Ngb-pt-0854-vol-09-text

From Rangjung Yeshe Wiki Texts
Revision as of 11:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0854-text.docx.wiki to Ngb-pt-0854-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front[edit]

Body[edit]

འབྲིང་གིས་བྲིས། ས་མ་ཡུ། ཁ་ཐ༷། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། མན་ཏྲ། གུ་ཡུ། ལྟུ།།། །། རྒྱ་གར་སྐད་དུ། མ་ཧྭ་ཀྭ་ལ་པ་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་སྐྱེས་པའི་རྒྱུད། ནག་པོ་ཆེན་པོ་ལ་ཕྱག་འཚལ མ་། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡུལ་རྒྱ་གར་གྱི་ལྷོ་ཕྱོགས་ན། མེ་ལྟར་འབར་བའི་དུར་ཁྲོད་ཆེན་པོའི་དབུས་ཨུ་ཙ་ལ་བྱ་བའི་གླིང་། ཐོད་པ་སྐམ་རློན་མང་པོ་བརྩིགས་པའི་གཞལ་ཡས་ཁང་། བདུད་ཕོ་དང་བདུད་མོ་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པའི་དབུས། ཐོད་མཁར་གསུམ་བརྩེགས་འབར་བའི་གཞལ་ཡས་ཁང་བྱ་བ། རྨང་སྲིན་པོའི་རོ་ལས་བྱས་པ། རྩིག་པའི་མིའི་ཐོད་པ་ལས་བྱས་པ། རོའི་རྒྱལ་མཚན་ཕྱོགས་བཞིར་འཕྱར་བ། ངོས་ལ་ཁྲག་གི་ཟར་བུ་འབབ་པ། ཁ་བད་མཆོང་ལས་བྱས་པ། ནད་ཀྱི་ན་བུན་རྒྱུན་མི་འཆད་པ། དེ་ཡི་གནས་ཀྱི་ཕ་རོལ་ན། མ་མོ་དང་མཁའ་འགྲོ་མ་སོགས་པ། ཀ་ལི་མ་དལ་ཏི་མ་དལ་ཏི་མ་དང་། རོ་ལངས་མ་དང་། ཀང་ཀ་མ་དང་། སྲིན་མོ་མི་རོའི་བདག་མོ་ལ་སོགས་པ་ད་ལྟར་གནས་སོ། །བརྒྱ་བྱིན་དང་། རག་ཤི་ཏ་དང་། ཀྭ་ལ་ནག་མོ་དང་། བགྲིས་གནས་ས་ཡ་དོ་དང་། མ་ཧྭ་ཀྲིག་ཏི་ཀྭ་ལ་སོགས་པ་གནས་སོ། །དུར་ཁྲོད་དེའི་ཕྱི་ན། ལྕེ་སྤྱང་དང་། རོ་སྤྱང་དང་། དོམ་དང་། དྲེད་དང་། བྱའི་རྣམ་པ་ཀང་ཀ་དང་། ཁྭ་ཏ་དང་། དེ་ལྟར་གནས་སོ། །དེ་ལ་དུར་ཁྲོད་བརྒྱད་ཀྱིས་རབ་ཏུ་བརྒྱན་པར་གནས་སོ། །ནག་པོ་ཆེན་པོ་སྐྱེ་རྒྱུད་ལས། གླེང་བཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཞུས་པ། སྲིད་པ་ལས་ཀྱི་སྐྱེས་པའི་ཕྱིར། །ཕ་དང་མ་ཡི་མཚན་ཉིད་དང་། །སྐྲུན་གྱི་མཚན་ཉིད་ཇི་ལྟར་ལགས། །ཞུས་པས། ཉོན་ཅིག་ལས་ཀྱིས་འབྲེལ་བའི་བུ། །སྐུ་མཁར་ཐོད་པའི་གཞལ་ཡས་ནས། །ཕ་དྲེགས་པ་བདུད་ཀྱི་རྒྱལ་པོ་དང་། །མ་སྨུ་ཟ་རལ་གཅིག་བཤོས་པ་ལས། །བུ་སྤུན་རྣམ་པ་བཞི་རུ་བྱུང་། །ཤར་གྱི་སྐོས་རྗེ་བྲང་དཀར་དང་། །ལྷོ་ཡི་རལ་པ་སྤྱི་བཅིངས་དང་། །ནུབ་ཀྱི་ནག་པོ་བཀྲག་མེད་དང་། །བྱང་གི་ལེགས་ལྡན་ནག་པོ་དང་། །དེ་ལྟར་མཆེད་བཞི་བལྟམས་པ་ལས། །ལས་སུ་སྲོག་དབུགས་ལ་དབང་བྱེད། །ཤར་གྱི་སྐོས་རྗེ་བྲང་དཀར་དེ། །རུས་པའི་མཚོ་ཡི་ཀླད་པ་ཟ། །ལྷོ་ཡི་རལ་པ་སྤྱི་བཅིངས་དེ། །དབུགས་ཀྱི་མཚོ་ཡི་གློ་བ་ཟ། །ནུབ་ཀྱི་ནག་པོ་བཀྲག་མེད་དེ། །ཁྲག་གི་༄༅ མཚོ་ཡི་མཆིན་པ་ཟ། །བྱང་གི་ལེགས་ལྡན་ནག་པོ་དེ། །ཤ་ཡི་མཚོ་ཡི་མཁལ་མ་ཟ། །ལས་མཁན་ཞེས་བྱར་བཏགས་པ་ལས། རྗེ་ཉིད་ཀྱིས་སྣང་ངོ་། །སྐྱེ་རྒྱུད་ལས་ཕ་མ་དང་སྤུན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཞུས་པ། ཀྱེ། ནག་པོ་ཆེན་པོ་སྲོག་ལ་དགེས། །སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས། །ཞེས་ཞུས་པས། དེ་ནས་སྐུ་མཁར་དེའི་རྩེ་ལ་བྱོན་ཏེ། མོའི་ཁ་རླངས་བཞིན་སྤར་ནས་བོད་པ། རྦད་པ། གསད་པ་གསུམ་འབྲུག་གི་སྒྲ་ལྟར་བསྒྲགས་ནས། འདི་སྐད་གསུངས་སོ། །ཨོ་མ་ཧྭ་ཀྭ་ལ་ལྷུ་ཧྲི་དྷ་ཧུ༷། ཞེས་ཡི་དམ་དུ་གསུངས་སོ། །དེ་ནས་བདུད་ཀྱི་སྔགས་འདི་གསུངས་སོ། །ཨོ་མ་ཧྭ་ཀྭ་ལ་ཏྲག་ཤད། སིརྙི་ཡ༷་དུ་ཛ་ཛ་ཧཱུཾ། དེ་སྐད་བསྒྲགས་པས། ལ་ལ་ནི་བརྒྱལ། ལ་ལ་ནི་རེངས། ལ་ལ་ནི་འབོག་ནས། བདུད་ཀྱི་གྲོང་ཁྱེར་དང་། བདུད་ཐམས་ཅད་གུས་པ་ཕུལ་ཏེ། ཁྲག་གི་མེ་ཏོག་གཏོར་ནས། བདུད་ཀྱི་གཙོ་བོར་དབང་བསྐུར་ཏེ། དར་གྱི་རུ་མཚོན་ཕྱར། བདུད་རྟ་ཆིབས། དབང་རྟགས་སུ་སྙིང་དང་ཞགས་པ་བསྐུར། དཔའ་རྟགས་ཀྱི་སྟག་རལ་གཟུགས་ཤུགས་བཏགས་ནས། བདུད་དམག་དཔུང་དང་བཅས་ཏེ་གཤེགས་སོ། །རི་རབ་རྩེ་ལ་བཞུགས་ཏེ། སྐྱེ་འགྲོ་སྲང་ལ་བཅལ། དམ་ཉམས་པའི་གཤེད་བྱས་སོ། །རི་རབ་རྩེ་ན་ངན་སྔགས་སྲོག་ལ་འབེབས་པ་འདི་བཀའ་སྩལ་ཏོ། །ཨོ༷་མ་ཧྭ་ཀྭ་ལས་སྙིང་འབྱིན་ཏོ། །སྙིང་ལ་སུ་ཏྲི་ཙིལྟི་རྦད། ཨོ༷་མ་ཧྭ་ཀྭ་ལ་དྲི་ཐུ༷་ལམ་ཐུ༷་རིལ་རྦད། སུ་ཏྲི་མ་ར་ཡ་ཛ། ཆེ་གེ་མོའི་སྙིང་ལ་ཡ། མ་ཧྭ་ཀྭ་ལ་གཏུབས། རྦད་ཐུམ་རིལ་རྦད། ཐུམ་རིལ་བྲང་རྒྱབ་ནས་གཤོགས། ཙིལྟི་བྲེང་ཡེད་ཡེད་མའ་ར་ཛ། དེ་སྐད་གསུངས་སོ། །སྐྱེ་རྒྱུད་ལས་དྲག་པོ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ཞུས་པ། བསྒྲུབ་པའི་ལས་བྱེད་ཇི་ལྟར་བྱེད། །དཀྱིལ་འཁོར་གཏོར་མ་ཇི་ལྟར་བྱེད། །ལས་ཀྱི་མཇུག་སྡུད་ཇི་ལྟར་སྡུད། །ནག་པོ་ཆེན་པོས་བཀའ་་་འ་་་་ང་འ་ང་འསྩལ་པ། །བད་རྦད་བསད་དང་གསུམ་ལ་བྱ། །འབྲུབ་ཁུང་གཏར་མ་གཞུང་བཞན་བཏང་། །སྲག་མནན་འཕང་བའ་ཆ་ག་བྱ། །བད་པའ་དམ་རྫས་རྟན་ལ་བྱ། །རྦད་པའ་དམ་རྫས་སྙང་ལ་བྱ། །བསད་པའ་དམ་རྫས་སྲོག་ལ་བྱ། །བོད་པ་རྦད་པ་བསད་པ་གསུམ། །དཀྱིལ་འཁོར་རྫས་དང་བསྒྲུབ་རྫས་གསུམ། །མིང་པོ་སྲིང་མོ་གཡོག་པོ་གསུམ། །མནན་དང་ལྡིང་དང་སྤར་དང་གསུམ། །སྐྱེ་རྒྱུད་བསྒྲུབ་ཐབས་ཤི་ ས་དང་། །མདོར་བསྡུས་ནས་ནི་བསྟན་པའོ། ། ནག་པོ་ཆེན་པོའི་སྐྱེ་རྒྱུད་ལས། མདོར་བསྡུས་པའི་ལེའུ་སྟེ་བཞི་པའོ། །རྫོགས་སོ།། །། །།