཀྱི་ཕྱག་བཞིར་བསྣམས་པ་ནི། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་མེ་འབར་ཁ་ཊ༷་འཁྲོལ། །བྱང་གི་ཕྱག་བཞིར་བསྣམས་པ་ནི། །རྡོ་རྗེ་དགུ་ལྔ་གསུམ་གཅིག་བརྡེག །ཞབས་བརྒྱད་ཁྲོ་བརྫིས་རྒྱན་དང་ལྡན །སྐུ་ཡི་དབང་ཆེན་འདི་གསུངས་སོ། །སྲོག་དང་རྩོལ་བའི་བདག་ཉིད་ཅན། །འཇུག་གནས་ལྡང་བས་ཕྱི་དང་ནང་། །དེ་གཉིས་འབྲེལ་བའི་བདག་ཉིད་ཅན། །དེ་ཉིད་ཁོ་ན་ངོ་བོར་གསལ། །ཚོགས་ཆེན་ཡོངས་འདུས་གར་གྱི་དབང་། །དབུ་ལྔ་དམར་པོ་རྟ་མགོ་ལྔ། །ཕྱག་ནི་བཅུ་དྲུག་གཤོག་པ་བཞི། །ཞབ་བརྒྱད་རྗོམ་བརྗིད་དུ་ཁྲོད་པ་རྒྱན། །གཡ་ཀྱི་ཕྱག་བརྒྱད་བསྣམས་པ་ནི། །རྡོ་རྗེ་ཁ་ཧཱུཾ་དྲིལ་བུར་བཅས། །རྡོ་རྗེ་ལྕགས་ཀྱུ་སྤྲུལ་ཞགས་དང་། །འཁོར་ལོ་རིན་ཆེན་ཟུར་བརྒྱད་དང་། །རལ་གྲི་རྡོ་རྗེ་ལུ་གུ་རྒྱུད། །པདྨ་ཡུ་འཛིན་ཐོད་ཁྲག་བཀང་། །ཁྲོ་སྙིང་གཤིན་རྗེའི་དབྱུག་པ་དང་། །རྒྱ་གྲམ་རྡོ་རྗེ་བེ་ཅོན་དང་། །མེ་ཕྲེང་ཏྲི་ཤུལ་ཁྱུང་གི་ཁྲ། །གསུང་གི་དབང་ཆེན་འདི་གསུངས་སོ། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །མཉམ་དུ་གནས་དང་ཁྱབ་པར་བྱེད། །ལྡང་ཤིང་རྒྱུ་བ་རྣམ་པར་རྒྱུ། །ཡང་དག་རབ་ཏུ་ངེས་པར་རྒྱུ། །པདྨ་གསང་བ་དབང་ཆེན་སྐུ། །པདྨ་གསང་བའི་སྐུར་བྱུང་བས། །དབུ་ལྔ་དམར་པོ་གཤོག་པ་བཞི། །ཞབས་བར་བཅུ་དྲུག་ཕྱག་རྒྱ་ཆེ། །རྡོ་རྗེ་་ལྕ་གས་ཀྱུ་སྐྲུལ་ཞགས་དང་། །ཅང་ཏེའུ་ཁ་ཊ༷་ཐོད་རློན་ཁྲག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་དང་། །རྡོ་རྗེ་ལྕགས་ཀྱུ་ལུ་གུ་རྒྱུད། །ཐོད་རློན་སྟོབས་དང༷་ཁྲོ་བརྒྱད་སྙིང་། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་མེ་འབར་ཁ་ཊ༷་་བྲ་ལ། །ཐུགས་ཀྱི་དཔལ་ཆེན་འདི་གསུངས་སོ། །སྙིང་ག་གསང་བ་ལྐོག་མ་དང་། །ལྟེ་བ་དང་ནི་ཚིགས་རྣམས་་ལ། །རྒྱས་དང་རྣམ་པར་རྒྱས་པ་དང་། །མྱོང་ལྟུང་མཛའ་བའི་་རྩ་ ་ལ་གནས། །མིག་དང་རྣ་བ་སྣ་དང་ནི། །ལྕེ་ ་དང་ལུས་དང་སྐྱེ་མཆེད་ལ། །རླུད་གི་ཆ་དང་སྣ་དང་ནི། །བསྙེན་བཀུར་ལྐོག་ཤལ་མཆིན་པར་གནས། ཁྲེས་རབ་རྟ་མགྲིན་དབང་གི་སྐུ། །དབུ་གསུམ་རྟ་མགོ་ལྗང་གུ་ནི། །རལ་པ་དམར་པོ་གྱེན་དུ་འཁྱིལ། །ལྕགས་སྒྲོག་རལ་གྲི་དགྲ་སྟ་གཡས། །ལྕགས་སྒྲོག་གཤོལ་དང་ཐོ་བ་གཡོན། །བརྐྱང་བསྐུམ་ཆུ་བདག་ཉིད་སྟེང་བགྲད། །ཨེ་ཀ་དམར་ནག་དུར་ཁྲོད་ཆས། །ཁ་྅་ཐོད་རློན་དམར་བཀང་སྟོབ། །ཕྲ་མེན་བྱོ་ལ་པུ་ཤུད་མགོ །དམར་ནག་བསྐལ་བའི་མེ་འབར་བ། །ལྕ༷གས་ཀྱུ་ཕུར་པ་འཛིན༷་ཅིང་འདེབས། །རྩ༷་བའི་ལྷ་བཞི་འདི་གསུངས་སོ། །བག་ཆགས་ཉོན་མོངས་རླུ་་ཛ་བོ། །དབང་པོ་གཉིས་དང་མཉམ་སྦྱོར་འཇུག །སྲོག་རླུ་་ཉ་འདྲ་དང་པོར་འཕོ། །གཉིས་པ་ཐུར་སེལ་རུས་སྦལ་འདྲ། །གསུམ་པ་གྱེན་རྒྱུ་ཕག་རྒོད་འདྲ། །དྲུག་པ་ཁྱབ་བྱེད་སེང་གེ་འཕོ། །ལྔ་ཡང་མཉམ་གནས་མི་ཡི་གཟུགས། །དྲུག་པ་ལས་རླུད་ས་ཁམས་མིག །བདུན་པ་རྣ་བར་རུས་སྦལ་ཆུ། །བརྒྱད་པ་རྩ་རླུད་སྣ་བུག་མེ༷།་ ་།དགུ་པར་ལྷ་སྦྱིན་་རླུད་ཁམས་རོ། །བཅུ་པ་གཞུ་རྒྱབ་ལུས་ཁམས་་ཅན། །སངས་རྒྱ༷ས་སྤྲུལ་པའི་སྐུ་འདྲ་བ། །རབ་ཏུ་སྐྱེ་བར་དེ་ཡིས་བྱ། །པདྨས་གར་གྱི་དབང་ཕྱུག་ནི། །ཞལ་གསུམ་ཕྱག་བརྒྱད་ཞབ་བཞིར་བགྲད། །དཀར་དང་དམར་ནག་ལྗང་ནག་ཞལ། །དབུ་གཙུག་རྟ་མགོ་ལྗང་གུ་ནི། །གྱེན་་དུ་ཁ་གདངས་རྟ་སྐད་འཚེར། ༑ །ཁ་ཊ༷་རལ་གྲི་རྡེའུ་ཆུང་དང་། །དགྲ་སྟ་་གཡས་ཀྱི་ཕྱག་ན་འཛིན། །ཡེ་ཤེས་མདའ་དང་དབྱིངས་ཀྱི་གཞུ། །མདུང་ཐུར་གསེར་གྱི་ཞགས་པ་གཡོན། །སྤྱི་གཙུག་ཡེ་ཤེས་ཁྱུང་ཆེན་རྫོགས། །ཐུགས་ལ་རྡོ་རྗེ་གཏུམ་པོ་འབར། །པ་དྨ་གར་གྱི་དབང་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པ་རྡོ་རྗེ་ཡབ་ལ་འཁྱུད། །གཡོན་པ་བདུད་རྩི་ཡབ་ལ་སྟོབ། །དྲག་པོ་གསུམ་སྦས་འདི་གསུངས་སོ། །ལུས་ཀྱི་སྲོག་རྣམས་གསུམ་འཛིན་ཅིང་། །རྡུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། ཁེལ་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་བྱེད། །སྣང་བ་གསུམ་དུ་གྱུར་ནས་ནི། །རང་བཞིན་རྟོག་བཅས་བརྒྱད་ཅུ་པའོ། །ཡོངས་ལ་འཆར་ཞིང་འཇུག་པ་ནི། །རྟ་མཆོག་རྭ་གའི་མདོག་ལྡན་པ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་གནས། །ད༷མར་དང་དཀར་བ་མཟིང་གའི་གཟུགས། །རྟ་མགོ་ལྗང་གུ་འཁྲུལ་མར་འགྱུར། །དང་པོ་རྡོ་རྗེ་བྷན་དམར་འཕྱར། །བར་གཉིས་ལུ་གུ་རྒྱུད་བསྣམས། །ཐ་མ་རྡོ་རྗེ་ཕུར་བུ་འདྲིལ། །ཁྲོ་གཉེར་མ་ནི་འབར་འདྲ་འཁྲི། །མོ་ཡི་རྟགས་ལྡན་བྱང་ཆུབ་སེམས། །མཐར་བྱེད་རྟ་ཡིས་འདི་དག་གསུངས། །ཐོག་མར་ལོ་བཅུ་ལོན་པའི་དུས། །རྒྱགས་པས་མྱོས་པས་གཞུ་རྒྱལ་ཟ། །ལོ་བ་་དེ་ཡིས་ལྷ་སྦྱིན་ཟ། །ལོ་བཅ་རྒྱགས་རླུད་རྩངས་མ་ཟ། །ལོ་བཅུ་བཏང་བཟུང་རུས་སྤལ་ཟ། །རླུད་དང་བཏང་བཟུང་ནུས་སྟོབས་མཚུངས། །གནོད་པ་མེད་པའི་ལོ་བཅུ་ཡིན། །བཅུ་གཞན་རྒྱགས་མྱོས་བཏང་བཟུང་ཟ། །བཅུ་བས་མྱོས་ཆུ་ཚེ་འཕེལ་བྱ། །བཅུ་གཞན་མྱོས་པའི་རླུང་ཟ་བྱེད། །མེ་རླུང་བཏང་བཟུང་ལོངས་སྤྱོད་འཕེལ། །མེ་ཆུ་རླུང་རྒྱས་ཆུ་རླུང་འདྲེས། །དེ་ལྟར་ལོ་བཅུ་གཞན་དུ་ཕྱིན། །ཆུ་བཞི་འབྲས་བུ་བཞིན་དུ་འགྱུར། །རང་སེམས་ཐིག་ལེ་རོལ་པའི་སྐུ། །གཡས་དཀར་གཡོན་སྡེ་དབུས་དམར་བ། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །རྡོ་རྗེ་རལ་གྲི་ལྕགས་སྒྲོག་དང་། །ཐོད་པ་ལྕགས་ཀྱུ་ཞགས་པ་རྣམས། །ཞབས་བཞི་རིགས་བཞི་ཀླུའི་སྟེངས་ན། །ངོ་བོ་ཉིད་ཀྱི་ཡུམ་དང་འཁྲིལ། །ཐིག་ལེ་རོལ་པས་འདི་གསུངས་སོ། །མཐར་ནི་མི་གནས་འཕོ་བ་ཡིས། །མི་ཤིགས་འཆི་བ་འོད་གསལ་བྱེད། །སྣང་བ་གསུམ་དང་རླུང་མཉམ་པས། །བར་དོར་དངངས་ཤིང་ལུས་རྣམས་ལེན། །ཞལ་གསུམ་དཀར་དམར་བིཌརུ། །སྐུ་གསུང་ཐུགས་ཀྱི་ཁྱུང་གསུམ་རྫོགས། །ཞིང་དབྱུག་རལ་གྲི་རྩེ་དགུ་དང་། །ལྟོ་འགྲོའི་ཞགས་བ་གཡོན་པ་སྟེ། །བེ་ཅོན་མགོ་གཉིས་རྡོ་རྗེ་བསྣམས། །ཡེ་ཤེས་ཆེན་པོས་འདི་གསུངས་སོ། །རླུང་དང་རྣམ་ཤེས་འདྲེས་པའི་ལས། །ཇི་ལྟར་ལྷ་ཡི་སྐུ་རྣམས་ནི། །ཡོངས་སུ་གསལ་བར་བསྐྱེད་པ་ཡི། །བྱ་བ་ཀུན་ཡང་འགྲུབ་པར་བྱེད། །དཀར་དམར་སྔོ་བའི་ཞལ་གསུམ་མདོག །རྡོ་རྗེ་རིན་ཆེན་དབྱུག་པ་གཡས། །ཁྲོ་འཛུམ་མ་ཆགས་པདྨ་གཡོན། །བདེ་བ་ཆེན་པོ་འདི་གསུངས་སོ། །བདེ་ཆེན་པདྨའི་གསང་སྦུབས་སུ། །ས་ཡི་རླུད་ཆེན་རྣམ་པར་རྒྱུ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདི། །བདེ་བ་ཆེན་གྱི་ཡེ་ཤེས་ཐོབ། །དམར་པོ་ཞལ་གསུམ་ཕྱག་དྲུག་པ། །ཞལ་ནི་དེ་བཞིན་མཚུངས་པ་ལ། །པདྨ་རལ་གྲི་གཏུན་ཤིང་གཡས། །དྲིལ་བུ་དགྲ་ཏྭ་མེ་ཡི་ཞགས། །འཕགས་པ་རྟ་མགྲིན་འདི་གསུངས་སོ། །ཡི་གེ་ཨོ་ནི་སྐུ་ཡིན་ཏེ། །ཨུ༷༷ཞེས་བྱ་བ་གསུང་དུ་འགྱུར། །ཧཱུཾ༷་ནི་མི་རྟོག་ཡེ་ཤེས་ཐུགས། །རྡོ་རྗེའི་བཟླས་པ་འགྲུབ་པ་ཡིན། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་དང་དམར་དང་སྔོ་བའི་མདོག །མུལྗོརེ་གསེབ་ནས་ལྗང་ཞུར་ཅན། །གྱེན་དུ་ཁ་གདངས་སྣྲི་༷ ་འབྱིན། །གཡས་རྡོར་གཡོན་པ་དུང་ཕོར་འཛིན། །ཐ་མས་ཐབས་ཤེས་མདའ་གཞུ་ཅན། །གསང་བའི་ཡུམ་བཞི་འཁོར་དུ་གནས། །གྲི་གུག་ཐོད་པ་གཡས་གཡོན་འཛིན། །རྟ་མགྲིན་ལྷ་ལྔས་འདི་གསུངས་སོ། །རླུད་ལྔ་ལ་ནི་དབང་ཐོབ་ནས། །དེ་ལས་སེམས་གསུམ་སྐྱེ་བ་དང་། །མ་དག་པ་ཡི་སྒྱུ་མ་འགྲུབ། །བསམ་གཏན་གཉིས་ཀྱི་འོད་གསལ་དུ། །དེ་ཉིད་མངོན་དུ་བྱེད་པ་སྟེ། །དག་པའི་སྒྱུ་མའང་གྲུབ་པ་ཡིན། །གཡས་དཀར་དབུས་དམར་གཡོན་མཐིང་ལྗང་། །སངས་རྒྱས་འོདཀྱི་གོང་བུ་ན། །རྡོ་རྗེ་ཁ་ཊ༷་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན། །ཨེ་ཀ་ཙ་ཏི་དམར་ནག་འཁྲིལ། །ཁ་ཊ༷་ཐོད་པ་ཞལ་གསུམ་འདྲེན། །ཀུན་ཏུ་ཁ་བཟང་པོ་འདི། །བཅོམ་ལྡན་ཆགས་པ་ཆེན་པོའོ། །གཡོན་པ་དག་ནི་འབྱུང་བའི་ཁམས། །རླུདགི་དཀྱིལ་འཁོར་དང་འདྲེས་པས། །ལྗང་སེར་དག་ཏུ་སྣང་བ་སྟེ། །བཅོམ་ལྡན་ལས་རབ་ཆེན་པོ་རབ། །གཉིས་པ་ལས་ནི་འགྱུར་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །བཅོམ་ལྡན་དཀོན་མཆོག་དཔལ་ཡིན་ནོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །བཅོམ་ལྡན་རྡོ་རྗེ་བརྟན་པའོ། །ཁམས་ཀུན་ལས་ནི་ཡང་དག་བྱུང་། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་གྱུར། །གཙོ་ལ་འཁོར་དུ་སྣང་བ་ནི། །གྱེན་ལ་མེ་སྟེ་གསེག་ལ་རླུ་་། །ཐུར་དུ་ཆུ་ལ་ཐད་ཀར་ས། །གྲངས་ནི་ཤེས་རབ་ཉིན་མཚན་ཐབས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར། །ཞལ་གསུམ་དཀར་སྔོ་དམར་བ་ལ། །གཡ་པ་གསུམ་ན་བསྣམས་པ་ནི། །རྡོ་རྗེ་ཁ་ཊ༷་ཅད་ཏེའུ་ལ། །མེ་དཔུང་ཞགས་པ་ཐོད་ཁྲག་གཡོན། །གཟི་ལྡན་རྡོ་རྗེ་ཐོད་ཁྲག་འཁྲིལ། །པདྨ་དོན་ཡོད་འདི་གསུངས་སོ། །འཛིན་པ་དཀར་ལ་སེལ་བྱེད་སེར། །མཉམ་གན་ལྗང་ནག་གྱེན་ནི་དམར། །ཁྱབ་པ་ནམ་མཁའ་སྔོ་བསངས་ཏེ། །ཡན་ལག་རྩ་བའི་རྗེས་སུ་འབྲང་། །ཞལ་གཅིག་པ་ལ་མདངས་ཀྱང་བཟང་། །གཡས་པ་རྡོ་རྗེ་གདེངས་པ་ལ། །གཡོན་པ་པད་སྡོང་ཐོད་པར་བཅས། །པདྨ་གསང་ཆུང་འདི་གསུངས་སོ། །དེ་དག་ཀུན་གྱི་དགོས་པ་ཡང་། །རླུད་གིས་དེ་ཉིད་འཇུག་འགྱུར་ཞིང་། །རྡོ་རྗེ་ཡི་ནི་བཟླས་པ་འགྲུབ། །རྫོགས་པའི་རིམ་བསྒོམས་འཕྲལ་ནད་འཇོམས། །རྡོ་རྗེ་རིག་པ་འཛིན་པ་ཡི། །རིག་འཛིན་དངོས་གྲུབ་མཆོག་ཐོབ་ནས། །དག་པའི་སངས་རྒྱས་ཞིང་དུ་བྱེད། །དབང་ཆེན་འདུས་པའི་ཏན་ཏྲ་ལས། །དབང་ཆེན་སྐུའི་ངོ་བོ་གསལ་བར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རབ་ཏུ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །རྡོ་རྗེ་དབྱིངས་དང་རྟ་མགྲིན་དབང་། །ཡེ་ཤེས་སེམས་དཔའ་གཟི་ལྡན་མ། །འགྲོ་འདུལ་ཁམས་གསུམ་རྣམ་པར་རྒྱལ། །ཧཱུཾ༷་མཛད་དུས་གསུམ་བྱང་ཆུབ་སེམས། །ཁམས་རྒྱ་དྲུག་དང་ལོང་བ་བརྒྱད། །དམུས་ལོང་དྲུག་ཅུ་ལྕགས་སྤྱང་བརྒྱད། །ཡེ་ཤེས་ཁྱི་བཅུ་སྒོ་བ་བཞི། །མེ་རླུད་འབྲུག་རྣམས་ཡོངས་སུ་རྫོགས། །བདེ་ཆེན་ཕོ་བྲང་རྣམ་སྣང་དང་། །མི་བསྐྱོད་རིན་ཆེན་སྣང་མཐའ་ཡས། །དོན་གྲུབ་ཡབ་ཡུམ་ལ་སོགས་པ། །སྐུ་མདོག་ཕྱག་རྒྱ་གདན་རྒྱན་བཞུགས། །ཐེག་པའི་འགྲོས་ལྡན་རྟ་མགོ་ལྔ། །དམར་པོ་གྲི་ཁྲོད་སྲིན་པོ་འཇོམས། །རྡོ་རྗེ་རིན་ཆེན་ཁྱུང་གཤོག་སྤྲུལ། །ཨ་མོ་དྷི་བ་གློག་འགྱུ་མ། །དཀར་སེར་དམར་ལྗང་གྲུ་གསུམ་ཀློང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཐོད་པ་རྟ་མགོ་སྨན་བླ་དང་། །སྣང་མཐའ་དོན་གྲུབ་སྐུར་སྣང་ངོ་། །ཕྱག་རྒྱ་བཅུ་དྲུག་འཇིགས་པའི་མཚོན། །བདུད་དཔུང་སྤ་བཀོང་ཐལ་བར་བྱེད། །ཐུགས་ཀྱི་ཡེ་ཤེས་ཁ་སྦྱོར་བ། །དམར་པོ་འཁོར་ལོ་ཟ་མ་ཏོག །དམར་སྐྱ་ནོར་བུ་ཟ་མ་ཏོག །ཕྱག་རྒྱ་ཡེ་ཤེས་སྔགས་དང་བཅས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །དཔའ་བོ་སྟག་ཆས་ཧཱུཾ༷་ཆེན་བཅོམ། །རྒྱ་བྱེའུ་ལྕགས་ཀྱིས་མི་གཡོ་བ། །རྡོ་རྗེའི་གཤོག་པ་གཤིན་རྗེའི་གཤེད། །བསེ་ཁྲབ་སྔོན་པོ་དབྱུག་སྔོན་ཅན། །སྤྲུལ་ནག་པདྨ་འཁྱིལ་པ་སྟེ། །མཆེ་བ་འདོད་པའི་རྒྱལ་པོ་ལ། ཁུ་ཀེན་དར་གྱིས་བདུད་རྩི་འཁྱིལ། །གཅན་གཟན་གཟིག་གིས་སྟོབས་ཆེན་མནན། །ས་སྟོབས་དབང་ལྡན་སྦས་པས་རོལ། །གཉིས་མེད་བྱང་སེམས་ལྷུན་གྱིས་གྲུབ། །དེ་བཞིན་རྡོར་རིན་པད་གྲུབ་གསང་། །དཀར་སེར་སྔོ་དམར་ལྗང་གུ་ནག །ཟངས་གྲི་ཐོད་པ་རྒྱུ་ཕྲེང་སྙིང་། །རང་སྔགས་བརྗོད་པ་ཐོད་པའི་གནས། །དམུས་ལོང་དྲུག་ཅུ་བཅོ་ལྔ་ཕྱོགས། །ལྕགས་ཀྱུ་ཕུར་པ་ཁ་དོག་རིགས། །མགོ་བརྙན་སྤྲུལ་པ་ཅེ་སྤྱང་བརྒྱད། །མཐིང་ནག་གྲི་གུག་ཐོད་པ་ཁྲག །ལྕགས་སྤྱང་བརྒྱད་ཀྱི་ཁྲི་ལ་བཞུགས། །རང་གི་བརྒྱད་དང་ཡེ་ཤེས་བཅུ། །སྔགས་ལས་གྲུབ་པའི་མེ་དཔུང་ཀློང་། །མགོ་དགུ་རྐང་གཅིག་ལྕགས་ཀྱུ་དཀར། །འོད་གཤོག་བརྒྱད་ལྡན་ཞགས་པ་སྔོ། །ཡེ་ཤེས་དྲུག་དྲུག་ལྕགས་སྒྲོག་དམར། །གསང་བ་གསུམ་ལྡན་དྲིལ་བུ་ལྗང་། །ཐོད་ཁྲག་སྔགས་སྒྲུབ་སྒོ་བཞིར་གནས། །མེ་རླུད་འབྲུག་བརྒྱད་ཕྱོགས་བཅུར་ཁྱབ། །དུར་ཁྲོད་སྤྲུལ་པ་ཀུན་དང་རོལ། །དཀྱིལ་འཁོར་བརྒྱད་རྣམས་ཡོངས་སུ་གསལ། ་།མི་ཐོད་སྦྲུལ་དང་དུར་ཁྲོད་རྒྱན། །ཟུར་གསུམ་ལོགས་གསུམ་ཁམ་རྒྱ་དྲུག །རིགས་མདོག་ཐོད་པ་གྲི་གུག་བཅས། །ཐོད་ཁྱམས་ལོང་བ་དམུས་ལོང་རྣམས། །གཡུ་འབྲུག་ལྕགས་རྟ་བ་གླང་དང་། །ཆུ་སྲིན་ལ་ནི་ཆིབས་སུ་མཛད། །ལེ་བརྒན་སེ་རལ་སྤྲུལ་དང་རླུ་་། །སྐུ་ལ་ན་བཟའ་རབ་ཏུ་གྱོན། །མེ་དཔུང་ཁྱུང་སྡེར་སྦྲུལ་ཞགས་སྙིང་། །དམུས་ལོང་སྤྱིར་ཡང་སྤྲུལ་པར་མཛད། །ཡེ་ཤེས་སྒྲོན་མ་ཕྱོགས་མཐུན་མཚམས། །མེ་དཔུང་ལྕགས་ཀྱི་སྤྱང་མོ་བརྒྱད། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་བཅས། ཁྲར་དུ་མགོ་དགུ་རྐང་གཅིག་ནག །སྟུ་རེ་ལྕགས་ཀྱུ་གཡོན་དང་བཅས། །ལྷོ་རུ་མགོ་བརྒྱད་རྡོ་རྗེ་ཕུར། །ནུབ་ཏུ་མགོ་དྲུག་ཕུར་པ་གཏོར། །བྱང་དུ་མགོ་གསུམ་སྙིང་དྲུག་ཟ། །མེ་འབྲུག་དམར་པོ་མེ་དང་སྤྲུལ། །རླུད་འབྲུག་སྔོན་པོ་རླུད་ཐོད་སྤྲུལ། །རང་སྔགས་སྐུར་བྱུང་འཁོར་དུ་གནས། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། འཁོར་གྱི་དཀྱིལ་འཁོར་ཡོངས་༷སུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྒྲུབ་པ་ཞེས་བྱ་བའི་་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ་ཏེ་འདི་གསུངས་སོ། །ཨོ་ཨུ༷༷ཧཱུཾ༷་གྲྭ་ཧྭ། ཧཱུཾ་ལྭ༷་བྱུ༷་༷ཏྭ༷་མ༷༷་ཛ། ཨཱོཾ་པདྨ་རྙ་ཀྲི་ཏ་བཛྲ་མ་ཧྭ་ཀྲོ་དྷ་ཧ་ཡ་རྒི་བ་ཧི་༷༷ཛ། ཨོ་བཛྲ་ཙྭ་ན་སཏྭ་ཧཱུཾ༷། ཨོ་ཧ་ཧ་རུ་ལུ་ཧཱུཾ༷་ཕཊ། ཨཱོཾ་བཛྲ་བཱ་ཤ་ཧཱུཾ༷། སྦོ་ཊ་བ༷། ཨ༷་ཀུ་ཤ་ཛ། བྷ་སྟེ་ཧོ། ཨོ་བཛྲ་ཀྲོ་ཏ་ཨུ་བེ་ཨུ༷༷ཧཱུཾ༷་ཛ། ཨཱོཾ་ཀ་ཏི་ཀ་ཏ༷་བ༷་ཛ། ཨཱོཾ༷་ཨ་ཀ་ཤེ་བི་ཀ་ཊ་ཀ་ཊ༷༷་ཀ་རྙུ་ཧཱུཾ༷་ཕཊ། ཨཱོཾ༷་པདྨ་ཤི་ཧེ་རུ་ཀ་ཧཱུཾ༷་ཕཊ། བྱུརྙ་བཛྲ༷ ་ཨོ། སཏྭ་བཛྲ་ཧཱུཾ༷། རཏྣ་བཛྲ་ཏྲ༷། དྷརྨ་བཛྲ་ཧི༷༷། ཀརྨ་བཛྲ་ཧྭ། གུ་ཎ་བཛྲ་ཕཊ། ཨོ་ཤཱ་རྡི་ཁུ་ཧི་ཧཱུཾ༷། ཤྭ་རྡི་ཁུ་ཧི་ཏྣ༷། ཤྭ་རྡི་ཁུ་ཧི་སྣྲི༷༷། ཤཱ་རྡི་ཁུ་ཧི་ཧོ། ཤཱ་རྡི་ཁྲི་ཁུ་ཧི་ཧྭ། ཨཱོཾ་ཤཱ་རྡི་ཧཱུཾ༷། ཤི་ཁུ་ཧི་ཏྭ༷། ཤི་ཁུ་ཧེ་སྙི༷༷། ཤི་ཁུ་ཧི་ཧྭ། ཨཱོཾ་དིསྟ་ཙཀྲ་ཤཱ་ན་མུ་ཁ་ཁུར་མོར་ཁ༷་ཧཱུཾ༷་ཕཊ། ཀུ་རུ་ཀུ་རུ་ཡསྒ་ཧཱུཾ༷་ཕཊ། ཀུ་ཀུ་ར་ཙ་ཁ་ལོང་ཁ་ཧཱུཾ༷་ཕཊ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཕཊ། ཧཱུཾ༷་ཏྣ༷་ཏྭ༷་ཕཊ༷། ཧཱུཾ༷་ཧི༷༷སྙི༷༷ཕཊ། ཧཱུཾ༷་ཧྭ་ཧྭ་ཕཊ། ཨཱོཾ་ཛི་ན་ལ༷་ཏེ་ཙ་ར་མ། ཡསྒ་ཀུ་པ་ན་ཙ་ཧཱུཾ༷་ཕཊ།༷འཁོར་གྱི་དཀྱིལ་འཁོར་གྱི་སྔགས་སོ། །ཨཱོཾ་པདྨ་མ་ཧྭ་ཤི་ཧེ་རུ་ཀ་མ་ཧྭ་ཙཎྜས༷རྦ་དུཛི་ན། ཧ་ན་ད་ཧ་པ་ཙ་ཧཱུཾ༷་ཕཊ། སྐུའི་སྔགས་སོ། །ཨོ་༷པདྨ་བྷ་ཏ་སི་ཏི་ཧ་ཧེ་ཙཀྲ་སྨྱོ་སྨྱོ་ཧཱུཾ་ཧཱུཾ༷་ཧཱུཾ༷་ཕཊ། གསུང་གི་བསྙེན་སྔགས་སོ། །ཨོ་རུ་ལུ་རུ་ལུ་ཧཱུཾ༷་ཕཊ། ཨེ་ཨུ་ར་ལི་ཧཱུཾ༷་ཧི༷༷ཛ། ཐུགས་ཀྱི་བསྙེན་སྔགས་སོ། །ཨཱོཾ་སྙི༷༷སྙི༷༷ཧ་ཧ་ཧཱུཾ༷་ཧཱུཾ༷་ཕཊ། ཡོན་ཏན་གྱི་བསྙེན་སྔགས་སོ། །ཨཱོཾ་ཧྲི་དིམ་ད་རི་ཧ་ཡ་རྒི་ཝ་ཨེ་ཀ་ཛུ་ཞི་ཧུ་ལུ་ཧུ་ལུ་ཧཱུཾ༷་ཛ་ཛ། ཕྲིན་ལས་ཀྱི་བསྙེན་སྔགས་སོ། །གསང་སྔགས་ལྔ་པོ་འདི་དག་ལ། །གང་གིས་བསྙེན་པ་བསྐྱལ་བ་དེ། །རིག་འཛིན་ས་ལ་གདོན་མི་ཟ། །བདུད་དང་འབྱུང་པོ་སྨོས་ཅི་དགོས། །བཅོམ་ལྡན་འདས་པ་དེ་ཉིད་ཡིན། །དབང་ཆེན་འདུས་པའི་ཏན་ཏྲ་ལས། སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོའི་ཕྱག་རྒྱ་འདི་དག་གསུངས་སོ། །རིགས་ལྔ་སྤྱི་ཡི་ཕྱག་རྒྱ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསལ། །སྤྱི་གཙུག་རྒྱལ་བའི་ཚུལ་ཕྱག་འཚལ། །རྟག་དོང་ཞལ་གྱི་ཕྱག་རྒྱ་ཡིས། །རྟ་མགྲིན་བརྐྱང་བསྐུམ་སྲིན་པའི་ཕྱག །རིག་བྱེད་ལྕགས་ཀྱུས་ཕྱག་རྒྱ་ཡིས། །སེམས་དཔའ་བསམ་གཏན་མི་གཡོའི་ཕྱག །ལུ་གུ་རྒྱུད་ཀྱི་འགྲོ་བ་འདུལ། །མ་མོ་འཛུམ་པའི་མདངས་དང་ལྡན། །རྣམ་པར་རྒྱལ་བ་ཁྱུང་གཤོག་རྫོགས། །ཀླུ་འབྲུག་འབྲོས་པའི་རྒྱ་དང་བཅས། །བརྐྱངབསྐུམ་ཕུང་བ་ཧཱུཾ༷་མཛད་འདྲེན། །དྲང་སྲོང་ཙོག་པུའི་ཚུལ་ཕྱག་འཚལ། །ལྷ་མོ་འཛུམ་མདངས་གཟི་དང་ལྡན། །དམ་ཚིག་སྦྱོར་བའི་ཚུལ་ཕྱག་བྱ། །ཀླུ་བྲོ་གར་ཕྱག་པདྨ་དབང་། །ཐལ་སྦྱར་མི་ཡི་ཕྱག་ཀྱང་འཚལ། །སྐྲུལ་ནག་ཞགས་པ་སྤྲུལ་པ་རྣམས། །དམ་ཚིག་སྦྱོར་བའི་ཚུལ་དུ་བྱ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དང་དུ་བླང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཐོག་མར་ཤེས་པ་དམ་པ་སྟེ། །དེ་ཡང་ལུང་དང་མན་ངག་ཤེས། །མི་འཁྲུགས་སྦྱོར་བའི་རྒྱུ་བཙལ་ནས། །བརྡའ་སྐད་ཚོགས་ལ་མཁས་པའི་གིང་། །ལས་དང་ཕྱག་རྒྱ་ལེན་ཤེས་ན །མང་པོའི་དོན་དུ་བྱེ་བ་རུང་། དགྱེས་པ་བསྐྱེད་དང་ཐུགས་དང་འཐད། །མཆོད་སྟོབ་རྡུལ་ཕྱག་འཁོར་དུ་བཅས། །ཏིང་འཛིན་མཆོག་དང་བཀྲ་ཤིས་ཤིང་། །ཡིད་འོང་ཉམས་དགའ་ལ་སོགས་པར། །དུས་དང་འཚོ་བ་ལ་སོགས་བསྒྲུབ། །རིགས་དང་ཡོ་བྱད་མཚན་མ་དང་། །ལང་ཚོ་མན་ངག་གདན་པའི་དུས། །བཟའ་བ་བཅའ་བ་བ་་བ་བགོ །རབ་ཏུ་འབད་པས་གནོད་བྲལ་བའི། །དག་པའི་རྫས་ཀྱང་ལྡབ་ཏུ་བྱ། །མ་དག་དམ་ཚིག་སྐོང་ཡོ་བྱད། །གོ་ཆ་སོགས་དགོད་དུད་པ་དང་། །འབྱུང་བཞིའི་ཁམས་ཀྱི་བབ་དང་བཅས། །བརྡའ་ཡི་བྱེ་བྲག་སྒྲ་སྒྲོག་པ། །མཆོད་དམ་སྐྱོ་བ་སེལ་བར་བྱེད། །སྒྲུབ་པ་སྐུ་དང་གསུང་ཐུགས་རྟེན། །བཀྲ་ཤིས་དག་པ་སྒྲུབ་མཆོག་ཞིང་། །དེ་དག་དང་པོ་བཞི་རུ་ངེས། །དཀོན་མཆོག་མགོན་པོ་སྙིང་རྗེ་བགེགས། །མདོ་བཞི་ཐབས་ཀྱི་བར་ཆད་མཆོད། །རྒྱལ་པོ་ཁྲོ་བོའི་སྟངས་སྟབས་དང་། །དམ་སྲི་སྒོ་བྱང་མ་ཏྲ༷་མནན། །རྒྱན་བསྡེབས་མེ་ཁྲག་སྟོང་པས་བསྲུང་། །དཀྱིལ་འཁོར་བྱུག་པ་ཚོན་ཐིག་གི །རྡོ་རྗེ་དྲིལ་བུ་སྐུ་རྫས་དགོད། །བླ་རེ་བཟའ་བ་་རྒྱན་གྱིས་བསྐོན། །རང་བཞིན་མེད་ལ་གོམས་པ་ཡིས། །ཅི་ཡང་འབྱུང་བའི་ཆོ་འཕྲུལ་དུ། །གནས་རྫས་འཁོར་སོགས་རབ་ཏུ་གནས། །སྲི་མནན་འདྲེས་དང་མ་འདྲེས་ལ། །རངབཞིནདཀྱིལའཁོར་བསྐྱེད་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲང་། །བྲེང་ངེ་བ་དང་དུང་ངེ་བ། ཁྲ་དྷ་བ་དང་བྷར་དྷ་བ། །ལྕང་ཀ་དེའུ་བང་དེལྭ །འཁོར་བ་སྤྱི་ནས་འདྲེན་པའི་བྲོ། །སྡུག་བསྔལ་ནད་མེད་ཐུགས་རྗེའི་བྲོ། །ཐུགས་ཀྱི་དབྱིངས་ནས་བསྐུལ་བའི་བྲོ །ཡེ་ཤེས་རྒྱན་གྱི་བྲོ་བོ་ཆེ། །མ་མོ་མཁའ་འགྲོ་འཁྲུགས་པའི་བྲོ། །ལསྐོ་སྲིན་པོ་བསྒྲལ་བའི་བྲོས། །བདུད་བཞི་མ་ལུས་འཇོམས་པ་དང་། །འདས་དང་མ་འདས་དངོས་གྲུབ་ཐོབ །དངོས་གྲུབ་བཟང་པོའི་མཚན་མ་ལ། །ཉམས་ལེན་བར་ཆད་གསལ་ཞིང་བླང་། །སྤྱོད་ལམ་རྒྱུན་གྱིས་རྣལ་འབྱོར་པས། །མ་ཉམས་བལྟ་བའི་གདེང་དང་ལྡན། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། བསྒྲུབ་པའི་དོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་གསུངས་སོ། །བླ་མ་དང་ནི་མཆེད་ལྕམ་ལ། །ལུས་ངག་ཡིད་ཀྱིས་གུས་པར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡི་དམ་ལྷ་དང་གསང་བའི་བཅུད། །མི་སྤང་སྣོད་ངན་སྤེལ་མི་བྱ། །འདི་ནི་སྐུ་གསུང་ཐུགས་ཀྱི་དམ། །གཟུངས་མ་མཚན་ལྡན་དང་དུ་བླང་། །ཞིང་བཅུ་ཡལ་བར་དོར་མི་བྱ། །ཁྱད་པར་རྫས་ལ་བླང་བར་བྱ། །བབ་འཐིག་སྣོད་ངན་ངག་འཁྱལ་དང་། །ཚིག་རྩུབ་ལྟ་ངན་ཞེ་ཡང་བཅད། །གླང་པོ་མི་རྟ་བྱ་ཁྱི་དང་། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །མུ༷་ས་པདྨ་རཀྟ་རྣམས། །དག་པའི་བདུད་རྩི་ཆེན་པོ་ཡིན། །ཉོན་མོངས་ལྔ་ཉིད་རྣམ་དག་པས། །སྤང་བར་བྱ་བའི་རྒྱུ་ཡང་མེད། །རང་གི་ཕུང་པོ་ལྷར་ཤེས་ནས། །རིགས་ལྔའི་སངས་རྒྱས་ལོགས་ན་མེད། །ཡོན་ཏན་མཐའ་དག་ལྡན་གྱུར་ན། །བསྒྲུབ་ཅིང་དང་དུ་ཡོངས་ཀྱིས་བླང་། །རྒྱལ་བློན་ཕལ་པ་ལྷ་སྲིན་ལྡང་། །ནད་མང་ནོར་འབྲི་ཚེ་ཐུང་བས། །མྱུར་དུ་གསོ་བའི་ལས་ལ་འབད། །མཆོད་པ་སྣ་ཚོགས་གཏོར་བསྐང་བས། །རྩ་བ་ལ་ནི་གསུམ་ཡིན་ཏེ། །ཡན་ལག་རྒྱུན་དུ་བསྐང་བ་དང་། །རྩ་བ་ཉམས་པའི་རྣལ་འབྱོར་བས། །བསྐལ་པ་གཅིག་གཉིས་གསུམ་བར་དུ། །རྡོ་རྗེའི་དམྱལ་བར་སེམས་རྒྱུན་འཚིག །ཡན་ལག་ཉམས་ན་ངན་འགྲོར་ལྟུང་། །ཚེ་འདིར་བསམ་པ་འགྲུབ་པ་དང་། །ཕྱི་མར་སངས་རྒྱས་ས་ལ་འགྲོ། །དེ་ཕྱིར་རྣལ་འབྱོར་དམ་ཚིག་བསྲུང་། །ཁྱད་པར་སྒྲུབ་པ་བྱེད་པའི་ཚེ། །ལུས་ངག་ཡིད་ཀྱི་བྱ་བ་ཡིས། །སྟོན་པའི་བཀའ་བཞིན་བསྲུང་བར་བྱ། །དེ་བས་མ་ཡི་ངག་ལྟར་ཉོན། །དབང་ཆེན་འདུས་པའི་རྒྱུད་ལས། །དམ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བརྟུལ་ཞུགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཁྱུང་ཆེན་བརྟུལ་ཞུགས་ལྟ་འཕང་བཅད། །གླང་ཆེན་ལྟ་བུར་སྤྱོད་པ་དོར། །ཝ་ལྟར་ཆོས་དང་མི་མཐུན་དོར། །གྱི་ལིང་ལྟ་བུར་བརྩོན་འགྲུས་མྱུར། །ཁྱི་ཕག་ལྟ་བུར་གཙང་སྨེ་སྤང་། །བུ་ཆུང་ལྟ་བུར་བླང་དོར་བྲལ། །སྨྱོན་པ་ལྟ་བུར་འཇིགས་མེད་སྤྱད། །བུང་བ་ལྟ་བུའི་བདུད་རྩི་བླང་། །དྲང་སྲོང་སྤྱོད་པས་བརྩོན་འགྲུས་བསྒྲུབ། །བུ་བཞིན་མ་ཡི་ངག་ལ་སྤྱད། །དཀའ་བ་ཐམས་ཅད་དང་དུ་བླང་། །བགེགས་དང་འབྱུང་པོ་ཐོག་བརྫིས་བྱ། །ལུས་ངག་ཡིད་གསུམ་ལྷ་སྐུར་སྦྱར། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་ཁྲོན་ཏུ་བརྐོ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བདུད་རྩི་ཟས་སུ་ཟ་བར་བྱ། །རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཀྱིས། །རྟ་སྐད་ཐེངས་གསུམ་འབོད་པར་བྱ། །དཔལ་གྱི་རྟ་སྐད་ཆེན་པོ་ཡིས། །ཡང་དག་སྐུ་གསུམ་དབྱིངས་ནས་བསྐུལ། །མ་མོའི་བརྡའ་སྐད་སྦྲན་པ་ཡིས། །བརྡའ་སྐད་ཀློང་རྡོལ་ལས་ལ་རྦད། །རྣལ་འབྱོར་གསང་བ་བརྡའ་སྐད་ཀྱིས། །མཉམ་དང་བསྐུལ་དང་རྟགས་ཙམ་འཛིན། ཁྲ་རུལ་དོང་དུ་བཅུག་པ་ལ། ཁྲ་སྦྲང་ཤིན་ཏུ་འདུ་བ་དང་། །སྦྱང་དང་ལུག་བཞིན་བྲེད་པ་དང་། །ཁྱི་དང་ཕག་བཞིན་རྦད་པར་འགྲོ། །དཔལ་གྱི་ཕེ་བརྡབས་ཧཱུཾ༷་སྒྲ་ལས། །བསྒྲུབ་པའི་དབྱངས་དང་ཚངས་པ་ཡིས། །ཞིང་ཁམས་རི་རབ་རྩེ་ལ་བླངས། །གསུམ་ཞེས་བྱ་བ་དགུ་ཡི་ཆོས། །ལྟ་བ་སྤྱོད་དང་བསྒོམ་པ་དང་། །འབྲས་བུ་བཞིན་དུ་གར་གྱུར་པ། །རྦད་པས་ཐལ་བ་བཞིན་དུ་རློག །ལྷ་སྲིན་ཐམས་ཅད་དབང་དུ་སྡུས། །དཔལ་གྱི་སྐུ་དང་གཉིས་སུ་མེད། །འདི་ནི་རྣལ་འབྱོར་སྤྱོད་པ་ཡིན། །དབང་ཆེན་འདུས་པའི་རྒྱུད་ལས། །སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །སྔགས་ལ་རྒྱུ་འབྲས་ཐམས་ཅད་ཀྱང་། །ཆོས་རྣམས་རྒྱུ་་འབྲས་མི་བསླུ་བས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །གར་གྱི་དབང་ཕྱུག་སྐུར་གསལ་བ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཐམ་ཅད་གཅིག་ཏུ་བསྡུ་ ས་པས་ན། །རྡོ་རྗེ་པདྨ་འཛིན་པའོ། །དེ་ཡི་ཐུགས་ཀར་ཀུན་རྫོབ་ནས། །སྐུ་གསུམ་ལྷུན་གྱིས་གྲུབ་པས་ན། །ཟག་པ་མེད་པའི་འཕྲོ་འདུ་འགྱེད། །རིན་ཆེན་གཡུ་ཡི་ཆུ་མིག་ལ། །ཡིད་བཞིན་བདུད་རྩི་བབས་པ་ལས། །སྐལ་ལྡན་གང་༷ཞིག་བསྒྲུབ་པ༷་ནི། །འུགྲུབ་་གྱུར་འདི་ལ་ཐེ་ཚོམ་མེད། །ཆོས་ཉིད་སྐྱེ་མེད་རྒྱ་མཚོ་བཞིན། །མི་སྐྱེ་མི་འགག་མི་གཡོ་དང་། །དྭངས་ཤི་ང་རྟོག་མེད་རྒྱ་མཚོའི་དབྱིངས། ཁུ་མ་འི་ཕྱག་རྒྱ་གསལ་བ་ནི།་ །དཔལ་ཆེན་ཡུ༷མ་ནི་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་གཉིས་སུ་མེད། །དངོས་པོའི་ཚུལ་གྱིས་སྦྱོར་ཞིང་འཁྲིལ། །འིཕྲོ་འདུ་བྱང་སེམས་འོད་ཟེར་ནི། །གས་ང་ཡུམ་ཕོ་་༷ཉའི་ཚོགས་ལ་སོགས། །དངོས་པོ་སྤྲུལ་སྐུ་སྤྱིར་སྣང་མོད། །དོན་འདུས་ཆོས་དབྱིངས་རྒྱ་མཚོ་འདྲ། །དེ་ལ་སྤྲོས་ཀྱང་འཕེལ་འགྲིབ་མེད། །ལྟ་བ་རྒྱ་མཚོའི་རིན་ཆེན་བཞིན། །དེ་བསྡུས་ཉུང་ཞིང་འགྲིབ་པ་མེད། །རྒྱ་མཚོའི་རླབས་ལྟར་དབྱིངས་སུ་ཐིམ། །འདི་རྟོགས་རྣལ་འེབྱོར་སྐལ་བར་ལྡན། །སྤྱོད་པ་མཁའ་ལ་སྤྲིན་ཚོགས་ལྡིང་། །ཇི་ལྟར་བལྟས་ཀྱང་དབྱིངས་ན་ཡིན། །ནམ་མཁའ་བྱ་བཞིན་ལྟུང་གནས་མེད། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །ངེས་པའི་དོན་རྟོགས་གནས་རབ་བགྲོད། །ཅེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། ལྟ་བ་གཡུའི་ཆུ་མིག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་པྲུ་ཛ་སྣ་ཚོགས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །མེ་ཏོག་བདུག་པ་མར་མེ་དྲི། །དཀར་སེར་དམར་ལྗང་ལྷ་མོ་ཡིས། །སྤྱན་ཤངས་ཐུགས་ལ་དབུལ་བར་བྱ། །ཚད་མེད་བཞི་དང་ལྡན་པར་འགྱུར། །ཨཱོཾ་ནཱ་མ༷༷སརྦ་ཏ་ཐུ་ག་ཏ། དུསྤྲོ དྷ་ཡེ། ཨུ་ལོ་ཀེ གརྙེ༷། པྱུ་ཛུ་མེ་བྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ༷། རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །རིན་ཆེན་ལྷ་མོ་དཔལ་འཕྲེང་ཅན། །པདྨའི་ལྷ་མོ་གླིང་བུའི་སྒྲ། །ལས་ཀྱི་ལྷ་མོ་གར་མཁན་མ། །ཡེ་ཤེས་བཞི་དང་རྨིཉམ་པར་རོལ། །ཨཱོཾ་ཨུ༷༷ཧཱུཾ༷། ལྭ་པྱེ་ཧཱུཾ༷། མུ་ལེ་ཧྭ༷། གིསྟི་སྙི༷༷། ནིར་ཏི་ཨ། འཁོར་ལོ་རིན་ཆེན་མུན་པ་སེལ། །གླང་པོ་རིན་ཆེན་སྟོབས་དང་ལྡན། །བློན་པོ་རིན་ཆེན་དམ་ཆོས་སྐྱོང་། །བཙུན་མོ་རིན་ཆེན་དབྱིངས་དང་ལྡན། །རྟ་མཆོག་རིན་ཆེན་རྫུ་འཕྲུལ་ཤུགས། །ནོར་བུ་རིན་ཆེན་ཕོངས་པ་སེའ།། །དམག་དཔོན་རིན་ཆེན་བདུད་བ་ཞི་འདུལ། །རྒྱལ་སྲིད་མཆོད་པ་བླ་ན་མེད། །རཏྣ་པུ་ཛུ་མེ་བྷ་ཧཱུཾ༷། དཔལ་ལྡན་པདྨ་ལྕང་ལོ་སྲ གླང་པོ་མི་རྟ་བྱ་ཁྱིའི་ཤ །སངས་རྒྱས་ཡེ་ཤེས་འོད་ཟེར་འཕྲོ། །དམ་རྫས་ལྷ་ཡི་མཆོད་པ་འདིས། །མངོན་པར་ཤེས་པ་ལྔ་ཐོབ་བྱེད། །ཨོ་བ་ལི་ཏ་ཏེ་ཛོ་བ་ལི་ཏ་བ་ལ་བ་ཏི་སྒུ་རྒྱ་ས་མ་ཡེ་གྲྭ་ཧྭ། དཔལ་གྱི་ཞལ་བུ་ཕོ་བྲང་དུ། །རང་བྱུང་རྣམ་དག་བདུད་རྩི་ལྔ། །རིན་ཆེན་རྣམ་སྣང་ཆོས་ཀྱི་དབྱིངས། །བྱང་སེམས་ཞེ་སྡང་མེ་ལོང་ཐུགས། །ཤཱ༷་ས་མཉམ་ཉིད་རིན་ཆེན་རིགས། །པདྨ་རཀྟ་འོད་དཔག་མེད། །དྲི་ཆུ་ཆེན་པོ་བྱ་བ་གྲུབ། །དུག་ལྔ་ཡེ་ཤེས་ལྔར་རྟོགས་བྱེད། །ཨོ་ཨ་མྲི་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུཾ༷་ཕཊ། ཞིང་གི་ཆོས་དབྱིངས་རྣམ་པར་དག །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དུ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཐོས་ཀྱི་ལོངས་སྤྱོད་རྣམས། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཡེ་ཤེས་ལ་ཡང་ཡེ་ཤེས་རོལ། །ཆོས་ཉིད་ལ་ཡང་ཆོས་ཉིད་བཞེས། །ཀུན་ཏུ་བཟང་པོས་མཉེས་གྱུར་ཅིག །ནམ༷༷སརྦ་ཏ་ཐུ་ག་ཏེ་སྨྱོ་སྟི་ཤྭ་མུ་ཁེ་བྷ༷༷། སརྦ་ཐ་ཁ༷་ཨུདྭ་ག་ཏེ་སྤར་ཎ་ཧི་མ༷་ག་ག་མ་ཁ༷་གྲྭ་ཧྭ། བདག་རྟོག་ཕུང་ཁམས་སྤྱོད་ཡུལ་རྣམས། །ཡེ་ཤེས་ལྷདང་གཉིས་མེད་པས། །དགྱེས་པར་རོལ་པའི་མཆོད་པ་འདི། །གཉིས་མེད་བླང་དོར་མེད་པར་བཞེས། །འཁོར་བ་མ་རིག་མུན་པ་ལས། །སྟོབས་ཆེན་ཡོངས་སྒྲལ་ཤ་དང་ཁྲག །དགྱེས་པར་རོལ་པའི་དམ་རྫས་ཀྱིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་། །དབང་ཆེན་འདུས་པའི་རྒྱུད་ལས་མཆོད་སྦྱིན་དམ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །གང་གི་ཚེ་ཉམས་ཚེ་ཡར་བ། །དྲོད་ཚད་ལྡན་པའི་སློབ་དཔོན་གྱིས། །དཀྱིལ་འཁོར་རྩིབས་དྲུག་གང་རུང་ཡང་། །བུམ་པ་ཞལ་ཟས་རྫས་བཤམས་ཏེ། །གཟི་ལྡན་མ་དང༷་ཁམ་རྒྱ་དྲུག །གཤོག་པའི་མ་མོ་བཞི་བསྐྱེད་ནས། །ཚེ་བསྐུལ་བསྒྲུབ་དང་གུག་པ་དང་། །གཟུང་དང་བསྟིམ་དང་སྤ་བ་དང་། །དབང་བསྐུར་དངོས་གྲུབ་བླང་བ་དང་། །རྒྱས་བཏབ་ལྷ་དང་ཚེ་ཚད་མཉམ། །ཨཱོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨུ་ཨུཙྭ་ན་སུ་བི་ནི་སྩི་ཏ་ཏེ་ཛོ་རྭ་ཛུ་ཡ་ཏ་ཐུ་ག་ཏྭ་ཡ། སརྦ་ས༷་སྐུ་ར་པ་རི་ཤུརྙི་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་ཝ་བི་ཤུདྷི་མ་ཧྭ་ན་ཡ་པ་རི་ཝ་རེ་སྲུ་ཧྭ། གང་གི་ལས་ཀྱིས་ཚེ་འཕོག་པས། །དངོས་གྲུབ་ཆེན་པོ་བལྟ་བ་གཅད། །རིན་ཆེན་གའུ་རིན་ཆེན་བླངས། །མཆོད་སྤྱིན་སྲད་པ་ཆེན་པོ་བྱ། །གཞལ་ཡས་ཁང་དུ་སྡུ༷་ལས་བསྐྱེད། །རྡོ་རྗེ་རོལ་མོའི་གར་གྱིས་ཁྱེར། །དྲི་ཞིམ་དག་གི་ཆུ་ཡིས་བཀྲུ། །བར་དོའི་ཤེས་པ་བརྟེན་ལ་དགུག །ངན་སོང་སྦྱོང་བའི་བྲོ་ཡིས་སྦྱོང་། །སྐྱབས་གསོལ་སེམས་ལྡན་དཀྱིལ་འཁོར་གཞུག །ལྷ་དང་་རིག་པ་མཁའ་ལ་གཞུག །དགྲ་དང་བགེགས་ཀྱི་ཤེས་པ་བསྟིམ། །དུག་གསུམ་འཁོར་བའི་ཆུ་ལས་བསྒྲལ། །ལྷ་དང་མཆོད་པའི་དམ་རྫས་བསྐྱེད། །ལས་ངན་སྡིག་སྒྲིབ་མ་་ལ་སྦྱང་། །ཐལ་བ་སྐུ་གདུང་མཆོད་པའི་རྟེན། །གཤེད་ལྕགས་ལྡང་པ་མེད་པར་མནན། །ལོངས་སྤྱོད་བདག་ཉིད་རོལ་བ་ཡིན། །ཨཱོཾ་སུསྟ་ནི་སུསྟ་ཧཱུཾ༷། གི་ཎྜ་སྐོ་ཎྜ་ཧཱུཾ༷། སྣྲོ་ཟློ་པ་ཡ་སྐོ་རྙི་པ་ཡ་ཧཱུཾ༷། ཨུ་ན་ཡ་ཧོ། །བྷ་ཀུ་ལྷ་ན། བིབྱ་ར་ཛུ་ཡ་ཧཱུཾ༷། ཧི་ལས་བྱུང་བ་དམར་མོའི་སྐུ༷། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ནེའུ་ལེའུ་རྐྱལ་བ་མཆན་ན་བསྣམས། །རྡོ་རྗེའི་སྔགས་ཆུ་བདག་ཉིད་བ་་། །ཟས་ནོར་འདོད་པས་མཆོག་་ཏུ་སྔགས། །ཨཱོཾ་ཛསྦྱུ་མོ་ཧི་ཧི་ཐི་ཧྲི་ད་ཡ་མ་བར་པ་ནི་ཧཱུཾ༷་ཕཊ་གྲྭ་ཧྭ། ཨཱོཾ་རྙོ་བེ་མོ་ཧེ་ཐི་བི་ནི་རི་ཧ་མ་མ་བ་སུ་བྲེརྙུ་ཀུ་རུ་་་ཛ། གནོད་སྦྱིན་མོ་ནི་ནོར་འཁྱིལ་མ། །མོན་ནག་སྤྱན་དམར་གཡས་པ་ན། རིན་ཆེན་བུམ་པ་ཐུགས་ཀ་ན། །གཡོན་པ་ནེའུ་ལེ་རིན་ཆེན་སྒྱུགས། །གོས་ནོར་ཟས་ཀྱི་བདག་མོ་ཡིན། །ཆངས་བུ་ལན་བདུན་གསུམ་དུ་ནི། །ཁྱིམས་དང་སྐྱེ་རགས་གཙང་མའི་ས། །ཨཱོཾ༷་ཏབྱ་ཐུ་ཨ་ན་ལེ་ཀུཎྜ་ལི་བྷ་ན་བི་ཤ་ཙི་ན་ཡེ་གྲྭ་ཧྭ། ཨཱོཾ༷་ན་མོ་ཁྲ་མོ་ཁྲི་ཡེ་སྲུ་ཧྭ། ཨཱོཾ༷་ན་མ་ཁྲི་ཁ་མུ་མ་ཧྭ་ཁྲ་མོ་མ་ཧྭ་ཙི་ན་ཡེ་གྲྭ་ཧྭ། ལྟས་ངན་འདི་ཡང་བསྒྲུབ་ཁང་དང་། །རྟོལ་མོ་རོག་མོ་ལ་མཛེར་ཅན། །སྲིན་པོའི་ལག་པ་འཕར་སྦྱང་ལྕེ། །རྫས་སྣ་གསུམ་གྱི་རིལ་བུ་བྱ། །གཏོར་མ་དུས་དྲུག་རང་ཉིད་ཀྱང་། །ཚ་བའི་ཟས་སོགས་ཤ་ཆང་བཟའ། །སྟག་གཡག་སྐྱེས་པ་བུད་མེད་ཞོན། །མདུན་དུ་མི་ལ་བྲིད་པའི་སྐུ། །མི་སྨྲ་མི་འཕྲོ་མི་ཡུར་ཞིང་། །ལྷ་བསྙེན་གོང་དུ་སོང་པས་བཟླས། །རྫས་མེད་གྲུབ་པར་མི་འགྱུར་རོ། ཁྲན་ནི་པ་སིན་ཏྲ་ས་མ་ཡ་ཛ། ཤད་ནེ་མ་སེན་ཏ་མ་ར་ཡ་ཕཊ། མུ་ར་ཡ་ཛ། ཆེ་གེ་མོའི་ཙིསྟ་ལ་ཆུམས། །ཐུམས་ལིང་། །རྦད་སུ་ལིང་། ཤང་ཤན་རྒྱུག་རྒྱུག །རྦུད་རྦུད་ས་མ་ཡ་ཕཊ་ཛ། གང་ག་རྐང་ལག་རེང་བྱེད་པ། །སྣག་ཚ་ནང་དུ་མཚོན་རྩེ་བརྡར། །རབ་པོ་འཁོར་ལོ་རབ་གནས་བྲི། །དབང་གི་སྐུར་བསྒོམ་བཟླས་པས་འགྲུབ། །ཨཱོཾ༷་ན་ཏྲ་མུ་ལ་ནི་གྲྭ་ཧྭ། མ་མ་སརྦ་དུ་ཁྲ། མུ་ཁ་སྟ༷་བྷ་ཡ། ཧས་ཏ་བྷན་ཐུ་ཡས་ཐད་བྷན་དྷ་ཡ། ཧཱུཾ༷་ཧཱུཾ༷་ཧཱུཾ་ཕཊ་ཕཊ་ཕཊ་སྲུ་ཧྭ། རྡོ་རྗེ་གོ་ཆ་གོན་བྱེད་པ། །རིམ་པ་བཞི་པའི༷་འཁོར་ལོ་ལ། །རྡོ་རྗེ་རྡོ་རྗེའི་ག་ལོགས་བྲི། །ཀ་དང་ཀ་ཡི་ཡ་ཏ་ཅན། །འཆང་ལ་བསྲུང་བའི་མིང་གིས་བསྐོར། །སྔགས་བཅས་རྡོ་རྗེ་ཕྱེད་པ་བཟློག །བྲིས་ན་བཏགས་ན་སྲུང་པའི་མཆོག །རྡོ་རྗེའི་གོ་ཆ་བླ་ན་མེད། །ཨཱོཾ་ཀྲུ་ཡི་ཝ་ཁར་ལྕེ་མ་ར་ཐ༷་སུ༷་འབྱུང་ཀླ་གཙང་ནི་རྣམ་པ་དུག་རྣམས་བཟློག །ཡུལ་ཁམས་རབ་ཏུ་སྲུང་བྱེད་པ། །རིན་ཆེན་རྫ་ཡི་གའུ་མྲ །དཀར་གསུམ་མངར་བའི་རྣམ་པ་དང་། །ཡེ་ཤེས་ལྔ་དང་འཇའ་ཚོན་ལྔ། །སྐུ་དག་སྲིན་མོའི་འོ་མ་དང་། །སྔགས་ཀྱི་འབྲུ་གུ་རྨུ་ཡི་དཀར། །དེ་ནི་སེར་བའི་གདོང་དུ་གཏད། །སིར་བའི་ཁལ་རྟ་མགོ་བཅད་དེ། །རིལ་བུ་སྔགས་རྫས་རྒྱས་བཏབ་ནས། །གཤེད་ཀྱི་ཐོད་པ་སྟེང་དུ་སྐྱོན། །སེང་སྒོ་སེར་བའི་སྲང་ཡང་བཅད། །དྲོད་ཀྱི་དཔག་བསམ་གཞུ་བྱ་སྟེ། །དྲག་པའི་མདའ་ལ་བཙན་བྱའི་སྒྲོ། །སྲིན་གྱི་རྔ་མས་རྒྱུད་སྦྱར་ཏེ། །གདོང་བཟློག་མདེའུ་རྩེ་གནམ་དུ་གཏད། །བདག་ཉིད་རྟག་དོང་ཨོ་ཚུགས་བསྒོམ། །ཨོ་ཀ་ཛ་ཏི་ཕོ་ཉར་མངག །དྲག་པོའི་རྫས་སྣ་ཚོགས་ཚད་ལ། །བསྙེན་ཅིང་གདོང་དུ་གདབ་པར་བྱ། །ཨཱོཾ་ཏབྱ་ཐ་ཙ་ཏི་ཙ་ཏི། གུ་གུ་ཏི། ཤ་ར་ཤ་རཤུར་ཤུར། མ་ལི་མ་ལི། ཀྱི་ལ་ཀྱི་ལ་སྨྱོ་སྦྱོ། སུ་པྲ་ཏི་ཛ་ཡ། མི་ལི་མི་ལི མ་མ་རུ་ལུ་རུ་ལུ། ཧཱུཾ༷་སྨྱོ་ཧཱུཾ༷་ཕཊ་ཏ་ར། ཨོ་ན་ག་ཤེ་དུ་མ་པ་ཤེ། ནན་ཏི་ས་མ་ཡ། ཤཱཀྱ་ཧཱུཾ༷་ཕཊ་གྲྭ་ཧྭ། ཨོ་འབྲུག་ཐོག་ཕྱིར་རུ༷་གྲྭ་ཧྭ། ཞིང་བཅུ་བསྒྲལ་བའི་ལས་བྱ་ན། །རིན་ཆེན་དབང་གི་གཤོང་པ་མྲ །པདྨ་རཀྟ་མཚལ་ཆེན་དང་། །ཟེ་མ་ཀ་ལ་བིར་འདྲའི་སྙིང་། །འདོད་ཆགས་རང་གཤེད་ཐོད་པ་སྲ །ཁྲག་དུག་སྙིང་སྣ་མང་པོའི་སྙིང་། །བྱ་མོ་ནག་མོའི་གྲི་སྙིང་ནང་། །དོན་པོ་ལེབ་རྒན་ཁ་ཡང་བཅད། །མདུན་དུ་མུ༷་ལས་བྱང་ཆུབ་མ། །དམར་སེར་གྲི་དང་བྷན་དྷ་བསྣམས། །མ་མོ་ནག་མོ་དུན་སྨྱོ། །མ་མོ་དུན་ཏིང་མ་ལས་ལ་དུན་སྨྱོ། །སྒག་རསྒ་ཛ་མུན་ཏི་སྙིང་ཤད་ཤད་དྲི་ཛ་དུན་སྨྱོ། །འུར་སྐམ་མེ་ཤ་ར༷་ཁ་ཁ་ཧ་ཧ་གྲ་ཏ་ཧྲི་ཛ་ཛ། ཙ་ཐུན་སྨྱུ་ར་ཡ་ཐུན་སོད། ཤག་ཐུན་མྱ་ར་ཡ་ཐུན་སོད། རུ་རུ་རག་མོ་མྱ་ར་ཡ་ཐུན་སོད། མ་མ་མུག་ཏི་སྒྲི་ན་ཐུན་སོད། མ་མ་ཤ་ཐུན་ཏི་ཐུན་སོན། མ་མ་ཐུན་ཐུན་མུ་ར་ཡ་ཐུན་སོད། ཤག་ཤག་མཐུན་མུག་ཤག་ཐུན་སོད། མ་མ་རག་མོ་མ་ཏི་ཛ་ཛ། རསྒ་རུ་རུ་ཙ་མུན་ཏི་ཀི་ལ་ཡ་རྦད་རྦད། ་ག་རསྒ་ཙ་མུ་ན་ཏི་ཀི་ལ་ཡ་རྦད་རྦད། མ་མ་སྙིང་ཁར་ག་དྲི་ཛ། པ་ལ་ནིས་ནི་མུགས་མུགས། རག་མོ་ནི་ཧེ་ཧེ་ཛ། ཐུམ་རི་ལི་རྦད་རྦད། སྒག་རསྒ་མུ་ཏྲ་སྙིང་ཁ་རག་མོ་དུན་བྱོ། །སྲིད་གསུམ་པར་དུ་སྡུད་པ་ཡི། །བདག་ཉིད་དམར་མོ་ཉིད་དུ་བསམ། །མདའ་དང་ལྕགས་ཀྱུ་གཞུ་དང་ནི། །ཨུཏུལ་འཛིན་མ་བསམ་ལ་བཟླས། །ཨོ་ཀུ་རུ་ཀུ་སླེ་སྙི༷༷སྲུ་ཧྭ།འབུམ་ཁྲི་བྱེ་བ་བདུན་འབུམ་གྱིས། །ཕྱུག་བདག་ལྷ་མིན་རྒྱལ་པོ་དང་། །སྐྱེ་དགུའི་འཇིག་རྟེན་དབང་དུ་གྱུར། །དམ་ལ་མི་གནས་བསྒྲལ་བའི་ཞིང་། །ཕོ་མོ་ཐོད་པ་དམར་ནག་ཏུ། །ཁྲག་དུག་སྙིང་སྣའི་རྫས་ལ་འདོད། །དང་པོར་བཅུ་པ་བསྒྲིམས་ཏེ་གྲངས། །གཟེར་རམ་ཁོང་ཁྲག་ཡོད་གྱུར་ན། །དགོས་པའི་སྔགས་བྱང་འབྲུ་གཅིག་དབྱུང་། །བཅུ་གཉིས་དག་ཏུ་གཏོར་བའོ། །བླ་དགས་དག་ནི་བྱུང་གྱུར་ན། །བཅུ་གསུམ་དག་ཏུ་རྦད་སྨྱོ་བཟློག ཁྲན་དམར་གློ་དམར་རྟགས་བྱུང་ན། །དགུ་པ་གཏོར་ལ་འབྲུ་གཅིག་དབྱུང་། །ཁྱི་ནག་མ་མོ་བཟློག་གྱུར་ན། །ལྔ་དང་དྲུག་པ་མཐའ་བརྟུལ་དབྱུང་། །བདུན་དུ་གཏོར་བ་མན་ངག་ཡིན། །ཐོག་མར་འབྲུ་བཞི་འཁོར་ལོའི་སྔགས། །བཅུན་ཡིན་བཅུ་པས་ཆོ་འཕྲུལ་འཇིལ། །ལྔ་རུ་གཏོར་བ་མན་ངག་ཡིན། །མུན་ལྟར་གཏིབས་པའི་མ་མོ་དམར། །ལྕགས་ཀླུ་ཞགས་ཐོགས་སྔགས་འདི་ཡིན། །མུ་རསྒ་ཛ་མུན་ཏི་ཁ་ལ་སྨྱོ་རྦད །རླུད་སེམས་སྲོག་རྩོལ་ལྡན་པ་ཡིས། །སྲིད་གསུམ་སེམས་ཅན་ལས་ལ་སྤྱོད། །སྲིད་པའི་བར་དོར་གནས་པ་ཀུན། །པདྨ་དབང་ཆེན་ཁྲག་འཐུང་གིས། །རིགས་དྲུག་བཀུག་ལ་རྟེན་ལ་བསྟིམ། །སྐྱབས་གསོལ་སེམས་བསྐྱེད་ས་ལ་བཞག །དཀྱིལ་འཁོར་གཞུག་པ་གཉིས་པ་སྟེ། །བ༷ སྙེན་པར་སྣང་བ་བྱ་བ་དང་། །ཉེ་བསྙེན་དང༷་ནི་བསྒྲུབ་པ་དང་། །སྒྲུབ་ཆེན་ཐོབ་ནས་སྐུ་གསུམ༷་གྱི། །ས་ལ་བཞག་པ་བདུན་པ་སྟེ། །བག་ཆགས་ལས་ངན་བྱང་བའི་སྔགས། །ངན་སོང་རིགས་དྲུག་གཞོམ་པར་བྱ། །ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ༷་ཧཱུཾ༷་ཕཊ། ཨཱོཾ་སརྦ་དུ་རྒ་སརྦ་ག་མེ་སརྦ་ཀླེ་ཤ་ཧེ་ཏུ༷་ཧཱུཾ༷་ཕཊ། ཨཱོཾ་པར་བིད་ཁརྒ་སྣྲིསྡོ་ཧཱུཾ༷་ཕཊ། ཚོན་སྣ་ལྔ་ལྡན་སྲད་བུལ །རྡོ་རྗེ་གསུམ་གདབ་མདུད་པའི་རྒྱ། །ཡེ་ཤེས་ལྷ་བསྟིམ་བོའོ་ཞུ་ནས། །སྐྱབས་འགྲོ་གསོལ་གདབ་ལུས་ལ་གདགས། །གྲོ་ག་ཤིང་ཤུན་དྲི་ལྡན་ཆུས། །ཡི་དམ་སྔགས་དང་ཕྱག་རྒྱ་བྲིས། །རབ་ཏུ་གནས་ཏེ་གང་ཡིན་ལ། བཏགས་ན་གདོན་བགེགས་འཇོམས་པར་ནུས། །སྤྲིན་མེད་དྭངས་པའི་ཆོས་དབྱིངས་སུ། །ཚེ་ཡི་ཕྱག་རྒྱ་བཞི་བཅིངས་ནས། །དེའི་ཚེ་ཐུབ་དང་མི་ཐུབ་པའི། །བར་ཆད་ངེས་པར་བརྟག་པར་བྱ། །ཚེ་བསླུ་ཚེ་བསྐྱེད་ལ་སོགས་པས། །རྣལ་འབྱོར་ཚེ་སྲོག་བརྟན་པར་གཟུང་། །རང་རིག་བསྒོམ་ལ་གཞོལ་བ་ཡིས། །མདུན་གྱིས་དམིགས་པ་འགུལ་གྱུར་ན། །ཧཱུཾ༷་གི་སྒྲ་དང་སེམས་སུ་བཅས། །ཡི་དམ་ལྷ་ཡི་ཐུགས་ཀར་འགྲོ། །དང་པོ་ཞི་བའི་དུས་ཉིད་དུ། ཁྲར་དུ་ཁ་བལྟས་ནམ་མཁའི་གནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མདོག་དཀར་བདུད་རྩི་ལྷུང་བཟེད་བསྣམས། །སྤྱན་དྲངས་མཆོད་པ་ཕུལ་ནས་ནི། །བདུན་པོ་རྣམ་དག་མཉེས་བསམས་ནས། །གཡས་ཀྱི༷་རླུད་གིས་དངོས་གྲུབ་བསྐུལ། །གཡོན་གྱི་རླུད་གིས༷་བླངས་ནས་ནི། །རང་གི་ཐུགས་ལ༷་བསྟིམ་པ་དང་། ཁོན་ཏུ་བརྟན་པར༷་བྱ་བ་དང་། །མི་གཡོ་འཆི་མེད་ཐོབ་པའི་སྔགས། །ཉི་ཤུ་རྩ་གཅིག་གྲངས་དང་བཅས། །ཨོ་ཨུ་ཡུ་ཁེ་ས་ར་ཧ་ག་ར་རི་ཤ་ར་རི་ཧཱུཾ༷་ཕཊ་གྲྭ་ཧྭ། ཨཱོཾ་ཨ་མ་ར་ཁི་རྡོ་ཝན་ཏི་ཡེ་གྲྭ་ཧྭ། ཨཱོཾ་མ་ཧྭ་ཨ་མ་ར་ཨུ་ཡུར་ཙྭ་ན་རྒྱུ༷་ཧཱུཾ༷། ཨཱོཾ་ཨ་མ་ར་ཁི་དོ་ཝན་ཏི་གྲྭ་ཧྭ། །གང་གི་ཆུང་ཚེ་འཕེལ་བྱེད་པ། །སྤུ་མེད་བྱ་ཡི་སྒྲོ་དང་ནི། །བྱང་ཆུབ་འཕེལ་བའི་དཔག་བསམ་ཤིང་། །རོ་དང་ལྡན་པའི་གསེར་མདོག་དང་། །ཟ་བྱེད་ཕྲ་མོའི་སྡེར་མོ་དེང་། །རབ་ཏུ་གཅེས་སོགས་རྫས་བཅངས་ཏེ། །གནམ་གཏའ་ཆོས་ཀྱི་དབྱིངས་སུ་སྦ། །བར་གཏའ་ལྷ་སྲིན་སྲོག་ལ་བབ། །ས་གཏའ་སྲིད་ཀྱི་ས་གཞི་གཟུང་། །འཇམ་པ་པོ་དང་རི་དྭགས་རྒྱལ ༷།ཛ་མི་ཀ་སོགས་བརྟག་པར་བྱ། །རྒྱལ་བསེན་ས་བདག་གཅ་ལ་བོར། །མེད་བཙལ་ཡོད་གསོ་ཤི་འཕྲོག་ཅོད། །བྱ་གདོན་མངལ་ཁ་ལ་སོགས་པས། །སྲའུ་གསོ་བ་བླ་ན་མེད། །འགོ་བའི་ལྷ་ལྔ་བསྟེན་པར་བྱ། །ཨཱོཾ་ཨུ་ཡུསྨོ་ན་སྒྱུ༷་གྲྭ་ཧྭ། ཟླ་བ་ཞག་ལ་སོགས་པ་ཡི། །ཀེག་དང་བཅས་པའི་གཏོར་མ་ཡིས། །གདོན་ཆེན་བཅོ་ལྔ་མཆོད་པར་བྱ། །དབང་ཆེན་འདུས་པའི་རྒྱུད་ལས། ལས་སྣ་ཚོགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཙོམ་ལྡན་འདས་ཀྱིས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །རྣམ་སྨིན་འདུ་བ་གནོད་པའི་གདོན། །ཚོགས་དང་འཚོ་བྱེད་སྔགས་ཀྱིས་གཞོམ། །རྗེའུ་རིགས་ལག་གཡས་རྒྱལ་རིགས་མགོ །བྲམ་ཟེ་ལག་གཡོན་དམངས་རིགས་གཡས། །གདོལ་བ་རྐང་པ་གཡོན་ནས་འཇུག །རྒྱལ་རིགས་རུས་ཏེ་རྗེའུ་རིགས་ལྤགས། །དམངས་རིགས་སྒྲུ་སྟེ་བྲམ་ཟེ་ཁྲག །གདོལ་པ་ཤ་ལ་ཞུགས་པ་དང་། །སྙིང་དང་གློ་བ་སྲོག་རྩ་མཆིན། །དབང་པོ་ཀླད་པ་ཆུ་བ་རྣམས། །རང་གི་རྟགས་ཀྱིས་སྟོན་པར་བྱེད། །རྒྱལ་རིགས་ལྕེ་ཐིབས་ས་ཡི་དུག །བྲམ་ཟེ་ཆུ་དུག་གྲང་ཞིང་འདར། །རྗེའུ་རིགས་མེ་ནི་ཚ་ཞིང་བསྲེག །དམངས་རིགས་ཡང་ཞིང་གཡོ་བ་རླུད་། །གདོལ་བ་རེག་མཐོང་ཁ་རླངས་ཅན། །གཟེར་ཞིང་ཟ་འཕྲུག་མྱོས་པར་བྱེད། །རྒྱལ་རིགས་རྒྱལ་པོ་རྟག་ཏུ་གནོད། །རྗེའུ་རིགས་ཀླུ་བཙན་རྟག་ཏུ་གནོད། །དམངས་རིགས་དམ་སྲི་རྣམས་དང་བསྡང་། །བྲམ་ཟེ་སྲིན་མོའི་ཚོགས་དང་བཅས། །གདོལ་པ་མཛེ་འདྲེ་རྟག་ཏུ་གནོད། །མ་མོས་བྱད་དུ་འཇུག་པ་དང་། །རྒྱལ་པོས་སྣ་འདྲེན་གློ་བུར་བཙན། །ཐེ་བྲང་དམ་སྲི་ཉེན་ལངས་གཅོད། །ལུས་སྙོམས་ཆུ་ལ་བརྟག་པ་ཡང་། །གཡའ་མེད་སྣོད་དུ་ཉི་ཤར་དུས། །ནད་གཞི་ཁ་དོག་སྒོ་ནས་བརྟག །འབུར་ལོང་ག་གོ་ལ་ཡི་མདོག །མུ་ཏྲའི་མདོག་ནི་ནད་མེད་རྟགས། །མར་ཁུ་འོ་མ་ཆུ་རྩ་རམས། །མཁྲིས་རླུ་་བད་ཀན་འདུས་པའི་ནད། །དེ་སོགས་བརྟགས་པས་མདོག་རྣམས་གསལ། །གཟུགས་ལ་གདོན་བརྟག་ཕྱོགས་བཞི་དབུས། །ཁང་ས་ཞིང་ས་དུར་ས་དང་། །མཆིན་པ་སྙིང་གྲོ་མཁལ་མ་དང་། །རྒྱལ་པོ་རྗེའུ་རིགས་བྲམ་ཟེ་དམངས། །སྟོན་དཔྱིད་དབྱར་དགུན་ལ་སོགས་བརྟག །ཁྲག་ལ་བཟང་ངན་དུས་དང་ནི། །ཐུབ་དང་མི་ཐུབ་བརྟག་པ་དང་། །དམར་སེར་ཁམ་པ་ནག་པོའི་དུས། །དང་པོ་ངན་ལ་བར་མ་འབྲིང་། །ཐ་མ་བཟང་ན་ཆུ་སེར་རྒྱས། །དང་པོ་བཟའ་འབྲིད་ཐ་མ་ངན། །ཆུ་སེར་གཏིང་དུ་ཞེན་པ་དང་། །སྐྱོ་བོ་དམར་པོ་རྨ་ཁར་བཅུག །དྲིལ་ལམ་འབྱར་གྱིས་དབྱེ་བར་བྱ། །ཚངས་པའི་མཁར་དང་བདུད་ཀྱི་མཁར། །གནོད་སྦྱིན་མཁར་དང་སྲིན་པོའི་མཁར། །མ་མོའི་མཁར་དང་སྲོག་གི་མཁར། །སྲིན་པོའི་མཁར་ཤོར་སྤང་བར་བྱ། །གཡས་པ་དཀར་སྟེ་གཡོན་པ་སླ། ཁྲ་སྐྲུ་རུས་དུག་དཀའ་བར་འགྱུར། །དབང་པོ་གསལ་བྱེད་ཆུ་བུར་མིག །གདོན་གནོད་པ་དང་ཞག་ཟླ་ལོ། །འབྲས་བུ་སྨིན་དང་མཚོ་རྡོལ་དང་། །རྣམ་སྨིན་རིགས་དང་བྱད་ཀ་དང་། ཀུ་རེ་མནོལ་ཕྱིར་རེ་འདོད་དང་། །དམིགས་བསལ་སྔགས་ཆུན་སྔགས་དྲེད་དང་། །གདོན་ཙབས་མཆོད་པའི་མིག་སྤྲིན་བརྟག །ལུས་ཀྱི་ཤ་མཚན་དོད་པ་དང་། །ངག་གི་སྒྲ་སྐད་སྐྱེ་བ་དང་། །སེམས་ཀྱི་རྨི་ལམ་སྣ་ཚོགས་རྣམས། །གང་ཡིན་རབ་ཏུ་གཟུང་བར་བྱ། །རྣམ་པར་སྨིན་པའི་ལས་བྱུང་ན། །བསོད་ནམས་ཚོགས་དང་སྟོང་ཉིད་བསྒོམ། །འབྱུང་བ་འཁྲུགས་པའི་དུ་བ་ལས། །སྨན་དང་སྣ་ཚོགས་རྫས་ཀྱི་གསོ། །སེང་ལྡེང་མུ་ཟི་རྒྱལ་བློན་བསྲེ། །ཀླུ་བདུད་ནག་པོ་བཤལ་སྨན་དང་། །ཕོལ་དང་ཤ་བཀྲ་ལ་སོགས་པར། །འབྲུ་སྐྲུ་ཤུན་ཤ་ཚིལ་གསུམ་དང་། །དུག་བཞི་ཁྲག་གཉིས་ལ་སོགས་བདུག །སྤྱད་དུག་སྦྱང་ཚེར་གླ་རྩི་བཙོད། །སྣག་ཚ་ར་དུག་ལོང་རྡོལ་དང་། །གུ་གུལ་དྲི་ཆེན་ཏི་ཙ་དང་། །ཀ་ར་བི་ར་ག་པུར་དང་། །ཙསྡོན་མུ་ཟི་ལྡོང་རོས་དང་། །མར་དཀར་ར་གཤོབ་ལ་སོགས་བྱུག །བདུད་རྩི་མར་ཁུ་ཨ་རུ་ར། པི་པི་ལིང་དང་རྣམ་པ་གསུམ། །མཛེ་ནད་ནག་པོ་ཀླུ་བདུད་ནག །བཙན་དུག་གུ་གུལ་མུ་ཟི་ནག ཁུ་དག་ནག་པོ་རྣམ་པ་དྲུག །མ་མ་གི་རམ་མཆོག་རིས་དང་། །བོད་ཏེའུ་རྨ་བྱ་ར་ལས་ཁྲག །ཐ་ཀར་སྲོ་མ་གུ་གུལ་དཀར། །ཟ་འབྲུ་སུག་མ་ཡུ་མོ་མདེལྭ །བྱང་བ་ཚ་སྲིན་སྡིག་སྔོ་སྔོ། །ཀ་ཀ་རུ་ནི་རྣམ་པ་ལྔ། །སེང་ལྡེང་རྒྱ་དོ་རྡོ་རྒྱུས་འགྲོན། །ལྟོ་རུ་གཏང་བར་ཡང་དག་བཤད། །ཡན་ལག་ཞ་གྲུམ་ལ་སོགས་པ། །སྨན་གྱི་སྦྱོར་བས་གཤོམ་བར་བྱ། །འཕྲལ་ཡི་རྐྱེན་དབང་གྱུར་པ་ལས། །དྲག་པོ་སྔགས་ཀྱི་སྦྱོར་བ་གདབ། །ནཱ་ག་རྭ་ཙ་བཱ་ར་ཡ་ཕཊ། ཕུ་མེ་རྭ་ཙ་བཱ་ག་ཡ་ཕཊ། ས་ཁྲག་རྭ་ཙ་བཱ་ར་ཡ་ཕཊ། ཡ་མ་ཤུ་ཤུ་ནཱ་ག་ཙ་ཏྲེ་ཐུན་ཟེར་རྦད། ར་ཙ་འདྲི་ལ་ཐིབ་ར་རྭ་ཙ་ཐང་ཐང་ཤི་ཤི་རྦད། །མ་མ་ཡ༷་ཏྲི་དུ་མེ་མྱ་ར་ཡ་རྦད། །ནག་མོ་ཤུ་ཤུ་བཱ་ར་ཡ་རྦད། །ནཱ་ག་ཙི་ཏྲ་དུན་ནན། ནཱ་ག་ཙ་ཏྲ་ཕུར་ནན། མུ་ར་ཡ་རྦད། ས་ད༷་སོ་མྱ་ར་ཡ་རྦད། ཙཀྲ་རུ་ཏྲི་རྦད། ནཱ་ག་རྭ་ཙ་མུ་ར་ཡ་བ་ཤད་ཁུག་ཛ། རུ་རུ་ས་དུར་ཁུག་ཛ། ནཱ་ག་ཡུམ་ཐུམས་རི་ལི་རྦད་ཛ། ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་འཇོམས་པའི་འཁོར་ལོ་འདི་གསུངས་སོ། །སྨུག་ནག་གྲུ་གསུམ་གནམ་སྒོ་བཅའ། །མུ་ཁྱུད་གྲུ་ཆད་བར་ཁྱམས་སྒོ། །དཀྱིལ་འཁོར་དབུས་སུ་ཕུར་པ་གཉིས། །གནམ་སྒོ་ལ་ཡང་ཕུར་པ་གཉིས། །རོ་རས་གྲོ་ག་ཤིང་ཤུན་ལ། །བྱ་རོག་མགོ་རྩ་ཁྲག་དུག་གིས། །སྔགས་གྲངས་མཉམ་པའི་རེ་མིག་ལ། །ཉི་ཤུ་རྩ་གཅིག་དྲག་སྔགས་དགོད། །ཕུར་བའི་སྔགས་ཀྱིས་ཀླུ་ལ་གཟིར། །ཞག་གྲངས་ཐེམས་ནས་སྲོག་རྩ་བཅད། །དྲག་པོའི་མེ་ལ་སྦྱིན་སྲེག་བྱ། །གདུག་པ་གསུམ་དང་སྡོང་ཟླར་བཅས། །དབང་ཆེན་རྔམ་པའི་ཞལ་དུ་འབུལ། །དཔལ་གྱི་ཞབས་འོག་དག་ཏུ་མནན། །ཀླུ་ཡི་གདུག་རྩུབ་ཞི་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ལས་ཀྱི་ཁྱུང་ནག་ཁྲོས་པ་ནི། །རྡོ་རྗེ༷་རྒྱ་གྲམ་ཕྱག་ན་གསོར། །ཀླུ་གཉན་ས་བདག་ཞལ་དུ་གསོལ། །དེའི་སྐུ་གཟུགས་བྲིས་ནས་ནི། །ནུ་མར་རྫས་ཀྱི་ཐུམ་པོས་བརྒྱན། །སྤྲུལ་པ་རིགས་ལྔའི༷ ་ཁྱུང་ལྔ་འགྱེད། །དེ་ཡི་དྲག་སྔགས་འདི་དག་ཡིན། །ཨཱོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ༷་ཕཊ། ནཱ་ག་སྲོག་ཚིག་ནན་རྦད། །ལུས་རྡུལ་བུན་ནཱ་ག་བཱ་ར་ཡ་རྦད་སོད། ར༷་ར༷་ཛ་ལ་ཛ་ལ་ཤི་ཤི་རྡུལ་བུན་ནཱ་ག བཱ་ར་ཡ་རྦད་སོད། ཨཱོཾ་ནཱ་ག་ཤི་ནན། ནཱ་ག་བེར། ནཱ་ག་ཆིངས། ནཱ་ག་སྔོམས། ནཱ་ག་སོད། ནཱ་ག་གོ་ལ་ཡ། ནཱ་ག་རྭ་ཙ་ཆིངས། ནཱ་ག་རྭ་ཙ་ཧཱུཾ༷། ནཱ་ག་རྭ་ཙ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་བྱེར་ ནཱ་ག་སྙིང་ལ་སྲོག་རྦད། པྲ་ཏི་ས་མ་ཡ། ནཱ་ག་སྙིང་ཚལ་པ་དུམ་བུ་རྦད། ཨཱོཾ་སིད་ཐུ་ཐག་རུ་ཊ་བི་ཤད་དེ་ན་ནན། ནཱ་ག་ཐམས། ཉི་མ་ས་ལན་ན་ཀླད་པ་ནན། །ཙིསྟ་ལྷུ་མིན་ན། །ཀུན་ཤིག་ཙིསྟ་སྨུ་ཏྲ་བཟློག་བྱེར། ནཱ་ག་བཟློག ནཱ་ག་ཤིག ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་བྱེར་བྱེར། བཱ་ར་ཡ་ཕཊ་རྦད་སོད། ཡ་མ་ཤུ་ཤུ་སོད། ནག་པོ་ཤུ་ཤུ་མགོ་ལ་ནན། ས་དམ་ནག་པོས་ཁྲག་མྱ་ར་ཡ་རྦད། ན་མ་ཤམ་ཏྲི་རསྒ་བཱ་ར་ཡ་རྦད། ཙཀྲ༷་དུ་ཏྲི་སུ་མི་མུ་ར་ཡ་རྦད། རྭ་ཙ་ཐད་ཐད་ཤི་ཤི་རྦད། ཏྲ༷་རིལ་ཐུམས་ཀྱི་མ་ཏང་ཁུག་ཤེལ་རྭ་ཙ་སྨྱུ་ར་ཡ་རྦད། ཅེས་གསུངས་སོ། དབང་ཆེན་འདུས་པའི་རྒྱུད་ལས། མཛེ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དགོས་པའི་ལོངས་སྤྱོད་ཚང་བ་ནི། །འབྱོར་ལྡན་ཡོ་བྱད་ཚོགས་ཡིན་ཏེ། །དགྱེས་ལྡན་ལྷ་དང་སྐལ་ལྡན་མི། །དེ་བཞིན་ཡང་དག་ཤེས་པར་ལྡན། །ཚེ་འཛིན་ཛ་གད་ཛ་ཏི་དང་། །ཟླ་རྒྱས་ཟླ་ཕྲོམ་འཇམ་དེས་དང་། །མེ་ཏོག་ཙི་དང་ཀུན་ཏུ་རྒྱུག །འཇམ་སྙིང་བྱི་ལ་སེ་དང་ནི། ཀུན་འབྱོར་འབྲང་རྒྱས་འབྱོར་ཚོགས་རྣམས། །སྒྲུབ་པའི་རྫས་སུ་ཡང་དག་ལྡན། །ཨུ་ཙརུ་རྡོ་རྗེ་སློབ་དཔོན་ཡིན། །གུ་རུ་ཏ་ར་མཁས་པས་བཤད། །རུ་པ་མ་རིའི་རྩེ་མོ་ཡིན། །མ་ཏང་ལ་ཀོ་སོ་མང་ཡུལ། །ཕ་ལམ་ཀ་ནི་གྲོང་ཁྱེར་ཡིན། །སུ་མེད་གྲོང་དུ་བཤད་པའོ། །ཀ་ལོ་ཀ་ནི་ཡོད་པའི་མིང་། ཁྲ་རིང་ག་ག་མ་སྐལ་ཡོད་ཤེས། །ཙེ་ཏྲ་ཀམ་ནི་སྐལ་མེད་བརྗོད། །ཕུར་ན་མ་ནི་སྣོད་ལྡན་མ། །ས་རི་བྱ་ནི་སྣོད་ངན་ཏེ། །ག་ཡ་ནི་ཞེས་རྒྱལ་རིགས་ལ །ར་གམ་རྗེའུ་རིགས་ཞེས་ནི་བཤད། །བི་ར་རྒྱ་ནི་དམངས་རིགས་སོ། །རམ་ས་ཀ་རི་བྲམ་ཟེར་བཤད། །བི་རརྙུ་པེ་གདོལ་བ་ཅན། །ས་མུད་ཏྲ༷་ནི་རྒྱལ་པོར་བརྗོད། །ཙ་བམ་རིག་ངན་ཞེས་ནི་བཤད། ཁྲམ་ར༷་སྨེ་ཤ་ཅན་དུ་བརྗོད། །བྷ་བ་ཙག་སྙི་ག་ལྦགས་མཁན། །ཁད་ཀ༷་རོ་སྲེག་མ་རུ་བཤད། །པ་ཤ་ཞགས་འབར་མ་རུ་བཤད། །ཀུ་མ་རི་ནི་ཉིན་མོར་བཤད། །ཀ་ཉ་མཚན་མོ་རབ་ཏུ་གྲགས། །ཏ་པ་ཉི་མ་ཕྱེད་དུ་བཤད། །ཏ་པི་མཚམས་ཀྱི་ཆ་རུ་བཤད། །རྟི་ཏྲེ་བཟང་པོའི་དུས་སུ་བཤད། །པྲ་ཏི་དུས་ངན་སྤངས་པར་གྱིས། །ཧི་ར་ནི་ནི་མེ་ཏོག་བརྗོད། ཁྲ་རུ་ན༷་ནི་ཡོངས་སུ་བརྗོད། །ཤ་ཀུ་ནི་ཀ་མར་མེར་བརྗོད། ཁྲ་པྲ་ཏི་ཏ་ལྷ་བཤོས་ལ། །མྱ་ལ་ཏྲི་ནི་གྲི་རུ་བརྗོད། །ཀྲི་ཏི་མ་ཏི་སྒྲ་ཡིན་ཏེ། ཤ་ཀི་ཀ་ནི་གོས་སུ་བཤད། །ག་ནི་བཤད་པར་ཡོངས་སུ་གྲགས། །རུ་ཤ༷་རི་ནི་ཁུ་མར་ཤེས། །ག་ནམ་ཤ་ཆེན་དུ་ནི་བཤད། །ཙན་ཏྲ་ན་མེ་ཁྲག་ཏུ་བཤད། །མེ་ག་མ་ཏྲ༷་ཅན་དུ་བརྗོད། ཀུ་ཏ་ར༷་ནི་འདོད་ཡོན་སྦྱོང་། །ཙ་ཏུ༷་རོ་དྲུག་ཟ་བ་བོ། །ས༷་སྙོ་ང་ཀ༷་ཆང་འཐུང་ངམ། །བི་ཏུ༷་ཤ་རུ་མངོན་པར་བརྗོད། །ན་མི་ནི་པ་ཀྲ༷་ནི་ཐོད། །ཀུ་ལ༷་མི་ཡི་རུས་ལས་བརྒྱན། ཁྲ་ཁམས་བཟང་བ་ཞེས་ནི་བརྗོད། །ཨུ་ར༷་རོ་ནི་ཞིམ་པར་བཤད། །ཨ་ཀྟ༷་ར༷་ནི་རོ་མི་ཞིམ། །བ་ཀོ་ལ་མུད་དམ་གླུ་ལེན། །མི་ཀྲ་གར་ཞེས་བྱ་བར་བཤད། ཁྲབ་ཏ་ཚོལ་ཆོས་སྐུ་ནི་བཤད། །མི་གམ་མི་སྨྲ་བར་ནི་བརྗོད། །བ་རི་ཏྲ༷་ནི་སྔགས་ཞེས་བཤད། །དྷ་རི་ད་ར་དཀྱིལ་འཁོར་ཏེ། །བ་ཏྲ་པ་ནི་གྲལ་ལ་འདུག །ཀ་པ་ཙེ་ཏྲ་བྱིན་རླབས་ཀྱིས། །མ་ལ་ཀི་ནི་དགོངས་པའོ། །ཀ་མ་ཀུ་ཏྲི་ཕྲིན་ལས་ཏེ། །ཕ་རི་བུ་ནི་སྨོན་ལམ་མོ། །ཉེ་ས་ར་ནི་གདོང་དུ་བརྗོད། །པ་ཊ༷་དཔྲལ་བ་ཞེས་སུ་བཤད། །མ་ལ་སྨིན་མར་ཡང་དག་བཤད། །ཀོ་པ་བ་ཡ་མིག་ཏུ་ཤེས། །པདྨ་ཀར་ནི་ཀ་ནི་སྣ། །པ་ལ་འཁོལ་ནི་མཆུ་རུ་ཤེས། །ཨ་ན་དྷ་ན་ནི་སོ་རུ་བརྗོད། །བི་ཤ་མགྲིན་པ་རུ་ནི་གྲགས། །ཧ༷་བོ་ཕྲ་བ་རུ་ནི་བཤད། །ཨ་གུ་ཤ་ནི་དཔུང་པར་བརྗོད། །པ་ཧི་རུ་ནི་ལག་པར་བཤད། །པ་ར་ཨར་ག་ཀེ་ས་ར། །སེན་མོར་ཤེས་ནི་ཡང་དག་བཤད། །སྙེ་ས༷་རྗེ་ངར་དུ་ནི་བཤད། ཁེ་ལ་ཕ་ལེན་བུ་མོར་བཤད། །ཛ་ཏི་པ་ལེསྐེདཡིནནམསྐེད་པར་བརྗོད། །མ་ཏ་ནམ་ནི་ལྟེ་བར་བརྗོད། །པདྨ་ཛ་ལམ་གསང་བའི་གནས། །ག་དམ་པ་ཉམས་བརླ་གཉིས་སོ། །ཆ་ག་ན་ནམ་རྐང་པར་བརྗོད། །ཤ་ཏ་ཀུ་སུ་སྨད་ལམ་སྟན། །ཤ་བ་ཏ་པུ་ཞེས་བྱ་བར་བརྗོད། །པདྨརྣ་ནི་ཞི་བའི་ཡུམ། །ཧ་ཏི་ཁི་ནི་རྒྱས་པའི་ཡུམ། ཁྲན་ཏྲི་ནི་ནི་དབང་གི་ཡུམ། །ཙན་ཏྲི་ཁི་ནི་དྲག་པའི་ཡུམ། །བ་ར་སྒེག་མོ་རོ་འབེབས་ན། །ས་ནི་པ་ཏྲ་མཚན་ལྡན་མ། །པ༷་སུ་ཏྲ༷་ནི་དབང་གཉིས་སྦྱོར། །ཨ་འབྲས་མེ་ཞེས་བྱ་བ་དང་། །རྒུ་འབྲུ་གླང་པོ་ཆེ་ལ་སོགས། །ས་ལ་སི་ནི་རྟ་ཡིན་ཏེ། །ནི་ལོ་ནེ་རྒྱས་བྱ་ཞེས་བྱ། །ཨ་ཀ་རུ་ནི་ཁྱི་རུ་བརྗོད། །སུ༷་བྷ༷་ཞིང་ནི་བཟང་པོར་བཤད། །དྷ་ནི་རྟ་ནི་གསང་བར་བཤད། །ས་ར་བར་ཏ་འཚོལ་བ་བཤད། །མི་ར༷་པ་མིའི་རོ་རུ་བརྗོད། །བ་ཧ་ར་ག་གད་པ་ཞེས། །བིཛི་ཡ་ཕག་ཅེས་བརྗོད་པར་བྱ། །ས་ལ་ཤ་ནི་ཉ་ཞེས་བརྗོད། །ནི་ན༷་ར་སྐྱེས་སུ་ནི་བརྗོད། །མ་དང་ཨ་ཧ༷་འདབ་ཆགས་ཤའོ། །ཤུ་རྒྱ་སྲོག་ཅེས་བྱ་བར་བརྗོད། །ན་ན༷་ནི་ནི་རྣམ་ཤེས་བརྗོད། །ཨ་བི་ན་བ༷་རྒོད་པར་བཤད། །རུ་ཏྲི་ར༷་ནི་འཕྱ་བར་བརྗོད། །བྷ་ཧ་ན༷་རི་ཆུ་རུ་བཤད། །ཨ་འཛམ་བ་ནི་མེ་ཞེས་བརྗོད། །ནི་ཙི་ད་དུར་ར་ནུ་བརྗོད། །རང་ན་ཆགས་པ་ཞེས་ནི་བཤད། །ས་ཀྟ༷་ཡན་ལག་རབ་ཏུ་བཤད། ཁུ་བ༷་བཟང་པོ་ཞེས་ནི་བཤད། །བ་ཌ་ཀ༷་ནི་ཉོན་ཞེས་བརྗོད། །ལྷི་ཏ༷་ལ༷་དུ་བཤད་པ་དང་། །ན་ག་ར༷་ནི་བདག་ལུས་བརྗོད། །ན་ལ་ནི་ལུ་ལ༷་སྟོབས་མེད། །གོ་བག་ཛི་ལ༷་ཐམས་ཅད་རྫོགས། །ས་ག་ར༷་ནི་རྒས་པར་བཤད། །བྱོ་མ་ག་ན༷་ཕ་རོལ་དཔུང་། །ཀ་མ་ཡ་ནི་གྱིས་ཤིག་བརྗོད། །ཧོ་ནི་ཚིམས་པ་རུ་ནི་བཤད། །མ་ག་དོག་པ་རུ་ནི་བརྗོད། །ཨུ་ཙི་ལྷག་མ་ཞེས་བྱ་བཤད། །བྷ་ནི་ལི་གཏོར་གཏོར་མ་བཤོས། །ཨུ་ཏྲེ་པ་ཀྲ་ལྷ་ཕུད་སྦྱོར། །མ་ནི་ཕུ་རི་ལྷག་ཕུད་མཆོད། །མ་ཧེ་ནི་ནི་རལ་གུར་གྱིས། །སྟ༷་བྷ་ནན་ནི་གཏོར་གཞོང་གནོན། །ཨོ་ཏྲི་བ་ནི་དཀྱིལ་འཁོར་བསྡུས། །ཨ་ཏྲི་སམ་ལ་རྫོགས་རིམ་བསྒོམ། །བ་ཡང་སུ་ནི་རླུད་སྒྲར་གཟུང་། །ཐ་བ་བི་ར་འདི་ལྟ་སྟེ། །མ་ནི་པུ་རི་གང་ཞེ་ན། །ཀོ་ཊ་ཀྟ་ནི་སྲོག་འཛིན་པ། །ཀོ་ཏ་བར་ནི་ཐུར་དུ་སེལ། །ཀ་ཏ་གྱེན་དུ་རྒྱུ་བ་སྟེ། །གོ་ཏ་བ་ཤ་མེ་དང་མཉམ། །ཀོ་ཏེ་ར་ག་ཁྱབ་བྱེད་ཏེ། །ཀོ་ཏཀྟ་ནི་རྒྱུ་བ་ལ། །ཀོ་ལ་བ་ཀོ་ལ་ནི་རྒྱུ། །ཀོ་ལ་བག་ཤ་ཡང་དག་དང་། །ཀོ་ལ་བ་ཤུ་རབ་ཏུ་མ། །ཀོ་ལ་ར་ཐ་ངེས་པར་རྒྱུ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཚོགས་ཀྱི་འཁོར་ལོ་སྒྲས་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་ཐམས་ཅད་འཇོམས་པར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །ཁྲུ་གང་སོར་ནི་བཅུ་གཉིས་པ། །དཀར་ཞིང་ཟླུམ་པ་ཞི་བ་ལ། །ཁྲུ་དོ་ཟབས་སུ་དེ་ཕྱེད་སེར། །དམར་པོ་ཟླ་བ་ཕྱེད་པ་དབང་། །གསོད་པ་སོར་ནི་ཉི་ཤུ་པ། ཁུ་གསུམ་ས་གཞི་ནག་པོར་བྱ། །དྲི་ཞིམ་དཀར་སེར་དམར་པོ་དང་། །དུག་དང་ཁྲག་དང་དུར་སོལ་བྱུག །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རིམཔབཞིནདུབྲི། །ཞིབརྒྱས་པ་དབང་དང་དྲག ཁྲར་བྱང་ནུབ་དང་ལྷོ་རུ་བལྟ། །དགང་གཟར་དབྱིབས་དང་ཚད་ལྡན་པ། ཁུ་བཞི་ཟླུམ་པོ་ཟླ་གམ་དང་། །ཟུར་གསུམ་རྣམས་སུ་ལྡན་པར་བྱ། །བླུག་གཟར་རྡོ་རྗེ་ཕྱེ་པས་མཚན། །དགེ་སློང་རྒྱལ་པོ་བུད་མེད་དབང་། །བཤན་པ་ལས་བྱུང་ཤིང་དང་མེས། །པིལ་བ་ཨུ་དུམ་ཝ་ར་ལ། །མར་དང་སྦྲང་རྩིས་ལྤགས་པ་ལ། །འོ་མ་སྦོས་ཆུས་བྱུག་པ་དབུལ། །རྩ་བ་རྩེ་མོ་དང་བྲལ་བ། །འོ་མ་ཤོས་སྤངས་སེར་པོ་དང་། །ནགས་ཀྱི་ལྕུག་མ་དམར་པོ་ལ། །དཔལ་ཁའི་མར་དང་དམར་པོས་བྱུག །ཁ་ལ་ཚོར་མ་ཅན་གྱི་ཤིང་། །གས་དང་སྲོག་ཆགས་དག་གིས་ཟོས། །དུར་ཁྲོད་རོ་བསྲེག་ཁྲག་དུག་བྱུག །འབྲས་ཆེན་ནས་དང་འོ་མ་ཞོ། །སྦྲང་རྩི་མར་ནག་མི་ཤ་དང་། །ཁྲག་དང་ལན་ཚྭ་སྐྱེ་ཚེ་དབུལ། །ཙསྡོ་ན་མེ་ཏོག་དཀར་པོ་དང་། །སེར་པོ་དམར་དང་ཐང་ཆུ་ནག །བདུད་རྩི་རུས་པ་དང་བཅས་པས། བ་གླང་ལྕི་བ་རྩ་བའི་ཆ། །ནིམ་པ་རོ་སྒྱུར་ཚ་རོག་དྲི། །བོང་བུའི་སྤངས་ལ་རབ་ཏུ་བྱ། །ཚེས་གཅིག་ཞི་ལ་བཅོ་ལྔ་རྒྱས། །བཅུ་བདུན་དབང་ལ་ཉི་ཤུ་དགུ། །དྲག་པོ་སྲོད་ཞི་སྔ་དྲོ་རྒྱས། །དགོང་དབང་ཉིན་མཚན་གུང་ལ་བསད། །དབྱར་དགུན་སྟོན་དཔྱིད་དུས་ཤེས་བྱ། །དཀར་པོ་རིན་ཆེན་དམར་ནག་པོས། །གཅེར་བུ་རབ་ཏུ་བྱ་བ་དག །དཀར་འཇམས་དམར་དང་རོ་རས་བཏིང་། །བྱམས་དང་སྙིང་རྗེ་བཏང་སྙོམས་དགའ། །ཉ་ཕྱིས་དུང་ཕོར་རིན་ཆེན་གསེར། །ཟངས་གཞོང་ཐོད་པའི་ནང་དུ་བཤམ། །བྱང་ཆུབ་སེམས་བསྒོམ་རྒྱལ་རིགས་དང་། །སྨད་འཚོར་གདོལ་པའི་མེ་བོར་ཏེ། པདྨ་དབང་ཆེན་འཁོར་བཅས་ལ། །མཆོད་པ་མཉེས་པར་ཕུལ་ནས་ནི། །གང་ལ་དམིགས་པའི་ལས་བཅོལ་ཏེ། །གཤེགས་ཏེ་སྨོན་ལམ་གདབ་པར་བྱ། །ཨཱོཾ།ཐེག་ཆེན་བྱང་ཆུབ་མཆོག་ལ་རྟག་ཏུ་ཞུགས་པ་དང་། །ཟབ་མོའི་ཆོས་ནི་རྟག་ཏུ་ཉན་པ་དང་། །རྡོ་རྗེ་སློབ་དཔོན་བཟང་དང་འགྲོགས་པ་དང་། །ལུས་ཀྱི་སྒྲིབ་སྐྱོང་བསྐྱེད་པའི་རིམ་བསྒོམ་ཞིང་། །ངག་གི་དྲི་མ་བྲལ་ཕྱིར་གསང་སྔགས་བགྲང་། །སེམས་ཀྱི་ལོག་ལྟ་ཞི་ནས་རྫོགས་རིམ་བསྒོམ། །རྡོ་རྗེ་བཙུན་མོའི་ཁུ་བརྟག་ཏུ་འཐུང་། །ཐབས་དང་ཤེས་རབ་རྡོ་རྗེ་དྲིལ་བུ་འཛིན། །རྨད་བྱུང་གཏོར་མས་ཐུགས་དམ་ཡོངས་སུ་བསྐང་། །དུས་གསུམ་རྒྱལ༷་བ་མཆོད་པའི་སྐལ་བར་ལྡན། །སྐྱེ་ཞིང་སྐྱེ་བ་ཚེ་རབས་ཐམས་ཅ༷ ད་དུ། །སེམས་ཅན་དོན་བྱེད་བདག་དོན་ཡོངས་རྫོགས༷་ཤོག །ཨཱོཾ༷་མ་ཧྭ་བྷ་སྨི་ཀུ༷ ་རུ་ཧཱུཾ༷་སརྦ་སིརྙི་ཧཱུཾ༷་སྦུ་ཧྭ། ཨཱོཾ༷་བ༷ཛྲ་རྙུ་པེ་ཧཱུཾ༷་ཛ་ལ་ཛ་ལ་༷རྙོ་ན་ཛ་ལ་ཧཱུཾ༷༷། ཨཱོཾ༷་ཨ་ན་ལ་མ་ཧྭ་སུ་ཏྲ་ཛ་༷སརྦ་བྷ་སྨི་ཀུ་རུ་བཛྲ་དུཛི་ན་ཧཱུཾ༷་ཕཊ། ཨཱོཾ་མ་ཧྭ་སརྦ་ཀུ་རུ་ཧཱུཾ༷། ༷སརྦ་བཱ་པ༷་ད་ཧ་ན་བཛྲ་ཡ་གྲྭ་ཧྭ། ཨཱོཾ་སརྦ་ཡཙྭ་ཡ་གྲྭ་ཧྭ། ཨཱོཾ་ཨ་པྲ༷་ཏི་ཧ་ཏ་བཛྲ་ལ་གྲྭ་ཧྭ། ཨཱོཾ༷་བཛྲ་ཨུ་ཡུ་ཁེ་གྲྭ་ཧྭ། ཨཱོཾ་བཛྲ་བྲརྨྱེ་ཧཱུཾ༷ ། ཨཱོཾ་མ་ཧྭ་བ་ལྭ་ཡ་གྲྭ་ཧྭ། ཨཱོཾ་མ༷ ་ཧྭ་བི་གྭ་ཡ་གྲྭ་ཧྭ།ཨཱོཾ་ཨུ༷༷ཧཱུཾ༷་སརྦ་ལོ་ཀེ་ཧཱུཾ་པེ་བྱུ་ཛ་གྲྭ་ཧྭ། ཨཱོཾ་སརྦ་ལོ་ཀེ་པུསྤྲོ་པྱུ་ཛ་གྲྭ་ཧྭ། ཨཱོཾ་སརྦ་ལོ་ཀེ་དི་པ་བྱུ་ཛ་གྲྭ་ཧྭ། ཨཱོཾ་སརྦ་གརྙེ་པུ་ཛ་གྲྭ་ཧྭ། ཨཱོཾ་སརྦ་ལོ་ཀེ་ནེ་བི་བྱེ་བཱ་ཛ་གྲྭ་ཧྭ། ཨཱོཾ་སརྦ་ལོ་ཀེ་ཤབྷ་པྲུ་ཛ་སྭ་ཧྭ། ཨཱོཾ་ཛ་ལ་ཀ་མ་ལ་ལྭ་བྱེ་ཧཱུཾ༷། མུ་ལེ་ཏུ༷། གི་ཏ༷་སྒྲུ། ནིརྙི་ཨ། ཨཱོཾ་སརྦ་བཱ་པ༷་མ་མ་ཀ་པྱ་ཀུ་རུ་ཤཱན་ཏིང་ཀུ་རུ་གྲྭ་ཧྭ། ཨཱོཾ་སརྦ་བཱ་བ༷་མ་མ་ཀ་པྱ་ཀུ་རུ་པུ་ཉི་ཀུ་རུ་གྲྭ་ཧྭ། ཨཱོཾ་སརྦ་བཱ་པ༷་མ་མ་ཀ་པྱ་ཀུ་རུ་བ་ཤང་ཀུ་རུ་གྲྭ་ཧྭ། ཨཱོཾ་སརྦ་བཱ་པ༷་མ་མ་ཀ་པྱ་ཀུ་རུ་བཱ་ར་ཡ་ཕཊ། ཀུན་གཞི་རྣམ་དག་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་ན། །ཡེ་ཤེས་བསོད་ནམས་ཚོགས་རྫོགས་སོ། །བྷ་ག་ཡངས་པའི་ཐབ་ཁུང་དུ། །ཕུང་པོ་ལྔ་ཡི་བདག་ཉིད་ལ། །མར་དང་ཟར་བུའི་བྱ་ཐབས་ཀྱིས། །བསྙེན་པ་ཕུལ་བའི་ལས་བྱས་ནས། །ནམ་ཡང་འདུ་འབྲལ་མེད་པ་ཡིས། །གསང་བའི་སྤྱིན་བསྲེག་འགྲུབ་པ་ཡིས། །དབང་ཆེན་འདུས་པའི་ཏན་ཏྲ་ལས། །སྤྱིན་སྲེག་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་འཁོར་རྣམས་རབ་ཏུ་དགའ་ཞིང་གུས་པ་དང་བཅས་པས། །ཕྱེ་མ་ཕུར་མ་དང་། གདུག་དང་། བ་དན་དང་། སིལ་སྙན་དང་། པདྨ་དང་། བ་ན་རྙུ་ཀ་དང་། ཨུཏུ་ལ་སོགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པ་དང་། དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། ཡིད་ངལ་སོས་བའི་མཆོད་པ་མང་པོས་མཆོད་ནས། །གསོལ་བ། མགོན་པོ་བདག་ཅག་འདུས་པ་ཡིས། ཁུད་འདི་བཟུང་ཞིང་བཅང་བ་དང་། །ཇི་ལྟར་བཤད་ཅིང་བསྟན་པར་བྱ། །གུས་པས་ནམ་ཡང་མི་སྤང་ངོ་། །ཞེས་ཞུས་པ་དང་། །སྟོན་པས་བཀའ་སྩལ་བ། །གང་གིས་བསྐལ་པར་སྦྱང་དཀའ་བ། །ངེས་པའི་བློ་ལྡན་ཅན་ལ་སྟེ། །དྲང་དོན་ངེས་པའི་དོན་དུ་བཤད། །ཇི་བཞིན་ཇི་བཞིན་མ་ཡིན་པ། །དགོངས་པ་དགོངས་མིན་རྣམ་པ་དྲུག །གསང་སྔགས་དོན་གྱི་རྒྱུད་བཤད་བྱ། །ཡི་དམ་ཉིད་དུ་ངེས་པར་ཟུང་། །དེ་ལྟར་མི་ལྡན་སྐལ་མེད་ལ། །འཕྱར་བ་གཡེང་བས་བྱིན་གྱུར་ན། །དུར་ཁྲོད་དཔའ་བོ་དཔའ་མོ་རྣམས། །འདུས་ནས་ཤ་ཟ་སྲོག་ལ་འབེབས། །ཞེས་གསུངས་པས། །འཁོར་དེར་འདུས་པ་ཐམས་ཅད་ཀྱང་། །བདེ་བ་ཆེན་པོའི་དོན་མངོན་དུ་བྱས། །སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཀྱི་ངང་དུ་བཞུགས་པར་གྱུར་ཏོ། །དགོངས་པ་དེ་མངོན་དུ་གྱུར་ནས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཉིད་སྐུ་གསུང་ཐུགས། །ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །དབང་ཆེན་འདུས་པའི་རྒྱུད་ལས།མཇུག་རྗེས་སུ་ཡི་རངས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།རྒྱུད་ཀྱི་རྒྱལ་པོ་དབང་ཆེན་འདུས་ལ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པརྙི་ཏ་པདྨ་འབྱུང་གནས་དང་། །བོད་ཀྱི་ལོ་ཙྭ་བ་སྦ་སང་ཤི་ཏ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། །ཅོག་རོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།