Difference between revisions of "Ngb-pt-0871-vol-09-text"

From Rangjung Yeshe Wiki Texts
Jump to navigation Jump to search
 
 
(No difference)

Latest revision as of 11:50, 20 March 2020

Front[edit]

Body[edit]

རྒྱ་གར་སྐད་དུ། ཀྲི་ཡི་བཛྲ་ཨུ་ཀྲ་ན་བི་མན་ཁད་ཁ་མྱ་ལ་ཙཀྲ་ཏན་ཏྲ་ནཱ་མ། །བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ཅེས་བྱ་བ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་གསང་བ་དྲུག་གི་བདག་པོ་འཇིགས་པའི་རྒྱན་བཅུ་དྲུག་དང་ལྡན་པ། གསང་བའི་མཁའ་དྲུག་ནས་བཞེངས་ཏེ། དྲག་པོ་ཨེ་དྲུག་གདན་ལ་བཞུགས་པ། གསང་བ་རིགས་ཀྱི་འཁོར་དྲུག་གིས་བསྐོར་ཏེ་བཞུགས་སོ། །དེའི་ནང་ནས་གསང་བ་དྲུག་གི་བདག་པོ་ལག་ན་རྡོ་རྗེ་ཨེ་ཝ༷་ལས་བཞེངས་ཏེ། །བཅོམ་ལྡན་འདས་ལ་གསང་བ་དྲུག་གི་མཆོད་པས་མཆོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་རྒྱུད་རྒྱལ་གྱི། ཕྱི་བའི་རྒྱུད་དྲུག་རྗེས་འབྲེངས་ནས། །དྲག་སྔགས་རྨེ་བཟློག་ཇི་ལྟར་ལགས། །ལས་ཀྱི་འཁོར་ལོ་རྣམ་གྲངས་སུ། །བསྐོར་ཐབས་རིམ་པ་ཇི་ལྟར་ལགས། །གཏད་པའི་རིམ་པ་ཇི་ལྷར་ལགས། །ལྡོག་མཚམས་རིམ་པ་རྣམ་པ་དུ། །དྲག་པོའི་སྔགས་བདག་ཇི་ལྟར་བསྐང་། །དྲེགས་པ་སྤྱི་དང་སྒོས་སྒོས་སུ། །གནད་མའི་རིམ་པ་ཇི་ལྟར་ལགས། །གཅིག་གསད་པ་དང་སྡེ་གསད་པ། །འདི་ལ་ཁྱད་པར་མི་འཚལ་ལམ། །མྱ་ར་ཡ་ཡི་འཕྲེང་བ་ལ། །བསྙེན་བསྒྲུབ་རིམ་པ་མི་འཚལ་ལམ། །སྤྱི་ཡི་གསང་སྔགས་གསང་བ་གང་། །རྒྱུད་འདིའི་ལྡེ་མིག་རྣམ་གྲངས་དུ། །རྒྱུད་འདི་ཇི་ལྟར་བཟུང་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་དྲིན་གསུངས། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཁའ་དྲུག་གི་གསང་བ་ལས་བཞེངས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །དུག་ལྔ་སེལ་བའི་བདུད་རྩི་མཆོག །ལོག་པའི་རྟོག་པ་འཇོམས་བྱེད་པ། །མ་འོངས་རྣམས་ཀྱི་དོན་དུ་བཤད། །ལུས་ངག་ཡིད་གསུམ་གུས་པར་ཉོན། །ཕྱི་མའི་རྒྱུད་དྲུག་རྗེས་འབྲངས་ནས། །རྨེ་བཟློག་སུམ་བཅུ་ཐམ་པ་ནི། །སྐྲུ་གྲི་འཕྲེང་བའི་འཁོར་ལོ་སྟེ། །གསང་ཆེན་དང་པོ་སྤུ་གྲི་ནི། །དུས་ཐུག་མན་ངག་མ་གྲུབ་ན། །ཏིང་འགྱུར་ལས་སྔགས་སྲིན་ཕོ་མོ། །དེ་ལ་བར་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་བཏགས་པས་འགྲུབ། །ནང་ཐུགས་མན་ངག་མ་འགྲུབ་ན། །གྲུབ་པའི་དྲག་སྔགས་སྲིན་ཕོ་མོ། །དེ་ལ་ལས་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །གཞན་ཐུན་མན་ངག་མ་གྲུབ་ན། །བསྙེན་པའི་དྲག་སྔགས་སྲིན་ཕོ་མོ། །དེ་ལ་ལས་སྔགས་བསྒྲུབ་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །དུས་ཐུག་མ་བཟློག་རྐྱེན་བྱུང་ན། ཁྲོ་མོའི་ལས་སྔགས་སྲིན་ཕོ་མོ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །ནང་ཐུག་མ་བཟློག་རྐྱེན་བྱུང་ན། །བསྒྲུབ་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་ལས་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །གཞན་ཐུག་མ་བཟློག་རྐྱེན་བྱུང་ན། །བསྙེན་པའི་དྲག་སྔགས་སྲིན་ཕོ་མོ། །དེ་ལ་ལས་དང་བསྒྲུབ་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །ཅིས་ཀྱང་མ་ཐུབ་བགེགས་གནོད་ན། །དུས་ཐུག་ཕུར་ལས་སྲིན་ཕོ་མོ། །དེ་ལ་བར་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །ནང་ཐུབ་མ་ཐུབ་བགེགས་གནོད་ན། །བསྒྲུབ་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་བསྙེན་པ་ལས་གདགས་བྱ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །གཞན་ཐུག་མ་ཐུབ་བགེགས་གནོད་ན། །བསྙེན་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་ལས་དང་བར་གདགས་བྱ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །དུས་དྲུག་བཟླས་པའི་འོ་ང་མེད་ན། །ལས་ཀྱི་སྔགས་ལ་སྲིན་ཕོ་མོ། །དེ་ལ་བར་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །ནང་ཐུབ་བཟླས་པའི་འོ།ང་མེད་ན། །བསྒྲུབ་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་བསྙེན་ང།་ལས་གདགས་བྱ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །དུས་ཐུག་བློ་བུར་དགྲ་བྱུང་ན། །ལས་ཀྱི་སྔགས་ལ་སྲིན་ཕོ་མོ། །དེ་ལ་བར་དང་བསྙེན་པ་གདགས། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །ནང་ཐུག་བློ་བུར་དགྲ་བྱུང་ན། །བསྒྲུབ་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་བསྙེན་པ་གདགས་པར་བྱ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །གཞན་ཐུག་བློ་བུར་དགྲ་བྱུང་ན། །བསྙེན་པའི་སྔགས་ལ་སྲིན་ཕོ་མོ། །དེ་ལ་ལས་དང་བར་གདགས་བྱ། །དེ་ལ་སྒྲོལ་སྔགས་གདགས་པར་བྱ། །པྲ་ནི་མི་ལ་འཁོར་ལོ་གཞུག །དང་པོ་ཐེམས་ལ་དེ་སྦྱོར་བྱ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྐྲུ་གྲི་འཁོར་ལོའི་རྒྱུད་ཕྱི་མ་ལས། རྨེ་བཟློག་གསུམ་ཅུའི་རྩིས་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལས་ཀྱི་འཁོར་ལོ་བསྟན་པ་ཡིན། །བཀའ་དང་སྒྲ་དང་དུར་ཁྲོད་དང་། །དྲག་སྔགས་ཕྱི་ལ་ནང་འཁོར་ལོ། །གསང་བ་འཁྲུལ་འཁོར་ཡིན་པར་བཤད། །རྩ་བ་འཁོར་ལོ་ཆོས་སོགས་བཞི། །ཡན་ལག་ཆོས་སོགས་བྱིན་བརླབས་བཞི། །སྤུ་གྲི་ལས་ཕྱེ་འཕྲིན་ལས་བཞི། །དེ་ལས་བཅུར་འགྱུར་བརྒྱ་རྩ་འབུམ། །རྡོ་རྗེ་གཙུག་ལག་སྐྲུ་གྲི་འཕྲེང་བའི་རྒྱུད་ལས། །འཁོར་ལོ་དབྱེ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལས་འཁོར་བསྐོར་བ་བཅུ་གཅིག་ཡིན། །དགེ་འདུན་སྡེ་ཀྱང་སྡེ་ཆེན་ལ། །རང་རང་རྒྱུད་བཤད་འཁོར་ལོ་ལ། །ཐུན་མོང་པར་བུ་ཕྱིར་བཟློག་བྱ། །སྔགས་པ་སྡེ་ཀྱང་སྡེ་ཆེན་ལ། །རང་རང་རྒྱུད་བཤད་འཁོར་ལོ་དང་། །སྡིག་པ་བ་འཐབ་འཁོར་ལོ་བསྐོར། །རྒྱལ་པོ་བྲམ་ཟེ་ལ་སོགས་ལ། །རང་རང་རྒྱུད་བཤད་འཁོར་ལོ་དང་། །སྲོག་མདའ་དམར་པོའི་རིམ་པ་དང་། །བདུད་ལ་སོགས་པའི་གཉེན་པོར་སྦྱར། །གང་འདོད་ནད་ནི་འཁོར་ལོས་སོ། །འཕྲིན་ལས་བསྲུང་སོགས་རིམ་པར་སྦྱར། །བགེགས་ལ་སྡེ་དཔོན་འཁོར་ལོ་དང་། །གཉེན་པོ་རིམ་པ་སྦྱར་བར་བྱ། །སྒྲ་སོགས་རྩོད་པ་གསུམ་ལ་སྦྱར། །དེ་ལ་ལས་གྲངས་སྦྱར་བ་ནི། །རང་དང་གཞན་དང་ཉན་ཐོས་དང་། །མུ་སྟེགས་ཅན་ལ་ལས་འབུམ་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། འཁོར་ལོ་བསྐོར་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གཏད་པ་གསུམ་ལས་དབྱེ་བ་ནི། །དགྲ་བླ་བསྙེན་པ་གཙོར་བསྒྲུབ་ཡིན། །གྲོགས་ནི་བསྒྲུབ་པ་གཙོར་བསྒྲུབ་པའོ། །ལས་ནི་ལས་སྦྱར་གཙོར་བྱེད་དོ། །རྫས་དང་ཏིང་འཛིན་དེ་དང་འདྲ། །གྲུབ་པ་སྔགས་སྐྱེས་ལས་གྲུབ་པ། །འབྲེལ་པ་རང་རང་རིགས་རྒྱུད་མགོ །རྟེན་འབྲེལ་མ་ཚོར་རྫས་ཀྱིས་གཏད། །གང་དུ་རྗེས་མེད་སྨྱོ་བྱས་ལ། །ཐ་མ་རྫས་བདུན་བསྲེག་འབྲོས་བྱ། །ཟིལ་གནན་རང་བཞིན་འབྲུ་བཞིས་གཟིར། །བཅུ་པ་དྲག་པོ་འབྲུ་བཞིས་གཟེར། །གསད་པ་བརྩན་ཐབས་འབྲུ་བཞིས་གཟེར། །ཏྲིག་ནན་ཧཱུཾ༷་ཕཊ་རང་བཞིན་ནོ། །ཙིསྟ་རྦད་ནན་དྲག་པོའོ། །རྦད་ནན་ཕཊ་རྦད་བཙན་ཐབས་སོ། །སྡེ་དཔོན་བཅོ་བརྒྱད་རིམ་བཞིན་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། གཏད་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།སྔོན་ལྡོག་ལྷ་གདོན་ཕྱེད་བྱས་ལ། །རྒྱུད་དྲུག་རྗེས་འབྲེངས་བསྙེན་གསུམ་འཇུག །གསང་རྫས་བདུན་གྱིས་ལུས་བསྲུང་བྱ། །ཐུག་ཕྲད་ཉམས་གསུམ་བསྟན་པ་ནི། །རྫས་དང་སྔགས་དང་ཏིང་འཛིན་དང་། །རྫས་ནི་སྲུང་བའི་རྫས་ཡིན་ལ། །སྔགས་ནི་བསྲུང་སྔགས་རབ་ཏུ་དྲང་། །བསྟན་འཛིན་སྲུང་པ་གོ་མགོ་བསྲུང་། །རྗེས་འཇུག་ལྡོག་པ་བཞི་ཡིན་ཏེ། །སྔགས་དང་རྫས་དང་ཏིང་འཛིན་དང་། །ཕྱག་རྒྱ་རྣམ་བཞི་གསང་བའོ། །སྔགས་མཚམས་གཅད་བཅིང་བསྐྲད་པའི་སྔགས། །རྫས་དང་རྗེས་གཅད་རྟེན་འབྲེལ་བདུན། །ཏིང་འཛིན་ཤུགས་ཀྱིས་འཕངས་པ་ཡིན། །ཕྱག་རྒྱ་སྟང་སྟབས་བསྲུང་བར་བྱ། །བརྟགས་པ་བསྔགས་བཟླ་སྦྱོར་བཞི་གཤིག །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོ་ལས། ཟློག་མཚམས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གནམ་ས་བར་དང་གསུམ་རྣམས་ནི། །དུས་ལ་སོགས་པ་ཐུག་པ་དང་། །རྟགས་དང་སྦྱར་ལ་བསྐང་བ་སྟེ། །ལུགས་བྱུང་རུ་ལོག་དངས་སྙིགས་འབྱེད། །ལུགས་འབྱུང་གྲུབ་རྟགས་མི་འགྲུབ་རྟགས། །མིག་དང་རྣ་བ་སྣ་དང་ཡིད། །རིམ་པ་བཞི་རུ་བརྟག་པར་བྱ། །འབྱུང་བ་དངས་སྙིགས་གསང་ཁྲག་རྟགས། །འཁོར་བ་རུ་ལོག་སྤྱི་ཚུགས་དང་། །འབྲེད་འབྱུང་མགོ་རྣམས་མང་དང་མེད། ཁ་དོག་ལ་སོགས་བཞིར་བརྟག་བྱ། །དེ་དུས་ཐབས་བཞིས་བསྐང་བར་བྱ། །རྟེན་པའི་གནས་གསུམ་རྫས་ཡིན་ལ། །བསྐང་བའི་གནས་གསུམ་སྐབས་དང་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། བསྐང་དུས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དྲེགས་པའི་སྤྱི་དང་སྒོས་སྒོས་ཀྱི། །གསད་པ་དྲག་པོ་རྒོད་ཀྱིསྔགས། །ཏྲིགནནཨེཧུརཐུམས་ཛ། སརྦ་དུ་།ཏྲིག་ནན་ཧཱུཾ༷་ཕཊ། ཙིཀྟ་རྦད་ཐུམ་རིལ་མ་ར་ཡ་ཕཊ། ཏྲིག་ནན། ཨ་ཧུར་ཐུམས་ཛ། ཙིསྟ་རྦད་ནན། ཙིསྟ་ཐུམས་རིལ་མ་ར་ཡ་རྦད། ཏྲིག་ནན། ཨེ་ཧུར་ཐུམས་ཛ། རྦད་ནན་ཕཊ། རྦད། ཙིསྟ་ཐུམས་རིལ་མ་ར་ཡ་རྦད། དཀྲུག་པའི་རིམ་པ་དགུ་རུ་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྐྲུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། གནད་དང་གཤེད་མའི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།གཅིག་གསད་སྡེ་གསད་བསྟན་པ་ལ། །ཏྲིག་ནན། ཨེ་ཧུར་ཐུམས་ཛ། སརྦ་དུ་། ཏྲིག་ནན་ཧཱུཾ༷་ཕཊ། ཤ་ཏྲུ༷་ཙིཏི་རྦད། ཐུ༷་རིལ་མྱ་ར་ཡ་ཕཊ། ཏྲིག་ནན། ཨེ་ཧུར་ཐུ༷་ཛ། སརྦ་དུ་སྐྱིན། ཏྲིག་ནན་ཧཱུཾ༷་ཕཊ། ཧྲི་ཆེ་གེ་མོ་ཙིསྟ་རྦད་ཐུ༷་རིལ་མྱ་ར་ཡ་ཕཊ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྐྲུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། གཅིག་གསད་སྡེ་གསད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།མྱ་ར་ཡ་ཡི་བསྙེན་པ་ནི། །འབྱུང་བ་དྲག་སྔགས་དབྱེ་བ་ཡིས། །བསྙེན་པའི་འཕྲེང་བ་བཞི་རུ་གསུངས། །དྲག་སྔགས་བསྙེན་པ་གཉིས་ཡིན་ཏེ། །སྤྱི་དང་བྱེ་བྲག་གཉིས་སུ་བསྟན། །སྤྱི་ནི་ཨོ་དྲངས་ནཱ་ར་ཡ། །སྒོ་སྒོས་རང་རང་རྩ་བའི་སྔགས། །འབྱུང་བ་འདས་དང་མ་འདས་གཉིས། །འདས་པའི་འབྱུང་བ་ཨོ་དྲངས་ནས། །འབྱུང་བཞག་ཛ་ཡིས་མཐའ་བརྟེན་པའོ། །བསྒྲུབ་པའི་ལས་རྣམས་དེ་བཞིན་སྦྱར། །དྲག་སྔགས་གཅིག་བསྒྲུབ་བསྟན་པ་ཡིན། །ལྷ་ཡི་སྦྱོར་བ་རིགས་དྲུག་སོགས། །སྡེ་དཔོན་ལ་སོགས་སྦྱར་བྱ་བ། །སྡེབས་དང་བཅད་པའི་ལས་སུ་བཤད། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྐྲུ་གྲི་འཕྲེང་བའི་འཁོར་ལེའི་རྒྱུད་ལས། བཱ་ར་ཡ་འཕྲེང་བའི་བསྙེན་བསྒྲུབ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།སྤྱི་ཡི་གསང་སྔགས་གསང་བ་ནི། །རང་བཞིན་ལ་སོགས་དྲག་སྔགས་ལ། །སྟོང་ཉིད་གཉིས་དྲངས་དབྱངས་བཅུ་དྲུག །ཐ་མ་སྟོང་པ་གཉིས་ཀྱིས་མཛེས། །རྫོགས་པའི་སྣ་གྲངས་གསལ་བྱེད་དང་། །རང་གི་ལྷ་དང་སྦྱར་བ་ནི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྦྱར། །རང་བཞིན་དྲག་པོ་བཙན་ཐབས་དྲིལ། །དྲག་སྔགས་གསུམ་ཞེས་བྱ་བ་ཡིན། །བསེ་དུང་ལྕགས་ལ་དྲུག་དབྱེ་གསུམ། །དེ་ལ་གང་བྱེད་རྟག་བྱས་ནས། །གནད་ཟློག་ལྔ་རུ་འགྱུར་བ་ཡིན། །ས་རྣམས་བཏགས་པས་ལས་འགྲུབ་འགྱུར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལེའི་རྒྱུད་ལས། སྤྱིའི་གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།རྫས་དང་འཁོར་ལོ་མཚོན་ཆ་གསུམ། །དང་པོ་བར་མཐར་བཤད་པ་ཡིན། །ཚིག་དོན་སྔགས་དོན་མན་ངག་གསུམ། །གབ་སྦས་གསང་བར་བཤད་པ་ཡིན། །ཐེམས་དང་རྩིས་དང་ཚད་མ་གསུམ། །འབྱེད་འགྲོལ་འབྱིན་པར་བཤད་པ་ཡིན། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྦུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། ལྡེ་མིག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དཔག་བསམ་ཤིང་དང་བུམ་པ་དང་། །ནོར་བུ་ལྟ་བུའི་རྒྱུད་དུ་བཟུང་། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྐྲུ་གྲི་འཕྲེང་བའི་འཁོར་ལོའི་རྒྱུད་ལས། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྤུ་གྲི་འཕྲེང་བའི་འཁོར་ལོའི་མན་ངག་རྫོགས་སོ།། །།མན་ངག་དོན་བཀྲོལ་གྱི་རྒྱུད་རྫོགས་སོ། །ཐི་རྒྱ༷༷ ནི་རྒྱ༷༷ སུ་རྒྱ།། །། རྒྱ་གར་སྐད་དུ། ཀྲི་ཡི་བཛྲ་ཨུ་ཀྲན་བི་