Ngb-pt-0897-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0897-text.docx.wiki to Ngb-pt-0897-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། མྲི་ག་ཤི་སྣ་ཏནྟྲ་ན་མ། བོད་སྐད་དུ། སྐྲུ་གྲི་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གནས་ཀླུ་རྣམས་ཀྱི་ཕོ་བྲང་ན་འཁོར་རིགས་ལྔའི་འཁོར་དང་། ལས་ཀྱི་སྤྲུལ་པའི་ཁྱུང་དང་། སྤྲུལ་པའི་ཁྱུང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་གཙུག་ན་མེ་འབར་ཞེས་བྱ་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་གནས་ནི་དུར་ཁྲོད་ཆེན་པོའི་གནས་ལགས་སོ། །བདག་ཅག་ཀླུའི་ཚོགས་ལ་སོགས་པ་རྣམས་ནི་ཁྱུང་རྣམས་ཀྱིས་སྒྲ་གྲགས་པ་ཙམ་གྱིས་ཐམས་ཅད་བརྒྱལ་བར་འགྱུར་རོ། །ཀླུ་རྣམས་ཀྱི་གནས་ཞིག་པར་འགྱུར་བས། བཅོམ་ལྡན་འདས་ཀྱི་གནས་གཞན་དུ་བསྐྱོད་འཚལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་ཉོན་ཅིག ཁྱོད་ཀྱི་འཁོར་རྣམས་ནི་རིགས་ངན་པ་བྱོལ་སོང་གི་རིགས་ཡིན་པས། སྔོན་ཡང་ལས་ངན་པ་དང་ད་ལྟར་ཉོན་མོངས་པའི་དབང་གིས་སེམས་ཅན་ཐམས་ཅད་ལ་འཚེ་བར་འགྱུརབས། ལས་ངནཔ་འདི་དག་ཟད་པར་བྱ་བའི་ཕྱིར་ན། རིགསལྔའི་ ཁྱུང་ལ་སོགས་པ་རྣམསནི་གནས་འདི་ཉིད་དུ་གནས་པ་ལས་གཞན་དུ་གནས་པར་མི་འགྱུར་རོ། །ཁྱོད་ཀྱི་འཁོར་འདི་རྣམས་ནི་སེམས་ཅན་རྣམསལ་འདསཔདང་། ད་ལྟ་དང་། མ་འོངས་པ་དང་། གསུམ་དུ་འཚེ་བས་ན་ངན་སོང་ལས་ཐར་པར་མི་འགྱུར་བས། ཀླུའི་རྒྱལ་པོ་ཁྱོད་ཉིད་ཡང་བྱང་ཆུབ་མཆོག་ཏུ་སེམསསྐྱེད་ཅིག དེ་བས་ནི་ཀླུ་འཇིག་རྟེན་འདི་མ་སྟོངས་ཀྱི་བར་དུཁྱུང་གི་ཚོགས་འདི་བདག་གཞན་དུའགྲོ་བརམི་འགྱུར་རོ། །ཞེས་བཀའ་སྩལ་པ་དང་། ཀླུའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཁ་བུབ་ཏུ་འགྱེལ་ནས་ཐམས་ཅད་བརྒྱལ་བར་གྱུར་ཏོ། ། དེའི་ཚེ་ཁྱུང་གིཚོགས་རྣམས་ཀྱིས་རིགས་ངན་པ་དེ་དག་ཐམས་ཅད་བསྒྲལ་ནས་དེ་དག་གི་ཤ་ཁྲག་རྣམས་ཡང་ཁྱུང་གི་ཚོགས་ཀྱིས་གཏོད་ཅིང་ཟ་བར་འགྱུར་རོ། །དེ་ནས་ཀླུའི་རྒྱལ་པོ་གཙུག་ན་མེ་འབར་བརྒྱལ་བ་སངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་འདིསྐད་ཅེས་གསོལ་ཏོ། །བདག་ཅག་ཀླུ་ཆེན་པོ་བརྒྱད་པོ་འདི་མ་འོངས་པའི་དུས་ན་ལས་ངན་པའི་དབང་གིས་ཀླུའི་རིགས་སུ་གནས་པས་དུས་འདི་ནས་བྱང་ཆུབ་ཏུ་སེམས་སྐྱེད་ལ། བཅོམ་ལྡན་འདས་ཀྱི་འཁོར་དུ་འདུའོ། །བཀའ་གཉན་ནོ། །ཐུགས་རྗེས་བསྐྱབ་ཏུ་གསོལ། སྐྱེ་བ་ཕྱི་མ་ལ་ཐེག་པ་ཆེན་པོའི་ཆོས་ལ་གནས་པར་བགྱིའོ། །བདག་ཅག་ལྟར་འཁོར་ཡང་བགྱིད་དོ། །ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གདུག་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆུའི་དུག་དང་། སའི་དུག་དང་། མེའི་དུག་དང་། རླུད་གི་དུག་དང་། ནམ་མཁའི་དུག་དང་མེད་པར་བྱས་སོ། །དེ་བཞིན་དུ་ཀླུ་བྲམ་ཟེའི་རིགས་དང་། རྒྱལ་རིགས་དང་། རྗེའི་རིགས་དང་། གདོལ་པའི་རིགས་དང་རྣམས་ཡང་ཞི་བར་བྱས་སོ། །དེའི་དུས་སུ་ཐུགས་ཁ་ནས་ཁྱུང་གི་ཚོགས་རྡོ་རྗེའི་རིགས་དང་རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤིགས་པའི་རིགས་རྣམས་ཡང་སྤྲོས་ཏེ་ཕྱིས་འདུལ་བའི་གཉེན་པོར་སྤྲོས་སོ། །དེ་བཞིན་དུ་དེ་རྣམས་ཀྱིས་སྙིང་པོ་ཡང་ཐུགས་ཀ་ནས་སྤྲོས། དེ་ལྟར་གདུག་པ་ཅན་ཐམས་ཅད་བཏུལ་ནས། ཡང་བཅོམ་ལྡན་འདས་ཀྱིས་དེ་དག་རྣམས་གསོ་བའི་དོན་དུ། བྱམས་པ་དང་སྙིང་རྗེར་ལྡན་པའི་སེམས་ཀྱིས་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཤེལ་ལྟ་བུ་སྤྲོས་ནས་ཐམས་ཅད་བརྒྱལ་བ་སངས་པར་བྱས་སོ། །གདུག་པ་ཅན་ཐམས་ཅད་བརྒྱལ་བ་སངས་ནས་མགྲིན་གཅིག་ཏུ་བསྟོད་ནས་སྲོག་གི་སྙིང་པོ་རྣམས་ཕུལ་བ་ནི། ནཱ་ག་རྭ་ཛ། ས་ཀྲ་རྭ་ཛ། པུ་མ་རྭ་ཛ། ཞེས་ཕུལ་ལོ། །དུས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་གདུག་པ་ཅན་དེ་རྣམས་ཀྱི་སྲོག་གི་སྙིང་པོ་ལ་ལས་ཀ་ལྔའི་ཤམ་བུ་བཏགས་ནས། ཕྱིས་དམ་ལས་ལོག་ན་རང་སྲོག་བདུད་དུ་ཕབ་པ་ནི། ཨ༷་ལྷུ་ཤ་ཛ་ཛ། མྱ་ར་ཡ་ཕཊ་ཕཊ། ཛ་ལ་ར༷་ར༷། ལ༷་ནན་སྟ༷་པ་ནན། ས་མ་ཡ་ཛ་ཛ། ཞེས་རེ་རེའི་སྲོག་སྙིང་ལ་བཏགས་ན་ལས་ཀ་ལྔ་ལྔ་ཡོད་པར་བསྟན་ཏོ། །སྤུ་གྲི་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གནོད་སྤྱིནལག་ན་རྡོ་རྗེ་ཡིས། བཅོམ་ལྡན་འདས་ལ་འདི་སྐད་ཞུས་པ། བསྙེན་དང་བསྒྲུབ་པ་ལས་སྦྱོར་དང་། ། རྟགས་ཀྱི་རིམ་པ་ཇི་ལྟར་ལགས་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་ཉོན། །ཉེ་བར་བཀོད་ནས་ལེགས་པར་བྲིས་པ་ལེགས་སོ། །བསྙེན་པའི་རིམ་པ་འདི་ལྟ་སྟེ། །གསེར་མིག་ཁྱུང་ནག་མེ་དབུལ་ལོ། །སྒྲུབ་པའི་ལས་ཡང་དེ་དང་འདྲ། །ལས་སྦྱོར་རྣམ་པ་ལྔ་ཡིན་ཏེ། །བསྲེག་དང་གནན་དང་འཕང་བ་དང་། །དེ་བཞིན་ཐུན་གྱི་ལས་དང་ནི། །ཕུར་བའི་ལས་སུ་བཤད་པའོ། །ལྟས་ཀྱི་རིམ་པ་བཟང་ངན་གཉིས། །ཡང་ལག་ན་རྡོ་རྗེས་ཞུས་པ།གསེར་མིག་བསྒྲུབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །དེ་ཉིད་ངང་ལས་རིག་པ་ཁྲོམ། །དེ་ལས་བ༷་འཕྲོས་རྒྱ་མཚོ་ཆེན། །རིན་ཆེན་རྡོ་བ་སྔོན་པོས་མཚན། །དེ་སྟེང་འདབ་བརྒྱད་གེ་སར་ལྡན། །གདུག་པ་སྦྲུལ་གཉིས་མཛེས་པར་ལྡན། །དེ་སྟེང་ཁྲོ་ལས་ག་རུ་ཌ། །སྤྲོ་བསྡུ་ཚུལ་གྱིས་བསྐྱེད་པ་ནི། །གསེར་གྱི་ལུས་ལ་གཡུཡིགཤོག །མཆུདང་སྡེར་མོ་ལྕགས་ལས་གྲུབ། །ར་དང་མིག་གཉིས་གཡུ་གསེར་ལྡན། །སྤྱན་དྲང་མཆོད་བསྟོད་ལ་སོགས་བྱ། །ཡང་ལག་ན་རྡོ་རྗེས་ཞུ་ས་པ། ཁྱུང་ནག༷ ་སྒྲུབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོ་སྟོང་པའི་ངང་ལས་ནི། །པ༷་ལས་འདབ་བརྒྱད་གེ་སར་ལྡན། །ཨ་ལས་ཟླ་བ་གེ་སར་སྟེངས། །དེ་སྟེང་ན༷་ལས་སྦྲུལ་གཉིས་བསྐྱེད། །དེ་སྟེང་ཁྲོ་ལས་ག་རུ་ཌ། །ལུས་པོ་གསེར་ལ་གཤོག་པ་གཡུ། །མཆུ་སྡེར་ལྕགས་ལས་གྲུབ་པའོ། །ཕྱག་ན་དཀར་ནག་སྦྲུལ་གཉིས་ཟ། །དབུ་ལ་རིན་ཆེན་རྣམ་ལྔས་བརྒྱན། །སྤྱན་དྲང་ལ་སོགས་རྫོགས་པར་བྱ། །ཡང་ལག་ན་རྡོ་རྗེས་ཞུས་པ། མེ་དབལ་བསྒྲུབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་གསུངས་པ། གྲུ་གསུམ་བཞི་ལྡན་དབུས་སུ་ནི། །ཧུ༷་ལས་ཕྱག་ན་རྡོ་རྗེ་ནི། །སྐུ་ཆེ་ཡན་ལག་རགས་པ་ལ། །ཕྱག་གཉིས་སྡིགས་མཛུབ་རྡོ་རྗེ་འཛིན། །སྐུ་ནི་ལྗང་ཁུ་ཆེན་པོ་ལ། །རིགས་བཞི་སྦྲུལ་གྱིས་རྣམ་པར་བརྒྱན། །གྲུ་གསུམ་གསུམ་ལ་ཁྱུང་ཆེན་གསུམ། །དྲན་རྫོགས་ཚུལ་གྱིས་བསྐྱེད་པ་ནི། །གཤོག་པ་གསེར་ལ་སྐུ་མདོག་ནག །སྡེར་མོ་ཟངས་སུ་གནས་པའོ། །བསྙེན་བསྒྲུབ་ཁྱད་ནི་སྔགས་དང་ཏིང་འཛིན་ནོ། །སྤུ་གྲི་ནག་པོའི་རྒྱུད་ལས། བསྙེན་བསྒྲུབ་རྩ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་ཞུས་པ། བསྙེན་བསྒྲུབ་གསང་སྔགས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧ་པ་ཨོ་ས་ཁྲི། གསེར་མིག་བསྙེན་པའི་སྔགས་ཡིན་ཏེ། །རྩེ་གཅིག་དག་གིས་བཟླས་གྱུར་ན། །འབུམ་ཚོ་གཅིག་གིས་རྟགས་རྣམས་འབྱུང་། །འབུམ་ཚོ་གཉིས་ན་ལས་རྣམས་འགྲུབ། །པ་ཁྲི་ཨོ་གྲྭ་ཧྭ། རྡོ་རྗེ་རིགས་ཀྱི་སྔགས་སོ། །ས་པ་ཨོ༷་ཁྲི་ཧྲུ། ལས་ཀྱི་རིགས་ཀྱི་སྔགས་སོ། ཁྲི་པ་ཨོ་གྲྭ་ཧྭ། རིན་ཆེན་རིགས་ཀྱི་སྔགས་སོ། །ཨོ་པ་ཁྲི་གྲྭ་ཧྭ། པདྨའི་རིགས་ཀྱི་སྔགས་སོ། །ཧ་པ་ཨོ་ས་ཁྲི། དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་སོ། །གྲང་ཞིང་རླན་པ་ཆུ་ཡི་དུག །ལྕི་ཞིང་འཐིབས་པ་ས་ཡི་དུག །ཚ་ལ་ཟ་བ་མེ་ཡི་དུག །ཡང་ལ་གཡོ་བ་རླུད་གི་དུག །སྣ་ཚོགས་སྣང་བ་འདུས་པའི་དུག །དུག་ངོས་བཟུང་ལ་ནད་རྣམས་དབྱུང་། །དུག་ངོས་གཉིས་པའི་དུས་སུ་བཟུང་། །ཡི་གེ་ཁ་དོག་དབྱིབས་དང་ནི། །གཉེན་པ་དང་ནི་ཕྱག་རྒྱ་ཡིས། །གདུག་པའི་ནད་རྣམས་དབྱུང་བའོ། །དུག་དབྱུང་སྔགས་ནི་བདུན་ལ་རྡེགས། །ཨོ་རྭ་ཐ་མ་ཧྭ་ག་རུ་ར་ཁྱུང་རྦད་ཧུར་ཧུར་སྨྱོ། དུག་སྔགས་སོ། །ཨོ་ཏ་ཀི་ཙ་ཏེ་ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་གྲྭ་ཧྭ། ཁྱུང་ཀླུ་ལ་རྦད་པའི་སྔགས་སོ། །ཨོ་ཨུ་ཧུ༷། སྔགས་གཉིས་ལྡན་ནོ། །ཨོ་རྙུ་པེ་ཨུ་ཧུ༷། པྲསྤྲོ ཨ་ལོ་ཀེ གན་དྷི། ནི་པེ་ཏེ། མཆོད་པའི་སྔགས་སོ། །མ་ཧྭ་ག་རུ་ཌ་བྷ་ལི་ཏ་པྲུ་ཙ་ཁུ་ཧི་ཁུ་ཧི་གྲྭཧྭ། གཏོར་མའི་སྔགས་སོ། །དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ། བསྟོད་དང་བསྐུལ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །ཧྭ༷། མཁའ་ལྡིང་རྒྱལ་པོ་ཚངས་པའི་བྱ། །འདབ་ཆགས་རྒྱལ་པོ་ཀུ་རུ་ན། །རི་རབ་རྩེ་ལ་གནས་ཤིང་དཔག་བསམ་ཤིང་ལ་བཞུགས། །རྡོ་རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གསེར་ཀྱིས་སྐུ་ལ་གཡུ་ཡི་གཤ་ག་པ་ཅན། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །ཡས་ཀྱི་མཆེ་བས་ཡ་བདུད་ཟིལ་གྱིས་གནོན། །མས་ཀྱི་མཆེ་བས་མ་བདུད་ཟིལ་གྱིས་གནོན། །གདུག་པ་ཁྲོས་པའི་སྐུ་ལ་བསྟོད། །ཀླུ་རྒྱལ་གདུག་པའི་སྤྱི་ནས་འདྲེན་ཅིང་ཚངས་པའི་ཡུལ་ས་རྩེ་ནས་གནོན། །ལག་ཀྱི་སྡེར་མོས་རི་རབ་རྩེ་ནས་བསྙིལ། །གཤོག་པ་བརྡབས་པས་རྒྱ་མཚོ་ཕྱག་མས་འདེབས། ཁྲོ་གཏུམ་ང་རྒྱལ་ཅན་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་ལྡན་པས་རིགས་བཞི་ཡུམ་དང་གཉིས་མེད་ངང་ལ་སྦྱོར། ང་རྒྱལ་ཁྲོ་གཏུམ་ཆེ་བས་ཀླུ་རྒྱལ་སྤྱི་ནས་འདྲེན། །རྫུ་འཕྲུལ་སྟོབས་དང་ལྡན་པས་རིགས་བཞི་དབང་དུ་སྡུད། །གདུག་པ་འདུལ་མཛད་ཁྱུང་ལ་ཕྱག་འཚལ་བསྟོད། །སྤྱན་རྩ་རིག་རིག་ས་བདག་གཟན་དུ་ཚོལ། །རྐན་སྒྲ་ཏོག་ཏོག་ཀླུ་གཉན་ཕྱག་མས་འདེབས། །བདུད་དང་སྲིན་པོ་མ་རུངས་འདུལ་མཛད་པ། ཁྱུང་ཆེན་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷། ཁྱུང་ཆེན་སྤྲུལ་པ་འཇིགས་པའི་སྐུ། །ཟེ་བས་ཡ་བདུད་ཟིལ་གྱིས་གནོན། །སྤྱན་ནི་ཉི་མའི་ཟེར་བས་རྣོ། །མཆུ་ནི་རྒྱ་ཟོར་ཁུག་པ་འདྲ། །ས་བདག་ཀླུ་གཉན་སྙིང་ནས་འདྲེན། །སྤྲུལ་པའི་ཁྱུང་རྣམས་ཐོག་པས་དྲག །ཡང་སྤྲུལ་ཁྱུང་ནི་ཆར་ལྟར་བབ། །གཤོག་པ་གཡས་པས་རི་རབ་རྩེ་ནས་བསྙིལ། །གཤོག་པ་གཡོན་པས་རྒྱ་མཚོ་ཕྱག་མས་འདེབས། །གདུག་པའི་ཀླུ་རྣམས་དབང་དུ་སྡུད། །དགུང་ལ་ཐོག་ཐོག་སེར་ཆེན་འབེབས། ཁྱུང་ཆེན་སྔོན་པོ་འཇིགས་པའི་སྐུ། །སྐད་ནི་བར་སྣང་འབྲུག་བས་ཆེ། །བང་ནི་བར་སྣང་གློག་བས་མགྱོགས། །གདུག་པའི་ཚོགས་རྣམས་མ་ལུས་དབང་དུ་སྡུད། །དབང་སྡུད་ཆེན་པོ་ལས་ལ་ཡ། ཁྱུང་གི་ཚོགས་རྣམས་གཟན་ལ་འདུ། །བཀའ་ལ་ལ་འདིང་ལ་ལ་འཔྱོ། །ལ་ལ་ཀླུ་གཉན་གྲོང་ཁྱེར་འཁྲོལ། །ལ་ལ་ཀླུ་བྲན་ཟས་སུ་ཟ། ཁྱུང་གི་རྒྱལ་པོ་ལས་ལ་འདུ། ཁྱུང་གི་རྒྱལ་པོ་ལས་ལ་ཡ། །སྐྲུ་གྲི་ནག་པོ་འི་རྒྱུད་ལས། གསེར་མིག་འཁྱིལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་ཞུས་པ། ཀླུ་ཡི་རིགས་རྣམས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུ་ཡི་རིགས་ནི་བཞི་ཡིན་ཏེ། དབྱིངས་ཀྱི་ཀླུ་བཞི་ནི་བདེ་བ་ཅན་གྱི་ངང་ན་གནས། བྱང་ཆུབ་སེམས་དཔའི་ཀླུ་བཞི་ནི་འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་གནས་ན་གནས། སྤྲུལ་པའི་ཀླུ་བཞི་ནི་རི་རབ་ཀྱི་ཟོམ་ལ་གནས། འཇིག་རྟེན་པའི་ཀླུ་བཞི་ནི་འཛམ་བུའི་གླིང་ན་རྟེན་གང་གནས་པ་ན་གནས་སོ། །ཡང་ཞུས་པ། དེ་བཞིའི་དོན་ཇི་ལྟར་ལགས། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་གསུངས་ལ། དབྱིངས་ཀྱི་ཀླུ་བཞི་ནི་དོན་ཆོས་ཉིད་ཀྱི་སྤྲུལ་པ་རིག་པའི་རྩལ་མ་འགགས་པ། ཕྱོགས་དང་རྒྱ་གང་དུ་ཡང་མ་ཆད་པ། ཚིག་དང་ཡི་གེ་ལས་འདས་པ། དཔེ་དང་ཁ་དོག་ལས་འདས་པ། རྒྱུ་དང་རྐྱེན་ལས་འདས་པ། ཀུན་གྱི་སྤྱོད་ཡུལ་མིན་པའོ། །བྱང་ཆུབ་སེམས་དཔའི་ཀླུ་བཞི་ནི་རྒྱལ་བ་རིགས་ལྔ་ངོ་བོ་སྟེ་ལོངས་སྤྱོད་རྫོགས་པའི་ཞིང་ན་གནས་སོ། །སྤྲུལ་པའི་ཀླུ་བཞི་ནི་རི་རབ་ཀྱི་ཕྱོགས་བཞི་ན་ཀླུ་ཆེན་བཞི་གནས་ཏེ། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། བྲམ་ཟེའི་རིགས་རྣམས་གནས་ཏེ། དེ་རེ་རེ་ལ་ཡང་བཞི་བཞིས་བསྐོར་ནས་སོ། །འཇིག་རྟེན་པའི་ཀླུ་རྣམས་ནི་མ་མོ་དང་། བདུད་དང་། བཙན་དང་། མཚོ་སྨན་དང་། ས་སྲིན་དང་། ཀླུ་སྲིན་དང་། དམ་སྲི་དང་། རྒྱལ་པོ་ལ་སོགས་པ་རྣམས་ནི། སྤྲུལ་པའི་ཀླུ་བཞིའི་འཁོར་ན་ཁྱབ་པར་གནས་ཏེ། རང་རང་གཙོ་བོའི་ཆ་འཛིན་པར་གནས་སོ། །ཡང་གནོད་སྦྱིན་ལག་ན་རྡོ་རྗེས་ཞུས་པ། འཁོར་གྱི་ལྟས་རྣམས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་གསུངས་པ། མོན་དང་བཙུན་ཆེན་ཨ་ཙ་ར། ཁྱི་དང་སྤྲེའུ་བྱི་ལ་དང་། །བུ་ཆུང་འོད་དང་བསྒྲུབ་ཁང་འཚེག །སྙིང་མི་དགའ་ལ་འགྲོ་སྙིང་འདོད། །མ་དང་སྲིང་མོ་བུ་མོ་དང། །དེབཞིནརོགསམོམཛའ་མོ་དང་། ཁྱི་དང་སྒོ་ང་མཚོ་དང་ནི། །བུད་མེད་ནག་མོ་རལ་པ་ཅན། །རྟ་པ་སྐྱེས་པ་ཆས་བཟང་དང་། །བྲག་མར་ཆུ་མར་རི་དགས་དང་། །སྡོམ་དང་སྡིགཔ་ཉ་སྦལ་དང་། །སྦྲུལ་དང་ཁ་བརྒྱད་བ་ལང་དང་། །མཚོ་དང་རྟ་བོང་ར་ལུག་རྣམས། ། བྲམ་ཟེད་དམངས་རིགས་རྗེ་རིགས་དང་། །རྒྱལ་རིགས་འཁོར་གྱི་སྤྲུལ་པ་སྟེ། །དེ་རྣམས་རུལ་དང་སྐམས་པ་དང་། །ཐུབ་ཅིང་རྨི་ན་བཟང་བ་ཡིན། །ཟ་དང་འདེད་ལ་སོགས་པ་རྣམས། །ངན་པའི་རྟགས་སུ་བསྟན་པའོ། །སྤུ་གྲི་ནག་པོའི་རྒྱུད་ལས། །ཀླུའི་རིགས་དབྱེ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེ་ཞུས་པ། གསང་སྔགས་རྟེན་འབྲེལ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བུ་རམ་གླ་རྩི་རྩི་བོ་ཆེ། །ལྟོ་རུ་བཏང་བའི་སྨན་དུ་བསྟན། །སྤོས་དང་གླ་རྩི་ཏི་རྩ་གསུམ། ཁྲུས་ཀྱིས་བྱ་བའི་སྨན་དུ་བསྟན། །གླ་རྩི་ཤིང་ཤུན་གུ་གུལ་ཚིལ་ཆེན་དང་། ཁེལ་ཚ་དུ་བ་སྒོག་སྐྱ་དང་། །དེ་རྣམས་བྱུག་པའི་སྨན་དུ་བསྟན། །གུ་གུལ་སྒོག་སྐྱ་རྩི་བོ་ཆེ། །དེ་བཞིན་ཁྱི་ལུད་མཁན་པ་རྣམས། །དེ་ནི་གདུག་པའི་སྨན་དུ་བསྟན། །ཕག་ཆའི་ཁྱི་ལུད་མུ་ཟི་དང་། །དེ་བཞིན་དྲི་ཆེན་ཉ་མཁྲིས་རྣམས། །དེ་ཡང་བྱུག་པའི་སྨན་དུ་བསྟན། །ཙན་དུག་གུ་གུལ་མུ་ཟི་དང་། །སྦྲང་རྒོད་གཡེར་ཤིང་དྲི་ཆེན་དང་། །ཤ་ཆེན་གླ་རྩི་དྲི་ཆུ་དང་། །དེ་བཞིན་ཁྱི་ལུད་མཁན་པ་རྣམས། །གདུག་པའི་ སྨན་དུ་དེ་ཡང་བསྟན། །དུས་དྲུག་དག་ཏུ་ཕྱེ་ལ་བསྲུང་། །བྱ་ནུ་སྒོག་སྐྱ་རྒྱ་ཚྭ་དང་། །དེ་བཞིན་ཆང་དང་སྒོ་ང་ཡིས། །སྟོད་ཀྱི་ཆུ་སེར་འདྲེན་པའི་སྨན། ཁྱི་ལུད་མཁན་པ་ར་དུག་དང་། །དེ་བཞིན་དྲི་ཆུ་སྦྱར་བ་ཡིས། །སྨད་ཀྱི་ཆུ་སེར་འདྲེན་པའི་སྨན། །འཐུག་སྲབ་དག་ནི་ཀོ་བ་ཙམ། །དར་རམ་རས་ཀྱིས་བཅིངས་ཤིང་བསྡམ། །བ་བླ་ལྡོང་རོས་མུ་ཟི་དང་། །མར་དཀར་འོ་མའི་སྤྲིས་མ་ནི། ཁྲ་རོ་དབྱུང་བའི་སྨན་དུ་ཤིས། །མཐའ་མ་བཅུ་ཡིས་བརྩོགས་ལ་དབྱུང་། ཁྱི་ལྕེ་གྲོ་ཆང་དག་གིས་ནི། །གླང་ཤུ་འདྲ་བ་དག་གི་སྨན། །གཙོ་དང་ཡོངས་སུ་སྦྱར་བ་ནི། །ཚ་འབྲུམ་དག་གི་སྨན་དུ་བསྟན། །བཙན་དུག་རེ་ལྕགས་ར་དུག་ནི། ཁྲ་བཀྲ་དག་གི་སྨན་དུ་བསྟན། །ཡང་ན་གུ་གུལ་ཕག་ཚིལ་ལོ། །ར་དུག་པ་དང་ར་མོ་ཤགས། །དེ་བཞིན་ ཤུག་པ་ཚེར་མ་ཅན། །ཚེར་མ་ཟུག་པ་འདྲ་བའི་སྨན། །གང་ཞིག་སྙིང་ཅིག་མི་དགའ་ན། །མི་ཚིལ་སྙིང་ཁར་བསྐུ་བའོ། །འདོད་ཆགས་འདོད་པར་གྱུར་པ་ན། །བཙན་དུག་མུ་ཟི་ལོ་མར་དང་། །བསྲེས་ལ་རྡོ་རྗེ་དག་ལ་བསྐུ། །བ་གླང་འགྲམ་པའི་རྐང་མར་དང་། །ཕག་ཚིལ་ལོ་ལོན་བསྲེས་པ་ནི། །སྐྲ་དང་སྨིན་མ་བྱི་ན་བསྐུ། །རྟ་ཤེལ་མིག་འབྲས་དག་གིས་ནི། །སོ་རྩི་་།ར་བ་སོས་པར་འགྱུར། །ཕུག་རོན་སྒོ་ངའི་སེར་པོ་དང་། །བྱ་སར་སྒོ་ངའི་སེར་པོ་དང་། །མིག་སྨན་རྒྱ་མཚོ་གང་ཡིན་པ། །དེ་རྣམས་མིག་གི་སྨན་དུ་བསྟན། །གསེར་གཡུ་དུང་དང་མན་ཤེལ་དང་། །བྱུ་རུ་རྣམས་ནི་མིག་མེད་པ། །བསྲུང་བའི་མཆོག་ཏུ་དེ་ཡང་བསྟན། །ཡང་ན་གླ་རྩི་བཙན་དུག་དང་། །གུ་གུལ་མུ་ཟི་བ་བླ་དང་། །ར་དུག་པ་དང་དྲི་ཆེན་ནི། །བསྲུང་བའི་མཆོག་ཏུ་དེ་ཡང་འགྱུར། །ཡང་ན་ཚོན་སྐུད་སྣ་ལྔ་ལ། །རིགས་ལྔའི་ཁྱུང་དུ་བྱིན་རླབས་ལ། །མདུད་པ་རེ་ལ་ལྷ་རེ་བསྐྱེད། །མདུད་པ་ལྷ་ཡི་གྲངས་དང་སྦྱར། །རབ་གནས་མཆོད་པ་ཚུལ་བཞིན་བྱ། །དེ་ཡང་བསྲུང་བའི་དམ་པ་ཡིན། །བཙན་དུག་གླ་རྩི་གུ་གུལ་དང་། །སྒོག་སྐྱ་ཤིང་ཁུན་བ་བླ་དང་། །ལྡོང་རོས་མུ་ཟི་ཏི་ཙ་དང་། །བུར་ཙི་ཅོང་ཟི་འབྲུག་རུས་དང་། །རྨ་བྱའི་ཤ་དང་མཁྲིས་པ་སྒྲོ། །འབྲས་དང་སྲན་མ་བྲ་བོ་དང་། །ཉུངས་ཀར་ཉུངས་ནག་སྐྱེ་ཚེ་དང་། །མི་རུས་རྟ་རུས་བོང་བུའི་རུས་པ་དང་།ཁྱི་རུས་དེ་བཞིན་མཛེ་པོའི་རུས་པ་དང་། །ཉ་མཁྲིས་མི་མཁྲིས་བ་གླང་མཁྲིས་པ་དང་། །དེ་བཞིན་ར་ལུག་མཁྲིས་པ་དང་། །དོམ་གྱི་མཁྲིས་པ་དེ་བཞིན་ནོ། །ར་དུག་ལུག་དུག་སྤྱང་དུག་དང་། །དེ་བཞིན་བོང་དུག་རེ་ལྕག་པ། །སྤྱང་ཚེར་བ་དང་ར་མོ་ཤགས། ཁྱི་ལྕེ་སྲུབས་ཀ་དབྱི་མོ་དང་། །སྤྲུ་མ་མཁན་པ་ཤུག་པ་ཚེར་མ་ཅན། །སྐྱི་བའི་འབྲས་བུ་ལྕམ་པའི་འབྲས་བུ་དང་། །དེ་བཞིན་གཡེར་ཤིང་འབྲས་བུ་དང་། །སྤྱང་ཁུའི་བྲུན་དང་ཁྱི་ལུད་དང་། །དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་དང་། །ཕག་ཚིལ་མི་ཚིལ་མར་ནག་དང་། །ཕོ་རོག་ཤ་དང་ཤ་ཆེན་དང་། །མར་དཀར་བྱ་ཕོའི་ངར་སྒོང་དང། །དེབཞིནརིབོངརིལམ་དང་། །དུ་བ་སྦྱིན་སྲེག་ཐལ་བ་དང་། །དེ་བཞིན་སྦལ་མིག་བྱར་ནུས་ཏེ། །དེ་ལ་སོགས་པའི་རྫས་རྣམས་ནི། །ལུས་ལ་བཅངས་སམ་བསྐུས་གྱུར་ན། །གདོན་དང་ཆུ་སེར་ལ་སོགས་ནད། །སྐད་ཅིག་ཙམ་ཡང་གནས་མི་འགྱུར། ། དཔེར་ན་ཉི་མ་ཤར་བ་ལ། །མུན་པའི་རང་བཞིན་མི་གནས་ལྟར། །གང་ཡང་གནས་པར་མི་འགྱུར་རོ། །སྤུ་གྲི་ནག་པོའི་རྒྱུད་ལས། རྫས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེ་ཞུས་པ།གསང་སྔགས་རྫོགས་རིམ་ཇི་ལྟར་ལགས། །བཅོམ་ལྡན་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྙིང་ཁར་ལྟེ་བ་གསང་བའི་གནས། །དེ་བཞིན་སྤྱི་གཙུག་འཁོར་ལོ་སྟེ། །ཧུ༷་དང་ཨ་དང་ཨོ་དང་ཧ༷། །འཁོར་ལོ་བཞི་ནི་རིམ་པས་གནས། །ཡང་ན་འབྱུང་བཞིའི་ཡི་གེ་གནས། །ཙ་ཡི་གནས་རྣམས་འདི་ལྟར་ཏེ། །དྲུག་ཅུ་རྩ་བཞི་ལྟེ་བ་ན། །སྙིང་ཁ་མགྲིན་ལ་བརྒྱད་དང་བཅུ་དྲུག་གོ །བདེ་བ་ཆེན་པོ་སུམ་ཅུ་གཉིས། །ཡ༷་ལས་རླུད་ལ་ར༷་ལས་མེ། །མེ་རླུད་གཉིས་ཀྱི་སྦྱོར་བ་ཡིས། །འཁོར་ལོའི་རྩ་རྣམས་བསྲེགས་པ་སྟེ། །ལུས་རྣམས་བདེ་བས་རྒྱས་པར་བསྒོམ། །ཡང་ནི་ཀླུ་ནི་གང་གནོད་ཀྱི། །དུག་ནི་ངོས་ནི་ཟིན་པ་ལ། །དམིགས་ཏེ་དེ་ལ་མེ་ལྕེ་བསྲེག །ནད་ཀྱི་རྣམ་པ་ཐམས་ཅད་བསྲེག །ཡང་ན་འཁོར་ལོ་བཞི་ལ་ཡང་། །རང་རང་སྙིང་པོ་གང་གནས་པར། །རིགས་བཞིའི་ཁྱུང་ནི་བསྒོམ་ལ་ཡང་། །རིམ་གྱིས་སྤྱི་གཙུག་ལྟེ་བའི་བར རིམ་པས་བཞུ་བཏུལ་བྱས་ལ་བསྒོམ། །སྤྱི་གཙུག་རིན་ཆེན་ཁྱུང་དེ་ཡང་། །མེ་རླུང་བ་དེ་བསྲེགས་པས། །འོད་ཀྱི་དེ་ཡི་རྒྱུང་མཆོད་ནས། །རིན་ཆེན་ཁྱུང་གི་དམིགས་མེད་བསྒོམ། །འཁོར་ལོ་གཞན་ཡང་དེ་དང་འདྲ། །ཐུན་མཚམས་དག་ཏུ་རྫོགས་རིམ་བསྒོམ། །ཡང་ན་ལྟ་བའི་དོན་ལ་གཞག །སྔགས་དང་ལྷ་རུ་བཅས་པ་ཡིས། །སྐད་ཅིག་ཡེངས་པར་མི་བྱའོ། །གང་ཞིག་ལྷ་འམ་མན་ངག་ལ། །སོམ་ཉི་ཟོས་ན་སྒྲུབ་ཐག་རིང་། །དེ་བཞིན་བར་ཆོད་སྣ་ཚོགས་འོང་། །སྐྲུ་གྲི་ནག་པོའི་རྒྱུད་ལས། རྫོགས་རིམ་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེ་ཞུས་པ། རིག༷ ས་ལྔ་རྩ་བའི་སྒྲུབ་པ་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་བྱམས་དང་སྙིང་རྗེ་བསྒོམ། །དེ་ནས་སྟོང་ཉིད་བྱང་ཆུབ་སེམས། །རིག་པ་ཁྲོ་གྱི་ངོ་བོ་ལས། །སྒྱུ༷་འཕྲོས་གཞལ་ཡས་རང་བཞིན་ཏེ། །སྒོ་བཞི་ཀ་བ་བརྒྱད་དང་ལྡན། །དྲ་བ་དྲ་ཕྱེད་རྒྱལ་མཚན་མཛེས། །ནང་དུ་པ༷་ལས་པདྨ་བསྐྱེད། །འདབ་བཞི་ལྟེ་བར་ལྡན་པ་ལ། །མ་དང་ཨ་ལས་ཉི་ཟླའི་སྟེང་། །ནམ་བཞི་ལས་ནི་སྦྲུལ་བཞིའི་གདན། །གཞལ་ཡས་རིན་ཆེན་ལྔ་ལས་གྲུབ། །རྡོ་རྗེ་ཁྱུང་ཆེན་འཇིགས་པའི་སྐུ། །སྐུ་མདོག་དཀར་ལ་མཆུ་གཤོག་སྔོ། །མིག་དང་སྡེར་མོ་གསེར་ལས་གྲུབ། །ལུས་རྣམས་རྡོ་རྗེས་གཏམས་པ་སྟེ། ཁྲར་ཕྱོགས་ཀླུ་གཉན་སྟེང་དུ་བསྐྱེད། །རིན་ཆེན་ཁྱུང་ནི་སྐུ་མདོག་སེར། །མཆུ་དང་གཤོག་པ་རྡོ་ལས་གྲུབ། །མིག་དང་སྡེར་མོ་བྱུ་རུའི་མདོག །ལུས་ནི་རིན་ཆེན་སྤུངས་པས་བརྒྱན། །དེ་བཞིན་ལྷོ་ཕྱོགས་ཀླུ་གཉན་ཏེ། །པདྨའི་ཁྱུང་ཆེན་འཇིགས་པའི་སྐུ། །སྐུ་མདོག་བྱུ་རུའི་མདོག་ལྟར་དམར། །མིག་དང་སྡེར་མོ་གསེར་ལས་གྲུབ། །མཆུ་དང་གཤོག་པ་གཡུ་ལས་གྲུབ། །ལུས་ནི་མཛེས་པའི་པདྨས་བརྒྱན། །ནུབ་ཕྱོགས་ཀླུ་གཉན་སྟེང་དུ་བསྒོམ། །ལས་ཀྱི་ཁྱུང་ཆེན་སྐུ་མདོག་སྔོ། །མཆུ་དང་གཤོག་པ་གསེར་ལས་གྲུབ། །མིག་དང་སྡེར་མོ་ཟངས་ལས་སོ། །ལུས་ལ་རལ་གྲི་འབར་བས་བརྒྱན། །བྱང་ཕྱོགས་ཀླུ་ཡི་སྟེང་དུ་བསྐྱེད། །བདེ་གཤེགས་ཁྱུང་ཆེན་སྐུ་མདོག་མཐིང་། །མཆུ་དང་གཤོག་པ་དེ་བཞིན་ནོ། །མིག་ད༷ང་སྡེར་མོ་གསེར་༷ལས་གྲུབ།༷།ལུས་པོ་རྡོ་རྗེ་རྒྱ་གྲ༷མ་འབར་བས་གཏམས། །ལྟེ་བར་ཀླུ་བརྒྱད་སྟེང་དུ་བསྐྱེད། །སྐུ་བསྐྱེད་སྔགས་དང་བཟླས་པའི་སྔགས། །རིམ་པ་བཞིན་དུ་བསྟན་པ་ཡང་། །ཧ་པ་ཨོ་སྭ་ཁྲི་པ་ཁྲི་ཨོ་གྲྭ་ཧྭ། ཁྲི་པ་ཨོ་གྲྭ་ཧྭ། ཨོ་ཁྲི་སྭ་ཧྭ། སྭ་པ་༷ཨོ་ཁྲི་ཏ། གཙོ་བོའི་སྔགས་ནི་བསྙེན་སྔགས་ལ། །འཁོར་རྣམས་ཀྱིས་བསྒྲུབ་པ་སྟེ། །ནད་ངོས་ཟུང་ལ་སོ་སོར་བཟླས། །ངོས་མ་ཟིན་ན་དྲིལ་ཏེ་བཟླས། །རྦད་སྔགས་དག་ཀྱང་དྲིལ་བའོ། །སྐུ་བསྐྱེད་ཐུགས་ཁའི་ཁྲོ་ལས་ཡང་། །འོད་འཕྲོས་སྤྱན་དྲང་མཆོད་བསྟོད་བྱ། །དེ་ནས་གཉིས་མེད་བསྟིམ་པ་དང་། །ཛ་ཧུ༷་བེ་ཧོས་ཕྱག་རྒྱ་བཅས། །འཁོར་ལོ་པདྨ་ཟླ་བ་ལ། །ཨོ་དང་ཨ་དང་ཁྲོ༷་རྣམས་སོ། །རྦད་པའི་ཏིང་འཛིན་འདི་ལྟ་སྟེ། །གང་གནོད་པ་ཡི་དུག་ལ་ཡང་། །གཉེན་པོ་གང་ཡིན་ཁྱུང་རྦད་ཚེ། །སྔགས་ནི་མདའ་ཡི་རང་བཞིན་ལ། །ཏིང་འཛིན་གཞུ་ཡི་ངོ་བོ་སྟེ། །དུག་ནི་འཕེན་པའི་ཚུལ་དུ་བསམ། །གཉེན་པོའི་ཏིང་འཛིན་མཆོད་པ་ལ། །སྒྲུབ་པ་ཏིང་འཛིན་དབང་དུ་བསྡུ། །ལས་སྦྱོར་ཏིང་འཛིན་གསོད་པར་བྱེད། །ར་ཛ་སྲི་ཛ་ཁྱུང་རྦད་ཧུར་ཧུར་སྨྱོ་སྤྱོ།དུག་དབྱུང་བའི་སྔགས་སོ། །སྒྲུབ་པས་དུག་རྣམས་ཕྱིན་པས་ན། །གཉེན་པོ་གང་ཡིན་སྔགས་ལ་ནི། །གསང་སྔགས་འདི་རྣམས་སྦྲེལ་ལ་གདགས། །ནཱ་ག་རྭ་ཛ་ཤཱ་ར་ཡ་ཕཊ། ཕུ་མེ་རྭ་ཛ་མ་ར་ཡ་ཕཊ། སཀྲ་རྭ་ཛ་མ་ར་ཡ་ཕཊ། ཧུ༷། བཅོམ་ལྡན་རྡོ་རྗེའི་ཁྱུང་ཆེན་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ལུས་ལ་རྡོ་རྗེ་འབར་བས་བརྒྱན། །འཇིགས་བྱེད་ཁྲོ་བོའི་སྐུ་ལ་བསྟོད། །བཅོམ་ལྡན་རིན་ཆེན་ཁྱུང་ཆེན་ཡང་། །སྐུ་མདོག་སེར་ལ་འཇིགས་པའི་སྐུ། །སྐུ་ལ་རིན་ཆེན་འབར་བས་བརྒྱན། ཁྱུང་ཆེན་དྲག་པོའི་སྐུ་ལ་བསྟོད། །བཅོམ་ལྡན་པདྨའི་ཁྱུང་ཆེན་ནི། །སྐུ་མཆོག་དམར་ལ་འོད་ཟེར་འབར། །སྐུ་ལ་པདྨ་འབར་བས་བརྒྱན། ཁྱུང་ཆེན་འཇིགས་པའི་སྐུ་ལ་བསྟོད། །བཅོམ་ལྡན་ལས་ཀྱི་ ཁྱུང་ཆེན་ནི། །སྐུ་མདོག་ལྗང་ནག་ཆེན་པོ་སྟེ། །སྐུ་ལ་རལ་གྲི་འབར་བས་བརྒྱན། །གདུག་པ་འདུལ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་བདེ་གཤེགས་ཁྱུང་ཆེན་ནི། །སྐུ་མདོག་མཐིང་ནག་ཆེན་པོ་སྟེ། །སྐུ་ལ་རྡོ་རྗེ་རྒྱ་གྲམ་གཏམས། ཁྲོ་བོ་འཇིགས་པའི་གཟུགས་ལ་ཕྱག་འཚལ་བསྟོད། །དད་ལྡན་བརྩོན་འགྲུས་ཆེ་ན་འགྲུབ། །སྙིང་རྗེ་བྱམས་སེམས་ལྡན་ན་འགྲུབ། །སོམ་ཉི་ལེ་ལོ་མེད་ན་འགྲུབ། །དབང་དང་མན་ངག་རྫོགས་ན་འགྲུབ། །སྤུ་གྲི་ནག་པོའི་རྒྱུད་ལས། རིགས་སྔའི་རྩ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ། ཁྱུང་ནག་བསྒྲུབ་པ་ཇི་ལྷར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསྙེན་དང་བསྒྲུབ་པ་ལས་སྦྱོར་ཏེ། །བསྙེན་པའི་སྔགས་ནི་འདི་ལྟ་སྟེ། །ཨོ་བཛྲ་བ་ཏི་ག་རུ་ཌ་ཧུ༷་ཛ་རྭ་ཛ་སྲི་ཙ་ཧུ༷་ཕཊ། བཟླས་པའི་ཏིང་འཛིན་གཉིས་ཡིན་ཏེ། །བདག་གཞན་གཉིས་སུ་ཕྱེ་ལ་བཟླས། །འབུམ་ཚོ་གཅིག་གིས་ནང་རྟགས་འོང་། །དེ་བཞིན་གཉིས་ན་ཡིད་ཆེས་སྐྱེ། །འབུམ་ཚོ་གསུམ་ན་ལ༷ ས་རྣམས་འགྲུབ། །རྩེ་གཅིག་ཏིང་འཛིན་ལྡན་པས་བཟླས། །སོམ་ཉི་ལེ་ལོ་སྤངས་ན་འགྲུབ། ཁུ་གསུམ་དྲག་པོའི་སོལ་བས་བྱུག །ཚེར་མ་ཅན་གྱི་ཤིང་བུ་ལ། །ཡུགས་ས་མོ་ཡི་སྐྲ་ཡིས་བསྡམ། །དེ་ལ་དྲག་པོའི་ཧོ་བྱས་ལ། །ནཱ་ག་ར་ཛ་སརྦ་ཛ་ལ་ར༷། པུ་མ་ར་ཛ་སརྦ་ཛ་ལ་ར༷། པུ་ནེ་ར་ཛ་སརྦ་ཛ་ལ་ར༷། ས་ཀྲ་རྭ་ཛ་སརྦ་ཛ་ལ་ར༷། སྒྲུབ་པའི་སྔགས་ལ་བཏགས་ལ་བསྲེགས། །ནང་དུ་ཁྱུང་བསྐྱེད་མཆོད་བསྟོད་བྱ། ཁྲག་སྣ་དུག་སྣ་ལ་སོགས་དང་། །ཉུངས་ཀར་ཉུངས་ནག་བསྲེགས་པའི་རྫས། །ཐལ་བ་རླུང་ལ་བསྐུར་ལ་གཏང་། །ཡང་ན་གནན་པ་དག་ཀྱང་བྱ། །གནོད་པའི་གཟུགས་སམ་རྨི་ལམ་འོང་། །འགུགས་འདྲེན་བྱས་ལ་ཐུན་གྱིས་བྲབ། །མི་བསད་ལྕགས་སམ་ཐོག་ལྕགས་ལ། །མཚོན་དུ་བྱས་ལ་གཏུབ་པར་བྱ། །གདུག་པ་ཅན་གྱི་ཤིང་བུ་ལ། །རྩིབས་དྲུག་ལྡན་པའི་འཁོར་ལོ་བྱ། །དུག་ཆུས་བྱུགས་ལ་འཁོར་ལོས་གཏུབ། །དུག་གི་ཤིང་ངམ་དྲག་པོའི་ལྕགས། །བཅུ་གཉིས་སོར་གྱི་ཚད་བྱས་ལ། །ཕུར་པ་དག་གིས་གདབ་པར་བྱ། །རབས་ཆད་ནག་པོའི་ཐོད་པའམ། །ཡང་ན་མོན་ཐོད་དག་ཀྱང་རུང་། །གང་གནོད་པ་ཡི་གཟུགས་བྱས་ལ། །དུག་སྣ་ཁྲག་སྣ་ཡོད་ཚད་བླུགས། །དགུག་འདྲེན་བྱས་ལ་ཤེས་པ་བསྟིམ། །ཐུན་གྱིས་བྲབ་ལ་གནན་པ་བྱ། །རེ་བས་དྲིལ་ལ་སྔོན་མར་བཅིང་། །ལྷ་འདྲེ་ཆེ་བའི་ས་རུ་གནན། །ཡང་ན་གང་གནོད་པ་རུ་སྦ། །ཨ་ར་ཛ་མ་ཧྭ་ག་རུ་ཌ་ཁྱུང་རྦད་ཧུར་ཧུར་སྨྱོ། ནཱ་ག་རྭ་ཛ་ས་ཀ་རྭ་ཀྲ། པུ་ནི་རྭ་ཛ། པུ་མ་ར་ཛ། མ་ར་ཡ་ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། ཨོ་བཛྲ་ཏིག་སྣ་ཙཀྲ་ག་རུ་ཌ་ཧུ༷་ཕཊ། ནཱ་ག་རྭ་ཛ་ཙཀྲ་ཧུ༷་ཕཊ། ས་ཀྲ་རྭ་ཛ་ཙཀྲ་ཧུ༷་ཕཊ། པུ་ནི་རྭ་ཛ་ཙཀྲ་ཧུ༷་ཕཊ། པུ་མ་རྭ་ཛ་ཙཀྲ་ཧུ༷་ཕཊ། འཁོར་ལོའི་སྔགས་སོ། །ཨོ༷་ཨ༷༷ཧྲུ༷་ཧྲི་ཏྲི། ག་རུ་ཌ་ན་ཀྲ་ས་ཀྲ་ས་པུན་སུམ། རག་ཤ་མ་ར་ཡ། ཀི་ལི་ཀི་ལྭ་ཡ་ཧུ༷་ཕཊ། ཕུར་པའི་སྔགས་སོ། །ནཱ་ག་རྭ་ཛ་ལ༷་ནན་སྟ༷་པ་ནན། ས་ཀྲ་རྭ་ཛ་ལེ་ནན་སྟ༷་པ་ནན། པུ་ན་རྭ་ཛ་ལ༷་ནན་སྟ༷་པ་ནན། པུ་མ་རྭ་ཛ་ལ༷་ནན་སྟ༷་པ་ནན། མ་ར་ཡ་ནན། གནན་པའི་སྔགས་སོ། །བསྙེན་པ་དག་གི་དོན་རྫོགས་ནས། །བསྒྲུབ་པའི་རིམ་པ་ཡང་དེ་བཤད། །མཎྜལ་ཟླུམ་པོ་གྲུ་གསུམ་ལ། །ཟླ་གམ་གསུམ་དང་ལྡན་པར་བྱ། །བྱིས་པ་གཙང་མ་དག་གིས་ཀྱང་། །མཚར་བུ་འོམ་བུ་བལ་པོ་ཟེའུ་གཅད། །རྨ་བྱའི་སྒྲོ་ཡང་ཟུང་ལ་དགོད། །གང་གནོད་གཟུགས་ནི་འབྲུབ་ཁུང་ནང་། །ཐུན་གྱིས་བྲབ་ཅིང་འགུག་འདྲེན་བྱ། །སྒྲུབ་པའི་སྔགས་ལ་ཤམ་བུ་གདགས། །རྦད་སྔགས་གསད་སྔགས་ཤམ་བུའོ། །དུས་བཞི་དག་ཏུ་ཐུན་གྱིས་བྲབ། །ཨོ་ཏ་ཀི་ཙ་ཏ་བྱི་ཙ་ཏེ་ཧུ༷་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་གྲྭ་ཧྭ།སྔགས་ཀྱི་རང་བཞིན་སྒྲ་རྣམས་ལ། །སྒྲ་ཡི་རང་བཞིན་ཁྱུང་ཡིན་ནོ། །ཧུ༷། ཁྱུང་གི་རྒྱལ་པོ་ཐུགས་དམ་ཅན། ཁོ༑ན་ཏུ་གདུངས་ནས་བསྐུལ་བའི་ཚེ། །ས་བདག་ཀླུ་གཉན་ཐམས་ཅད་ལ། ཁྱུང་གི་ཕོ་ཉ་ཆར་ལྟར་བབ། །ཡང་སྤྲུལ་ཁྱུང་ནི་ཐོག་བས་དྲག ཧུ༷། ཁྱུང་གི་རྒྱལ་པོ་ཐུགས་དམ་ཅན། །ས་བདག་ཀླུ་གཉན་ཐམས་ཅད་ལ། ཁྱུང་གི་རྒྱལ་པོ་གཟན་ལ་འདུ། །འཇིགས་པའི་ང་རོ་དི་རི་རི། །དམ་སྲི་ཕུང་སྲི་གཟན་དུ་ཚོལ། །བཙལ་ནས་ཐམས་ཅད་ཟ་བར་བྱེད། །གདུག་པ་མ་ལུས་དབང་དུ་སྡུད། །སྐུ་ལ་རིགས་བཞིའི་སྦྲུལ་གྱིས་བརྒྱན། །གང་ལ་བྱ་བའི་སྙིང་ནས་འདྲེན། །བྱ་ཁྱུང་རྒྱལ་པོ་ཚངས་པའི་བྱ། །གསེར་མདོག་བྱ་ཁྱུང་ག་རུ་ནི། །གདུག་པ་ཀུན་གྱི་གཤེད་མ་སྟེ། །དུས་ལ་བབ་བོ་ས་མ་ཡ། །ཨོ་རྙུ་པ་པུ་ཙ་མེ་ག་ས་མུན་ཏྲ་སྤ་ར་ན་ས་མ་ཡེ་ས་ཧ་ཧུ༷། པུསྐྲོ། རྙུ་པེ། ཨུ་ལོ་ཀེ གརྙེ། ནེ་པེ་ཏེ། མཆོད་པའི་སྔགས་སོ། །ཨོ་ཨ་ཁ་རོ་མུ་ཁ༷་སརྦ་དྷརྨ་ན༷་ཨ་བྱ་ནུད་པན་ན་ཏྭད་ཨོ་ཨུ༷༷ཧུ༷་གྲྭ་ཧྭ། གཏོར་མའི་སྔགས་སོ། །ཨོ་ཨུ༷༷ཧུ༷། སྐུ་གསུང་ཐུགས་ཀྱི་སྔགས་སོ། །ཛ༷༷ཧུ༷་བ༷་ཧོ། སྤྱན་དྲང་བའི་སྔགས་སོ། །ཧུ༷། མཁའ་ལྡིང་རྒྱལ་པོ་ཚངས་པའི་བྱ། །གསེར་མདོག་བྱ་ཁྱུང་ག་རུ་ནི། །གནས་ནི་རི་རབ་རྩེ་ལ་གནས། །གསེར་གྱི་ལུས་ལ་གཡུ་ཡི་གཤོག་པ་ཅན། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །ཀླུ་རྒྱལ་གདུག་པ་སྤྱི་ནས་འདྲེན། །ཀླུ་བྲན་རྣམས་ནི་ཟས་སུ་ཟ། །མིག་ནི་ཉི་མའི་ཟེར་བས་རྣོ། །ས་བདག་ཀླུ་གཉན་དབང་དུ་སྡུད། ་ང་གི་རྒྱལ་པོ་ཚངས་པའི་བྱ། །གཤོག་པ་གཡས་པ་བརྡབས་པ་ཡིས། །གདུག་པ་ཀླུ་ཡི་གནས་རྣམས་འཇོམས། །རི་རབ་རྩེ་ནས་རྒྱ་མཚོའི་གཏིང་སྙེག་ཅིང་། །མཇུག་མས་རི་རབ་རྩེ་ནས་བསྙིལ། །བྱ་ཁྱུང་མཛེས་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐྲུ་གྲི་ནག་པོའི་རྒྱུད་ལས། ཁྱུང་ནག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་པ། །མེད་དབལ་བསྒྲུབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨོ་ནཱ་ག་ལི་དུ་དུ༷་པ་ཡ། ས་ཏྭ༷་ཏེ་ཀུ་རུ་ཧུ༷་ཧུ༷་ཛ་ཛ་སྨྱོ་སྨྱོ། བསྙེན་པའི་སྔགས་སོ། །རྩེ་གཅིག་ཏིང་འཛིན་གསལ་སྒོམ་ན། །འབུམ་ཚོ་གསུམ་གྱིས་ལས་རྣམས་གདོན་མི་ཟ། །མེ་ཆེན་འབར་དང་ཆུ་ཆེན་འཁྲུག །ལུས་ལ་མེ་ནི་འབར་བ་དང་། །ནམ་མཁའ་འོད་དུ་སྣང་བ་དང་། ཁྲ་འགུལ་ཤ་འཁྲིག་འཁྱུག་པ་དང་། །ཉ་སྦལ་ལ་སོགས་བསད་པ་དང་། །ཟོས་པ་ལ་སོགས་བཟང་བ་ཡིན། །གྲུ་གསུམ་ཉིས་བརྩེགས་གྲུ་བཞི་ལྡན། །མཐིང་ནག་ཚོན་གྱིས་དབུས་སུ་བྲི། །དེ་བཞིན་ཤར་དང་ལྷོ་དང་ནུབ། །དཀར་དང་སེར་དང་དམར་བའི་ཚོན། །རིམ་པ་བཞིན་དུ་བྲི་བ་ཡིན། །ཟུར་གསུམ་ལ་ནི་ཁྱུང་གསུམ་སྟེ། །དབུས་སུ་མཐུ་སྟོབས་བདག་པོ་བསྐྱེད། །སྒྲུ་པའི་དུས་སུ་ཐུགས་ཀར་དགོད། །ཧུ༷། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་ནི་མི་འགྱུར་མཐིང་ནག་ལ། །རིགས་བཞི་ཀླུ་ཡིས་མཛེས་པར་བརྒྱན། །ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་བཅས། །འཇིགས་བྱེད་ཁྲོ་བོ་འབར་བ་སྟེ། །བདུད་དང་སྲིན་པོ་མ་རུངས་འདུལ། ཁྱུང་གི་ཚོགས་ནི་སྤྲུལ་པ་འགྱེད། །འཇིགས་པའི་ང་རོ་དི་རི་རི། །སྔགས་ཀྱི་འོད་ཟེར་ལྕིབས་སེ་ལྕིབས། །འཇིགས་པའི་གད་མོ་ཧ་ཧ་ཧ། །རྡོ་རྗེ་གཏུམ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །སྒྲུབ་པའི་སྔགས་ནི་ཕཊ་ཀྱིས་བསྒྱུར། །གང་གནོད་པ་ཡི་གཟུགས་སམ་མིང་། །བྱས་ལ་སྦྱིན་སྲེག་བྱ་བ་ཡིན། ཁྲག་སྣ་དུག་སྣ་རྙེད་ཚད་དོ། །དེ་བཞིན་ཉུངས་ཀར་ཉུངས་ནག་དང་། ཁྲ་ཡི་རྣམ་པ་རྙེད་ཚད་དོ། །ཚེར་མ་ཅན་གྱི་ཤིང་བུ་ལ། །དྲག་པོ་ཧོམ་གྱི་གཟུགས་བྱས་ནས། །གང་གནོད་པ་ཡི་རྟེན་བཞག་ལ། །དམིགས་པ་བཅས་ལ་འགུག་འདྲེན་བྱ། ཁྲེས་པ་བསྟིམ་ལ་སྤྱིན་སྲེག་བྱ། །ཨོ༷་ནཱ་ག་རྭ་ཛ་དུད་ལིང་པ་ཏ་ར༷་ར༷། །སྒྲུབ་པའི་སྔགས་ལ་བཏགས་ལ་བསྲེག །ཐལ་བ་ཆུ་འམ་རླུད་ལ་བསྐུར། །ཡང་ན་གནན་པ་བྱ་བར་ཤིས། །དཔྱིད་ཟླ་གསུམ་གྱི་ཉ་འམ་ནི། །ཡང་ན་དགུན་ཟླ་ཐ་ཆུངས་ཉ། །ཐོད་པ་མཚན་ངན་ནང་དུ་ཡང་། །གནོད་པའི་མིང་དང་རུས་སུ་བྲི། །དྲག་པོའི་རྫས་ཀྱིས་ཐོད་པ་དག །རེ་བས་དྲིལ་ལ་སྐུད་པས་བསྡམ། །གང་གནོད་པ་ཡི་ས་ཕྱོགས་སམ། །གདོན་ནི་ཆེ་བའི་ས་རུ་གནན། །བདུན་ནམ་ཉི་ཤུ་རྩ་ གཅིག་གམ། །ཡང་ན་བཅུ་བཞི་དག་ཏུ་རུང་། །སྒྲུབས་ཏེ་གནན་པ་བྱ་བ་ཡིན། །ནཱ་ག་རྭ་ཛ་མུ་ར་ཡ་ནན། ས་ཀྲ་རྭ་ཛ་མྱ་ར་ཡ་ནན། པུ་ནི་རྭ་ཛ་མྱ་ར་ཡ་ནན། པུ་མ་རྭ་ཛ་མ་ར་ཡ་ནན། དེ་ཡང་སྒྲུབ་པའི་སྔགས་དང་སྦྲེལ། །སྤུ་གྲི་ནག་པོའི་རྒྱུད་ལས། མེ་དབལ་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་ཞུས་ པ། སེམས་ཅན་རྣམས་ལ་ཕན་གདགས་པ། །དེ་ཡི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆར་ནི་མེད་པ་གྱུར་པ་ན། ཁྱུང་གི་དཀྱིལ་འཁོར་བཞེངས་གསོལ་བ། །ཕྱོགས་བཞི་དག་ཏུ་ཧོམ་བྱས་ལ། །ཞག་ལྔ་བར་དུ་སྒྲུབ་པ་བྱ། །ཐུན་བར་དག་ཏུ་དཀར་ཆོས་བྱ། །སྒྲུབ་པ་ཐོན་ནས་སྦྱིན་སྲེག་བྱ། །གདོན་ཡོད་གནས་སུ་བྱས་གྱུར་ན། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །སྲེའུ་མི་སོས་གྱུར་པ་ན། ཁྱུང་ཆེན་རྩ་བའི་དཀྱིལ་འཁོར་ལ། །སྒྲུབ་པ་དག་ནི་ཡང་ཡང་བྱ། །མ་ཡི་རུམ་ན་གནས་ཙམ་ན། །སྒྲུབ་པའི་ལས་རྣམས་མང་དུ་བྱ། །གནན་དང་བསྲེག་པའི་ལས་ཡང་བྱ། །དེ་ཀྱང་སོས་པར་མ་གྱུར་ན། །གང་གནོད་པ་ཡི་ལིང་ཁ་དེ། །རྡོ་རྗེ་སློབ་དཔོན་མལ་འོག་གམ། །ཡང་ན་ཆགས་ཀྱི་ནང་དུ་གཞུག །དུས་རྣམས་རྟག་ཏུ་ཏིང་འཛིན་གྱིས། །ཞབས་ཀྱི་འོག་ན་ཡོད་པར་བསམ། །དེས་ཀྱང་སོས་པར་མ་གྱུར་ན། །གང་ཤི་བ་ཡི་རོ་དེ་ལ། །སྤྱིན་སྲེག་བྱས་ལ་ཆུ་ལ་བསྐུར། །ཡང་ན་རི་གསུམ་རྩེ་ལ་བསྐྱལ། །དེ་ལྷར་བྱས་ན་ཐེ་ཚོམ་མེད། །སེར་བ་དག་ནི་བཟློག་པ་ན། ཁྱུང་གི་སྒྲུབ་པ་ཞལ་ཕྱེ་ལ། །དཀྱིལ་འཁོར་དག་གི་ས་ཚོན་ཡང་། །འོང་བའི་མཚམས་སུ་སྦྲེལ་ལ་བཞག །ཕྱོགས་བཞི་མཚམས་བཞི་དག་ཏུ་ཡང་། །ཕུར་པ་བརྒྱད་ལ་ཁྱུང་བརྒྱད་བསྐྱེད། །འོང་བ་ལྷ་ཡི་དཀྱིལ་འཁོར་དུ། །ཏིང་འཛིན་དག་གིས་བསྐྱེད་པའོ། །དེ་བཞིན་ཉུངས་ཀར་ལ་སོགས་ཡང་། །སྔགས་རྣམས་བཟླས་ལ་མཐོང་ལ་སྦ། །སྤྲིན་ནམ་རླུད་གི་སྣ་དེ་ལ། །དམིགས་ལ་ཁྱུང་གི་དྲག་སྔགས་ཡང་། །ཉུངས་ཀར་དག་ལ་བཟླས་ལ་བརྡེག །རང་ཉིད་ཁྱུང་དུ་བསྒོམསཔཡི། །གཤིགཔསསྤྲིན་རྣམས་གཏོར་བར་བསམ། །མཛུབ་རིས་བྱས་ལ་ཕུ་ཡིས་གདབ། །སྐྲུ་གྲི་ནག་པོའི་རྒྱུད་ལས། ཕན་བཏགས་པའི་ལེའུ་སྟ་བཅུ་པའོ།། །།སྤུ་གྲི་ནག་པོའི་རྒྱུད་རྫོགས་སོ།། །།རྒྱུད་འདི་ལ་སྒྲུབ་ཐབས་ལྔ་ཡོད་དོ། །བུ་ལྔ་བཅུ་ཐམ་པ་ཡོད་དོ། །ཐེམས་ཀྱི་ཡི་གེ་དགུ་ཡོད་དོ། །ཡང་ཐེམས་གཅིག་ཡོད་དོ། ཁ་བྱང་གསུམ་ཡང་བྱང་གཅིག་ཡོད་དོ། །མ་བུ་བདུན་བཅུ་ཐམ་པ་ཡོད་དོ།ངང་་ངམེ་་ངངམིངངང་་འའརིསིངངཁ་ཅག་བྲས་ལ་གཏར་དུ་སྦས། །འད་ལས་ ད་ད་རྒྱལ་པ་ཉད། །མ་བསྣན་ ་དབྲ་ཆད་ལ་ལྷག་མ་བྱ། །འད་ལས་ཡད་ན་རྒྱལ་པའ་གླུད་དུ་འགུམ། །གྲ་ ་ ང་ཧྭ་གསང་བའ་རྒྱ། །བན་ཆུང་བདག་རང་གབ་པའ་རྒྱ། །མངའ་བདག་རྒྱལ་པོ་སྦས་པའི་རྒྱ། །ཆོས་འདི་རྙེད་པའི་མི་དེས་ཀྱང་། །མ་བུ་མི་དབྲལ་གཅིག་མི་བསླད། །སྣོད་རྣམས་བརྟགས་ལ་ཁད་དང་རིམ་གྱིས་སྦྱིན། །མང་དུ་མི་སྤེལ་གསང་རྒྱ་བཏབ་ཅིང་སྤྱིན། །སྙིང་པོ་མི་དབྱུང་གདམས་པ་བཀའ་མི་གཅད། །ལྷུག་པར་མི་སྤྱིན་སྣོད་དང་སྦྱར་ལ་སྤྱིན། །བཀའ་བསྲུངས་དམ་ལ་མ་ཐོགས་པ། །གཞན་ལ་བྱིན་ན་བར་ཆོད་མང་། །དེ་བཞིན་བཀྲ་མི་ཤིས་པར་འོང་། །གཏད་རྒྱ་དག་ལ་ནན་ཏན་བྱ། །རྫོགས་སོ།། །།