Ngb-pt-0869-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0869-text.docx.wiki to Ngb-pt-0869-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ག་རུ་ཌ་བཛྲ་ཙཀྲ་ཀྲི་ཡི་ཏན་ཏྲ། །བོད་སྐད་དུ། རྡོ་རྗེ་ཁྱུང་གཙུག་ལག་འཁོར་ལོའི་རྒྱུད། བཅོམ་ལྡན་འདས་ཁྲོ་རྒྱལ་མཁའ་ལྡིང་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས། དཔལ་ཀུན་ཏུ་བཟང་པོ་ལ་འཕྲིན་ལས་ཀྱི་མཆོད་པ་སྣ་ཚོགས་པས་མཆོད་དེ། འཕྲིན་ལས་ཀྱི་མདའ་བཞིས་བསྐུལ་བས་དེ་རྣམས་ཀྱི་བསམ་པ་མཁྱེན་ནས། དེའི་ཚེ་འཕྲིན་ལས་ཐེ་ཚོམ་བཀའ་སྩལ་པ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤང་བའི་ཕྱིར། ཁྱུང་གི་རྒྱུད་ཆེན་འབུམ་སྡེ་རྣམས། །ལྡེ་མིག་རྣམ་པ་གསུམ་གྱིས་འབྱེད། །ཐེམས་ནི་འཁོར་ལོ་ལྡེ་མིག་ཡིན། །ཚད་མ་སྔགས་ཀྱི་ལྡེ་མིག་ཡིན། །རྩིས་ནི་མན་ངག་ལྡེ་མིག་ཡིན། །དང་པོ་ཐེམས་ཀྱི་གདམ་ངག་བཤད། ཁྱུང་ཆེན་ཡབ་ཡུམ་རྣམ་པ་ལྔ། །རྩ་བའི་འཁོར་ལོ་བཞི་རུ་བཤད། །རྒྱས་འབྲིང་ཐ་མ་གསུམ་དུ་བསྟན། །སྐུ་ལས་བྱུང་བའི་འཁོར་ལོ་གསུམ། །བཞི་བརྒྱད་རྣམ་པ་བཅུ་རྣམས་སོ། །རིམ་པ་གཉིས་དང་ལྡན་པ་ལ། །དབུས་སུ་སྐུ་གསུམ་མཚན་མ་གསུམ། །ཕྱི་རིམ་ཁྱམས་ལ་བྲི་བ་ནི། །རྡོ་རྗེ་བཞི་བརྒྱད་བཅུ་རྣམས་སོ། །རྩ་བ་གསུམ་གྱི་འཁོར་ལོ་ལས། །ལས་ཀྱི་འཁོར་ལོ་རྒྱས་འབྲིང་ཐ། །ལས་ཀྱང་རྒྱས་འབྲིང་རྣམ་པ་བཞི། །བཞི་བཅུ་བརྒྱ་རྩ་འབུམ་དུ་བསྟན། །སྐྱོན་སྤངས་ཡོན་ཏན་བཞི་དང་ལྡན། །སྦས་པའི་འཁོར་ལོ་རྣམ་པ་བདུན། །རྩ་བ་ལྷ་ཡི་འཁོར་ལོ་བཤད། །གབ་པའི་འཁོར་ལོ་རྣམ་པ་བརྒྱད། །དྲེགས་པ་འདུལ་བའི་འཁོར་ལོ་གསུངས། །གསང་བའི་འཁོར་ལོ་རྣམ་པ་བཞི། །མཛེ་ནད་ལས་ཀྱི་འཁོར་ལེའི་གསུངས། །དེ་ལས་ཕྱེ་བས་རྒྱས་འབྲིང་གསུམ། །བཅོ་ལྔ་ཉི་ཤུ་བཞི་རྩ་གཅིག །གབ་པ་ལས་ཀྱི་འཁོར་ལོར་གསུངས། །བསྲུང་དོན་གསུམ་ལ་ཉི་ཤུ་གཅིག །གནད་བཟློག་སུམ་ཅུ་རྩ་དྲུག་འདོད། །རྨེ་འཁྲུག་ལས་ཀྱི་འཁོར་ལོ་ནི། །རྣམ་པ་སུམ་ཅུ་རྩ་གསུམ་འདོད། །རྡོ་རྗེ་ཁྱུང་ཆེན་འཕྲིན་ལས་ཀྱི་རྒྱུད་ཕྱི་མ་ལས། ཐེམས་བསྟན་པའི་ལེའུ་སྟེ་དང་པོའོ།། །།གཉིས་པ་ཚད་མ་བསྟན་པ་ནི། །ཚད་མ་རྣམ་པ་བཞི་ཡིན་ཏེ། །བསྙེན་པའི་ཚད་མ་ལྔ་ཉིད་ལ། །ཕྱེ་བ་ལྔ་བཅུ་ཐམ་པར་བཤད། །བསྡུས་པས་ཕོ་མོ་གཉིས་སུ་འདུས། །རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར། །འཁོར་གྱིས་བསྡུ་ས་བཞི་རུ་འདུས། །ཕྱེ་བས་རྣམ་པ་བརྒྱད་དུ་འདུས། །བསྒྲུབ་པའི་ཚད་མ་ལྔ་ཉིད་ལ། །ལྔ་བཅུ་བསྡུས་པས་གོང་དང་མཚུངས། །འཁོར་གྱི་བཞི་ལས་བརྒྱད་དུ་བསྟན། །ལས་ལ་འཁོར་ལོ་གསུམ་དུ་བསྟན། །ལས་དང་རྨེ་འཁྲུག་སྤོག་པ་གསུམ། །ལས་ལ་རྒྱས་འབྲིང་བཞིས་བསྟན་པའོ། །རྨེ་འཁྲུག་སུམ་ཅུ་རྩ་དྲུག་སྟེ། །སྤོག་པ་རྣམ་པ་བདུན་དུ་བསྟན། །ལས་ཀྱི་ལྷག་མ་རྣམ་པ་བཞི། །མནན་དང་བསྲེག་དང་འཕང་བ་དང་། །གདབ་པ་དང་ནི་བཞི་རུ་བསྟན། །གནན་པ་བཞི་ལས་རྒྱས་འབྲིང་གསུམ། །བསྲེག་པ་བཞི་ལས་རྒྱས་འབྲིང་གསུམ། །འཕང་བ་བཞི་ལས་རྒྱས་འབྲིང་གསུམ། །གདབ་པ་བཞི་ལས་རྒྱས་འབྲིང་གསུམ། །གསང་བ་དགུ་དང་བཅུ་བར་བཤད། །རྡོ་རྗེ་ཁྱུང་ཆེན་འཕྲིན་ལས་ཀྱི་རྒྱུད་ཕྱི་མ་ལས། །ཚད་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གསུམ་པ་རྩིས་ཀྱི་ལས་རྣམས་ནི། །ལས་ཀྱི་བསྙེན་པ་ལྔ་ཡིན་ཏེ། །མན་ངག་བསྙེན་པ་རྣམ་པ་གསུམ། །བསྡུས་པའི་བསྙེན་པ་གཅིག་ཏུ་འདོད། །འཁོར་གྱི་བསྙེན་པ་བཞི་ཡིན་ལ། །མན་ངག་བསྙེན་པ་རྣམ་པ་གསུམ། །བསྡུས་པའི་བསྙེན་པ་གཅིག་ཏུ་འདོད། །རྩ་བའི་འཁོར་ལོ་བཞི་ལས་བཅུ། །རང་གཤེད་དཀྲུག་པའི་འཁོར་ལོ་བཅུ། །རྟ་ལོག་དཀྲུག་པ་སུམ་བཅུར་བཤད། །མཛེ་ནད་སྐྲུ་གྲི་རྣམ་པ་བཅུ། །ཀླུ་བདུད་སྦྲུལ་ནག་རྫོགས་པ་ཅིག །བཟླས་ཐབས་གསུམ་ལ་གཉིས་སུ་འདུས། །གནད་ནས་གསད་པའི་བསྐོར་ཐབས་ལྔ། །སྲོག་གི་འཁོར་ལོ་རྣམ་པ་བཞི། །ཐུས་ཀ་རྣམ་པ་བཞི་ཉིད་ལ། །བསྡུས་པས་ཡན་ལག་གཉིས་སུ་འདུས། །དུས་ཀྱིས་ཕྱེ་བས་གཏད་ཐབས་བཞི། །རིགས་ཀྱི་དབྱེ་བས་རྣམ་པ་ལྔ། །བྱེ་བྲག་ལས་ལ་བརྒྱ་རྩ་གཅིག །ལས་ཕྲན་འཁོར་ལོ་བརྒྱ་རྩ་གཅིག །བརྟག་པ་ལས་ཀྱི་འཁོར་ལོ་བདུན། །གསང་བ་ལས་ཀྱི་འཁོར་ལོར་བཤད། །རྡོ་རྗེ་ཁྱུང་ཆེན་འཕྲིན་ལས་ཀྱི་རྒྱུད་ཕྱི་མ་ལས། །རྩིས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།འཕྲིན་ལས་འཁོར་ལོ་རྒྱུད་ཆེན་འདི། །གསང་ཆེན་ལས་ཀྱི་སྐལ་ཅན་ལས། །གསུམ་པ་བསྒྲགས་ནས་དམྱལ་བར་ལྟུང་། །རིན་ཆེན་ལྟ་བུར་རབ་ཏུ་ཆོངས། །ཞེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བཀའ་སྩལ་པས། གསང་བའི་བདག་པོ་ལ་སོགས་པ་དྲག་པོ་ཆེན་པོའི་འཁོར་རྣམས་ཡི་རང་སྟེབཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྡོ་རྗེ་ཁྱུང་ཆེན་འཕྲིན་ལས་ཀྱི་རྒྱུད་ཕྱི་མ་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་ཁྱུང་གཙུག་ལག་འཁོར་ལོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཀྲི་ཡི་བཛྲ་ཙག་ཀྲ་ཏན་ཏྲ། བོད་སྐད་དུ། །རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད། དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ དེ་