Ngb-pt-0868-vol-09-text

From Rangjung Yeshe Wiki Texts
Revision as of 08:14, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། བཛྲ་བཱ་ཁི་ཙཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་རྡོ་རྗེ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས། །དཔལ་ཀུན་ཏུ་བཟང་པོ་ལ་བསྟོད་པ་དང་གསང་བའི་མཆོད་པ་སྣ་ཚོགས་པས་མཆོད་དེ། གསང་བའི་བདག་པོས་གསོལ་པ། ཨེ་མ་ཧོ་རྡོ་རྗེ་གདན་ལ་བཞེངས། ལྟ་བ་ངན་ཅིང་ཆགས་བྲལ་ཆེ། །བཀའ་ཡི་བསྟན་པས་འདུལ་མི་འགྱུར། །དུས་ཀྱི་ཐ་མར་གྱུར་པའི་ཚེ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤང་བའི་ཕྱིར། །ཞེ་སྡང་རྒྱུད་སྡེ་བྱེ་བ་བདུན། །བཤད་པའི་ལྡེ་མིག་དུ་ཡིས་འབྱེད། །བཅོམ་ལྡན་བདག་ལ་བཀའ་སྩལ་གསོལ། །ཞེས་ཞུས་པས། དེའི་ཚེ་དེའི་དུས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཀུན་ཏུ་གཡོས། རབ་ཏུ་གཡོས་ནས་འཇིགས་པའི་ལོངས་སྤྱོད་སྣ་ཚོགས་པར་གྱུར་ཏོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་དངོས་གྲུབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལུས་རྡོ་རྗེ་བདུན་གྱིས་བྱིན་བརླབས་ནས། དེའི་ཐེ་ཚོམ་བཀའ་སྩལ་པ། ཨེ་མ་ཉོན་ཅིག་གསང་བ་པོ། །བསྐལ་པ་ཐ་མའི་བསྟན་པ་ལ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །རྡོ་རྗེ་རིགས་ཀྱི་རྒྱུད་སྡེ་རྣམས། །གསང་སྔགས་བྱེ་བ་ཕྲག་བདུན་ཏེ། །བསྡུས་པས་དམ་པ་བརྒྱད་ལ་ཐུག །ལྡེ་མིག་རྣམ་པ་གསུམ་གྱིས་འབྱེད། །ཐེམས་ནི་འཁོར་ལོ་ལྡེ་མིག་ཡིན། །ཚད་མ་སྔགས་ཀྱི་ལྡེ་མིག་ཡིན། །རྩིས་ནི་མན་ངག་ལྡེ་མིག་ཡིན། །དང་པོར་ཐེམས་ཀྱི་མན་ངག་བཤད། །དམ་པ་རྣམ་པ་བརྒྱད་རྣམས་ལ། །འཁོར་ལོ་རྣམ་པ་བཞི་རུ་འགྱུར། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྤུལ་པའི་སྐུ་ལས་འཁོར་ལོ་བརྒྱད། །འདུལ་བྱེད་ལྷ་ཡི་འཁྲུལ་འཁོར་དང་། །མེ་ལྷ་གཤིན་རྗེ་འཁྲུལ་འཁོར་དང་། །སྲིན་པོ་ཀླུ་ཡི་འཁྲུལ་འཁོར་དང་། །རླུང་ལྷ་གནོད་སྤྱིན་འཁྲུལ་འཁོར་དང་། །དབང་ལྡན་འབྱུང་པོའི་འཁྲུལ་འཁོར་རོ། །དེ་ལྟར་དམ་པ་བརྒྱད་པོ་ལས། །རེ་རེ་ཡན་ལག་བཞི་དང་ལྡན། །བསྲུང་པ་ཐུན་མོང་མ་ཡིན་དང་། །གསང་བ་ཐུན་མོང་མ་ཡིན་དང་། །རིག་སྔགས་རྩོད་པའི་འཁྲུལ་འཁོར་དང་། །སྤོག་པ་ཐུན་མོང་མ་ཡིན་པ། །འཁོར་ལོ་རྣམ་པ་བཞི་རུ་འགྱུར། །ཡན་ཏྲ་མན་ཏྲ་ཏན་ཏྲ་ཡིས། །ཕྱེ་བས་རྣམ་པ་གསུམ་དུ་འགྱུར། །ལྡོག་སྡུག་ལུབྱམ་དང་པོ་བ་ཡིས། །ཕྱེ་བས་རྣམ་པ་བཞི་རུ་འགྱུར། །སྐུ་ལས་བྱུང་བའི་འཁོར་ལོ་ནི། །རིམ་པ་གཉིས་དང་ལྡན་པ་ལ། །དང་པོ་སྐུ་གསུམ་རྟག་གསུམ་མཚན། །གཉིས་པ་སྤུ་གྲི་འཁོར་ལོ་བརྒྱད། །སྤུ་གྲི་འཁོར་ལོ་གསུམ་གསུམ་ལྡན། །དབྱིབས་དང་ཁ་དོག་འདི་ལྟར་སྣང་། །མཚོན་ཆ་འབར་བའི་རྩིབས་བརྒྱད་ལ། །དམ་པ་བརྒྱད་ཀྱི་རྗེས་འབྲང་ནས། །སྔགས་ཏེ་ཉི་ཤུ་རྩ་བརྒྱད་དགོད། །ལས་མཐའ་རྒྱས་འབྲིང་ཐ་མ་དང་། ཁེན་ཏུ་བསྡུས་དང་བཞི་རུ་བཤད། །རྒྱས་པའི་ལས་མཐའ་སུམ་ཅུ་དྲུག །འབྲིང་ལ་ཉི་ཤུ་བརྒྱད་དམ་བཞི། །ཐ་མ་ལས་མཐའ་བཅོ་བརྒྱད་དོ། ཤེན་ཏུ་བསྡུས་ན་འཕྲིན་ལས་བཞི། ཁ་དོག་ལས་དང་བསྟུན་པར་བྱ། །རང་དང་གཞན་དང་མུ་སྟེགས་གསུམ། །སྡེ་པ་གསུམ་ལ་འཁྲུལ་འཁོར་བཞི། །དེ་ཡི་ལས་རྣམས་གདོན་མི་ཟ། །ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཐེམས་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤང་བའི་ཕྱིར། །སྔགས་ཀྱི་ཚད་མ་རྒྱས་འབྲིང་བཤད། །སྐྲག་དང་འཇིལ་དང་རིག་སྔགས་བཅད། །གནོད་པ་ལས་འཇོམས་འཇིག་པར་བྱེད། །བརླག་དང་མཐར་བྱེད་འགུགས་པ་དང་། །བྱེད་དང་གྲུབ་དང་ཆུད་མི་ཟ། །རང་བཞིན་བསྲུང་དང་ཞི་རྒྱས་དང་། །རེངས་དང་རྨུག་པའི་གསང་སྔགས་དང་། །ཐམས་ཅད་འབྱེད་དང་འབྱིན་པ་དང་། །གནོད་པ་སེལ་དང་གནོད་ལས་ཐར། །དབང་པོ་ཚེ་ཟད་ཉམས་པ་དང་། །ཕུན་སུམ་ཚོགས་དང་རྒྱབ་ཀྱིས་ཕྱོགས། །སྡང་དང་མཛེས་དང་མཐུན་མིན་པ། །འགྲིབས་དང་གནོད་དང་འཇིགས་དང་འཕོང་། །བྱད་སྟེམས་གཟའ་དང་རྒྱུ་སྐར་དང་། །མི་བཟད་འབྱུང་དང་མཐོང་བ་དང་། །ལས་ཀྱི་ཡན་ལག་གང་བྱེད་པ། །དང་པོ་ནས་བཟུང་བརྒྱད་ལ་ཐུག །གཉིས་པ་ནས་བཟུང་བཅུ་ལ་གཏུག །གསུམ་པ་ནས་བཟུང་སུམ་ཅུ་གཏུག །སུམ་ཅུ་དྲུག་ལ་ཚང་བར་བཤད། །ཉི་ཤུ་བརྒྱད་བཞི་ལྷ་མོས་བཤད། །བཅོ་བརྒྱད་བཞི་པ་མཁའ་འགྲོས་བཤད། །རྩ་བ་དཀྲུག་པ་མ་བྱས་ན། །སྙིང་པོ་བྱིན་རླབས་ཉམས་པའི་རྒྱུ། །གསང་མཛོད་གཤིག་པ་མ་བྱས་ན། །སྔགས་ཀྱི་སྒྲ་རྣམས་ཉམས་པའི་རྒྱུད། །འདབ་མ་སྤོ་ལྡེག་མ་ཤེས་ན། །ལས་ཀྱི་ཁ་ཚར་ཉམས་པའི་རྒྱུད། །བསྙེན་པའི་སྤོགས་པ་མ་བྱས་ན། །དྲེགས་པའི་ལྷ་སྲིན་དབང་མི་འདུས། །སྒྲུབ་པའི་སྤོགས་པ་མ་བྱས་ན། །དྲེགས་པའི་ལྷ་སྲིན་འགྱུར་ལྡོག་ཆེ། །ལས་ལ་སྤོགས་པ་མ་བྱས་ན། །དྲེགས་པའི་ལྷ་སྲིན་ལས་མི་བྱེད། །འཕྲིན་ལས་གསུམ་བསྐོར་མ་ཤེས་ན། །གྱད་དང་དབུལ་མོའི་གཏེར་དང་འདྲ། །ལས་ཀྱི་མཐའ་བཞི་མ་ཤེས་ན། །ལས་རྣམས་འགྲུབ་པ་ག་ལ་འགྱུར། །འཁྲུལ་འཁོར་རྣམ་གསུམ་མ་ཤེས་ན། །ལས་ཀྱི་མཐའ་གསུམ་ག་ལ་འགྲུབ། །ལས་སྔགས་བཅོ་བརྒྱད་མ་ལྡན་ན། །ལས་རྣམས་འགྲུབ་པར་ག་ལ་འགྱུར། །ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཚད་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤང་པའི་ཕྱིར། །རྩིས་ཀྱིས་ལས་ལ་བདུན་དུ་བཤད། །བསྙེན་བསྒྲུབ་ལས་ལ་དགུ་རུ་བཤད། །གཙོ་བོའི་བསྙེན་པ་གསུམ་དུ་བཤད། །འཁོར་གྱི་བསྙེན་པ་བཞི་རུ་བཤད། །གསང་ཆེན་བསྙེན་པ་གཉིས་སུ་བཤད། །དེ་བཞིན་ལས་ལ་ཤེས་པར་བྱ། །དཀྲུག་པའི་འཁོར་ལོ་རྒྱས་འབྲིང་ཐ། །རྣལ་མ་ཟློག་པ་དེ་བཞིན་སྦྱར། །རྨེ་བཟློག་རྩ་བ་གཅིག་ཉིད་ལ། །ཕྱེ་བས་རྣམ་པ་ཉི་ཤུར་བཤད། །བསྡུས་པ་རྣམ་པ་བདུན་དུ་འགྱུར། །ཁ་སྐོང་སྦྱངས་པས་དགུ་རུ་འགྱུར། །མཐར་ཐུག་རྣམ་པ་གཅིག་ལས་མེད། །བྱབ་པ་སྒྲོ་སྣ་བཅོ་བརྒྱད་དེ། །བྲབ་པ་རྫས་སྣ་བཅོ་བརྒྱད་དོ། །བཀྲུ་བ་རྣམ་པ་བཅོ་བརྒྱད་དོ། །བསྡུས་དང་དྲེལ་བས་རྒྱས་འབྲིང་གསུམ། །གཙོ་བོ་རྒྱས་འབྲིང་བཞི་ཉིད་ལ། །ཡན་ལག་བརྒྱ་རྩ་འབུམ་དུ་གདགས། །ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། །རྩིས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསང་བ་ལས་ཀྱི་རྒྱུད་ཆེན་འདི། །ལྡེ་མིག་གསུམ་དང་བཅས་པ་སྟེ། །དུས་ཀྱི་ཐ་མར་གྱུར་པའི་ཚེ། །འཁྲུལ་འཁོར་བརྒྱད་དུ་ལྷ་མོས་བཤད། །རྩ་བ་གཅིག་ལ་ཡན་ལག་བརྒྱད། །རབ་ཏུ་གསང་ཞིང་སྦ་བར་གྱིས། །ཡན་ལག་བརྒྱད་ལ་གསང་བ་བརྒྱད། །རབ་ཏུ་གསང་ཞིང་སྦ་བར་གྱིས། །གསང་བ་བརྒྱད་ལ་་་ངངང་་ངངངངངངངངངངངམད་དན་གཅག །རབ་ཏུ་གསང་ཞང་གབ་བར་གྱས། །མད་དན་གཅག་ལ་རྒྱས་འབྲང་ཐ། རབ་ཏུ་གསང་ཞང་གབ་པར་གྱས། །རྒྱས་འབྲང་གསུམ་ལ་སྐྲུ་གྲ་གཅག །བར་ཏུ་གསང་ཞང་གབ་བར་གྱས། །སྐྲུ་གྲ་གཅག་མེ་ངངཞེང་་ཆེ་འ་ང་་ང་་ལ་ ་ལང་དགུ། །རབ་ཏུ་གསང་ཞང་གབ་པར་གྱས། ། ས་བཀའ་སྩལ་པས། །གསང་བའ་བདག་པ་དང་དྲག་པ་ ན་པའ་འཁར་རྣམས་ཡ་རངས་ཏ། བཅམ་ལྡན་འདས་ཀྱ་གསུངས་པ་ལ་མངན་པར་བསྟད་དོ། །ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། རྒྱུད་ཇི་སྙེད་པ་གཏད་པའི་ལེའུ་སྟེ་བཞི་པའོ།། །།རྫོགས་སོ།། །།