Difference between revisions of "Ngb-pt-0878-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་མན་ཏྲ་མ་ར་ན་མ་ཧྭ་ཀར་མ་ཙཀྲ་རྭ་ཛ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལོའི་རྒྱུད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བདག་བདག་ཉིད་ཀྱིས། །རྒྱུད་རྣམས་ཀུན་ཏུ་མ་ཚང་བའི། །རོལ་པའི་མཆོག་ལ་འདི་སྐད་ཞུས། །ཀྱེ་ཀྱེ་ཀུན་བཟང་རྒྱལ་པོ་ཡིས། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྔགས་པ་ནང་རྒྱས་བྱེད་པའི་དུས། །ལྷ་སྲིན་སྟོབས་འགྲན་བྱེད་པའི་དུས། །དྲག་སྔགས་རྩིས་འགྲན་བྱེད་པའི་དུས། །རྒྱ་བཙུགས་སོ་ཐེམས་བྱེད་པའི་དུས། །སྲིད་པའི་ལྷ་སྲིན་གབ་པའི་ཚེ། །གཤེད་མ་ལས་རྒྱལ་ཇི་ལྟར་བྱ། །གཟིར་བའི་རྣམ་པ་ཇི་ལྟར་བྱ། །འདི་རྣམས་བདག་ལ་བཤད་དུ་གསོལ། །ཀུན་བཟང་ཡབ་ཡུམ་བཀའ་སྩལ་པ། །ཀྱེ་ཀྱེ་རྡོ་རྗེ་སྟོབས་པོ་ཆེ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ལྔ་སྟོང་དུས་བཞི་ཐ་མའི་ཚེ། །སྔགས་པ་ནང་འགྲས་བྱེད་པའི་ཚེ། །ལྷ་སྲིན་མཐུ་འགྲན་བྱེད་པའི་ཚེ། །དྲག་སྔགས་རྩིས་འགྲན་བྱེད་པའི་ཚེ། །རྒྱ་བཙུགས་སོ་ཐེམས་འགྲན་པའི་ཚེ། །ལྷ་སྲིན་ངོས་མ་ཟིན་པའི་ཚེ། །གཤེད་མ་ལས་རྒྱལ་བཅའ་བ་ནི། །སྒྲུབ་བྱེད་སྐྱེས་བུ་ཆེན་པོ་ལ། །སྐྱེ་བ་སྔ་མ་ལས་དབང་གིས། །དྲེགས་པའི་སྡེ་དཔོན་སྲོག་ཁང་ནས། །སྙིང་རྩ་སྔགས་ཀྱི་རྣམ་པར་བྱུང་། །སེམས་ནི་སྔགས་ཀྱི་རྒྱུན་དུ་གནས། །རྟེན་འབྲེལ་བཅོས་པས་ནུས་མཐུ་བསྐྱེད། །སྔགས་ཀྱི་དོན་ནི་ལྷ་ཡིན་ཏེ། །སེམས་སྐྱོབ་བྱེད་པ་ལས་སུ་བཤད། །སྔགས་ནི་ཕོ་ཉ་གཉིས་སུ་འགྱུར། །སྔགས་ནི་དམ་རྫས་རྣམས་སུ་འགྱུར། །སྔགས་ནི་སྲོག་རྩ་རླུང་དུ་འགྱུར། །དེ་ཕྱིར་སྔགས་རྣམས་སྲོག་ཁང་ནི། །སྒྲུབ་བྱེད་སྐྱེས་བུ་ཉིད་ལ་གནས། །གཡས་ཀྱི་ལག་མཐིལ་བདུད་ཀྱི་སྲོག །ལྕགས་ཀྱི་བུ་ག་ནང་ན་གནས། །གཡས་ཀྱི་འགྲུབ་འཁོར་མུ་སྟེགས་སྲོག ཁྲོ་ཆུ་ག་བུ་ནང་ན་གནས། །གཡས་པའི་དཔུང་པ་རུ་དྲའི་སྲོག །སྲིན་རྡོའི་ག་བུ་གནག་ན་གནས། །གཡོན་གྱི་ལག་མཐིལ་དམུ་ཡི་སྲོག །མཆོང་སྨུག་ག་བུའི་ནང་ན་གནས། །གཡོན་གྱི་གདུག་འཁོར་སྲིན་ཕོའི་སྲོག ཁེང་ནག་པོ་ཡི་ག་བུར་གནས། །གཡོན་གྱི་དཔུང་པ་རྒྱལ་པོའི་སྲོག ཁྲེལ་གྱི་ག་བུའི་ནང་ན་གནས། །རྐང་གཡས་མཐིལ་ན་འགོང་པོའི་སྲོག །སྲིན་རྡོ་ག་བུའི་ནང་ན་གནས། །རྐང་གཡས་བྱིན་པ་སྲིན་མོའི་སྲོག ཁྲེང་ནགས་པོ་ཡི་ནང་ན་གནས། །རྐང་གཡས་བླ་ལ་སྲིན་བདུད་མོའི་སྲོག །ལྕགས་ཀྱི་ག་བུའི་ནང་ན་གནས། །རྐང་མཐིལ་གཡོན་ན་དམ་སྲིའི་སྲོག །རུས་པའི་ག་བུའི་ནང་དུ་གནས། །རྐང་གཡོན་བྱིན་པ་གནོད་སྤྱིན་མོ། ། སྲིན་རྡོ་ལྗང་ཀུའི་ག་འུར་གནས། །རྐང་གཡོན་བླ་ལ་མ་མོའི་སྲོག །མ་རུས་ག་འུའི་ནང་ན་གནས། །མགོ་ན་དྲེགས་པ་སྤྱི་སྲོག་གནས། །རིན་ཆེན་སྣ་ལྔའི་ག་བུར་གནས། །མགྲིན་པ་གནོད་སྦྱིན་སྲོག་གནས་ཏེ། །སྲིན་རྡོ་ལྗང་ཀུའི་ག་བུར་གནས། །སྙིང་ཁ་བཙན་གྱི་སྲོག་གནས་ཏེ། །མཆོང་དམར་ག་བུའི་ནང་ན་གནས། །ལྟེ་བ་གཤིན་རྗེའི་སྲོག་གནས་ཏེ། །གཡུ་ཡི་ག་བུའི་ནང་ནས་གནས། །སྐྱེས་བྱེད་རྡོ་རྗེ་ལྷ་གནས་ཏེ། །དུང་གི་ག་བུའི་ནང་ན་གནས། །རྡོ་རྗེ་སྐྱེད་པ་ཐེ་བྲང་གནས། །རྡོ་སྨུག་ག་བུའི་ནང་ན་སྲོག །རྡོ་རྗེ་རྩ་བ་རེན་ཆེན་འབྲས། །ཀླུ་ཡི་སྲོག་ནས་རིན་ཆེན་ལྔ། །ཀུན་གྱི་ག་འུའི་ནང་ཤེད་ན། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །རྟེན་འབྲེལ་སྐྱེ་བཞི་དུག་དང་ལྔ། །རང་རང་གཉེན་པོ་སྲོག་དང་བཅས། །ལེགས་གསུམ་གཟེར་འགུགས་གསད་པ་བྲི། །གྲུ་གསུམ་རང་སྲོག་བཅས་པ་ནི། །མཁས་པས་འཁོར་ལོ་དེ་ལྟར་བཅའ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལོའི་རྒྱུད་ལས། གཤེད་མ་ལས་རྒྱལགྱི་འཁོར་ལོ་གནས་ལུགས་དང་བཏུ་བ་བྲི་བའི་ལེའུ་སྟེ་དང་པོའོ།། །།གཤེད་ཆེན་ལས་རྒྱལ་གཟེར་བྱ་བ། །སྔོན་དུ་བསྙེན་པ་རྫོགས་བྱ་སྟེ། །མུ་ར་ཡ་ཡི་འཕྲེང་བས་བསྐྱལ། །ཨོ་མ་ར་ཡུ་ཛ། དེ་ནས་འབྱུང་བའི་བསྙེན་པ་བསྐྱལ། །ཨོ་ཨེ་ཡ༷་ར༷་སུ༷་པ༷་ཛ། དེ་ནས་དུག་ལྔ་བསྙེན་པ་བསྐྱལ། །ར་ག །དེ་ཝེ། ཤ་མ་ཧ། ན་མ། ཨི་རི་ཤ །སྨྱོ། དེ་ནས་རྟེན་འབྲེལ་བསྙེན་པ་བསྐྱལ། །སརྦ་དུཤུན་རྦད་ནན། །སརྦ་བི་ན་རྦད་ནཎ། དེ་ཡིས་རང་གི་བདེ་བ་ཐོབ། །རྡོ་རྗེ་གཙུག་ལག་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལེའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།གཤེད་ཆེན་ལས་རྒྱལ་གཟེར་བྱ་བ། །གཉིས་པ་སྒྲུབ་པའི་ལས་བྱ་བ། །སྔོན་དུ་མ་ར་ལྭ་བསྒྲུབ་བྱ། །ཧཱུཾ༷་མ་ར་སྦྱོ། གཉིས་པ་འབྱུང་བ་བསྒྲུབ་པར་བྱ། །ཨེ་ཡ༷་ར༷་སུ༷་བ༷་སྨྱོ། གསུམ་པ་རྟེན་འབྲེལ་བསྒྲུབ་པར་བྱ། །སརྦ་དུ་་རྦད་ནཎ། སརྦ་བི་ན་རྦད་ནཎ། བཞི་པ་དུག་ལྔ་བསྒྲུབ་པར་བྱ། །རག། དེ་ཝེ། ཤ་མོ་ཧ། ན་མ། ཨི་རི་ཤ་སྨྱོ། དེ་བྱས་ལས་ལ་འཛུད་པར་བྱེད། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལོའི་རྒྱུད་ལས། བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།གཤེད་མ་ལས་རྒྱལ་གཟིར་བར་བྱ། །དང་པོ་མ་རིག་སྔོན་བྱུང་སྟེ། །ཉོན་མོངས་དང་ལྡན་རྟེན་འབྲེལ་འབྱུང་། །སྐྱེ་བ་རྣམ་བཞི་འབྱུང་བར་འགྲུབ། །དེ་ལས་སྤྱི་དང་དགོས་དགོས་འབྱུང་། །དེ་དག་དུག་ཆེན་བཅོ་བརྒྱད་ལྡན། །དུག་ལས་རྒྱས་འབྲིང་གསུམ་ཡིན་ཏེ། །བསྡུས་པས་བཅོ་བརྒྱད་འབྲིང་ནི་དབྱེ། །རྒྱས་པ་བསམ་གྱི་མི་ཁྱབ་བཤད། །དེ་དག་མེད་པར་བྱ་ཕྱིར་གཟིར། །ཨེ་བཱ་ར་ཡ་རྦད། །ཆེ་གེ་མོ་མྱ་ར་ཡ་རིག་སྔགས་རྦོད་པ་དྲི་ཛ། གནད་ནས་སྟམ་པ་ཡ་ནཎ། ཀྭ་ལ་རྦད་རྦད་ཐུམ་རིལ་རྦུད་རྦུད། རྩིཉི་རྦད་རྦད་ཐུམ་རིལ་ཐུམ་རིལ་རྦུད་རྦུད།སད་སད་རྦད་ནཎ་རྦད་ནཎ། །ཨེ་ཡ༷་ར༷་སུ༷་བ༷། ཆེ་གེ་མོ་འབྱུང་བའི་རིག་སྔགས་རྦོད་པ་ནི་ཛ། །གནད་ནས་སྟམ་པ་ལ༷་ནཎ། མཛེས་པ་རྒྱན་དང་རབ་ལྡན་བྱ། །ར་ག་ཆེ་གེ་མོའི་འདོད་ཆགས་རིག་སྔགས་རྦོད་པ་དྲི་ཛ།གནད་ནས་སྟམ་པ་ཡ་ལ༷་ནཎ། མཛེས་པའི་རྒྱན་དང་རབ་ལྡན་བྱ། །དེ་ཝེ། ཆེ་གེ་མོ་ཞེ་སྡང་རིག་སྔགས་རྦོད་པ་དྲི་ཛ། གནད་ནས་སྟམ་པ་ཡ་ལ༷་ནཎ། མཛེས་ལྡན་རྒྱན་དང་རབ་ལྡན་བྱ། ཁྲ་མ་ཧྭ་ཆེ་གེ་མོ་གཏི་མུག་རིག་སྔགས་རྦོད་པ་དྲོ་ཛ། །གནད་ནས་སྟ༷་པ་ལ༷་ནཎ། མཛེས་པའི་རྒྱན་དང་ལྡན་པར་བྱ། །ན་མ་ཆེ་གེ་མོ་ང་རྒྱལ་རིག་སྔགས་རྦོད་པ་སྤོ་ཛ། གནད་ནས་སྟ༷་པ་ལ༷་ནཎ། མཛེས་པའི་རྒྱན་དང་ལྡན་པར་བྱ། །ཨི་རི་ཤ་སྨྱོ།ཆེ་གེ་མོ་ཕྲག་དོག་གི་རིག་སྔགས་རྦོད་པ་དྲི་ཛ། གནད་ནས་སྟམ་པ་ལ༷་ནཎ། མཛེས་པའི་རྒྱན་དང་ལྡན་པར་བྱ། །སརྦ་དུ་་རྦད་ནཎ། སརྦ་བི་ན་རྦད་ནཎ། ཆེ་གེ་མོ་རྟེན་འབྲེལ་རིག་སྔགས་རྦོད་པརྣ་ཛ། གནད་ནས་སྟམ་པ་ལ༷་ནཎ་དྲི་ཛ། མཛེས་པའི་རྒྱན་དང་ལྡན་པར་བྱ། །དེ་ལས་སྤྱི་ཡི་ལས་རྣམས་འགྲུབ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་གྱི་འཁོར་ལོའི་རྒྱུད་ལས། སྤྱིའི་ལས་ལ་སྦྱར་བའི་ལེའུ་སྟེ་བཞི་པའོ།། །།གཤེད་མ་ལས་རྒྱལ་སྒོས་གཟེར་པ། །ཨེ་ཡ་མ་ཡ་གཤིན་རྗེའི་རིག་སྔགས་རྦོད་པ་དྲི་ཛ། གནད་ནས་སྟམ་པ་ལ༷་ནན། མཛེས་པའི་རྒྱན་དང་ལྡན་པར་བྱ། །གསང་བའི་སྤྱོད་པ་ལྔ་དང་ལྡན། །བཅུ་བདུན་ལས་ཀྱི་རིམ་པ་བྱ། །དེ་ཡི་ལས་རྣམས་འགྲུབ་པར་འགྱུར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལོའི་རྒྱུད་ལས། སྒོས་ལས་ལ་སྦྱར་བའི་ལེའུ་སྟེ་ལྔ་པའོ།། །།གཤེད་མ་ལས་རྒྱལ་རྒྱུད་འདི་ནི། །གཤེད་མའི་གཉེན་པོ་དང་འདྲ་བས། །སྡིག་པས་ངན་སོང་གནས་སུ་ལྟུང་། །དེས་ན་རབ་ཏུ་གབ་སྦས་གསང་། །གཉེན་པོ་དང་འདྲ་རབ་ཏུ་བཟུང་། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་འཁོར་ལོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གཤེད་ཆེན་ལས་རྒྱལ་གྱི་རྒྱུད། ཐི་རྒྱ། ནི་རྒྱ། སི་རྒྱ། མན་ངག་དོན་འགྲོལ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཤན་ཏིང་ཀ་ར་ཨ་མྲི་ཏ་ཀ་ར་ད་ཡ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་